Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
པཱ་ལ་པ་ཏྲའི་རྒྱུད་དང་ཤོར་སང་ཉི་མ་ཁྲོས་པའི་རྒྱུད་ཀྱི་དགོངས་པ་འཇམ་དཔལ་ཕ་རོལ་རྒོལ་འཇོམས་ཀྱི་སྒྲུབ་ཐབས་སྲུང་ཟློག་བསྡུས་པ།
   
   
   
   
   
   
   
   
   


 
previousཔཱ་ལ་པ་ཏྲའི་རྒྱུད་དང་ཤོར་སང་ཉི་མ་ཁྲོས་པའི་རྒྱུད་ཀྱི་དགོངས་པ་འཇམ་དཔལ་ཕ་རོལ་རྒོལ་འཇོམས་ཀྱི་སྒྲུབ་ཐབས་སྲུང་ཟློག་བསྡུས་པ།next

པཱ་ལ་པ་ཏྲའི་རྒྱུད་དང་ཤོར་སང་ཉི་མ་ཁྲོས་པའི་རྒྱུད་ཀྱི་དགོངས་པ་འཇམ་དཔལ་ཕ་རོལ་རྒོལ་འཇོམས་ཀྱི་སྒྲུབ་ཐབས་སྲུང་ཟློག་བསྡུས་པ།


CMR013_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

པཱ་ལ་པ་ཏྲའི་རྒྱུད་དང་ཤོར་སང་ཉི་མ་ཁྲོས་པའི་རྒྱུད་ཀྱི་དགོངས་པ་འཇམ་དཔལ་ཕ་རོལ་རྒོལ་འཇོམས་ཀྱི་སྒྲུབ་ཐབས་སྲུང་ཟློག་བསྡུས་པ་བཞུགས་སོ༔ ཀིང་ཀང་གླང་རུ་མའོ༔


CMR013_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ནས༔ ཀིང་ཀང་སྲུང་འཁོར་བདག་བསྐྱེད་བསྡུས་པ་བྲི༔ ཆོས་བདག་སྲུང་མས་བཀའ་ཡི་གནང་བ་སྩོལ༔ མཆོད་གཏོར་དམིགས་རྟེན་བཤམས་ནས་འདོན་བསྒོམ་བྱ༔ ཨེ༔ སྟོང་པའི་ངང་ལས་གནམ་ས་གནམ་ལྕགས་ཀྱི༔ འཁོར་ལོ་སྤུ་གྲི་ལྟར་རྣོ་གཡས་གཡོན་འཁོར༔ དེའི་ནང་གསེར་གྱི་རྡོ་རྗེའི་རྭ་གུར་ནང་༔ གནམ་ལྕགས་ལས་གྲུབ་རྡོ་རྗེ་རྩེ་དགུ་པ༔ ཡར་གྱི་རྩེ་མོ་ཚངས་པའི་ཡུལ་དུ་སླེབས་མར་རྩེ་དམྱལ་ཡུལ་གྲུ་གསུམ་ལྕགས་ཁང་ནང་༔ བྱད་མ་གན་རྐྱལ་བསྒྱེལ་བའི་ལྕེ་སྙིང་གཟིར༔ རྡོ་རྗེའི་ལྟེ་བར་རིན་


CMR013_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་གཞལ་ཡས་ཁང་༔ གྲུ་བཞི་སྒོ་བཞི་རྟ་བབས་གདུགས་ཏོག་མཛེས༔ དེའི་ནང་འཁོར་ལོ་རྩིབས་བཅུ་གཉིས་རིམ་དབུས་མདུན་བསྐྱེད་དུས་གཅིག་བསྒོམས་ན་སྲུང་འཁོར་མེད་ན་དཀྱིལ་འཁོར་དབུས་སུ་བསྒོམ། རྩིབས་བཞི་ཟླ་གམ་ཆོས་འབྱུང་ཆུ་གླང་དང་༔ པད་ཉི་དྲེགས་པ་བསྣོལ་བའི་གདན་སྟེང་དུ༔ རང་སེམས་ཧཱུྃ་ཡིག་མཐིང་ནག་འོད་ཟེར་གྱིས༔ དོན་གཉིས་བྱས་ནས་ཚུར་འདུས་ཡོངས་གྱུར་ལས༔ བདག་ཉིད་དཔལ་ཆེན་འཇམ་དཔལ་གཤིན་རྗེའི་གཤེད༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད༔ གཡས་དཀར་གཡོན་དམར་དབུས་མཐིང་སྤྱན་དགུ་བསྒྲད༔


CMR013_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་གདངས་ལྗགས་འདྲིལ་མཆེ་གཙིགས་སྨིན་མ་འབར༔ དབུ་སྐྲ་གྱེན་བརྫེས་ཐོད་སྐམ་རིགས་ལྔས་བརྒྱན༔ སྦོམ་ཐུང་གསུས་འཕྱང་རྡོ་རྗེའི་གཤོག་པ་གདེངས༔ གཡས་གསུམ་རལ་གྲི་ཐོ་བ་གཏུན་ཤིང་འཕྱར༔ གཡོན་གསུམ་ལྕགས་ཀྱུ་སྦྲུལ་ཞགས་ཐོང་གཤོལ་བསྣམས༔ དུར་ཁྲོད་ཆས་བརྒྱད་དཔལ་གྱི་ཆས་བཅུ་རྫོགས༔ གར་དགུའི་ཉམས་ལྡན་མེ་དཔུང་ཀློང་ན་འགྱིང་༔ ཡུམ་ཆེན་བྷེ་ཏཱ་མཐིང་དམར་ལང་ཚོ་རྒྱས༔ ཕྱག་གཡས་གྲི་གུག་ཕུར་བུ་ཡབ་ལ་འཁྱུད༔ གཡོན་པས་ཐོད་ཁྲག་ལྕགས་དྲྭ་དགྲ་བྲུབ་སྟོབ༔ ཡབ་ཀྱི་གནས་ལྔར་འཇམ་དཔལ་རྟ་མགྲིན་དང་གསང་བདག་ཆོས་རྒྱལ་བདུད་རྩི་འཁྱིལ་བ་སྟེ༔ ཕྱོགས་བཞིའི་རྩིབས་སྟེང་རིགས་བཞིའི་གཤིན་རྗེ་བཞི༔ བེ་ཅོན་འཁོར་ལོ་བསྣམས་ཤིང་ཡུམ་དང་འཁྲིལ༔ ནང་གི་རྩིབས་བཅུར་ཕྱོགས་སྐྱོང་གཤིན་རྗེ་བཙུ༔ ཕྱི་ཡི་རྩིབས་བཅུར་བདུད་རྩི་འཁྱིལ་པ་བར༔ རྩིབས་མཆན་ཁྲོ་བོ་མ་ཧཱ་བ་ལ་བརྱ༔ སྒོ་འཛིན་གིང་བདུད་རྩིས་མཁན་བཞི་བཞིའི་ཚོགས༔ ཕྱི་རོལ་བར་ཁྱམས་ལྷ་སྲིན་དྲེགས་པའི་ཚོགས༔ འཁོར་ཡུག་དུར་ཁྲོད་ཕྱོགས་སྐྱོང་རྒྱལ་ཆེན་སོགས༔ ཞིང་སྐྱོང་དབང་ཕྱུག་མ་སྲིང་སྤྲིན་


