Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཇམ་དཔལ་ཕ་རོལ་རྒོལ་འཇོམས་ཀྱི་མདུན་བསྐྱེད་ཕྲིན་ལས་ཀྱི་རིམ་པ། ཟུར་མཁར་ལུགས་ལས་ཅུང་ཟད་གབ་སྦས་འཁྲུགས་སོགས་བསལ་ཏེ་བལྟས་ཆོག་ཏུ་བཀོད་པ།
   
   
   
   
   
   


 
previousའཇམ་དཔལ་ཕ་རོལ་རྒོལ་འཇོམས་ཀྱི་མདུན་བསྐྱེད་ཕྲིན་ལས་ཀྱི་རིམ་པ། ཟུར་མཁར་ལུགས་ལས་ཅུང་ཟད་གབ་སྦས་འཁྲུགས་སོགས་བསལ་ཏེ་བལྟས་ཆོག་ཏུ་བཀོད་པ།next

འཇམ་དཔལ་ཕ་རོལ་རྒོལ་འཇོམས་ཀྱི་མདུན་བསྐྱེད་ཕྲིན་ལས་ཀྱི་རིམ་པ། ཟུར་མཁར་ལུགས་ལས་ཅུང་ཟད་གབ་སྦས་འཁྲུགས་སོགས་བསལ་ཏེ་བལྟས་ཆོག་ཏུ་བཀོད་པ།


CMR013_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་ཕ་རོལ་རྒོལ་འཇོམས་ཀྱི་མདུན་བསྐྱེད་ཕྲིན་ལས་ཀྱི་རིམ་པ། ཟུར་མཁར་ལུགས་ལས་ཅུང་ཟད་གབ་སྦས་འཁྲུགས་སོགས་བསལ་ཏེ་བལྟས་ཆོག་ཏུ་བཀོད་པ་བཞུགས་པའི་དབུ་ཕྱོགས་ལགས་སོ།།


CMR013_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་དུས་རྒྱལ་བའི་སྐུ་མཆོག་ཀུན་འདུས་པ། །འཇམ་དཔལ་འཁོར་ལོར་སྐུར་སྟོན་གདུག་པ་འཇོམས། །ཀིང་ཀང་དྲག་པོ་དགྲ་བགེགས་གཤིད་མ་ཡིན། །མདུན་བསྐྱེད་ཕྲིན་ལས་གསལ་བྱེད་ཕོ་བྲང་བྲི། །ཐོག་མར་བདག་བསྐྱེད་སྲུང་འཁོར་སོགས་སྔོན་དུ་སོང་ནས་དངོས་གཞི་མདུན་བསྐྱེད་ཀྱི་གཏོར་མ་མདོས་ལ་སོགས་པ་བསང་ཆུས་སྦྱངས། ༈ ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ཨོཾ་སྭ་བྷ་ཝས་སྦྱངས། སྟོང་པ་ཉིད་དུ་གྱུར། །སྟོང་པའི་ངང་ལས། གྲུ་གསུམ་མཐིང་ནག་འབར་བའི་ཀློང་དཀྱིལ། ཤ་ཁྲག་རྒྱ་མཚོ་འཁྱིལ་བའི་གཞལ་ཡས། དགྲ་བགེགས་བམ་ཆེན་ཉི་


CMR013_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

ཟླའི་གདན་སྟེང་དུ། རྒྱུའི་ཡི་གེ་ཧཱུྃ་མཐིང་ནག་གཅིག་ཏུ་གྱུར། དེ་ལས་འོད་ཟེར་འཕྲོས་པས་སངས་རྒྱས་མཆོད། དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད། ཚུར་འདུས་ཡོངས་སུ་གྱུར་པ་ལས། སྐད་ཅིག་གིས་མདུན་བསྐྱེད་བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེ་སྐུ་མདོག་མཐིང་ནག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བསྒྲད་པ་གཡས་ཞལ་དཀར་ལ་ཁྲོས་པ། གཡོན་ཞལ་དམར་ལ་སྐན་སྒྲ་རྡེབ་པ། དབུས་ཞལ་མཐིང་གས་མཆེ་བ་གཙིགས་པ། དབུ་སྐྲ་དམར་སེར་གྱེན་དུ་འཁྱིལ་ཞིང་ཐུར་དུ་གྲོལ་བ། ཞལ་རེ་རེ་ལ་དམར་ལ་ཟླུམ་


CMR013_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

པའི་སྤྱན་གསུམ་གསུམ་དང་ལྡན་པ། སྨ་ར་སྨིན་མ་ཨག་ཚོམ་དམར་སེར་མེ་ལྟར་འབར་ཞིང་འོད་ཟེར་གློག་ལྟར་དུ་འཁྱུགས་པའོ། །སྙན་ནས་དྲག་པོའི་འབྲུག་སྟོང་ལྡིར་ཞིང་། ཤངས་ནས་བསྐལ་པའི་རླུང་གི་བུ་ཡུག་འཚུབ་པ། ཞོལ་ནས་ཁྲོས་པའི་གད་མོ་ཕྱོགས་བཞི་མཚམས་བརྒྱད་དུ་སྒྲོགས་པ། དགྲ་བགེགས་ཐམས་ཅད་སྔངས་ཤིང་བརྒྱལ་བར་བྱེད་པ། རྡོ་རྗེའི་གཤོག་པ་གཡས་གཡོན་དུ་བརྐྱང་ཞིང། ཕྱག་གཡས་ཀྱི་དང་པོས་རལ་གྲི་། བར་པས་ཐོད་ཁྲག །ཐ་མས་གཏུན་ཤིང་འཛིན་པ། གཡོན་གྱི་དང་པོ་ན་ལྕགས་ཀྱུ༔ བར་པས་སྦྲུལ་ཞགས། ཐ་མ་ན་ཐོང་གཤོལ་འཛིན་པའོ། །ཐོད་སྐམ་ལྔའི་དབུ་ལ་བརྒྱན་པ། ཐོད་རློན་ཁྲག་འཛག་པ་ལྔ་བཅུ་རྩ་གཅིག་གིས་དོ་ཤལ་བྱས་པ། སྐུ་སྟོད་ལ་གླང་ཆེན་གྱི་ཀོ་རློན་དང་ཞིང་ཆེན་གྱི་གཡང་གཞི་གསོལ་བ། སྐུ་སྨད་ལ་སྟག་གི་ཤམ་ཐབས་དཀྲིས་པ། སྦྲུལ་ནག་སྟོང་གིས་སྐེ་རགས་བཅིངས་པ། ཁྲག་གི་ཐིག་ལེ་ཞག་གི་ཟོ་རིས། ཐལ་ཆེན་གྱི་ཚོམ་བུས་སྤྲས་པའི་སྤྱི་བོར། འཇམ་དཔལ་ཡ་མཱནྟ་ཀ་སྐུ་མདོག་དཀར་གསལ་ཞལ་གཅིག་ཕྱག་གཉིས་པ་གཡས་རལ་གྲི་གཡོན་སྡིགས་མཛུབ་མཛད་པ།


CMR013_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

མགྲིན་པར་རྟ་མགྲིན་དབང་ཆེན་དམར་ནག་ཞལ་གཅིག་ཕྱག་གཉིས་པ། གཡས་ཐོད་དབྱུག་དང་གཡོན་སྡིགས་མཛུབ་མཛད་པ། ཐུགས་ཀར་ཕྱག་ན་རྡོ་རྗེ་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེ་དང་གཡོན་སྡིགས་མཛུབ་མཛད་པ། ལྟེ་བར་གཤིན་རྗེ་སེར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་བེ་ཅོན་དང་གཡོན་སྡིགས་མཛུབ་མཛད་པ། གསང་བར་ཁྲོ་བོ་བདུད་རྩི་འཁྱིལ་པ་སྐུ་མདོག་ལྗང་ནག་ཞལ་གཅིག་ཕྱག་གཉིས་པ། གཡས་དགྲ་སྟ་དང་གཡོན་སྡིགས་མཛུབ་མཛད་པ། ཐམས་ཅད་ཀྱང་ཤིན་ཏུ་འཇིགས་པའི་ཚུལ་གྱིས་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་པ། པང་དུ་ཡུམ་བེ་ཏཱ་ཙ་ལི་སྐུ་མདོག་དམར་ནག་ཞལ་གཅིག་ཕྱག་གཉིས་པ་གཡས་ཕུར་པ་བསྣམས་ནས་ཡབ་ལ་འཁྱུད་པ། །གཡོན་པས་ལྕགས་ཀྱི་དྲྭ་བ་མིག་དགུ་བསྣམས་པ། ཁྲོས་པའི་ཞལ་གདངས་སྤྱན་གསུམ་གྱེན་དུ་གཟིགས་པ། དབུ་སྐྲ་ཁམ་པ་ཐུར་དུ་གྲོལ་བ། ཞབས་གཉིས་ཡབ་ལ་འཁྱུད་ཅིང་སྐུ་ལ་རུས་པའི་རྒྱན་དྲུག་དང་ལྡན་པ། ཡབ་ཡུམ་གཉིས་ཀའི་སྐུ་ལས་ཁྲོ་བོ་ཁྲོ་མོ་དཔག་ཏུ་མེད་པ་འགྱེད་པ། ཕྱོགས་བཞིའི་འཁོར་ལོའི་རྩིབས་བཞི་


