Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཇམ་དཔལ་ཕ་རོལ་རྒོལ་འཇོམས་ཀྱི་རྗེས་གནང་གཏོར་དབང་།
   
   
   
   


 
previousའཇམ་དཔལ་ཕ་རོལ་རྒོལ་འཇོམས་ཀྱི་རྗེས་གནང་གཏོར་དབང་།next

འཇམ་དཔལ་ཕ་རོལ་རྒོལ་འཇོམས་ཀྱི་རྗེས་གནང་གཏོར་དབང་།


CMR013_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་ཕ་རོལ་རྒོལ་འཇོམས་ཀྱི་རྗེས་གནང་གཏོར་དབང་བཞུགས་སོ།


CMR013_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཤྲཱི་ཡ་མཱན་ཀ་ཡེ། གཙོ་བོའི་དབང་གཏོར་ཡོ་ད་ན་ཙཀླི་འཛུགས། །དམར་གཏོར་ཤ་ཁྲག་རྒྱན་ཅན་གཅིག་ཀྱང་བཤམས། །བདག་བསྐྱེད་རྒྱས་པའམ་དྲན་རྫོགས་བསྒོམས་པས་འཐུས། །མདུན་བསྐྱེད་རྒྱས་པའམ་བསྡུས་སྐབས་རྒྱུན་བསྙེན་བྱ། །སློབ་མ་འདུས་ནས་ཁྲུས་བྱས་མཎྜལ་ཕུལ། །དབང་བཤད་རྒྱས་བསྡུས་བྱས་ཏེ་འདི་སྐད་དོ། །དེ་ཡང་འཇམ་དཔལ་པ་ལ་པ་ཏྲིའི་རྒྱུད་ལས། དེ་ཡི་རྗེས་འཇུག་རྣལ་འབྱོར་པས། །སངས་རྒྱས་བསྟན་པ་སྲུང་བ་དང་། །དགྲ་བོ་ཆམ་ལ་ཕབ་པའི་ཕྱིར། །བཀའ་དང་རྗེས་གནང་མ་ཐོབ་ན། །ཡི་དམ་ལྷ་ཡང་མི་འཁོར་ཞིང་། །སྡེ་བརྒྱད་ལས་ལ་མི་ཆུན་ཏེ། །ལས་རྣམས་གང་ཡང་


CMR013_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

འགྲུབ་པར་འགྱུར། །ཞེས་གསུངས་པས། སློབ་མ་རྣམས་རྒྱུད་སྨིན་ཅིང་ལྷ་འཁོར་བ་ཕྲིན་ལས་འགྲུབ་པར་བྱེད་པ་ལ་བཀའ་གཏད་དང་། རྗེས་གནང་ཐོབ་པ་འདི་གལ་ཆེ་བ་ཡིན་པས་འདིའི་རྗེས་ཟློས་མཛོད། །ཀྱེ་ཧོ་རྒྱལ་བ་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་གསང་འཛིན་པ། །སློབ་དཔོན་བདག་ལ་བརྩེར་དགོངས་ལ། །ཚད་མེད་ཐུགས་རྗེའི་ལྕགས་ཀྱུ་ཡིས། །སྡུག་བསྔལ་མཚོ་ལས་བསྒྲལ་དུ་གསོལ། །སྐུ་མཆོག་འཇམ་དཔལ་ལྷ་ཚོགས་ཀྱི། །དབང་དང་བྱིན་རླབས་བསྩལ་དུ་གསོལ། །ད་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་