CMR013_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་གཏིབས༔ ཨོཾ་ཨཱཿཧཱུྃ་གིས་གནས་གསུམ་བྱིན་བརླབ་ཅིང་༔ ཨོཾ་ཧཱུྃ་ཧཱུྃ་ཧཱུྃཨཱཡིས་དབང་མཆོག་བསྐུར༔ ཧཱུྃ༔ ཀུན་བཟང་དགོངས་པ་སྐྱེ་མེད་ལས༔ སྐྱེ་བའི་ཆོ་འཕྲུལ་སྐུ་མཆོག་ལྷ༔ སྲིད་གསུམ་ལོག་འདྲེན་བསྒྲལ་བའི་ཕྱིར༔ འཁོར་བཅས་སྤྱན་འདྲེན་གཤེགས་སུ་གསོལ༔ ཨོཾ་ཡ་མཱནྟ་ཀ་ས་པཱ་རི་ཝཱ་ར་ཨེ་བྱེ་ཧི་བཛྲ་ས་མ་ཡ་ཛཿ ཛཧཱུྃ་བཾ་ཧོཿ ཏིཥྛ་ལྷན༔ ཨ་ཏི་པཱུ་ཧོཿ ཧཱུྃ༔ འཇམ་དཔལ་ཕ་རོལ་རྒོལ་འཇོམས་ལྷ་ཚོགས་ལ༔ ཕྱི་མཆོད་ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ༔ ནང་མཆོད་སྨན་གཏོར་རཀྟ་ཤ་ཁྲག་རུས༔ གསང་མཆོད་སྐུ་གསུང་ཐུགས་ཡོན་རིག་མ་ལྔ༔ བསྒྲལ་མཆོད་དགྲ་བགེགས་བླ་ཚེ་སྲོག་དབུགས་བཅས༔ མཆོད་པར་འབུལ་ལོ་བཞེས་ཤིག་དགྱེས་པར་རོལ༔ ཨོཾ་ཡ་མཱནྟ་ཀ་ས་པཱ་རི་ཝཱ་ར་ཨརྒྷཾ་ཤརྡ་སརྦ་པཱུ་ཛ་ཧོཿ པཉྩ་ཨ་མྲྀ་ཏ་རཀྟ་བྷ་ལིཏྟ་ཁཱ་ཧི༔ དགྲ་བགེགས་ཀྱི་མ་ཧཱ་མཾ་ས་རཀྟ་ཀཾ་ནི་རི་ཏི་ཙིཏྟ་གོ་རོ་ཙ་ན་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧཱུྃ༔ ཕྱོགས་དུས་རྒྱལ་བ་ཀུན་དངོས་འཇམ་དཔལ་དབྱངས༔ ཤིན་ཏུ་འཇིགས་བྱེད་དྲག་པོའི་སྐུར་སྟོན་པ༔ ནག་ཕྱོགས་རྩ་ལག་རྩད་ནས་འབྱིན་མཛད་པའི༔ བདུད་


CMR013_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

འཇོམས་གཤིན་རྗེ་གཤེད་པོ་འཁོར་དང་བཅས༔ སྔོན་ཚེ་རྒྱལ་དང་དེ་སྲས་ཐམས་ཅད་ཀྱིས༔ གང་དག་ཞི་བའི་ཐབས་ཀྱིས་མ་ཐུལ་བའི༔ མ་རུངས་ཞིང་བཅུ་བསྟན་པའི་དགྲ་དང་བགེགས༔ ཁྱོད་ཀྱི་དྲག་པོའི་ལས་ཀྱིས་ཚར་གཅོད་མཛོད༔ དེ་ནས་བསྙེན་པ་བྱ་བ་ནི༔ རང་ཉིད་འཇམ་དཔལ་གཤིན་རྗེ་གཤེད་པོ་ཡི༔ ་་་ཐུགས་ཀར་གསང་བདག་ཐུགས་དབུས་ཉི་མའི་སྟེང་༔ ཡ་ཡིག་གདན་ཐབས་སྟེང་དུ་ཧཱུྃ་མཐིང་ནག༔ དེ་མཐར་རྩ་སྔགས་གཡས་སུ་འཁོར་བ་ལས༔ འོད་ཟེར་དཔག་ཡས་ནམ་མཁའ་གང་བར་འཕྲོས༔ རྒྱལ་དང་རྒྱས་སྲས་ཁྲོ་རྒྱལ་ཐམས་ཅད་མཆོད༔ མཐུ་སྟོབས་བྱིན་རླབས་ཀུན་འདུས་བདག་ལ་ཐིམ༔ འགྲོ་བའི་ཉོན་མོངས་བདུད་བགེགས་ཐམས་ཅད་བཏུལ༔ བསོད་ནམས་མཐུ་ནུས་ཀུན་བསྡུས་བདག་ལ་ཐིམ༔ བདག་ཉིད་མཐུ་སྟོབས་གཟི་བརྗིད་མཚུངས་མེད་གྱུར༔ ཨོཾ་མཛྫུ་ཤྲཱི་ཡ་མཱནྟ་ཀ་ཡ་མ་རཱ་ཙ་ཧཱུྃ་ཕཊ༔ དེ་ནི་བརྒྱའམ་སྟོང་ཙམ་བསྙེན༔ དེ་ནས་སྲུང་བའི་དམིགས་པ་ནི༔ རང་གི་གཡས་གཡོན་མདུན་རྒྱབ་བསྲུང་བྱ་གསལ༔ གལ་ཆེའི་བསྲུང་བྱ་ཐུགས་དབུས་ཧཱུྃ་ལ་སྦ༔ བདུད་རྩི་འཁྱིལ་བཅུ་ནང་དུ་ཞལ་གཟིགས་ནས༔ སྐྱབས་སྦྱིན་