CMR013_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

ལ། དྲེགས་པ་པད་ཉི་རོའི་གདན་ལ། སྲས་མཆོག་རིགས་བཞི་མཐིང་སེར་དམར་ལྗང་འབར་བ། ཞལ་གཅིག་ཕྱག་གཉིས་གཡས་རིགས་ཀྱི་བེ་ཅོན་དང་། གཡོན་གཅོད་པའི་འཁོར་ལོ་འཛིན་པ། རང་དང་མཚུངས་པའི་ཡུམ་གྲི་ཐོད་འཛིན་པས་འཁྱུད་པ་ཁྲོ་བོའི་ཆས་ཐམས་ཅད་དང་ལྡན་ཞིང་འདོར་ཐབས་སུ་བཞུགས་པའོ། །དེའི་གཡས་སུ་གཤིན་རྗེ་ཡ་མ་རཱ་ཛ། སྐུ་མདོག་སེར་ནག་ཞལ་གཅིག་ཕྱག་གཉིས་པ། གཡས་ཁྲམ་ཤིང་དང་གཡོན་ཐོད་ཁྲག་འཛིན་པ་ཆིབས་སུ་མ་ཧེ་རུ་རིང་ལ་ཆིབས་པ། གཤིན་རྗེའི་དམག་ཚོགས་བྱེ་བ་ས་ཡ་དགྲ་ལ་འགྱེད་པ། གཡོན་དུ་མ་མོ་ཨེ་ཀ་ཙ་ཏི་ཞལ་གཅིག་ཕྱག་གཉིས་པ། སྐུ་མདོག་སྨུག་ནག་།གཡས་རལ་གྲི་དང་གཡོན་ནད་རྐྱལ་འཛིན་པ། ཆིབས་སུ་དྲེལ་རྟ་རྐང་གསུམ་ལ་ཆིབས་པ། མ་མོའི་དམག་ཚོགས་བྱེ་བ་ས་ཡ་དགྲ་ལ་འགྱེད་པ། རྒྱབ་ཏུ་བཙན་འགོང་ཡམ་ཤུད་དམར་པོ། ཞལ་གཅིག་ཕྱག་གཉིས་པ། གཡས་མདའ་གཞུ་དང་། །གཡོན་བཙན་དར་ཕྱུར་བ། བཙན་རྟ་མཚལ་བུ་ལ་ཆིབས་པ། བཙན་དམག་བྱེ་བ་ས་ཡ་དགྲ་ལ་འགྱེད་པ། མདུན་དུ་བདུད་པོ་རྐོས་རྗེ་དྲང་དཀར་སྐུ་མདོག་ནག་པོ་ཞལ་གཅིག་


CMR013_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་གཉིས་པ། དར་ནག་གིས་འཇོལ་བེར་གསོལ་བ། གཡས་ཁྲམ་ཤིང་དང་གཡོན་དགྲ་ལྟ་བསྣམས་པ། བདུད་རྟ་ནག་པོ་རྟིང་དཀར་ལ་ཆིབས་པ། བདུད་དམག་བྱེ་བ་ས་ཡ་དགྲ་ལ་འགྱེད་པ། གཙོ་བོའི་གཡས་སུ་མགོན་པོ་ལེགས་ལྡན་ནག་པོ་གཡོན་དུ་དཔལ་ལྡན་དབང་ཕྱུག་སྲས་མོ། མདུན་གཡས་སྔོན་དུ་བསྟན་སྲུང་ཁྱབ་འཇུག་ཆེན་པོ། གཡོན་སྔོན་དུ་སྲོག་བདག་རྒྱལ་པོ་པེ་ཧར། རྒྱབ་གཡས་སུ་དམ་ཅན་རྡོ་རྗེ་ལེགས་པ། གཡོན་དུ་གདུག་པའི་ཀླུ་བདུད་ནག་པོ། དེའི་ཕྱི་རོལ་དུ་རྒྱལ་པོ་སྡེ་བཞི་ཕྱོགས་སྐྱོང་བཅུའི་དམག་ཚོགས། གཞན་ཡང་འཇམ་དཔལ་ཁྲོ་བོའི་བཀའ་ཉན་གསུང་སྡོད་པ། དྲེགས་པ་ལྷ་སྲིན་སྡེ་བརྒྱད་ཀྱི་དམག་ཚོགས་ཐམས་ཅད་ཀྱང་། གོ་ཆ་སྲ་ལ་མཚོན་ཆ་རྣོ་བ། ཤིན་ཏུ་འཇིགས་ཤིང་རྔམས་པ། གཏུམ་པའི་མདངས་དང་ལྡན་པ། བསྐལ་པའི་མེ་རླུང་འཚུབ་མའི་ཀློང་ན་བཞུགས་པ། གཙོ་འཁོར་དེ་དག་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱདམར་པོ། ཐུགས་ཀར་ཧཱུཾ་མཐིང་ནག་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་ལྷ་ཚོགས་ཐམས་


CMR013_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

ཅད། སྔོན་གྱི་ཐུགས་དམ་དང་ཐུགས་རྗེའི་དམ་ཚིག་དབང་གིས། བཀའ་དང་བསྟན་པ་གཉན་པོ་སྲུང་ཞིང་། བདག་ཅག་སྒྲུབ་པ་པོའི་རྐྱེན་ངན་བར་ཆད་ཐམས་ཅད་བཟློག་པའི་ཕྱིར་དུ་གནས་འདིར་འབྱོན་པར་མཛད་དུ་གསོལ། ཞེས་ཚིལ་ཆེན་གྱི་བདུག་སྤོས། ཞུན་ཆེན་གྱི་མར་མེ། རྐང་གླིང་རོལ་མོའི་སྒྲ་སྣ་ཚོགས་དང་བཅས་ཏེ། ཏིང་ངེ་འཛིན་རྩེ་གཅིག་གིས་ལྷ་ཚོགས་རྣམས་སྤྱན་དྲངས་ལ་འདི་སྐད་དོ།། ཧཱུྃ། སྣང་སྲིད་འཁོར་འདས་ཉག་གཅིག་ཐིག་ལེའི་ཀློང་། །ཆོས་སྐུའི་རང་རྩལ་སྣ་ཚོགས་གཟུགས་སྐུར་བཞེངས།། །ཆེ་བཙན་འགྲན་མེད་རབ་འཇིགས་ཁྲོ་གཏུམ་སྐུ། །བདུད་འཇོམས་གཤིན་རྗེའི་གཤེད་པོ་དབྱིངས་ནས་སྐྱོད། །དུས་གསུམ་སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་མངའ་བདག་འཇམ་དཔལ་དང་། །རྟ་མགྲིན་ཕྱག་རྡོར་ཆོས་རྒྱལ་བདུད་རྩི་འཁྱིལ། །སྦྱོར་སྒྲོལ་ཡུམ་དང་སྲས་བཅས་སྤྱན་འདྲེན་གཤེགས། །ཚེ་བདག་སྲོག་བདག་འཆི་བདག་འཆར་ཁ་ནག །དགྲ་ནག་གཤེད་དམར་ལས་ཀྱི་གཤིན་རྗེ་སོགས། །སྣ་ཚོགས་མིང་དང་སྐུར་སྟོན་འཇིགས་བྱེད་ཆེ། །བདུད་འཇོམས་ལ་སོགས་ཕྱོགས་སྐྱོང་གཤིན་རྗེའི་ཚོགས། །མ་རུངས་དྲེགས་པ་ཀུན་འདུལ་