CMR013_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

འདིའི་རྗེས་ཟློས་མཛོད། མཁྱེན་བརྩེར་ལྡན་རྣམས་དགོངས་སུ་གསོལ། །བདག་གཞན་སེམས་ཅན་ཐམས་ཅད་ཀྱི། །སྡིག་སྒྲིབ་ཉེས་ལྟུང་གནོང་འགྱོད་བཤགས། །།བླ་མེད་མགོན་ལ་སྐྱབས་སུ་མཆི། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །བསོད་ནམས་ཡེ་ཤེས་ཚོགས་མཆོག་བསག །སྡོམ་པ་མ་ལུས་བརྟན་པོར་བཟུང་། ཀུན་ཀྱང་བྱང་ཆུབ་ཆེན་པོར་བསྔོ། །ཅེས་གསུམ། སློབ་དཔོན་གྱིས། ཐར་པ་ཆེན་པོའི་གྲོང་མཆོག་གང་། །སྐུ་མཆོག་རྒྱལ་བའི་དཀྱིལ་འཁོར་འདིར། །སུ་ཡིན་འཇུག་པའི་སྐལ་མེད་ཀྱིས། །ཁྱོད་ཀྱི་དམ་ཚིག་སྲུང་ནུས་པའི། །སློབ་མས། བར་མཚམས་མེད་པར་སྡུག་བསྔལ་བ། །ཆུ་བོ་ཆེ་ལས་རབ་བསྒྲལ་ཏེ། །རྣམ་གྲོལ་ཐར་གྲོལ་གྲོལ་གྱུར་ནས། །དམ་ཚིག་སྲོག་ལ་བབ་ཀྱང་སྲུང་། །སློབ་དཔོན་གྱིས། ལོག་པའི་ལམ་དང་དམན་པའི་ལམ། །མ་རྫོགས་ལམ་ལས་ཁྱད་འཕགས་པའི། །ཚེ་འདིར་ངེས་པར་འཚང་རྒྱའི་ལམ། །བླ་ན་མེད་པའི་བྲོ་གར་བྱོས། །ཞེས་གནང་བ་བྱིན་ནས། དམ་ཆུ་བྱི་ན་ཅིང་། ཧཱུྃ། འདའ་དཀའ་དམ་ཚིག་རྡོ་རྗེའི་ཆུ། །ཁྱོད་ལ་ངེས་སྦྱིན་སྙིང་དཀྱིལ་དབབ། །ཡེ་ཤེས་སེམས་དཔའ་དེར་གྱུར་ནས། །


CMR013_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ཐུན་དངོས་གྲུབ་མྱུར་ཐོབ་ཤོག །དམ་ཚིག་ཆེ་ལས་ཁྱེད་འདས་ན། །འཆི་བདག་ལྕགས་སྡིག་མགོ་དགུར་གྱུར། །སྙིང་ཁྲག་འཇིབ་ཅིང་དམྱལ་བར་བསྲེག༔ དེ་ནས་དམ་ཚིག་སྲོག་ལྟར་བསྲུང་། །སཱ་མཱ་ཡཱ་རཀྟ་ཐཾ། སློབ་བུས། ས་མ་ཡ་ཨི་དན་དུ་ན་ར་ཀན། དེ་ནས་སློབ་མ་ལས་བུམ་ཆུས་བདུད་རྩིའི་བསང་ཞིང་། ད་ཡེ་ཤེས་པ་འབེབས་པའི་དོན་དུ་དམིགས་པ་འདི་བཞིན་མཛོད། །ཨོཾ་བཛྲ་ཨ་མྲྀ་ཏ་སོགས། སྭ་བྷ་ཝ་སོགས། སྟོང་པའི་ངང་ལས་གྲུ་གསུམ་མཐིང་ནག་སོགས། སློབ་མའི་སེམས་ཉིད་ངོ་བོ་ཡི་གེ་ཧཱུྃ་མཐིང་སོགས། ནས་གཙོ་བོ་ཡབ་ཡུམ་གོ་ཆ་ལྷ་ལྔ་སྲས་མཆོག་བཞི་དང་བཅས་པ་བསྐྱེད་ལ། འབྲུ་གསུམ་དང་། ཧཱུྃ་ལས་འོད་ཟེར་འཕྲོས་པས་འཇམ་དཔལ་གཤིན་རྗེའི་གཤེད་ཡབ་ཡུམ་གོ་ཆའི་ལྷ་ལྔ་སྲས་མཆོག་རིགས་བཞི་ཡུམ་དང་བཅས་པ་སངས་རྒྱས་ཀྱི་ཞིང་ཐམས་ཅད་ནས་སྐུ་ཆེ་ཆུང་སྣ་ཚོགས། ཁ་བ་བུ་ཡུག་ལྟར་བྱོན་ནས་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པར་སྒོམས་ཤིག །རོལ་མོ་དང་བཅས། ཧཱུྃ། ཆོས་སྐུ་མཁའ་ལྟར་རྟོག་བྲལ་ངང་ཉིད་ལས། །ལོངས་སྤྱོད་རྫོགས་དང་མཆོག་གི་སྤྲུལ་པའི་སྐུ། །སྤྲིན་དང་ཆར་ལྟར་སྐྱེ་འགྲོའི་རེ་བ་