CMR013_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་གཡས་བདག་དང་བསྲུང་བྱ་སྲུང་༔ ཐུགས་ཀའི་ཡ་དང་ཧཱུྃ་ལས་འོད་འཕྲོས་པས༔ དགྲ་བགེགས་བླ་ཚེ་སྲོག་གི་དྭངས་མ་དང་༔ སྟོབས་ནུས་བསོད་ནམས་ཁ་རྗེ་དབང་ཐང་རྣམས༔ འོད་ཟེར་དམར་པོར་བསྡུས་ནས་བདག་ལ་ཐིམ༔ རང་ཉིད་བཀྲག་མདངས་གཟི་བརྗིད་མཐུ་སྟོབས་རྒྱས༔ སླར་ཡང་འོད་འཕྲོས་དགྲ་དང་བྱད་མ་ཡི༔ སྲུང་བའི་འཁོར་ལོ་རྭ་གུར་ཐམས་ཅད་རྣམས༔ བསྡུས་ནས་རང་གི་སྲུང་བའི་གུར་ལ་ཐིམ༔ སླར་ཡང་འོད་འཕྲོས་རང་དང་བསྲུང་བྱ་རྣམས༔ འོད་དེས་ལུས་ལ་རྡོ་རྗེའི་གོ་ཁྲབ་གྱུར༔ རྡོ་རྗེའི་ཚྭ་ཚྭ་མེ་སྟག་ཆེམ་ཆེམ་འཕྲོས༔ སླར་ཡང་འོད་འཕྲོས་གནམ་ལྕགས་རྡོ་རྗེ་དང་༔ ཕྱི་རོལ་རྡོ་རྗེའི་རྭ་གུར་བཅས་པ་རྣམས༔ སྲ་མཁྲེགས་མི་འགྱུར་རབ་ཏུ་བརྟན་གྱུར་ནས༔ སྲེད་མེད་བུ་ཡི་སྟོབས་ཀྱིས་མི་ཤིགས་ཤིང་༔ གཤིན་རྗེའི་ལྷ་ཚོགས་མ་ལུས་ཐམས་ཅད་ཀྱིས༔ བདག་གི་རམ་བུ་སྔགས་སྒྲ་སྒྲོགས་པར་གྱུར༔ སྲུང་བ་རྡོ་རྗེའི་གོ་ཆའོ༔ ཨོཾ་མནྡྲ་ཤི་ཡ་མཱནྟ་ཀ་ཡ་མ་རཱ་ཙ་ཧཱུྃ་ཕཊ༔ ཨོཾ་ཡ་མ་ཀིང་ཀང་ཁ་ཏུཾ་ནི་མྱོག་དགྲ་བོ་ཝཱཀྐ་ཙཱ་བྷ་ཡ་ནན༔ བྷིགཾ་ཏྲ་ཤཾ་ཏེ༔ ཏི་ཤན་ཏི་ཤན༔ སྤུར་ཐུ་སྤུར་བྲུབ༔ བྷི་ཤ་ཙཀྲ་


CMR013_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

ཧ་ལ་ཧ་ལ་ས་མ་ཡ༔ དགྲ་སྲི་སྟམྦྷ་ཡ་ནན༔ རཀཱ་ནཾ་ཧཱུཾ་ཧཱུཾ་ལཾ་ལཾ་སྟེ་བྷ་ཡ་ནན༔ ཨོཾ་ཁ་ཐུ་ཁ་ཐུ་ཡ་མ་ཡ་མ་དུན་ཏྲ་དུན་ཏྲི་པྲ་ལེ་ཛྭ་ལ་པྲ་ལེ་ཛྭ་ལ༔ བདག་ཅག་མི་ནོར་འཁོར་དང་བཅས་པ་ལ་སྲུངས་ཤིག་མ་མ་རཀྵ་རཀྵ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་བརྒྱ་སྟོང་ཅི་འགྲུབ་བཟླའོ༔ དེ་ནི་སྔ་དྲོའི་ཐུན་ནོ༔ ་༈ དེ་ནས་ཉིན་ཕྱེད་ནས་ཟློག་པ་བྱ་བ་ནི༔ དཀྱིལ་འཁོར་ཕྱི་རིམ་ཁྱམས་དང་དུར་ཁྲོད་ནས༔ སྡེ་བརྒྱད་རྒྱལ་ཆེན་ཕྱོགས་སྐྱོང་ལས་མཁན་ཚོགས༔ བྱེ་བ་དུང་ཕྱུར་དཔག་ཏུ་མེད་པ་འཕྲོས༔ གནོད་བྱེད་དགྲ་ཇག་ཆོམ་རྐུན་མ་ལུས་པ༔ བསད་བཅད་ཤ་ཟོས་ཁྲག་འཐུང་རུས་པ་འཆའ༔ བསྐལ་པའི་མེས་བསྲེགས་ཆུས་བཀྲུས་རླུང་གིས་གཏོར༔ རྩིབས་མཆན་མ་ཧཱ་བ་ལ་བཅུ་པོ་ཡིས༔ ཕྱིར་གཟིགས་བ་དན་རླུང་གཡབ་གཡབ་པ་ཡིས༔ བསྐལ་བའི་རླུང་ནག་འཚུབ་མ་ཆེན་པོ་འཕྲོས༔ དགྲ་གྱོད་མི་ཁ་བྲ་མཆུ་ངན་པ་རྣམས༔ རང་དབང་མེད་པར་ནམ་མཁའི་ཕ་མཐར་གཏོར༔ བདག་གི་སྐུ་ལས་བསྐལ་པའི་མེ་དཔུང་དང་༔ མེ་ཡི་ཁྲོ་བོ་མཚོན་ཆ་དམག་དཔུང་འཕྲོས༔ དགྲ་བགེགས་གནོད་བྱེད་བྱེད་མ་མ་ལུས་བསྲེག༔ རང་གཤེད་རང་ལ་ཕབ་ནས་རྡུལ་དུ་བརླག༔ དགྲ་