CMR013_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་སུ་གསོལ། །ཡ་མ་རཱ་ཛ་སྔགས་སྲུང་རྐོས་ཀྱི་རྗེ། །བཙན་རྒྱལ་རང་རང་འཁོར་དཔུང་ཕོ་ཉའི་ཚོགས། །སྤྲུལ་པ་ཡང་སྤྲུལ་ཉིང་སྤྲུལ་བྱེ་བ་དང་། །ས་ཡ་དུང་ཕྱུར་གྲངས་འདས་འདིར་གཤེགས་ཤིག །མགོན་པོ་ལྷ་མོ་ཁྱབ་འཇུག་སྲོག་བདག་ཆེ། །དམ་ཅན་ཀླུ་བདུད་རྒྱལ་ཆེན་ཕྱོགས་སྐྱོང་དང་། །གནམ་ས་ཞིང་སྐྱོང་མ་སྲིང་བརྟན་མར་བཅས། །གིང་དང་ཕོ་ཉའི་དམག་ཚོགས་གཤེགས་སུ་གསོལ། །ཀུན་ཀྱང་སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །སྔོན་གྱི་ཁས་བླངས་དམ་བཅའ་དྲན་མཛོད་ལ། །མ་ཐོགས་དུར་ཁྲོད་གནས་འདིར་སྐུ་བསྐྱོད་དེ། །དུང་དུང་བརྩེ་བའི་ཐུགས་ཀྱིས་གཤེགས་སུ་གསོལ། །ཨོཾ་མཉྫུ་ཤི་ཡ་མཱན་ཀ་མ་རཱ་ཙ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛཿ དེ་ནས་བཞུགས་སུ་གསོལ་བ་ནི། ཧཱུྃ། འཇིགས་རུང་དུར་ཁྲོད་གསང་མཆོག་འབར་བའི་ཀློང་། །གྲུ་གསུམ་མཐིང་ནག་ཨེ་ཡི་གཞལ་ཡས་ཁང་། །ཁྲག་ཞག་ཆུ་སེར་ཤ་རུས་མཚོ་དང་ནི་། །དགྲ་བགེགས་དྲེགས་པའི་ལྡན་ལ་དགྱེས་རོལ་བཞུགས། །ཨོཾ་མཉྫུ་ཤི་ཡ་མཱནྟ་ཀ་ཡ་མ་རཱ་ཙ་ས་པ་རི་ཝཱ་ར་ས་མ་ཡ་ཏིཥྛ་ལྷན། དེ་ནས་ཕྱག་འཚལ་བ་ནི། ཧཱུྃ༔ གདུག་པ་


CMR013_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་འདུལ་ཁྲོ་རྒྱལ་གཤིན་རྗེའི་གཤེད། །ཐུགས་རྗེའི་དབང་གིས་འགྲོ་རྣམས་མི་གཏོང་ཕྱིར། །དྲག་པོའི་སྐུ་སྟོན་དགྲ་བགེགས་ཐལ་བར་རློག །འཇིགས་བྱེད་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ལོ། །འཇིག་རྟེན་ལས་ལས་གྲུབ་པའི་མཐུ་རྩལ་ཅན། །བཀའ་ལས་མི་འད་འ་བསྟན་པའི་བྱ་ར་བྱེད། །རྣལ་འབྱོར་གྲོགས་མཛད་དགྲ་བགེགས་སྲོག་རྩ་འབྱིན། །འཁོར་ཚོགས་དམ་ཅན་རྣམས་ལ་ཕྱག་འཚལ་ལོ། །ཨོཾ་མཉྫུཤི་ཡ་མཱནྟ་ཀ་ཡ་མ་རཱ་ཙ་ས་པ་རི་ཝཱ་ར་ཨ་ཏི་པཱུ་ཧོ། པྲ་ཏི་ཛ་ཧོཿ དེ་ནས་མཆོད་པ་བྱིན་གྱིས་རླབས་པ་ནི། ༈ ཨོཾ་ཡེ་ཤེས་ལྔ་ལྡན་ཡི་གེ་ཨོ། །རྡོར་སེམས་རིན་འབྱུང་རྣམ་སྣང་འོད། །དོན་གྲུབ་ཡབ་ཡུམ་ངོ་བོར་བཞུགས། །སྤྲོ་བསྡུ་ཞུ་བས་བདུད་རྩི་མཆོད། །ཨོཾ་ཨཱཿཧཱུྃ་མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧི་ཁཱ། །ཨཱ། བདེ་གཤེགས་གསུང་འདུས་ཡི་གེ་ཨཱ། །མཆོད་པ་ཆེན་པོ་ཆགས་ཆེན་པོ། །གཟུགས་འཛིན་རུ་ཊ་བསྒྲལ་བ་ཡི། །ཁྲག་ཆེན་བདེ་བསྐྱོད་རྦ་ཀློང་ཆེ། །ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ས་མནྟ་ཛྭ་ལ་མཎྜལ་ཧཱུྃ་ཕཊ། ཧཱུཾ། རྒྱལ་བའི་ཐུགས་སྲོག་ཡི་གེ་ཧཱུྃ། །སྣོད་བཅུད་སྦྱང་བསྒྱུར་སྤེལ་བྱིན་རླབས། །འདོད་ཡོན་ཕུང་པོ་མི་ཟད་པ། །དམ་རྫས་བདུད་རྩི་གཏོར་


CMR013_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཆེ། །ཨོྃ་ཨཱཿཧཱུྃ་མ་ཧཱ་བ་ལིཏ་ཏེ་ཛ་བྷ་ལིརྟ་བྷ་ལ་བྷ་ཏ་གྷ་བྱེ་ས་མ་ཡེ་སྭཱ་ཧཱ། ས༔ ཡོན་ཏན་རེ་སྐོང་ཡི་གེ་སྭཱ། །ཅི་འདོད་འབྱུང་བའི་རིན་ཆེན་གཏེར། །མེ་ཏོག་ལ་སོགས་སྤྲིན་ཕུང་གཏིབས། །ནམ་མཁའི་མཛོད་མཆོག་བླ་ན་མེད། །ཨོཾ་ཨཱཿཧཱུྃ་བཛྲ་པུཥྛ༴ སོགས། ཤབྡ་པྲ་ཏཱིཙྪ་ཨཱཧཱུྃ༔ ཧཱ༔ ལས་རྣམས་ཀུན་འགྲུབ་ཡི་གེ་ཧཱ༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས། །ཕྱི་ནང་གསང་མཆོད་ལྷུན་གྱིས་གྲུབ། །སྲིད་ཞི་ཕུན་ཚོགས་མ་ཚང་མེད། །ཨོཾ་བཛྲ་རཱུ་པ༴ ཤཐཱ༴ གྷནྡྷེ༴ རྭ་ས༴ དྷམཱ༴ དྷ་ཏུ་པྲ་ཏཱིཙྪ་ཨཱཧཱུྃ༔ དེ་ནས་ཕྱི་མཆོད་ནི། ཧཱུྃ། ལྷ་རྫས་རྨད་བྱུང་ཀུན་ནས་དགྱེས་གྱུར་པའི། །མེ་ཏོག་བདུག་སྤོས་སྣང་གསལ་དྲི་ཆབ་དང་། །ཞལ་ཟས་རོལ་མོའི་བྱེ་བྲག་ཅི་མཆིས་རྣམས་། །དད་པས་འབུལ་ལོ་མངོན་སྤྱོད་དངོས་གྲུབ་སྩོལ། །ཨོཾ་མཉྫུ་ཤི་ཡ་མཱནྟ་ཀ་ཡ་མ་རཱ་ཙ་ས་པ་རི་ཝཱ་ར༴ ཨཧཱུྃ༔ པུཥྛ༴ སོགས། ཤབྡ་པྲ་ཏཱིཙྪ་ཨཱཿཧཱུྃ༔ ནང་མཆོད་འབུལ་བ་ནི། ༈ ཧཱུཾ། བདུད་བཞིའི་སྙིང་ཁྲག་དམར་པོའི་རྒྱ་མཚོ་འཁྱིལ། །དགྲ་བོའི་དབང་པོ་རྣམ་ལྔའི་མེ་ཏོག་བཀྲམ། །གསུར་ཆེན་བདུག་སྤོས་སྤྲིན་ཕུང་མཁའ་ཁྱབ་