CMR013_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

བཀང་། །བདེ་གཤེགས་སྐུ་མཆོག་ལྷ་ཚོགས་ཡོངས་རྫོགས་རྣམས། །སྤྱན་འདྲེན་ཐུགས་དམ་དབང་གིས་བརྩེ་བས་གཤེགས། །སྒྲུབ་མཆོག་འདི་ལ་ཁྱེད་ཀྱི་ཐུགས་རྗེས་གཟིགས་། །དབང་བསྐུར་དམ་པ་ཁྱེད་ཀྱིས་བསྩལ་དུ་གསོལ། །སྐལ་ལྡན་སློབ་མ་རྣམས་ལ་བྱིན་ཕོབ་ཅིག །ཨོཾ་ཨཱཿཧཱུྃ་གུ་རུ་ཡ་མཱནྟ་ཀ་ཌཀི་ནཱི་ས་མ་ཡ་ཨ་ཝེ་ཤ་ཡ་ཨ་ཨཱཿ ཞེས་མང་དུ་བརྗོད། རྡོ་རྗེ་མགོར་བཞག་ལ། ཇི་སྲིད་སངས་མ་རྒྱས་བར་དུ་ཡེ་ཤེས་པ་དེ་བརྟན་པར་གྱུར་ཅིག །ཏིཥྛ་བཛྲ། དབང་གཏོར་རྣམས་བདུད་རྩིས་བྲན་ལ། ད་དབང་ཞུ་བའི་ཡུལ་སློབ་དཔོན་ལྷར་གསལ་བ་དང་གཏོར་མ་འདི་རྣམས་མི་དམིགས་པ་ལས། ཞེས་མངོན་རྟོགས་ཡོངས་རྫོགས་བསྐྱེད། སྤྲོ་ན་སྤྱན་འདྲེན་བཞུགས་གསོལ་བྱས་ལ། ད་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད་། ཀྱེ་ཧོཿ བླ་མ་དཔལ་ཆེན་གཤིན་རྗེའི་གཤེད། །།དམིགས་མེད་ཐུགས་རྗེ་ཆེན་པོ་ཡིས། །བདག་ལ་བརྩེ་བས་ཉེར་དགོངས་ལ། །སྐུ་གསུང་ཐུགས་ཀྱི་སྒོ་ཕྱེས་ལ། །འཇམ་དཔལ་ཁྲོ་བོའི་ལྷ་ཚོགས་ཀྱི། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི། །སྒོམ་བཟླས་བསྙེན་སྒྲུབ་ལས་སྦྱོར་ལ། །ཅི་དགར་འཇུག་པའི་དབང་སྐུར་སྩོལ། །གསུམ། །