CMR013_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

བགེགས་ཐམས་ཅད་མིང་ཡང་མེད་པར་གྱུར༔ ཟློག་པ་མེའི་འཁོར་ལོ་བསམ་གཏན་ཉལ་ཆོག་ཐོག་མདའ་ནག་པོའོ༔ ༈ གོང་གི་རྩ་སྔགས་སྔགས་རིང་བཅས་ཀྱི་ཤམ་དུ༔ པྲ་ལེ་ཛྭ་ལ་དགྲ་གྱོད་མི་ཁ་བྲ་མཆུ་ཐམས་ཅད་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག༔ ཅེས་བརྒྱ་སྟོང་ཅི་ནུས་བཟླས༔ དེ་ནས་གླང་རུ་དང་ཟན་ལིང་དམར་གཏོར་རྣམས་ལ་དམིགས་ཏེ༔ ཨེ་མདུན་དུ་ལྕགས་ཁང་གྲུ་གསུམ་འཇིགས་སུ་རུང་ཁ་དོག་མཐིལ་ཡངས་རྒྱ་ཆེ་གཏིང་ཟབ་པ༔ ཤན་པའི་གྲོང་ཁྱེར་དབུས་སུ་གླང་གི་རྭ༔ གཤིན་རྗེའི་བཙོན་ཁང་ལྕགས་མཁར་སྒོ་མེད་པ༔ ཕྱི་ལ་ཞེ་ལྡང་བསྐལ་པའི་མེ་དཔུང་འབར༔ ནང་ན་གཏི་མུག་ལས་ཀྱི་མུན་པ་འཁྲིགས༔ འདོད་ཆགས་ཁྲག་མཚོའི་ནང་དུ་ཧཱུྃ་ཏྲི་ལ༔ གནོད་བྱེད་དགྲ་བགེགས་མངོན་སུམ་ལྟ་བུར་གསལ༔ བདག་དང་མདུན་བསྐྱེད་ཐུགས་ལས་སྤྲུལ་པ་ཡི༔ ལས་གཤིན་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དང་༔ དྲིལ་བུ་ཐོགས་པའི་དམག་ཚོགས་སྟོང་གསུམ་གང་༔ དགྲ་བགེགས་སྙིང་དཀྱིལ་ནི་ཏྲི་ཁུག་པ་ནས༔ ལྕགས་ཀྱུས་བཟུང་ནས་རང་དབང་མེད་པར་བཀུག༔ ལིངྒར་ཐིམ་ནས་དབྱེར་མེད་གཅིག་ཏུ་འདྲེས༔ ན་མོ༔ བསླུ་མེད་དཀོན་མཆོག་གསུམ་དང་རྩ་བ་


CMR013_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ༔ ཀིང་ཀང་ལྷ་ཚོགས་འཁོར་བཅས་བདེན་པའི་མཐུས༔ ཞིང་བཅུ་ཚང་བ་བསྟན་པ་སྤྱི་ཡི་དགྲ༔ ཁྱད་པར་བདག་ཅག་དཔོན་སློབ་འཁོར་བཅས་ལ༔ དམག་སྣ་ཇག་སྣ་རྐུན་སྣ་སྟོན་པ་དང་༔ དོ་བསྡོ་ཕོད་བཙུགས་བསམ་ངན་སྦྱོར་རྩུབ་བྱེད༔ གནོད་པར་བྱེད་ཅིང་འཚེ་བར་བྱེད་པའི་དགྲ༔ སློབ་མ་དམ་ལོག་གཞན་དཀྲུགས་ཕྲ་མ་མཁན་དངོས་དང་རྒྱུད་འཚེ་ནང་འགྲས་འགོང་པོའི་ཚོགས༔ སྲིད་གསུམ་གང་ན་གནས་ཀྱང་འདིར་ཁུག་ཅིག༔ ཧཱུྃ༔ འགུགས་བྱེད་ཕོ་ཉ་ཆེན་མོའི་དུས་ལ་བབ༔ དགྲ་བོའི་བླ་ཚེ་མི་རུ་བརྫུ་བ་ན༔ ཕོ་ཉ་གནོད་བྱེད་སྲིན་པོར་སྐུ་སྤྲུལ་ལ༔ རང་དབང་མེད་པར་མྱུར་དུ་ཁུག་ལ་ཤོག༔ དགྲ་བོའི་བླ་ཚེ་ཤྭ་བར་བརྫུ་བ་ན༔ ཕོ་ཉ་གསེར་གྱི་སྟག་མོར་སྐུ་སྤྲུལ་ནས༔ རང་དབང་མེད་པར་མྱུར་དུ་ཁུག་ལ་ཤོག༔ དགྲ་བོའི་བླ་ཚེ་དགོ་བར་བརྫུ་བ་ན༔ ཕོ་ཉ་ལྕགས་ཀྱི་དོམ་བུར་སྐུ་སྤྲུལ་ནས༔ རང་དབང་མེད་པར་མྱུར་དུ་ཁུག་ལ་ཤོག༔ དགྲ་བོའི་བླ་ཚེ་ལུག་ཏུ་བརྫུ་བ་ནི༔ ཕོ་ཉ་ལྕགས་ཀྱི་སྤྱང་ཀིར་སྐུ་སྤྲུལ་ནས༔ རང་དབང་མེད་པར་མྱུར་དུ་ཁུག་ལ་ཤོག༔ དགྲ་བོའི་བླ་ཚེ་བྱ་རུ་བརྫུ་བ་ན༔ ཕོ་ཉ་བྱ་རྒྱལ་ཁྱུང་དུ་