CMR013_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲིགས། །ཞུན་ཆེན་ཞག་ཆེན་སྣང་གསལ་མུན་པ་འཇོམས། །རུ་ཏྲའི་དོན་སྙིང་ཀླད་རུས་རི་ལྟར་སྤུངས། །དྲི་མཆོག་བྱུག་པ་ཐོད་རྔ་རྐང་གླིང་སྒྲོགས། །མ་ལུས་དུར་ཁྲོད་ཆེན་པོའི་རྫས་མཆོག་རྣམས། །དད་པས་འབུལ་བཞེས་མངོན་སྤྱོད་དངོས་གྲུབ་སྩོལ།་།ཨོཾ་མཉྫུ་བྷི་ཡ་མཱནྟ་ཀ་ཡ་མ་རཱ་ཙ་ས་པ་རི་ཝཱ་ར་མ་ཧཱ་མཱི་ས༔ རཀྟ་ཀིང་ནི་རི་ཏི་བ་སུ་ཏ་གོ་རོ་ཙ་ན་ལ་ཁ་ཁ་ཁཱ་ཧི། གསང་མཆོད་འབུལ་བ་ནི། ༈ ཧཱུྃ། ཡབ་ཡུམ་གཉིས་མེད་ཐབས་ཤེས་མཁའ་གསང་ནས། །དཀར་དམར་འདུ་འཕྲོ་བདེ་ཆེན་ཡེ་ཤེས་རྫས། །དགའ་དང་མཆོག་དགའ་དགའ་བྲལ་ལྷན་ཅིག་སྐྱེས། །རོ་སྙོམས་ཆེན་པོར་འབུལ་ལོ་དགྱེས་པར་མཛོད། །ཨོཾ་མཉྫུའི་ཡ་མཱནྟ་ཀ་ཡ་མ་རཱ་ཙ་ས་པ་རི་ཝཱ་ར་མ་ཧཱ་པཱུ་ཛ་གླུ་བྱ་པཱུ་ཙ་ཧོཿ་དེ་ནས་བདུད་རྩི་སྨན་མཆོད་ནི། ༈ ཧཱུྃ། མ་རིག་འཁྲུལ་སྣང་ཉོན་མོངས་དུག་ལྔ་པོ། །རིག་པའི་ཡེ་ཤེས་ལྔ་དང་རིགས་ལྔ་དང་། །སྐུ་ལྔར་སྦྱོར་བྱེད་རྩ་བརྒྱད་ཡན་ལག་སྟོང་། །སྦྱར་བའི་སྨན་མཆོག་བདུད་རྩི་དགྱེས་པར་བཞེས། །མ་ཧཱ་གུ་རུ་སརྦ་མ་ཧཱ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི། ཨོཾ་མཉྫུ་ཤི་ཡ་མཱནྟ་ཀ་ཡ་མ་རཱ་ཛ་ས་པ་རི་ཝཱ་ར་མ་ཧཱ་པཉྩ་ཨ་མྲྀ་ཏ་


CMR013_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཁཱ་ཧི། དེ་ནས་རཀྟ་འབུལ་བ་ནི། ༈ ཧཱུྃ། སྟོང་གསུམ་བྷན་ལྕང་ལོ་ཡངས་པ་རུ། །སྲིད་གསུམ་ང་བདག་བསྒྲལ་བའི་ཁྲག་ཆེན་གྱིས། །དུག་གསུམ་བག་ཆགས་འཇོམས་པའི་རཀྟ་མཆོག །དུས་གསུམ་དགྱེས་པ་བསྐྱེད་ཕྱིར་འབུལ་ལོ་བཞེས། །ཨོཾ་མཉྫུ་ཤི་ཡ་མཱནྟ་ཀ་ཡ་མ་རཱ་ཙ་ས་པ་རི་ཝཱ་ར་མ་ཧཱ་རཀྟ་ལ་ཁཱ་ཧི། དེ་ནས་གཏོར་མ་འབུལ་བ་ནི། ༈ ཧཱུྃ། གཏོར་སྣོད་མཚན་ལྡན་ཡེ་ཤེས་ཀཱ་པ་ལ། །གཏོར་མ་དམར་ཆེན་བདུད་རྩི་རི་ལྟར་སྤུངས། །ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་ནས། །འདོད་ཡོན་མི་ཟད་མཆོད་སྤྲིན་དགྱེས་པར་རོལ། །བླ་མེད་མཆོག་གིས་དམ་རྫས་མཆོད་པ་བཞེས། །རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ལ། །སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན་གྱུར་པའི། །ཕྱི་ནང་བར་ཆད་ཐམས་ཅད་ཞི་བར་མཛོད། །གནོད་ཅིང་འཚེ་བར་བྱེད་པའི་མི་མཐུན་རྐྱེན། །ཐམས་ཅད་ཀུན་ནས་སྲུང་ཞིང་སྐྱབས་པར་མཛོད། །དམ་ཆོས་སྒྲུབ་པའི་མཐུན་རྐྱེན་དཔལ་དང་འབྱོར། །ཚེ་དབང་སྙན་གྲགས་ཅི་འདོད་འཕེལ་བར་མཛོད། །རང་སྣང་ཕྱི་ནང་རྟོག་ཚོགས་མ་ལུས་པའི། །སྣང་སྲིད་འདུལ་བྱ་དབང་དུ་


CMR013_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་པར་མཛོད། །ལོ་ཟླ་དུས་ཀྱི་རྩིས་རྩུབ་ཆོད་ཟོར་སོགས། །ཆག་ཆེ་ཉམ་ང་ཐམས་ཅད་ཕྱིར་ཟློག་ཅིག །དམ་ཆོས་སྒྲུབ་པའི་འགལ་རྐྱེན་ནག་པོའི་ཕྱོགས། །ལོག་རྟོག་དགྲ་བགེགས་ཐམས་ཅད་བརླག་པར་མཛོད། །སྡང་བའི་སེམས་འཆང་གནོད་བྱེད་དགྲ་དང་བགེགས། །གང་ན་འདུག་ཀྱང་ཐལ་བ་རྡུལ་དུ་རློག །གནོད་བྱེད་དམིགས་པའི་དམ་ཉམས་དགྲ་བོ་འདི། །རབ་བཅིངས་གཟིར་མནན་ཐར་ས་མེད་པར་མཛོད། །བླ་ཚེ་སྲོག་དབུགས་མྱུར་དུ་ཕྲོལ་ལ་ཤོག །བཅོལ་བའི་ཕྲིན་ལས་མྱུར་དུ་འགྲུབ་པར་མཛོད། །ཨོཾ་མ་ྗཧཱུཾ་ཡ་མཱནྟ་ཀ་ཡ་མ་རཱ་ཙ་ཧཱུྃ་ཕཊ༔ ཨི་དཾ་བཱ་ལིངྐ་ཁ་ཁ་ཁཱ་ཧི། ཨོཾ་མཉྫུཤི་ཡ་མཱནྟ་ཀ་བྱ་གྷི་ཝ། བཛྲ་པཱ་ཎི། ཡ་མ་རཱ་ཙ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ་ཕཊ། ཨི་དཾ་བྷ་ལིཏྟ་ཁ་ཁ་ཁཱ་ཧི། ཨོཾ་བཛྲ་ཡ་མཱནྟ་ཀ །རཏྣ་ཡ་མཱནྟ་ཀ །པདྨ་ཡ་མཱནྟ་ཀ །ཀརྨ་ཡ་མཱནྟ་ཀ །ཀྲོ་ཏཱི་ཤྭ་རི་ཧཱུྃ་ཕཊ། ཨི་དཾ་བྷ་ལིཏ་ཁ་ཁ་ཁཱ་ཧི། ཡ་མ་རཱ་ཙ་ཡ་ཛཿ ཨི་དཾ་བྷ་ལིནྟ་ཁ་ཁ་ཁཱ་ཧི། ཨེ་ཀ་ཙ་ཏྲི་ཏྲིག་ཛཿ ཨི་དཾ་བྷ་ལིནྟ་ཁ་ཁ་ཁཱ་ཧི། དུ་ཕྲག་དུ་ཛཿ ཨི་དཾ་བྷ་ལིནྟ་ཁ་ཁ་ཁཱ་ཧི། ཨ་བྷིཀྵ་ཛཿ ཨི་དཾ་བྷ་ལིནྟ་ཁ་ཁ་ཁཱ་ཧི། མ་ཧཱ་ཀཱ་ལ། ཨི་དཾ་བྷ་ལིརྟ་ཁ་