CMR013_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་འདི་ཉིད་བཅོམ་ལྡན་འདས་དཔལ་ཆེན་གཤིན་རྗེ་ཡབ་ཡུམ་གོ་ཆའི་ལྷ་སྲས་མཆོག་བཞི་དང་བཅས་པ་མངོན་སུམ་དུ་བཞུགས་པའི་སྐུ་ལས་སྐུ་ཕྲ་མོ་དཔག་ཏུ་མེད་པ་འཕྲོས་པ་དང་། གསུང་ལས་སྔགས་ཀྱི་ཕྲེང་བ། ཐུགས་ལས་རྡོ་རྗེ་རྩེ་ལྔ་སོགས་ཕྱག་མཚན་དཔག་ཏུ་མེད་པ་ཆར་ལྟར་བྱོན་ནས་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་ཐིམ་པས་སྐུ་གསུང་ཐུགས་ཀྱི་དབང་ཡོངས་སུ་རྫོགས་པ་ཐོབ་པར་སྒོམས་མཛོད་ཅིག །གཏོར་མ་ཐོགས་ལ། ཧཱུྃ། དུས་གསུམ་རྒྱལ་བའི་སྐུ་མཆོག་ཀུན་འདུས་པ། །བཅོམ་ལྡན་ཁྲོ་རྒྱལ་འཇམ་དཔལ་གཤིན་རྗེའི་གཤེད། །གཉིས་མེད་དགྱེས་པའི་ཡུམ་མཆོག་བྷེ་ཏཱ་འཁྲིལ། །དབུ་གསུམ་ཕྱག་དྲུག་ཞབས་བཞི་ཁྲོ་ཆས་རྫོགས། །གཡས་དཀར་གཡོན་དམར་དབུས་མཐིང་རིགས་ལྔས་བརྒྱན། །རལ་གྲི་ཐོ་བ་གཏུན་ཤིང་ལྕགས་ཀྱུ་དང་། །སྦྲུལ་ཞགས་ཐོང་གཤོལ་གཡས་གཡོན་ཕྱག་ན་བསྣམས། །གར་དགུའི་ཉམས་ལྡན་ཡུམ་མཆོག་ཁྲོ་མོའི་ཆས། །གྲི་གུག་ཕུར་བུ་ལྕགས་དྲྭ་བྷནྡྷ་ཕྱག །བདེ་སྟོང་རོལ་གར་ཟག་མེད་དབང་སྐུར་རོ། །ཨོཾ་མཉྫུ་ཤི་ཡ་མཱནྟ་ཀ་ཡ་མ་རཱ་ཙ་བྷེ་ཏཱ་ཙ་ལི་ཨ་བྷི་ཥིཉྩ་ཧཱུྃ། ཞེས་སྤྱི་བོར་བཞག་