CMR013_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་སྤྲུལ་ནས༔ རང་དབང་མེད་པར་མྱུར་དུ་ཁུག་ལ་ཤོག༔ དགྲ་བོའི་བླ་ཚེ་ར་རུ་བརྫུ་བ་ན༔ ཕོ་ཉ་བྱི་རུའི་ཁྱི་མོར་སྐུ་སྤྲུལ་ནས༔ རང་དབང་མེད་པར་མྱུར་དུ་ཁུག་ལ་ཤོག༔ དགྲ་བོའི་བླ་ཚེ་བོང་བུར་བརྫུ་བ་ན༔ ཕོ་ཉ་ཟངས་ཀྱི་དྲེད་མོར་སྐུ་སྤྲུལ་ནས༔ རང་དབང་མེད་པར་མྱུར་དུ་ཁུག་ལ་ཤོག༔ དགྲ་བོའི་བླ་ཆེ་བ་རུ་བརྫུ་བ་ན༔ ཕོ་ཉ་གསེར་གྱི་འཕར་བར་སྐུ་སྤྲུལ་ནས༔ རང་དབང་མེད་པར་མྱུར་དུ་ཁུག་ལ་ཤོག༔ དམ་ཉམས་དགྲ་བོའི་བླ་རྟགས་བརྒྱད་པོ་ལ༔ ཕོ་ཉ་བརྒྱད་ཀྱང་གཉེན་པོར་སྐུ་སྤྲུལ་ནས༔ མྱུར་དུ་རིངས་བའི་ཚུལ་གྱིས་འདིར་བཀུག་ནས༔ མཚན་མའི་ལིངྒ་འདི་ལ་བླ་སྲོག་ཁུག༔ ཚྭ་ཏྲི་ཝ་ཤཾ་ཀུ་རུ་ཀ་ཧི༔ ཝ་ཏི་ཡཾ་ཀུ་རུ་ཡཾ་ཡཾ་སན་སན་ཡཾ༔ སྙིང་ཚལ་པར་ཟད༔ ཐཾ་རིལ་རྦད༔ གནོད་བྱེད་དགྲ་བགེགས་བླ་རྟེན་ཅི་ཡོད་པར་མྱུར་དུ་ཁུག་ཅིག༔ ཅེས་དང་༔ ཨོཾ་མཉྫུ་ཤི་ཡ་མཱནྟ་ཀ་ཡ་མ་རཱ་ཙ་དགྲ་བགེགས་ཛཿཧཱུྃ་བཾ་ཧོཿ དགྲ་བོའི་བླ་ཤ་རེ་མ་ཏི་འགྲིམ་འགྲིམ་ཤ་མ་དུན་ཏི་ཤྲཱི་ཐུ་མྱོག་མྱོག་ཡེད་ཡེད༔ ཤ་མ་དུན་ཏི་ཁུག་ལིང་མྱོག་ལིང་ཤ་ལིང་ཐུ་ཙ་མུ་ནི་བྷྱོ་ཛཿཧཱུྃ་བཾ་ཧོཿ ཞེས་བརྒྱའམ་ཉེར་གཅིག་བདུན་སོགས་གང་རུང་བརྗོད༔ བྱ་


CMR013_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

རོག་འུག་པའི་སྒྲོ་གཡས་གཡོན་དུ་བཙུགས་པ་ལ་ཡུངས་དཀར་བརྡེག་ལ༔ བྷྱོ༔ བཀའ་ཉན་ཆེན་མོ་ཕྲ་མེན་མཁན༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ དངོས་གྲུབ་འཕྲོག་པའི་དགྲ་དང་བགེགས༔ ་འགོ་བའི་ལྷ་དང་བྲལ་བར་གྱིས༔ དམ་ཉམས་དགྲ་བོ་ལས་ངན་འདིས་་་་དགྲ་ལྷ་སྤྱི་བོའི་གཙུག་ནས་ཕྲོ་ལ༔ སྲོག་ལྷ་སྙིང་གི་དཀྱིལ་ནས་ཕྲོལ་ཞང་ལྷ་ལྟེ་བའི་ཁུང་ནས་ཕྲོལ༔ མ་ལྷ་གསང་བའི་གནས་ནས་ཕྲོལ༔ ཕོ་ལྷ་ཕྲག་པ་གཡས་ནས་ཕྲོལ༔ ཡུལ་ལྷ་ཕྲག་པ་གཡོན་ནས་ཕྲོལ༔ བན་བོན་ལ་སོགས་འགོ་བའི་ལྷ༔ རིག་འཛིན་སྲུང་མ་རྒྱབ་ནས་ཕྲོལ་དམ་ཉམས་ལྷ་དང་ཕྲལ་བར་གྱིས༔ བྷྱོ༔ བཀའ་ཉན་ཆེན་མོ་ཕྲ་མེན་མཁན༔ ཁ་ཁ་མུ་ཁ་མཐུ་མོ་ཆེ༔ མཐིང་ནག་ཆེན་མོ་བྱ་རོག་དབུ༔ ཉིད་ཀྱི་ལས་བྱེད་ཁ་ཁ་མ༔ གོས་སུ་གཡག་རྒོད་ལྤགས་རློན་གྱོན༔ དམ་ཉམས་དགྲ་བོའི་ཁྲག་ལ་དགྱེས༔ ཕྱག་ན་རུ་དར་ཐོད་ཁྲག་བསྣམས༔ ཁ་ནས་དུག་གི་རླངས་པ་འཕྱོ་ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ བྷྱོ༔ ཧུ་ལུ་མུ་ཁ་མཐུ་མོ་ཚེ༔ སེར་ནག་ཆེན་མོ་འུག་པའི་དབུ༔ མཚན་གྱི་ལས་བྱེད་ཧུ་ལུ་མ༔ གོས་སུ་རྟ་དམར་ལྤགས་རློན་གྱོན༔ ཟས་


CMR013_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

སུ་དགྲ་བོའི་ཤ་ལ་དགྱེས༔ ཕྱག་ན་ཟངས་གྲི་ཐོད་ཁྲག་བསྣམས༔ ཁ་ནས་ནད་ཀྱི་ཁ་རླངས་འཕྲོ༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔༔ ཕྲ་མེན་སེར་ནག་མཐུ་མོ་ཆེ༔ ཁྱེད་གཉིས་ཉིན་མཚན་མེད་པར་རྒྱུག༔ དགྲ་དང་དགྲ་ལྷ་ཕྲོལ་ལ་ཤོག༔ ཁྱོ་དང་ཆུང་མ་ཕྲོལ་ལ་ཤོག༔ བུ་དང་བུ་མོ་ཕྲོལ་ལ་ཤོག༔ གཉེན་དང་ཉེ་དུ་ཕྲོལ་ལ་ཤོག༔ ཟས་ནོར་ལོངས་སྤྱོད་སྲོལ་ལ་ཤོག༔ ཡུལ་མཁར་ཁང་ཁྱིམ་ཕྲོལ་ལ་ཤོག༔ གྲོགས་པོ་ཤག་རོགས་ཕྲོལ་ལ་ཤོག༔ དམ་ཉམས་ལྷ་དང་ཕྲལ་བར་མཛོད༔ ལྷ་དང་ཕྲོལ་ལ་བདུད་དང་སྤྱོད༔ དམ་ཉམས་དགྲ་བོ་ལས་ངན་འདི༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་མཛོད༔ མ་མ་ཏྲག་རཀྵ་དགྲ་བོ་མཱ་ར་ཡ་ཤག་ཕྱེས་ཤག་ཕྱེས་ཨནཾ་ཏྲི་ཨཱ་ཀར་ཡ་མཱ་ར་ཡ་ཤག་ཕྱེས༔ པྲ་ཝེ་ཤ་ཡ་ཕཊ༔ དེ་ནས་ལྷ་དང་དབྱེ་ནས༔ ཛཿ ལིང་གར་བླ་སྲོག་ཁུག་པས་དགྲ་བོ་དངོས༔ དེ་ཡི་ལུས་ཀྱི་གཡས་གཡོན་ལྷན་སྐྱེས་ཀྱི༔ ལྷ་བདུད་རྣམ་པ་ངོ་བོའི་མ་གཤིན་བདུད༔ དྲེགས་པའི་མཐུ་རྩལ་རང་གཟུགས་རྣམ་པ་ཡི༔ དུག་སྦྲུལ་དཀར་ནག་གཉིས་གྱུར་དམ་ཉམས་ཀྱི༔ ཚངས་བུག་ནས་ཞུགས་དགྲ་བོའི་སྙིང་ཁྲག་