CMR013_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཁཱ་ཧི། རེ་མ་ཏི་ཛཿ ཨི་དཾ་བྷ་ལིཏ་ཁ་ཁ་ཁཱ་ཧི། རཱ་ཧུ་ལ་ཛཿ ཨི་དཾ་བྷ་ལིང་ཁ་ཁ་ཁཱ་ཧི། བཛྲ་སཱ་དྷུ་ཛཿ ཨི་དཾ་བྷ་ལིནྟ་ཁ་ཁ་ཁཱ་ཧི། གིང་ཀ་ར་ཛ། ཨི་དཾ་བྷ་ལིཏྟ་ཁ་ཁ་ཁཱ་ཧི། ནཱ་ག་རཀྟ་ཛཿ ཨི་དཾ་བྷ་ལིནྟ་ཁ་ཁ་ཁཱ་ཧི། དྷིཥྛརཱཏྟཱ་ཡ། ཨི་དཾ་བྷ་ལིནྟ་ཁ་ཁ་ཁཱ་ཧི། བེ་རུ་ཌྷ་ཀ་ཡཱ། ཨི་དཾ་བྷ་ལིཏ་ཁ་ཁ་ཁཱ་ཧི། བྷེ་རུ་པཱཀྵ་ཡ། ཨི་དཾ་བྷ་ལིརྟ་ཁ་ཁ་ཁཱ་ཧི། བྷི་ཤྭ་བ་ཎ་ཡ། ཨི་དཾ་བྷ་ལིཏ་ཁ་ཁ་ཁཱ་ཧི། ཨིན་ཡ། ཨི་དཾ་བྷ་ལིཏྟ་ཁ་ཁ་ཁཱ་ཧི། ཨག་ཡེ། ཨི་དཾ་བྷ་ལིཏ་ཁ་ཁ་ཁཱ་ཧི། ཡ་མ་ཡེ། །ཨི་དཾ་བྷ་ལིངྐ་ཁ་ཁ་ཁཱ་ཧི ནི་རི་ཏི་ཡེ། ཨི་དཾ་བྷ་ལིཏྟ་ཁ་ཁ་ཁཱ་ཧི། ཝ་རུ་ཎ་ཡེ། ཨི་དཾ་བྷ་ལིཏ་ཁ་ཁ་ཁཱ་ཧི། བ་ཡ་བེ། ཨི་དཾ་བྷ་ལིནྟ་ཁ་ཁ་ཁཱ་ཧི། ཀུ་བེ་ར་ཡེ། ཨི་དཾ་བྷ་ལིཏྟ་ཁ་ཁ་ཁཱ་ཧི། ཨི་ཤྭ་ན་ཡེ། ཨི་དཾ་བྷ་ལིཏ་ཁ་ཁ་ཁཱ་ཧི། ཨུར་དྷཾ་བྷ་ཧ་མ་ཎ་ཡེ། ཨི་དཾ་བྷ་ལིད་ཁ་ཁ་ཁཱ་ཧི། པྲི་ཐི་བི་དི་ཝི་ཡ། ཨི་དཾ་བྷ་ལིནྟ་ཁ་ཁ་ཁཱ་ཧི། ཨ་ཡ་མ་དུ་རུ་ཙ་ཤ་ན། ཨི་དཾ་བྷ་ལིང་ཁ་ཁ་ཁཱ་ཧི། རྩ་སྔགས་ཤམ་དུ་བྷ་ལིང་སོགས་ཀྱིས་གཏོར་མ་བསྔོ་བ་དང་འདོད་གསོལ་གང་འདོད་བྱ་གསུངས་པའི་དོན་ནོ།། ༈ དེ་ནས་བསྟོད་པ་བསྡུས་པ་ནི། ཧཱུྃ། ཕྱོགས་དུས་


CMR013_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་སྐུ་དངོས་འཇམ་དཔལ་དབྱངས། །ཤིན་ཏུ་འཇིགས་བྱེད་དྲག་པོའི་སྐུར་བསྟན་ནས། །ནག་ཕྱོགས་རྩ་ལག་རྩད་ནས་འབྱིན་མཛད་པ། །བཅོམ་ལྡན་གཤིན་རྗེའི་གཤེད་པོ་འཁོར་བཅས་བསྟོད།སྔོན་ཚེ་རྒྱལ་དང་དེ་སྲས་ཐམས་ཅད་ཀྱིས། །གང་དག་ཞི་བའི་ཐབས་ཀྱིས་མ་ཐུལ་བའི། །མ་རུངས་ཞིང་བཅུ་ལྡན་པའི་དགྲ་དང་བགེགས། །ཁྱོད་ཀྱི་དྲག་པོའི་ལས་ཀྱིས་ཚར་གཅོད་མཛོད། ༈ ཧཱུྃ། གཤིན་རྗེ་མ་མོ་བདུད་དང་བཙན་ལ་སོགས། །འཇིག་རྟེན་འདས་དང་མ་འདས་དྲེགས་པའི་ཚོགས། །སྐུ་མདོག་ཆ་ལུགས་རྫུ་འཕྲུལ་ཅིར་ཡང་སྟོན། །རང་རང་ཆུང་མ་བུ་དང་འཁོར་དཔུང་བཅས། །གྲངས་མེད་ནམ་མཁའ་ཁྱབ་པར་རྒྱུག་པ་རྣམས། །མགྱོགས་པའི་ཆིབས་ལྡན་སྲ་བའི་གོ་ཆ་གྱོན། །རྣོ་བའི་མཚོན་ཐོགས་གདུག་པའི་ང་རོ་སྒྲོགས། །མནག་པའི་སེམས་འཆང་དགྲ་བཅོམ་ཚོགས་ལ་བསྟོད། །སྨན་རཀ་གཏོར་སོགས་ཕྱི་ནང་གསང་མཆོད་འབུལ། །ཐུགས་དམ་བསྐང་བའི་དམ་རྫས་དགྱེས་པར་བཞེས། །བསྟན་པ་གཉན་སྲུང་དཀོན་མཆོག་དབུ་འཕང་བསྟོད། །རྣལ་འབྱོར་བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །མི་མཐུན་བར་ཆད་


CMR013_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཞི་ཅི་འདོད་སྒྲུབ། །སྡང་བའི་སེམས་འཆང་གནོད་པའི་བགེགས་ཚོགས་ཀུན། །གང་ན་འདུག་ཀྱང་ཐལ་བ་རྡུལ་དུ་རློག །བཅོལ་བའི་ཕྲིན་ལས་མ་ལུས་འགྲུབ་པར་མཛོད། །འདི་ཡན་རྒྱུན་ཁྱེར་དུ་བྱ་བའམ། བསྡུ་ན་མངོན་རྟོགས་སྒྱུར་ལ་སྐད་ཅིག་སྤྱན་འདྲེན་བྱའོ། ། དེ་ནས་ཚོགས་ཀྱི་ཡོ་བྱད་འབྱོར་ཚད་བཤམས་ལ་བྱིན་གྱིས་རླབས་པ་ནི། ༈ ཧཱུྃ། །ལྷ་སྔགས་ཏིང་འཛིན་རང་བྱུང་གསལ་བ་ལས། །དངོས་མེད་དངོས་པོར་ཞེན་པ་རཾ་མེས་བསྲེགས། །མཚན་མེད་མཚན་མར་འཛིན་ཞེས་ཡཾ་རླུང་གཏོར། །གཉིས་མེད་གཉིས་སུ་འཛིན་ཞེས་ཁཾ་ཆུས་བཀྲུས། །རཾ་ཡཾ་ཁཾ། ཧཱུྃ། སྦྱང་ཞི་སྦྱོང་བྱེད་སྦྱང་མཁན་རྣམ་རྟོག་གཅོད། །ཨཱཿ ཡེ་གདོད་རང་ངོ་ཤེས་པའི་བདུད་རྩི་ཆེ། །ཨོཾ། ཟག་མེད་འདོད་ཡོན་ཕུང་པོ་སྣང་སྲིད་གང་། །ཧྲཱིཿ གདོད་མའི་རྒྱལ་དང་རྒྱལ་སྲས་མ་ལུས་དགོངས། །ཧཱུྃ་ཨཱཿ ཨོཾ་ཏྲི་ཧྲཱིཿཨཱཿ ཧཱུྃ། རང་བཞིན་གནས་ལ་མཐའི་དབུས་རྫོགས་བྲལ་ཕྱིར། །སྤྱན་འདྲེན་བཞུགས་གསོལ་ཕྱག་མཆོད་མི་མངའ་ཡང་། །རང་རྩལ་མ་རིག་འདྲེ་རྣམས་བསྒྲལ་སླད་དུ། །ཚོགས་མཆོད་བཞེས་ཕྱིར་སྤྱན་འདྲེན་བརྩེ་བས་གཤེགས། །བཛྲ་ས་མ་