CMR013_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གོ་ཆའི་ལྷ་རྣམས་སོ་སོར་གཏོར་མ་གཅིག་པོ་དེ་བཞག་ཅིང་། སོ་སོའི་སྔགས་ལ་ཨ་བྷི་ཥིཉྩ་བཏགས་སོ། །རྒྱས་པར་སྤྲོ་ན་སོ་སོའི་བསྟོད་པའི་མཇུག་ཏུ་ཕྱག་འཚལ་བསྟོད་ཀྱི་ཚབ་ཏུ་དབང་སྐུར་རོ། །ཨ་བྷི་ཥིཉྩ་ཧཱུྃ། བཏགས་སོ། །དཔུང་པ་གཉིས་པུས་མོ་གཉིས་ལ་ཡང་སྲས་བཞིའི་བསྟོད་པའི་མཇུག་ཏུ་དབང་སྐུར་རོ། །སྔགས་ལ་ཨ་བྷི་ཥིཉྩ་ཧཱུྃ་བཏགས་ལ་བཞག་གོ །ཁྱེད་རང་རྣམས་བཅོམ་ལྡན་འདས་གཤིན་རྗེའི་གཤེད་ཡབ་ཡུམ་གོ་ཆའི་ལྷ་དང་བཅས་པ་དང་། ཁྱད་པར་ཐུགས་ཀའི་ཕྱག་རྡོར་ཐུགས་ཀར་གསེར་གྱི་མཆོད་རྟེན་ཁྲི་འཕང་ལྔའི་བུམ་པར་འཇམ་དཔལ་གཞོན་ནུར་གྱུར་པ་འཁོར་སྲས་མཆོག་རིགས་བཞི་དང་བཅས་པ་གཟི་བརྗིད་དང་ལྡན་པ་གསལ་ཐོབ། དམར་གཏོར་འདི་ཉིད་དྲེགས་པ་སྡེ་བརྒྱད་རྒྱལ་ཆེན་ཕྱོགས་སྐྱོང་དང་བཅས་པ་གསལ་བ་དེ་སློབ་དཔོན་ཡི་དམ་དུ་གསལ་བའི་བཀའ་ཉན་གསུང་སྡོད་པ་དེ། ཁྱེད་རང་རྣམས་ཀྱི་བཀའ་སྲུང་དུ་བཀའ་བསྒོས་པ་དེང་ཕྱིན་ཆད་ཕྲིན་ལས་གང་བཅོལ་སྒྲུབ་པའི་ཆོས་སྐྱོང་དུ་ཁས་བླངས་དམ་བཅས་པར་སྒོམས་ཤིག །སློབ་མས་ལན་གསུམ་གཡས་དང་རྒྱབ་ལེབ་དང་གཡོན་དུ་ཟད་བཅུག་ལ་གཏོར་མ་བཞག་ཅིང་། ཧཱུྃ། སྣང་སྲིད་གཤིན་རྗེའི་སྡེ་དཔོན་ཏེ། །ཡ་མ་རཱ་ཙ་འཁོར་དང་བཅས། །དེ་རིང་འདི་


CMR013_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བྲན་དུ་གཏད། །བཀའ་ཉོན་ཅི་བཅོལ་ལས་སྒྲུབས་ཤིག །ཡ་མ་ར་ཙ་ཡ་ཛབྷྱོཤ་ཧཱུྃ་ཧུར་ཤྲཱི་ཛཿ དགྲ་བགེགས་སྲོག་ལ་ཚྭ་མཱ་ར་ཡ་རྦད༔ པ་ཤཾ་ཀུ་རུ་ཧཱུྃ༔ ཧཱུྃ། སྣང་སྲིད་བཙན་གྱི་སྡེ་དཔོན་ནི། །སྲོག་ཟན་དམར་པོ་འཁོར་དང་བཅས། །དེ་རིང་ཁྱོད་ལ་བྲན་དུ་གཏད། །བཀའ་ཉོན་ཅི་བཅོལ་ལས་སྒྲུབས་ཤིག །ཨ་བྷིཀྵ་ཛཿབྷྱོཤ་ཧཱུྃ་ཧུར་ཐུ་ཛཿ དགྲ་བགེགས་སྲོག་ལ་ཚྭ་མཱ་ར་ཡ་ཆད༔ པ་ཤཾ་ཀུ་རུ་ཧཱུྃ་ཕཊ༔ ཧཱུྃ། སྣང་སྲིད་མ་མོའི་སྡེ་དཔོན་ནི། །ཨེ་ཀ་ཙ་ཏི་འཁོར་དང་བཅས། །དེ་རིང་ཁྱོད་ལ་བྲན་དུ་གཏད། །བཀའ་ཉོན་ཅི་བཅོལ་ལས་སྒྲུབས་ཤིག །ཨེ་ཀ་ཙ་ཏི་བྷྱོ་ཛཿ ཤ་ཧཱུྃ་ཧུར་ཐུ་ཛཿ དགྲ་བགེགས་སྲོག་ལ་ཚྭ་མཱ་ར་ཡ་རྦད༔ པ་ཤཾ་ཀུ་རུ་ཧཱུྃ༔ ཧཱུྃ། སྣང་སྲིད་བདུད་ཀྱི་རྒྱལ་པོ་ནི། །རྐང་རྗེ་དྲང་དཀར་འཁོར་དང་བཅས། །དེ་རིང་ཁྱོད་ལ་བྲན་དུ་གཏད། །བཀའ་ཉོན་ཅི་བཅོལ་ལས་སྒྲུབས་ཤིག །དུ་ཕྲག་དུ་ཛ་བྷྱོ༔ ཤ་ཧཱུྃ་ཧུར་ཐུ་ཛཿ དགྲ་བགེགས་སྲོག་ལ་རྦ་མཱ་ར་ཡ་རྦད༔ པ་ཤཾ་ཀུ་རུ་ཧཱུྃ་ཕཊ༔ སླར་ཡང་ལྷ་སྲིན་སྡེ་བརྒྱད་རྒྱལ་ཆེན་ཕྱོགས་སྐྱོང་ལ་སོགས་འཁོར་ཐམས་ཅད་བྲན་དུ་གཏད་པར་སྒོམས་