CMR013_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

དང་༔ ནག་པོ་གསང་གནས་ནས་ཞུགས་ཁོང་ཁྲག་འཇིབ༔ སྙིང་ཁར་འཛོམས་པས་ཟ་ཁ་མ་མཐུན་ཐོན༔ སྦྲུལ་དཀར་གཡས་དང་ནག་པོ་གཡོན་དུ་འཁྲིལ༔ དགྲ་བོའི་ལུས་ཀྱི་སྤྱི་བོར་སྦྲུལ་མགོ་མདུད༔ མཇུག་གཉིས་གསང་བར་མིདུད་ཅིང་དམ་དུ་བཀྱིག༔ དམ་ཉམས་སྤྱི་བོར་རྒྱ་གྲམ་ཁ་གདེངས་བ༔ ལས་ཀྱི་མཚོན་རྣོན་རྣམ་སྨིན་ལས་རླུང་གིས༔ ཤུགས་དྲག་བསྐོར་བས་ཀླད་པ་ཐར་ཐར་གཏོར༔ ལྷ་བདུད་ངོ་བོ་སྦྲུལ་གྱིས་ངོམ་པར་ཟོས༔ ཀིང་ཀང་སྔགས་རིང་གཅིག་པར་གང་ལྕོགས་བཟླས༔ ཛཿ ལྷན་སྐྱེས་ངོ་བོ་སྦྲུལ་མེད་དགྲ་བོ་ཡི༔ ལུས་ཀྱི་སྟེང་དུ་སྤྲུལ་པའི་ཐུན་གྱི་རྫས༔ བརྒྱབས་པས་ཐམས་ཅད་མཚོན་ཆའི་ཆར་གྱུར་ནས༔ ཚལ་པ་དུམ་བུ་དུམ་བར་གཏུབ་པར་གྱུར༔ སྔགས་རིང་ཤམ༔ ཏདྱ་ཐཱ༔ དུ་ཤན་དུ་ཤན་རཀྵ་རཀྵ༔ དགྲ་བོའི་སྙིང་རྩ་སྲོག་ཁྲག་རྩ་ལ་འདུས་འདུས༔ དགྲ་བོའི་སྙིང་རྩ་སྲོག་རྩ་ཁྲག་རྩ་ཆོད་ཆོད༔ མཱ་ར་ཡ་རྦད་སོད༔ ཟན་ལིང་ཡོད་ན་གཏུབ་ནས་གཏོར་མར་ཕུལ༔ ཧཱུྃ༔ སྟོང་གསུམ་བྷན་ཡངས་པའི་སྣོད་མཆོག་ཏུ༔ སྲིད་གསུམ་ང་བདག་གཟུང་འཛིན་རུ་ཊ་རྣམས༔ ཐབས་མཁས་ཐུགས་རྗེས་བསྒྲལ་བའི་ཤ་ཁྲག་རུས་བཅོམ་


CMR013_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་གཤིན་རྗེ་གཤེད་པོའི་ཞལ་དུ་འབུལ༔ ཡུམ་མཆོག་བྷེ་ཏཱ་ཛ་ལིའི་ཞལ་དུ་འབུལ༔ གོ་ཆ་ལྷ་ལྔ་རྣམས་ཀྱི་ཞལ་དུ་འབུལ༔ རིགས་བཞིའི་གཤིན་རྗེ་ཡབ་ཡུམ་ཞལ་དུ་འབུལ༔ ཕྱོགས་བཅུའི་གཤིན་རྗེ་བཅུ་ཡི་ཞལ་དུ་འབུལ༔ བདུད་རྩི་འཁྱིལ་པ་བཅུ་ཡི་ཞལ་དུ་འབུལ༔ མ་ཧ་བྷ་ལ་བཅུ་ཡི་ཞལ་དུ་འབུལ༔ མ་མགོན་གཟའ་ཀླུ་པེ་རྩང་ཞལ་དུ་འབུལ༔ མ་གཤིན་བདུད་བཙན་དྲེགས་པའི་ཞལ་དུ་འབུལ༔ རྒྱལ་ཆེན་ཕྱོགས་སྐྱོང་དམག་ཚོགས་ཞལ་དུ་འབུལ༔ དྲེགས་པ་ལྷ་སྲིན་སྡེ་བརྒྱད་ཞལ་དུ་འབུལ༔ དུག་གསུམ་ཤ་ཁྲག་རུས་པའི་མཆོད་པ་བཞེས༔ བསྟན་དང་བདག་ལ་གནོད་པའི་དགྲ་བགེགས་རྣམས༔ ཕྲིན་ལས་དྲག་པོས་ཚར་གཅོད་ལས་མཛོད་ཅིག༔ སྔགས་རྣམས་ལ་རྫས་སྔགས་ཁཱ་ཧི་བཏགས༔ ཧཱུྃ༔ འཇམ་དཔལ་གཤིན་རྗེ་ཡུམ་ཆེན་བྷེ་ཏཱ་ལི༔ གོ་ཆ་ལྷ་ལྔ་རིགས་བཞི་ཡབ་ཡུམ་སྲས༔ ཕྱི་ནང་ཁྲོ་བཅུ་ཕྱོགས་སྐྱོང་གཤིན་རྗེའི་ཚོགས༔ མ་གཤིན་བདུད་བཙན་མགོན་པོ་ལྷ་མོ་སྟེ༔ གཟའ་ཀླུ་པེ་རྩང་རྒྱལ་ཆེན་ཕྱོགས་སྐྱོང་དང་༔ སྒོ་འཛིན་གིང་བདུད་རྩིས་ཤན་ལ་སོགས་པ༔ འཇིག་རྟེན་འདས་དང་མ་འདས་དྲེགས་པའི་ཚོགས༔ སྐུ་