CMR013_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་ཛ་ཛཿ ཧཱུཾ། རྒྱལ་བའི་རྣམ་འཕྲུལ་གློ་བུར་དྲི་བྲལ་ཡང་། །བདག་བློ་སྦྱང་ཕྱིར་རབ་མཛེས་གདན་ཁྲིར་བཞུགས། །བདག་སོགས་ལུས་ངག་ཡིད་གསུམ་ཕྱག་འཚལ་མཆོད་། །སྡིག་བཤགས་ཡི་རང་བསྐུལ་གསོལ་བྱང་ཆུབ་བསྔོ། །སརྦ་ཏ་ཐཱ་ག་ཏཱ་ས་མ་ཡཱ་གླུ་བྱ་པུཙྪ་ཨ་ཨཱཿ ཧཱུྃ། མཆོད་ཡུལ་མཆོད་བྱ་མཆོད་བྱེད་མཆོད་བྲལ་ཡང་། །སྒྱུ་མ་ཆེན་པོའི་རོལ་དགའ་འདོད་ཡོན་སྤུངས། །སྣང་བའི་ཤེས་བྱ་ཁྱབ་དང་མ་ཁྱབ་པའི། །བླ་མེད་ཚོགས་མཆོད་དབྱིངས་ནས་འདི་འབུལ་བཞེས། །ཚོགས་ཕུད་ཕུལ་ལ་འདི་སྐད་དོ། །ཨོཾ་མཉྫུ་ཤི་ཡ་མཱནྟ་ཀ་ཡ་མ་རཱ་ཛཿ མ་ཧཱ་ག་ཎ་ཙཀྲ་སརྦ་པཱཙྪ་ལ་ཁཱ་ཧི། ཨོཾ་མཉྫུ་ཤི་ཡ་མཱནྟ་ཀ་ཧྱ་གྷི་ཝ། བཛྲ་པཱ་ཎི། ཡ་མ་རཱ་ཛ། ཨ་མྲྀ་ཏ་ཀུཎྜ་ལཱི༔ མ་ཧཱ་གཱ་ཎ་ཙཀྲ་སརྦ་པཱུཙྪ། ལ་ཁཱ་ཧི། ༀ་བཛྲ་ཡ་མཱནྟ་ཀ། རཏྟ་ཡ་མཱནྟ་ཀ། པདྨ་ཡ་མཱནྟ་ཀ། ཀརྨ་ཡ་མཱནྟ་ཀ། ཀྲོ་ཏཱི་ཤྭ་རི། མ་ཧཱ་གཱ་ཎ་ཙཀྲ་སརྦ་པཱཙྪ་ལ་ཁཱ་ཧི། ཡ་མ་རཱ་ཛཿ ཨེ་ཀ་ཙ་ཏི། དུ་ཕྲག་ཏུ། ཨ་བྷིཀཱི་ཛཿམ་ཧཱ་གཱ་ཎ་ཙཀྲ་སརྦ་པཱཙྪ་ལ་ཁཱ་ཧི། མ་ཧཱ་ཀཱ་ལ། རེ་མ་ཏི་རཱ་ཧུ་ལ། །གིངྐ་ར། བཛྲ་སཱ་དྷུ། ནཱ་ག་རཀཱ། མ་ཧཱ་གཱ་ཎ་ཙཀྲ་སརྦ་པཱུཙྪ་ལ་ཁཱ་ཧི།


CMR013_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

དྷིཥྛ་རཥཱ་ཡ། བེ་རུ་ཌྷ་ཀ་ཡ། བེ་རུ་བྷཀྵ་ཡ། བི་ཤྲ་མ་ཎ། མ་ཧཱ་གཱ་ཎ་ཙཀྲ་སརྦ་པཱུཙྪ་ལ་ཁཱ་ཧི། དཱ་ཤ་དཱིཀ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར། ཨ་ཡ་མ་དུ་རུ་ཙ་ཤ་ན། མ་ཧཱ་ག་ཎ་ཙཀྲ་སརྦ་པཱུ་ཙྪ་ལ་ཁཱ་ཧི། བར་པ་བཤགས་པ་བྱ་བ་ནི། ཧཱུཾ། བསྐང་ཡུལ་བསྐང་བྱ་སྐོང་བྱེད་བྲལ་བ་ཡང་། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལྷར་ཤར་ནས། །གཙོ་འཁོར་ཐུགས་དམ་གཉན་པོ་བསྐང་གྱུར་ཅིག །བླ་མེད་སྦྱོར་སྒྲོལ་ཚོགས་མཆོད་ཆེན་པོས་བསྐང་། །ཧཱུྃ། གཤིན་རྗེ་རོལ་པའི་དུར་ཁྲོད་ཆེན་པོ་ནས། །སུམ་ཅུ་རྩ་དགུའི་ལྷ་ཚོགས་ཐུགས་དམ་བསྐང་། །བཅོམ་ལྡན་འཇམ་དཔལ་གཤིན་རྗེ་བེ་ཏཱ་ལི། །ཡབ་ཡུམ་གཉིས་སུ་མེད་པའི་ཐུགས་དམ་བསྐང་། །འཇམ་དཔལ་རྟ་མགྲིན་ཕྱག་རྡོར་ཆོས་ཀྱི་རྒྱལ། །བདུད་རྩི་འཁྱིལ་པ་སྐུ་གསུང་ཐུགས་ཡོན་ཏན། །ཕྲིན་ལས་ཡེ་ཤེས་བཞི་ཡི་ཐུགས་དམ་བསྐང་། །བཛྲ་རཏྣ་པདྨ་ཀརྨ་ཡ། །ཡ་མཱནྟ་ཀ་གཤིན་བཞི་ཡབ་ཡུམ་ནི། །ཡ་མ་རཱ་ཛ་མྱོས་བྱེད་རལ་གཅིག་གཏུམ། །ཨཱརྱ་འོད་ཟེར་ཚར་དགུ་རེ་མ་ཏཱི། །ཐུགས་ཀྱི་སྲས་མཆོག་ཡབ་ཡུམ་ཐུགས་དམ་བསྐང་། །ནག་འཇོམས་རེ་ཏི་ཕྱ་སང་གདོང་


CMR013_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་མ། །ཁྲག་འཇོམས་ཤེལ་མིག་གླང་མགོ་མཆེ་གཙིགས་མ། །ཡ་བ་རྔམས་སྟབས་མིག་ཁྲག་རལ་པ་ཅན། །རྨིག་པ་ཀླུ་མོ་ཏིལ་མ་སྤྱན་གསུམ་མ། །བདུད་འཇོམས་རལ་གཅིག་འཆི་བདག་རལ་པ་ཅན། །རྗེ་དམག་རིལ་ནག་ཐོད་དབྱུག་ཕག་མགོ་མ། །ཕྱོགས་སྐྱོང་གཤིན་རྗེ་ཡབ་ཡུམ་ཐུགས་དམ་བསྐང་། །བྱ་རྒོད་སྟག་དང་ཀང་ཀ་སྤྱང་ཀིའི་མགོ་། །འགུགས་ཆིང་སྡོམ་མྱོས་སྒོ་སྲུང་ཡབ་ཡུམ་དང་། །གྲི་ཐོགས་གིང་བཞི་ཁྲམ་ཐོགས་བདུད་པོ་བཞི། །སྲོག་གཅོད་ཤན་པ་བཞི་ཡི་ཐུགས་དམ་བསྐང་། །ཡ་མ་ར་ཙཱ་སྔགས་སྲུང་རྐོས་ཀྱི་རྗེ། །བཙན་རྒྱལ་འཁོར་དཔུང་བཅས་པའི་ཐུགས་དམ་བསྐང་། །མགོན་པོ་ལྷ་མོ་ཁྱབ་འཇུག་སྲོག་བདག་ཆེ། །དམ་ཅན་ཀླུ་བདུད་རྒྱལ་ཆེན་ཕྱོགས་སྐྱོང་དང་། །གནས་དང་ཞིང་ཕྱོགས་མ་སྲིང་བརྟན་མར་བཅས། །གིང་ལང་ཕོ་ཉའི་དམག་ཚོགས་ཐུགས་དམ་བསྐང་། །ཧཱུྃ། བསྐང་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་བསྐང་། །སྦྱོར་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་སྦྱོར། །སྒྲོལ་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་སྒྲོལ། །ཡེ་སྦྱོར་ཡེ་སྒྲོལ་ཆེན་པོའི་ཐུགས་དམ་བསྐང་། །ཧཱུྃ། ཐུགས་


CMR013_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

དམ་གཉན་པོ་བསྐང་བའི་དམ་རྫས་ནི། །རྩ་བརྒྱད་སྟོང་ལ་སྦྱར་པའི་བདུད་རྩི་དང་། །འཁོར་བ་རྒྱུ་ལས་བསྒྲལ་བའི་རཀྟ་དང་། །ཁྱད་པར་འདོད་ཡོན་རྨད་བྱུང་གཏོར་ཆེན་དང་། །རྣམ་རྟོག་རྒྱུ་ལས་བསྒྲལ་བའི་བམ་ཆེན་དང་། །འབྲུ་བཅུད་སྟོང་ལ་སྦྱར་བའི་བཏུང་བ་མཆོག །ཕྱི་ནང་གསང་བའི་ཚོགས་ཀྱི་ཡོ་བྱད་ཀྱིས། །བསྐང་ངོ་བསྐལ་པར་ཐུགས་དམ་གཉན་པོ་བསྐང་། །རྣལ་འབྱོར་བདག་གིས་གཡར་དམ་སོལ་སྩོལ་ཅིག །མཆོག་ཐུན་ཕྲིན་ལས་ཀུན་འགྲུབ་དངོས་གྲུབ་སྩོལ། །རྐྱེན་ངན་བར་ཆད་མ་ལུས་བཟློག་ཅིང་སྒྱུར། །ཧཱུྃ། དཔལ་གྱི་བཀའ་ཉན་དྲེགས་པ་ཕོ་མོའི་ཚོགས། །དམ་ཅན་སྲུང་སྐྱོབ་དམ་མེད་རྩད་ནས་གཅོད། །དཀྱིལ་འཁོར་མཐའ་ཉུལ་ལེགས་ཉེས་སྟངས་འཛིན་རྣམས། །རང་རང་དགྱེས་པའི་ཡོ་བྱད་དུ་མས་བསྐང་། །ཧཱུྃ། བསྐང་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་བསྐང་། །སྦྱོར་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་སྦྱོར། །སྒྲོལ་བ་མེད་དེ་ཁམས་གསུམ་ཡོངས་ཀྱིས་སྒྲོལ། །ཡེ་སྦྱོར་ཡེ་སྒྲོལ་ཆེན་པོས་ཐུགས་དམ་བསྐང་། །ཐུགས་དམ་གཉན་པོ་བསྐང་ལ་དགྲ་བགེགས་སྒྲོལ། །བཅོལ་བའི་


