Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཇམ་དཔལ་ཕ་རོལ་རྒོལ་འཇོམས་ཀྱི་ཟིན་བྲིས།
   
   
   
   
   
   
   


 
previousའཇམ་དཔལ་ཕ་རོལ་རྒོལ་འཇོམས་ཀྱི་ཟིན་བྲིས།next

འཇམ་དཔལ་ཕ་རོལ་རྒོལ་འཇོམས་ཀྱི་ཟིན་བྲིས།


CMR013_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་ཕ་རོལ་རྒོལ་འཇོམས་ཀྱི་ཟིན་བྲིས་བཞུགས་སོ། །


CMR013_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་མཉྫུ་ཁྲི་ཡ་མཱན་ཀ་ཡེ། འཇམ་དཔལ་ཕ་རོལ་རྒོལ་འཇོམས་འདོན་འགྲིགས་ནི། །བཅའ་ཚོགས་ཞིབ་པར་མཐོང་བ་བརྒྱུད་པ་ལྟར། །མདོས་གཞི་སྟེང་དུ་གྲུ་གསུམ་གཅིག་བྲིས་ལ། །དེ་རྒྱབ་གྲུ་བཞི་བྲིས་པ་ཟུར་བཞི་ལ། །མདུན་རྒྱབ་གཡས་གཡོན་འཁོར་བཞིའི་གཏོར་མ་བཤམས། །དེ་རྒྱབ་རྩིབས་བཅུར་རྒྱལ་ཆེན་སྡེ་བཞི་དང་། །མ་མགོན་དྲེགས་པ་དྲུག་གི་གཏོར་མ་བཤམས། །དེ་རྒྱབ་འཁོར་ལོ་རྩིབས་བཅུར་ཕྱོགས་སྐྱོང་བཅུ། །གྲུབ་ན་འཁོར་ལོ་ཐམས་ཅད་ནག་པོ་སྟེ། །འཁོར་ལོའི་རྩིབས་ཀྱི་ནང་དུ་ཧོམ་ཁུང་བྲུ། །ཁྲག་བླུག་ནང་དུ་ཟན་ལིང་གཅིག་


CMR013_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་གོ །གལ་ཆེ་གཙོ་བོའི་འོག་ཏུ་ཟན་ལིང་བཞག །གཏོར་མ་ཐམས་ཅད་དམར་གཏོར་ཁོ་ན་སྟེ། །གཙོ་བོར་མར་གྱི་མེ་རི་རྐྱང་པས་བརྒྱན། །འཁོར་རྣམས་ཟོར་ཡིན་མར་རྒྱན་མི་བཏགས་སོ། །གཙོ་བོ་ལ་ནི་རྩང་དམར་ཉི་ཤུ་གཅིག །ལས་མཁན་བཞི་ལ་རྩང་ནི་བདུན་རེ་བཙུགས་། །དེ་རྒྱབ་བཅུ་ལ་རྩང་ནི་གསུམ་རེ་འཛུགས། །དེ་རྒྱབ་རྩང་རིང་སྟོད་དམར་སྨད་ནག་པོ། །སྐེད་པ་རྒྱ་མདུད་ལྡན་པ་ཉི་ཤུ་བརྒྱད། །སྲིན་མོ་འགྲོས་སུ་རྩང་བསླས་བྱས་པ་བཙུགས། །ཕྱོགས་བཞིར་སྒོ་རྩང་བཞི་པོ་འགྲེང་ཐབས་བཙུགས། །ཤར་དུ་རྩང་ཕུར་དཀར་པོ་ཟླུམ་པོ་སྟེ།