CMR013_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

མདོག་ཆ་ལུགས་རྫུ་འཕྲུལ་ཅིར་ཡང་སྟོན༔ རང་རང་ཡུམ་དང་སྲས་དང་འཁོར་དཔུང་བཅས༔ གྲངས་མེད་ནམ་མཁའི་མཐར་ཁྱབ་རྒྱུག་པ་རྣམས༔ མགྱོགས་པའི་ཆིབས་ལྡན་སྲ་བའི་གོ་ཆ་གྱོན་རྣོ་བའི་མཚོན་ཐོགས་གདུག་པའི་ང་རོ་སྒྲོགས༔ མནག་པའི་སེམས་འཆང་དགྲ་འཇོམས་དམག་ཚོགས་བསྟོད༔ སྨན་རཀ་གཏོར་ཚོགས་ཕྱི་ནང་གསང་མཆོད་འབུལ༔ ཐུགས་དམ་བསྐང་བའི་དམ་རྫས་མཆོད་གཏོར་བཞེས༔ བསྟན་པ་གཉན་སྲུང་དཀོན་མཆོག་དབུ་འཕང་བསྟོད༔ བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་རྣམས༔ མི་མཐུན་བར་ཆད་ཀུན་སོལ་ཅི་འདོད་སྒྲུབས༔ སྡང་བའི་སེམས་འཆང་གནོད་བྱེད་དགྲ་དང་བགེགས༔ གང་ན་འདུག་ཀྱང་ཐལ་བ་རྡུལ་དུ་རློགས༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ བྷྱོ༔ མདོས་ཟོར་ཤ་ཁྲག་གཏོར་མ་འདིས༔ སོགས་ནས༔ དམ་ཉམས་བྱེད་མའི་སྟེང་དུ་བྷྱོ༔ བར་རོ༔ ཞེས་ཟློག་པ་རྒྱུན་ཁྱེར་རོ༔ རྩ་སྔགས་ཤམ་དུ༔ ཨེ་ཀ་དུ་ན་ཟློག༔ མ་ཧཱ་དུ་ན་ཟློག༔ ས་ག་དུ་ན་ཟློག༔ ཙ་དུར་སྙིང་ལ་ཟློག༔ སུཾཏྲ་རཀྵ་ཟློག༔ བྱད་ཟོར་ཕུར་ཁ་ཆག་ཆེན་ཉམ་ང་གང་གནོད་གང་བསྒྲེན་


CMR013_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག༔ ཨེ༔ རང་ཉིད་དཔལ་ཆེན་གཤིན་རྗེའི་གཤེད་པོ་ཡི༔ ཕྱག་གཡས་རལ་གྲི་བསྣུན་པའི་ས་གཞི་གས༔ རིམ་བདུན་ས་འོག་གཤིན་རྗེའི་གྲོང་ཁྱེར་ནས༔ ལས་ཀྱི་གཤིན་རྗེ་ཨ་ཝ་གླང་གི་མགོ༔ གནམ་ས་ཙམ་གྱི་ཁ་གདངས་འོ་དོད་འབོད༔ དེ་ཚེ་སྣང་སྲིད་ལྷ་འདྲེ་ཐམས་ཅད་ཀྱིས་གནོད་བྱེད་དགྲ་བགེགས་མི་ཁ་བྲ་མཆུ་རྣམས༔ སྐད་ཅིག་དེད་ནས་ལས་གཤིན་ཞལ་དུ་བླུག༔ བྷྱོ༔ རིམ་པ་བདུན་གྱི་ས་འོག་ནས༔ ལས་ཀྱི་གཤིན་རྗེའི་དམག་ཚོགས་རྣམས༔ ཁྲི་དང་དྲུག་སྟོང་འཁོར་དང་བཅས༔ རྒྱལ་ཆེན་ཕྱོགས་སྐྱོང་ཕོ་ཉར་འགྱེད༔ ལྷ་སྲིན་སྟོང་སྡེ་ལས་ལ་འཛུད༔ ཀུན་ཀྱང་འུར་སྒྲ་ཆེམ་ཆེམ་དུ༔ ཕྱག་ན་གདུག་པའི་ཀོང་ཟོར་དང་༔ རང་རྟགས་མཚོན་ཆ་མེ་ལྟར་འབར༔ སྔོན་ནས་བྱད་ཟོར་བཟློག་པའི་ལྷ༔ དམར་གྱི་གཏོར་མ་འདི་བཞེས་ལ༔ དོ་ནུབ་བཟློག་པའི་དཔུང་ལ་ཆོས༔ དགྲ་དཔུང་གཡུལ་ངོ་ཟློག་པར་མཛོད༔ ཡ་མ་རཱ་ཙ་དགྲ་བོའི་སྙིང་ལ་བྷྱོ༔ གཏོར་མ་དགྲ་པོ་ཉིད་དུ་དབྱེར་མེད་པ༔ ལས་གཤིན་ཞལ་དུ་འཕངས་བས་རབ་ཏུ་མཉེས༔ ཁ་བསྡོམས་འོག་ཕྱོགས་གཤིན་