CMR013_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲིན་ལས་མ་ལུས་འགྲུབ་པར་མཛོད། །ཧཱུྃ། བཤགས་ཡུལ་བཤགས་བྱ་བཤགས་བྱེད་བྲལ་བ་ཡང་། །མ་རྟོགས་ལོག་རྟོག་ཕྱོགས་རྟོགས་འཁྲུལ་དབང་གིས། །ཕྱི་ནང་གསང་བ་རྩ་བ་ཡན་ལག་གི །དམ་ཚིག་ཉམས་ཆག་ཉེས་ལྟུང་གནོང་འགྱོད་བཤགས། །གནོང་འགྱོད་དྲག་པོའི་སྒོ་ནས་མཐོལ་ལོ་བཤགས། །བཟོད་པར་བཞེས་ལ་ཚངས་པའི་དངོས་་གྲུབ་སྩོལ། །ཨོཾ་གྷ་ན་ཙཀྲ་སཏཱ་ས་མ་ཡ་སོགས་ཡིག་བརྒྱ་བཟླས། དེ་ནས་བསྒྲལ་བ་ནི། ཧཱུྃ། གཤིན་རྗེ་རོལ་པའི་དུར་ཁྲོད་ཆེན་པོ་ནས། །གཏུམ་དྲག་བདུད་འདུལ་རབ་ཁྲོས་མཐུ་སྟོབས་བདག །སྐུ་ཡི་ལྷ་ཚོགས་མ་ལུས་སྐུ་བཞེངས་འཚལ། །གཤེན་མའི་དམག་དཔུང་སྐར་མདའ་ཐོག་ལྟར་བསྐྱོད། །གནད་ནས་བསྐུལ་ལོ་དགྲ་བགེགས་ད་ལྟ་ཁུག ། འདས་དང་མ་འདས་སྲུང་སྐྱོབ་ལྷ་དང་ཕྲོལ། །མཚོན་ཆའི་ཆར་ཕོབ་ལུས་སེམས་ཕྲོལ་ལ་སོད། །ཤ་ཁྲག་རུས་པ་དུག་གསུམ་ཞལ་དུ་བཞེས། །མིང་ཙམ་མེད་པར་རྡུལ་དུ་བརླག་པར་མཛོད། །དགྲ་བགེགས་མཱ་ར་ཡ་ཧཱུཾ་ཕཊ། མ་ཧཱ་མཾ་ས་ལ་ཁཱ་ཧི། རཀྟ་ལ་ཁཱ་ཧི། ཀིང་ནི་རི་ཏི་ལ་ཁཱ་ཧི། དེ་ནས་བདུད་རྩི་གསང་ནན་འབུལ་ཏེ། གཏོར་མ་བྲན་ལ། ཧཱུྃ། འཆི་


CMR013_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

བ་མེད་པའི་རོ་མཆོག་བདུད་རྩི་ལྡན། །རྒྱུ་འབྲས་ནད་སེལ་སྨན་མཆོག་ཨ་མྲྀ་ཏ། །མ་ལུས་རྒྱལ་བ་མཉེས་མཆོད་དམ་པ་འབུལ། །ཐུགས་རྗེས་བརྩེར་དགོངས་བཞེས་ནས་དངོས་གྲུབ་སྩོལ། །ཨོཾ་མཉྫུའི་ཡ་མཱནྟ་ཀ་ཡ་མ་རཱ་ཙ་ས་པ་རི་ཝཱ་ར་ཨ་མྲྀ་ཏ་སརྦ་པཱཙྪཁཱ་ཧི། དེ་ནས་ཚོགས་འཁྲོལ་ནི། དང་པོ་སློབ་མས། ཧཱུཾ། གཟིགས་ཤིག་དཀྱིལ་འཁོར་ལྷ་ཚོགས་མ་ལུས་དགོངས་སུ་གསོལ། །ང་ནི་འདོད་ཡོན་ཀུན་རྫོགས་ལྷ་མོ་སྟེ། །འཁོར་བཅས་རང་རང་ཚོགས་ཀྱི་ལོངས་སྤྱོད་འབུལ། །གཉིས་འཛིན་སྤང་བའི་ངང་དུ་བདེ་ཆེན་རོལ། མ་ཧཱ་ག་ཎ་པཱཙྪ་ལཱ་ཧི། བླང་བ་ནི། ཧོ། ཚོགས་མཆོད་འདོད་ཡོན་ཕུན་ཚོགས་མོས་གུས་བརྒྱན། །ཟག་མེད་དངོས་གྲུབ་ཐམས་ཅད་འདི་ལས་བྱུང་། །རྣམ་དག་དམ་ཚིག་ལྡན་པའི་ཆོ་ག་བཞིན། །མི་ཟད་ལྡན་པའི་ཚོགས་ལ་ལོངས་སྤྱོད་བྱ། །ཨ་ལ་ལ་ཧོཿ ཞེས་ཚོགས་ལ་རོལ། དེ་ནས་ལྷག་མ་བསྡུས་ལ་འབུལ་བ་ནི། ཧཱུྃ། སྦྱོར་དངོས་རྗེས་ཚང་འདོད་ཡོན་ཕུང་པོའི་ཚོགས། །དང་པོ་ཕུད་བདག་དཔལ་ཆེན་ལྷ་ལ་འབུལ། །བར་དུ་འཁོར་ཚོགས་ལྷག་མས་དགྱེས་པར་མཆོད། །ཐ་མ་ཆོས་རྣམས་རྒྱུ་


CMR013_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་གཅིག་ཕྱིར་བསྲེ། །ང་ཁྱོད་དམ་ཚིག་འདྲེས་ཕྱིར་ཁ་ཆུས་བྲན། །དཔལ་གྱི་བཀའ་ཉན་ལྷག་སྡུད་བྲན་འཁོར་ནི། །དྲེགས་པ་ཕོ་མོ་མ་སྲིང་ལང་ཀ་དང་། །དུར་ཁྲོད་བདག་བྱེད་བརྟན་དང་ཞིང་སྐྱོང་ཚོགས། །སྔོན་ཚེ་ཁས་བླང་དམ་ལས་མི་འདའ་བར། །ལྷག་གཏོར་འདི་ལོངས་བཅོལ་བའི་ཕྲིན་ལས་མཛོད། །ཨུཙྪིཥྛ་བ་ལིངྐ་ཁཱ་ཧི། ཚོགས་དུམ་ཚོགས་ལྷག་བཤལ་ཆུ་འབུལ་ལོ། །ཆད་མདོ་ནི། ཧཱུྃ། དུས་གསུམ་དུས་མེད་ཀ་དག་བསྐལ་པ་ལ། །བཅོམ་ལྡན་དཔལ་ཆེན་འཇམ་དཔལ་གཤིན་རྗེའི་གཤེད། །ཁྲེགས་ཆོད་ཐོད་རྒལ་ཆེན་པོའི་རྫུ་འཕྲུལ་གྱིས། །གློ་བུར་མ་རིག་དྲེགས་པ་བཏུལ་བའི་ཚེ། །རྟག་ཆོག་གཏོར་མ་ལན་པར་མ་ཆད་དམ། །སྐུ་ལྔ་རང་ངོ་ཤེས་པར་མ་ཆད་དམ། །ཡེ་ཤེས་ཐང་སྒོ་བསྟན་པར་མ་ཆད་དམ། །ཆོས་ཉིད་མངོན་སུམ་རྟོགས་པར་མ་ཆད་དམ། །ཉམས་སྣང་གོང་དུ་འཕེལ་བར་མ་ཆད་དམ། །རིག་པ་ཚད་ལ་ཕེབས་པར་མ་ཆད་དམ། །ཆོས་ཉིད་ཟད་སར་འཁྱོལ་བར་མ་ཆད་དམ། །ངོ་བོ་འགྱུར་མེད་རྟོགས་པར་མ་ཆད་དམ། །རང་བཞིན་བློ་ཐག་ཆོད་པར་མ་ཆད་དམ། །རང་རྩལ་ཐུགས་རྗེ་འཆར་བར་མ་ཆད་དམ། །