CMR013_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

ལྷོ་རུ་སེར་པོ་གྲུ་བཞི། །ནུབ་ཏུ་དམར་པོཟླ་གམ། །བྱང་དུ་སྔོན་པོ་གྲུ་གསུམ་སྟེ། །བཞི་ཀའི་སྐེད་པར་རྒྱུ་མདུད་དང་ལྡན་པ། །དེ་རྒྱབ་སྐུད་པ་སྔོ་དམར་དག་གིས་བསྐོར། །སྟེང་དུ་དར་གདུགས་ནག་པོ་ཞིག་ཀྱང་ཕུབ། །མེད་ན་དམའ་དར་ནག་པོ་བཙུགས་པས་འཐུས། །ཡོད་ན་སོ་སོའི་ཙཀླུ་ཡང་བཙུགས། །མེད་ཀྱང་ལྷག་ཆད་སྐྱོན་དུ་མི་འགྱུར་རོ། །གཏོར་མདོས་འོག་ཏུ་བྲུབ་ཁུང་ལིངྒ་བཅའ། །རྒྱས་པར་ཁ་ལ་རྒྱས་འདེབས་གཞུང་ལྟར་བཅའ། །འབྲིང་པོར་ཧོམ་ཁུང་དམར་ཆུང་ནང་ལྟར་ལིང་རྐྱང་བྲི། །བསྡུས་པ་བྲུབ་ཁུང་ལིངྒ་མི་དགོས་སོ། །གཏོར་མའི་འོག་གི་ལིངྒས་ཆོག་པ་སྟེ། །ཐུན་མཚམས་ལ་སོགས་མཁོ་བའི་ཡོ་བྱད་བསགས། །དེ་ནི་བཅའ་ཚོགས་ལག་ལེན་བརྗེད་ཐོ་ཡིན། ༈ །དེ་ནས་འདོན་ཆའི་རིམ་པ་འདི་ལྟ་སྟེ། །དང་པོ་བདག་བསྐྱེད་སྲུང་འཁོར་གཞུང་ལྟར་འདོན། །གཙོ་བོའི་སྲུང་སྔགས་ཅི་ནུས་འབད་ནས་བཟླས། །དེ་རྗེས་ཆོ་གའི་སྲུང་སྔགས་ཅི་འགྲུབ་དང་། །དགྲ་དོགས་ཡོད་ན་ཀིང་ཀང་སྔགས་རིང་དང་། །རཀྟ་སྦྱར་བ་གཞན་ནས་འབྱུང་ལྟར་འདོན། །དེ་ནས་མདུན་བསྐྱེད་གཞུང་ལྟར་བསྟོད་པའི་བར། །བསྟོད་ནས་མདུན་བསྐྱེད་བཟླས་པ་ཅུང་ཞིག་


CMR013_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། །དེ་ནས་ཟན་ལིང་ཆེ་བ་གཅིག་གམ་ནི། །ཡང་ན་ལིང་ག་སྤར་བཏབ་མང་དུ་བཞག །གཞུང་ནས་བྱུང་ལྟར་བསྒྲལ་ལས་རྒྱས་པར་བྱ། །དེ་ནས་ཟན་ལིང་རེ་དང་གཏོར་ཆུང་རེ། །སྦྲགས་ལ་རེ་རེ་བཞིན་དུ་འབུལ་བ་སྟེ། །གཙོ་བོ་ཀུན་ལ་བསྟོད་པའི་མཇུག་ཏུ་ནི། །སྨན་རཀ་གཏོར་སོགས་ཕྱི་ནང་གསང་མཆོད་འབུལ། །ཞེས་སོགས་འདོད་གསོལ་ཚང་བར་བྱས་པའམ། །འདོད་གསོལ་ལས་བཞིའི་འདོད་གསོལ་གང་འདོད་བྱ། །ལྷ་ཚོགས་རྣམས་ལ་རིམ་བཞིན་གཏོར་ཆུང་འབུལ། །དེ་ནས་ཟློག་གཞུང་མ་རྫོགས་བར་དུ་འདོན། །མཇུག་ཏུ་སྔགས་མང་བརྗོད་རྔ་དྲག་རྡུང་བྱ། །དེ་ནས་གཏོར་ཆུང་ཆེ་བ་གཅིག་བཤམས་ལ། །ཉི་མ་ལྷོ་ཕྱོགས་མ་ལ་སོགས་པ་ཡི། །ཡ་མ་རཱི་ཙའི་བསྐུལ་པས་མདོས་ནང་ཕུལ། །དེ་ལྟར་རབ་ནི་ཚར་གསུམ་ཐུན་གསུམ་སྟེ། །འབྲིང་པོ་སྔ་ཐུན་ཕྱི་ཐུན་གཉིས་ཡིན་ནོ། །ཐ་མ་ཉིན་རེ་ཚར་རེ་བཏོན་པས་འཐུས། །དོ་གལ་ཆེ་ན་ཐུན་པ་མང་པོ་ཡིས། །ཀིང་ཀང་སྔགས་རིང་སྔགས་རྒྱུན་བྱས་ནའང་ཆོག །འབྲིང་དུ་ཡིན་ན་ཐུན་པ་ཉུང་ཞིག་བཞག །ཐ་མའང་རང་ཉིད་ཐུན་སྐབས་ཅི་ནུས་བཟླས། །གལ་ཆེན་ཡིན་ན་རྨིས་རྟགས་ཐོན་པར་