CMR013_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་ཡུལ་དུ་སོང་༔ དེ་སྟེང་རྒྱ་མཚོ་གསེར་གྱི་ས་གཞི་ཆགས༔ དེ་སྟེང་རི་རབ་གླིང་བཞི་གླིང་ཕྲན་ཆགས༔ རི་རབ་སྟེང་དུ་འཇམ་དཔལ་སྲས་བཅས་དང་༔ གླིང་བཞིར་རྒྱལ་ཆེན་བཞི་པོ་དཔུང་དང་བཅས༔ སྣང་སྲིད་སྡེ་བརྒྱད་ཀུན་གྱིས་མནན་པར་གྱུར༔ རྩ་སྔགས་སྔགས་རིང་བཅས་ཀྱི་ཤམ་དུ༔ པྲ་ལེ་ཛྭ་ལ་གནོད་བྱེད་དགྲ་བགེགས་མི་ཁ་བྲ་མཆུ་ཐམས་ཅད་མཱ་ར་ཡ་རྦད་ནན༔ དགྲ་བོ་སའི་ཁམས་སུ་ནན༔ མེའི་ཁམས་རཾ་ནན༔ ཆུའི་ཁམས་པཾ་ནན༔ རླུང་གི་ཁམས་ཡཾ་ནན༔ ནམ་མཁའི་ཁམས་ལཾ་ནན༔ རྣམ་པར་ཤེས་པའི་ཁམས་སྟྭམྦྷ་ཡ་ནན༔ ཞེས་ཚར་བདུན་ཙམ་བཟླའོ༔ འཇམ་དཔལ་སྐུ་ཡི་ལྷ་ཚོགས་འཁོར་བཅས་ལ༔ དངོས་འབྱོར་ཡིད་སྤྲུལ་མཆོད་པས་མཆོད་ཅིང་བསྟོད༔ འགལ་འཁྲུལ་ཉེས་པའི་ཚོགས་ཀུན་བཟོད་པར་གསོལ༔ འཇིག་རྟེན་པ་རྣམས་རང་རང་གནས་སུ་གཤེགས༔ ཡེ་ཤེས་པ་རྣམས་བདག་དང་རྟེན་ལ་བཞུགས༔ སྣོད་བཅུད་འོད་ཞུ་སྲུང་བའི་གུར་ལ་ཐིམ༔ དེ་ཞུ་འཁོར་ཐིམ་འཁོར་ཡང་གཙོ་བོར་ཐིམ༔ བདག་ཉིད་ཧཱུྃ་ཐིམ་ཧཱུྃ་ཡང་གྱེན་རྫོགས་ཡལ༔ ད་ལྟའི་རིག་པ་སྐད་ཅིག་ཟངས་ཐལ་མ༔ གང་གིས་མ་རིག་གང་གིས་གྲུབ་


CMR013_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

མ་མྱོང་༔ འགྱུ་བ་དྭངས་སང་ཤར་ཐིམ་རང་དག་ལ༔ འོད་གསལ་སྟོང་པ་རྒྱལ་བའི་ཡུམ་ཆེན་ཡིན༔ འདི་ལས་གཞན་དུ་ཆོས་སྐུ་ཡོད་རེ་ཀན༔ འདི་ལྟར་འཇམ་དཔལ་བསྐྱེད་རྫོགས་སྒོམ་བཟླས་མཐུས༔ ཚེ་འདིར་མི་མཐུན་ཕྱོགས་ལས་རྣམ་རྒྱལ་ཞིང་༔ ཕྱི་མ་བཅོམ་ལྡན་འཇམ་དཔལ་ཉིད་འགྲུབ་ཤོག༔ ཅེས་ཆོས་དབང་གི་བསྙེན་པ་བྱ་ཕྱིར་༧ རཱ་ག་ཨ་སྱས་འཕྲལ་དུ་བཀོད་པ་ལ་ཉེས་འགལ་མཆིས་ན་བཤགས་ཤིང་༔ དགེ་བས་བཅོམ་ལྡན་འཇམ་དཔལ་ཉིད་འགྲུབ་ཤོག། ༈ ཨོཾ་ཡ་མ་ཀིང་ཀང་ཁ་ཐུ་ནི་མྱོག་སྒྲིབ་ཝཱཀ་སྟེ་བྷ་ཡ་ནན་ཟློག༔ བྷིག་ནན་དགྲ་བོ་ཐུ༔ དེ་ཤོ་དེ་ཤཾ་བྱུར་བྲུབ༔ བྷི་ཤ་ཙཀྲ་ཧ་ལ་ཧ་ལ་ཧལ་ཏ་ཧལ་ཏ༔ ཧཱུྃ་ས་མ་ཡ་སྒྲིབ་ཧྲཱིཿང་༔ དགྲ་བོ་དགྲ་སྲི་སུཾ་བྷ་ཡ༔ རཀྵ་ཟློག༔ དགྲ་སྲི་བྱད་མ་སྟེ་བྷ་ཡ་མཱ་ར་ཡ་སོད༔ རཀྵ་སོད༔ ནན་ཟློག༔ ཨེ་ཀ་དུ་ན༔ མ་ཧཱ་དུ་ན་སོགས། ཐུན་ལ་ཁ་རླངས་མཆིལ་མ་མི་བཏང་༔ སྨུག་སྦུག་ནང་ནས་ལིངྒ་ལ་བྲབ་བོ༔ སྔགས་བརྒྱ་སྟོང་རེའི་མཚམས་སུ་ཐལ་མོ་བརྡབ་མན་ངག་ཞལ་གདམས་ལ། གཞུང་གི་བསྙེན་པ་ཐེམ་ནས། ལས་སྔགས་མི་རུང་། རབ་བྱེ་བ། འབྲིང་གཅིག་འབུམ། ཐ་མ་གསུམ་འབུམ། བསྲུང་ན་སྲུང་སྔགས། བཟློག་ན་ཟློག་སྔགས། མི་ཁ་ལ་དེའི་རང་སྔགས། བསད་


CMR013_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

ན་བསད་སྔགས། རྒྱས་དུས་ལས་བྱང་ཆེ་ཆུང་བསྡེབ་པའམ། ༈ ཡང་ན་མན་ངག་རྐྱང་པ་སྒྲུབ་པའི་གཤིན་རྗེ་ཚེ་བདག་དམར་ཆུང་དང་། གོ་དོན་བསྡུས་པའི་ཕྱག་ལེན། བསྡུས་པ་འདི་ཁོ་ནའོ། སོ་སོའི་སྒྲུབ་རྟགས་དང་ཟློག་བསད་མནན་གསུམ་ཡིག་ཆུང་ཚེ་བདག་གམ། དམར་ཆུང་ལྟར་སྤྲོད་པ་ཞལ་ཤེས་སོ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཔཱ་ལ་པ་ཏྲའི་རྒྱུད་དང་ཤོར་སང་ཉི་མ་ཁྲོས་པའི་རྒྱུད་ཀྱི་དགོངས་པ་འཇམ་དཔལ་ཕ་རོལ་རྒོལ་འཇོམས་ཀྱི་སྒྲུབ་ཐབས་སྲུང་ཟློག་བསྡུས་པ།next