CMR013_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

ཤིག །ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང་། །མ་རུངས་གདུག་པ་འདུལ་ཕྱིར་ཁྲོ་ཆེན་སྐུ། །རབ་འཇིགས་མི་བཟད་འབར་བའི་གཤིན་རྗེའི་གཤེད། །ཐུགས་དམ་དབང་གིས་འདིར་གཤེགས་མཆོད་པ་བཞེས། །འཁོར་གྱི་དྲེགས་པ་སྲིད་གསུམ་བརླག་ནུས་རྣམས། །དབང་སྡུད་ཟི་ལ་གནོན་ལས་ལ་མངག་པ་དང་། །དགྲ་བགེགས་མ་ལུས་རྩད་ནས་གཅོད་པའི་ཕྱིར། །མངོན་སྤྱོད་ནུས་མཐུ་ཐོགས་མེད་དབང་བསྐུར་གསོལ། །ཨོཾ་ཡ་མཱནྟ་ཀ་ཡ་མ་རཱ་ཙ་བཛྲ་སརྦ་དུཏྟཾ་ཨ་མུ་ཀ་མཱ་ར་ཡ་ཨ་བྷི་ཥིཉྩ་ཧཱུྃ། ཨོཾ་ཀིང་ཀང་སོགས་ནས་ཁ་ཐཾ་བར་དང་། ཏདྱ་ཐཱ༔ དུ་ཤིན་དུ་ཤན་སོགས་བསད་སྔགས་རྣམས་བརྗོད་ཅིང་ལག་ཏུ་འགྲིམ་མོ། །འཁོར་རྣམས་ཀྱི་མིང་བརྗོད་ལ། ཁྱེད་རྣམས་ཀྱིས་ཆོས་སྐྱོང་གྱིས་ཤིག །གང་བཅོལ་བའི་ལས་སྒྲུབས་ཤིག །གང་བྱིན་པའི་མཆོད་གཏོར་གསོལ་ཅིག །ཅེས་བརྗོད་ལ་གཏོར་མའི་ཕུད་བྲན་ལ། ཨ་ཡ་མ་དུ་རུ་ཙ་ཤ་ན་ཨ་མྲྀ་ཏ་ཁཱ་ཧི༔ ཧཱུྃ།། གཤིན་རྗེ་མ་མོ་བདུད་དང་བཙན་ལ་སོགས་།ཞེས་བསྐུལ་ཐུང་དང་བཅས་ཕྱི་རོལ་དུ་འབུལ་དུ་བཅུག་གོ །ད་གཏོར་མ་འདི་ཉིད་ཡི་དམ་གཤིན་རྗེའི་གཤེད་ཡབ་ཡུམ་གོ་ཆའི་ལྷ་འཇམ་དཔལ་གཞོན་ནུར་གྱུར་པ་འཁོར་དང་བཅས་པ་