CMR013_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

བྱ། །སྐབས་སུ་ནུབ་རེར་ཚོགས་རེ་འཛོམ་ན་བཟང་། མེད་ན་རྗེས་ནས་གཏང་རིཀ་ཚོགས་རེ་བྱ། །འབུལ་ཁ་སྔ་དྲོ་མདུན་བསྐྱེད་བསྡུས་པ་ཙམ། །བཏོན་ནས་བསྒྲལ་ལས་ལ་སོགས་གོང་ལྟར་ལས། གཏོར་ཆུང་ལིངྒ་ལ་སོགས་སྦྲགས་ལོ་བཤམས་བྱས་ཏེ། །གཙོ་བོ་གོ་ཆ་ལྷ་ལྡེ་སྲས་མཆོག་བཞི། །ཡོན་ཏན་གཞན་རྣམས་སྒྱུར་བ་དང་། །ཧཱུྃ་བྷྱོ༔ བཅོམ་ལྡན་དཔལ་ཆེན་ལ་སོགས་ཟློག་པའི་སྔགས། །ཡན་ཆད་གཞུང་ལྟར་འདོན་པར་བྱ་བའི་རྗེས། །ཟོར་ཕྲན་ཉི་མ་ལྷོ་ཕྱོགས་ལ་སོགས་ནས། །ཟོར་གྱི་སྐུལ་པ་གསུམ་དེ་འདོན་པར་བྱ། །དེ་ནས་གཏོར་མའི་སྟོད་ཆ་ལྷ་གསལ་ནས། །ནམ་མཁར་བཏེག་ནས་སྤྲིན་ལྟར་འཁྲིགས་པར་བསམ། །དེ་ནས་གཞི་གདན་ནག་པོ་བཏིང་བའི་ནང་། །གཏོར་མདོས་དགྲ་ཕྱོགས་ཁ་བསྟན་བཞག་པར་བྱ། །མཐའ་སྐོར་གཏོར་ཆུང་ཉི་ཤུ་རྩ་བཞིས་བསྐོར། །དེ་དག་བཀུག་གཞུག་ཅུང་ཟད་བྱས་ཀྱང་ལེགས། །མིན་ཀྱང་དགྲ་བགེགས་ཤ་ཁྲག་དམིགས་པས་འཐུས་།དེ་ནས་སྔོན་འགྲོ་འདོན་འཕྲོ་བསྟོད་པའི་མཐར། །མ་གཤིན་བཙན་བདུད་བཅས་པའི་ལས་མཁན་བཞི། །མ་མགོན་གཟའ་ཀླུ་པེ་གཙང་དྲེགས་པ་དྲུག །རྒྱལ་ཆེན་སྡེ་


CMR013_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

བཞིའི་སོ་སོའི་བསྟོད་པའི་མཇུག །དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་པ་བརྗོད་པའི་རྗེས་ནས་གཏོར་ཆུང་འབུལ། །དེ་ནས་ཕྱོགས་སྐྱོང་བཅུ་ཡི་གཏོར་མ་ནི། །དབྱངས་དང་བཅས་པས་ཤོ་ལོ་ཀ་རེས་འབུལ། །དྲེགས་པ་བཅུ་ལ་གཅིག་ཕུལ་ཏེ། །ཕྱི་ནང་གསང་བའི་ལྷ་སྲིན་སྡེ་བརྒྱད་སོགས། །གཞུང་གི་བསྟོད་པའི་བར་ན་ཡོད་ལྟར་ཡིན། །དེ་ནས་གཞུང་གི་གསེར་སྐྱེམས་འགྲོ་ཕྱོགས་གཏོར་བྱ་ཞིང་། །བདག་ནི་མ་ཉེས་མ་ཡོ་ལ་སོགས་འདོན། །སྒོ་རྩང་བཞི་ནི་བླངས་བྱས་ཤིང་། །ཕྱོགས་ནི་གཙང་སར་ཁ་བསྟན་འདུག་བྱས་ལ། །མདུན་དུ་སླ་ངའི་ནང་དུ་གྲུ་གསུམ་བྲི། །གྲུ་གསུམ་ནང་དུ་ཨེ་བྲིས་ལིངྒ་བཞག །ལིང་ག་བསྐྱེད་ཆོག་བཀུག་གཞུག་སྔོན་ལྟར་བྱ། །དེ་ནས་ཀོང་ཟོར་ནས་བཟུང་ཟོར་རྣམས་འཕང་། །དེ་ནས་ཟློག་པའི་རྩང་རྣམས་ལེན་པར་བྱ། །སོ་སོའི་ཙཀླུ་བལྟས་ལ་མ་ནོར་བར། །ཕྱོགས་སྐྱོང་བཅུ་པོ་སོ་སོའི་ཚིགས་བཅད་མཇུག །དོ་ནུབ་དྲག་པོའི་ཟོར་སོགས་ཤོ་ལོ་ཀ །པྲ་ཧ་ལ་སོགས་སོ་སོའི་ཚིག་མཇུག་ཏུ། །གནོད་བྱེད་དགྲ་བགེགས་ལ་སོགས་སོ་སོའི་ཤམ་བུ་