CMR013_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

རང་རིག་ཡེ་ཤེས་ཞལ་བཞེས་དྲན་མཛོད་ལ། །གཞན་སྣང་གཉིས་འཛིན་གཏོར་མ་འདི་ལོངས་ལ། །རང་གྲོལ་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །བརྟན་སྐྱོང་ནི། ཧཱུྃ། དེ་ལྟར་འདས་ཀྱང་འཇིག་རྟེན་བརྟན་མའི་ཚུལ། །བོད་ཁམས་བརྟན་མ་བཅུ་གཉིས་འཁོར་དང་བཅས། །ཕྱོགས་མཚམས་རང་རང་གནས་ནས་འདིར་གཤེགས་ལ། །བཀའ་ཡི་གཏོར་མ་འདི་ལོངས་ཕྲིན་ལས་སྒྲུབས། །ཨོཾ་ཨཱཿཧཱུྃ་བཛྲ་ཨ་མྲྀ་ཏ་ཁཱ་ཧི། དེ་ནས་དམ་སྲི་མནན་པ་ནི། གཏོར་གཞོང་ཁ་སྦུབ་ལ། ཧཱུྃ། འཁོར་འདས་དབང་བསྐུར་འཇིགས་བྱེད་དཔལ་ཆེན་སྐུ། །ཆོས་ཀྱི་དབྱིངས་ནས་སྤྲུལ་པའི་སྐུར་བཞེངས་ལ། །སྟོང་གསུམ་སྲིད་གསུམ་གདལ་བ་རྡོ་རྗེའི་བྲོ། །བརྡུང་བས་དགྲ་བགེགས་དམ་སྲི་རྡུལ་དུ་རློག །དགྲ་བགེགས་དམ་སྲི་ཨོཾ་ལཾ་ཧཱུཾ་ལཾ་སུཾ་བྷ་ཡ་ནན། མཱ་ར་ཡ་ནན། དེ་ནས་གཏོར་མ་ལ་སོགས་དངོས་གྲུབ་བླངས་བ་ནི། ཧཱུྃ། དུས་གསུམ་དཀོན་མཆོག་མ་ལུས་ཀུན་འདུས་པའི། །འཇམ་དཔལ་སྐུ་ཡི་ལྷ་ཚོགས་མ་ལུས་རྣམས། །མཁྱེན་བརྩེ་ནུས་སྟོབས་དབྱིངས་ནས་འགྲོ་བའི་དཔལ། །ཡིད་བཞིན་ནོར་མཆོག་འདོད་དགུ་མི་ཟད་གཏེར། །སྐུ་


CMR013_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

གསུང་ཐུགས་ཡོན་ཕྲིན་ལས་སྒོ་ཕྱེས་ལ། །ཞི་རྒྱས་དབང་དྲག་མཆོག་དང་ཐུན་མོང་ཀུན། །མོས་པའི་བུ་ལ་དུས་འདིར་མྱུར་འགྲུབ་པའི། །དངོས་གྲུབ་དམ་པ་མ་ལུས་བསྩལ་དུ་གསོལ། །སརྦ་སིདྡྷི་ཕ་ལ་ཧཱུཾ། དེ་ནས་བཟོད་པར་གསོལ་བ་ནི། ཧོཿ བདག་སོགས་མ་རིག་ལུས་དང་ངག་སེམས་ཀྱིས། །བསྐྱེད་རྫོགས་བསྙེན་སྒྲུབ་ཚུལ་བཞིན་མ་འགྲུབ་སོགས་།ལྷག་ཆད་ནོར་འཁྲུལ་ཉེས་ཚོགས་གང་མཆིས་པ། །མཁྱེན་ལྔ་ལྡན་ལ་མཐོལ་བཤགས་བཟོད་པར་བཞེས། །ཧེ་རུ་ཀའི་ཡིག་བརྒྱ་དང་། ཨཱ་ལི་ཀཱ་ལིས་ཁ་བཀང་། དེ་ནས་བཀྲ་ཤིས་བརྗོད་པ་ནི། ཧཱུཾ། བཀྲ་ཤིས་གང་ཞིག་ཆོས་ཀྱི་དབྱིངས་ལས་བྱུང་། །བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་དང་། །ཆོས་སྐྱོང་ནོར་ལྷ་དམ་ཅན་རྒྱ་མཚོ་བཅས། །མཆོག་ཐུན་དངོས་གྲུབ་ཀུན་སྩོལ་བཀྲ་ཤིས་ཤོག །དུས་གསུམ་རྒྱལ་བ་གཅིག་བསྡུས་འཇམ་དཔལ་གྱི། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀུན་ལ་ཁྱབ། །འགྱུར་མེད་འགག་མེད་འཁྲུལ་མེད་རེ་བ་སྐོངས། །ཐོགས་མེད་ཅི་བསམ་དོན་འགྲུབ་བཀྲ་ཤིས་ཤོག །རྒྱས་སྐབས་གཞན་ནས་ཁ་བཀང་བའམ། དཀྱིལ་འཁོར་བསྡུ་བ་ནི། ཧཱུྃ། སྐྱེ་མེད་ངང་ལས་འགག་མེད་སྐུར་ཤར་


CMR013_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །གང་འདུལ་ཆོ་འཕྲུལ་སྟོན་མཛད་སྐུ་མཆོག་ལྷ། །སྨིན་གྲོལ་ཆོས་འཁོར་འགྲོ་བ་མ་ལུས་འདུལ། །ཀུན་ཀྱང་ཆོས་དབྱིངས་སྐྱེ་མེད་ཀློང་དུ་བསྡུ། །ཨོཾ་ཨཱཧཱུྃ་བཛྲ་མུ༔ དེ་ནས་རྒྱུན་གྱི་སྤྱོད་པ་ནི། ཧཱུྃ། འཇའ་ཚོན་ཆུ་ཟླ་ལྟ་བུའི་ཞེན་མེད་ལུས། །ངར་འཛིན་གཉིས་མེད་རང་བྱུང་དཔལ་ཆེན་གྱི། །སྐུ་གསུང་ཐུགས་ཀྱི་རྒྱས་གདབ་དུས་ཀུན་ཏུ། །ཐབས་ཤེས་ཟུང་འཇུག་འགྲོ་དོན་སྤྱོད་ལམ་བྱ། །ཨོཾ་ཨཱཿཧཱུྃ་བཛྲ་ས་མ་ཡ་ཧཱུྃ༔ དེ་ནས་བསྔོ་བ་ནི། ཧཱུཾ། བདག་གཞན་དུས་གསུམ་ཚོགས་གཉིས་དགེ་སྤྱད་མཐུས། །འགྲོ་ཀུན་སྐྱོན་དག་ཡོན་ཏན་གོང་དུ་རྫོགས། །སྨིན་གྲོལ་ལམ་ལ་འགོད་པ་མཐར་ཕྱིན་པ། །སྐུ་ལྔ་ལྷུན་གྲུབ་སངས་རྒྱས་ཐོབ་པར་ཤོག །གནས་སྐབས་སུའང་འཇིག་རྟེན་མ་ལུས་བདེ། །བསྟན་འཛིན་ཐམས་ཅད་སྐུ་ཁམས་བཟང་བ་དང་། །སེམས་ཅན་ཐམས་ཅད་ཆོས་བཅུ་སྤྱོད་གྱུར་ཅིག །མཐར་ཐུག་འཁོར་བའི་རྒྱ་མཚོ་མྱུར་སྐེམ་ཤོག །བསྔོ་བྱ་བསྔོ་བྱེད་བསྔོ་བ་མི་དམིགས་ཀྱང་། །འཁོར་འདས་ཀུན་བཟང་ཀློང་དུ་རོ་གཅིག་པའི། །ཆོས་དབྱིངས་ཟབ་མོའི་བདེན་པའི་བྱིན་རླབས་ཀྱིས། །ཇི་ལྟར་བསྔོ་


CMR013_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

བ་སྨོན་ལམ་འགྲུབ་པར་ཤོག །ཕྲིན་ལས་དངོས་གྲུབ་ཀྱི་སྙེ་མ་ནས། །ཟུར་མཁར་དྷརྨ་སཱ་མའི་མཛད་པ་ལས། །ཅུང་ཟད་གབ་འཁྲུལ་བསལ་ཏེ་ཨ་རཱ་གས་སྦྱར་བའོ། །ཨོཾ་སརྦ་མངྒ་ལཾ། དགྲ་འདྲེ་ཚར་གཅོད་ཤོག །ཝཱཀྐ་བིརྱ་ཞེས་བྱས་དཀྱུས་སུ་བྲིས་པས་བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousའཇམ་དཔལ་ཕ་རོལ་རྒོལ་འཇོམས་ཀྱི་མདུན་བསྐྱེད་ཕྲིན་ལས་ཀྱི་རིམ་པ། ཟུར་མཁར་ལུགས་ལས་ཅུང་ཟད་གབ་སྦས་འཁྲུགས་སོགས་བསལ་ཏེ་བལྟས་ཆོག་ཏུ་བཀོད་པ།next