CMR013_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

བཏགས། །ཕྱོགས་སྐྱོང་གཏོར་མ་རིམ་བཞིན་འཕང་བར་བྱ། །དེ་ནས་ལེགས་ལྡན་ལ་སོགས་དྲེགས་པའི་ཚོགས། །གཞུང་ལྟར་ཤོ་ལོ་ཀ་དྲུག་སྔགས་བཅས་འཕང་། །དེ་ནས་མ་གཤིན་ལ་སོགས་ལས་མཁན་ལོ། །གོང་གི་ཁྲིམ་ཟོར་མདའི་ཟོར་དང་། །རྡོ་ཟོར་ལ་སོགས་སོ་སོའི་ཚིག་བསྒྱུར་ཏེ། །བསྟན་པ་བཤིག་པའི་དགྲ་ལ་གཏོར་ཟོར་རྒྱོབ། །བླ་ཚེ་མན་ཆད་སྔགས་བཟླས་སྔོན་ལྟར་རོ། །རྐྱེན་ཟློག་ལ་ནི་གཙོ་བོའི་གཏོར་མ་དེ། །ལག་ཏུ་བཟུང་ནས་མགོ་ཐོག་འགྲིམ་པའམ། །རྐྱེན་ཟློག་མིན་ན་ལག་ཏུ་ཐོགས་བྱས་ནས། །ཧཱུྃ། ཡབ་གཅིག་དཔལ་ཆེན་ལ་སོགས་བསྐུལ་བྱུང་མཐར། །ཀིང་ཀང་སྔགས་རིང་ཨེ་ཀ་དུ་ནའི་མཇུག །བཞེས་འབོད་རིང་བ་བཏོན་ལ་གཏོར་མ་དེ། །ལིང་གའི་སྟེང་དུ་གཏོར་རྩེ་བསྟན་ལ་རྒྱབ། །དར་ནག་གཡབ་ཅིང་གཏོར་སྣོད་སྦུབ་པའི་སྟེང་། །བསྟན་པའི་དགྲ་བགེགས་ལ་སོགས་གཏོར་བྲོ་བརྡུངས། །ཡུད་ཙམ་ངལ་བསོ་ཚོགས་འཁོར་དགའ་སྤྲོ་བྱ། །ལྷག་མ་ཕུལ་ཞིང་ཚོགས་དུམ་ཤ་ཆང་བླུག །དེ་ནས་ཚོགས་མཇུག་ཚད་མདོ་གཏོར་སྐྱོང་བྱ། །བཀྲ་ཤིས་རྗེས་ཆོག་ལ་སོགས་གཞུང་ལྟར་རོ། །དེ་ནས་རང་གཞན་བསྲུང་བ་བྱ་བ་ནི། །གལ་ཏེ་


CMR013_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་ཆིངས་དགྲ་བྲུབ་བྱས་པའམ། །ཁ་ལ་རྒྱས་འདེབས་རྒྱས་བསྡུས་གང་བྱས་ཀྱང་། །དེ་དག་ཐམས་ཅད་འདོན་ལུགས་གཅིག་པའོ། །གཏོར་ཆུང་མཇུག་གི་འདོད་གསོལ་དེ་ཉིད་ནི། །གལ་ནི་གང་ཆེ་འདོན་ཞིང་གཞན་རྣམས་དོར། །དེ་ནས་ཀིང་ཀཾ་ནག་པོའི་འདོན་འགྲིགས་སོ། །བདུད་རྩི་དིལ་གྱི་སྔགས་འཆང་རྣམས་ཀྱིས་བསྐུལ་ཕྱིར་སྔགས་འཆང་རཱ་ག་ཨ་སྱས་བསྒྲིགས་པའོ། །ཉེས་འགལ་ལྷ་དང་སྲུང་མའི་ཚོགས་ལ་བཤགས། །དགེ་བས་སྙིང་པོ་དོན་གྱི་བསྟན་པ་ལ། །སྡང་བའི་དགྲ་བོ་གཏན་ནས་བརླག་པར་ཤོག༔ སརྦ་དཱ་ཀ་ལྱཱ་ཎཾ་བྷ་ཝནྟུ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR013_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousའཇམ་དཔལ་ཕ་རོལ་རྒོལ་འཇོམས་ཀྱི་ཟིན་བྲིས།next