CMR013_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

སྲས་མཆོག །སྟེང་དུ་བརྒྱུད་པའི་བླ་མ་དང་བཅས་པ་གསལ་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན་ནས་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་དབྱེར་མེད་ཐིམ་པར་བསྒོམས་ལ་སེམས་མ་བཅོས་པར་ཞོག་མཛོད། ཆོས་སྐུ་རྡོ་རྗེ་འཆང་ཆེན་པོ། ལོངས་སྐུ་འཇམ་དབྱངས་རིགས་ལྔ། སྐུ་ཡི་རིག་འཛིན་འཇམ་དཔལ་བཤེས་གཉེན། སློབ་དཔོན་དྷེ་ཝ་ཙཎྜ། གུ་རུ་པདྨ་འབྱུང་གནས། གནུབས་སྟོན་སངས་རྒྱས་ཡེ་ཤེས། གཏེར་སྟོན་གྲུ་གུ་ཡང་དབང་། རྒྱ་ཞང་ཁྲོམ། གུ་རུ་ཆོས་ཀྱི་དབང་ཕྱུག །པདྨ་ལས་འབྲེལ་རྩལ། གྲུབ་ཐོབ་ཉི་ཟླ་སངས་རྒྱས། ཟུར་མཁར་དྷརྨ་སྭ་མི། ཆོས་རྒྱལ་རཏྣ་གླིང་པ། སི་ཏུ་བསོད་ནམས་རྣམ་རྒྱལ། རིག་འཛིན་དབང་པོ་སྡེ་ལ་སོགས་པ་བཀའ་བབས་རིག་འཛིན་རྣམས་དང་། ཆོས་འདི་གང་ནས་བརྒྱུད་པའི་བླ་མ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག །བཅོམ་ལྡན་འདས་གཤིན་རྗེ་ཀིང་ཀང་དམར་ནག །ཡུམ་མཆོག་བྷེ་ཏཱ་ཅ་ལི། སྐུ་མཆོག་འཇམ་དཔལ། གསུང་མཆོག་རྟ་མགྲིན། ཐུགས་མཆོག་གསང་བདག །ཐུགས་སྲོག་འཇམ་དཔལ་གཞོན་ནུར་གྱུར་པ། ཡོན་ཏན་གཤིན་རྗེ་ཆོས་ཀྱི་རྒྱལ་


CMR013_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

པོ༔ ཕྲིན་ལས་བདུད་རྩི་འཁྱིལ་པ། སྲས་མཆོག་རིགས་བཞི་ཡབ་ཡུམ། ཕྱོགས་བཅུའི་གཤིན་རྗེ་ཡབ་ཡུམ། སྟོབས་ཆེན་མ་ཧཱ་བྷ་ལ་ལ་སོགས་པ། ཀིང་ཀང་དམར་ནག་གི་ལྷ་ཚོགས་རྣམས་ཀྱིས་སློབ་མ་འདི་རྣམས་ལ་བྱིན་གྱིས་བརླབ་པ་དང་དབང་བསྐུར་བར་མཛད་དུ་གསོལ། སྨིན་ཅིང་གྲོལ་བར་མཛད་དུ་གསོལ། བསྐྱེད་རྫོགས་ལ་བརྟན་པ་ཐོབ་པར་མཛད་དུ་གསོལ། ནུས་པ་དཔག་ཏུ་མེད་པ་འབྱུང་བར་མཛད་དུ་གསོལ། བདུད་བཞི་དང་དགྲ་བགེགས་ཀྱི་གཡུལ་ལས་རྒྱལ་བར་མཛད་དུ་གསོལ། བྱང་ཆུབ་མ་ཐོབ་ཀྱི་བར་ལྷག་པའི་ལྷར་མཛད་དུ་གསོལ། ཤེས་རབ་ཀྱི་སྣང་བ་རྒྱས་པར་མཛད་དུ་གསོལ། ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་ཀྱི་རྡོ་རྗེར་བྱིན་གྱིས་རློབས་ཤིག །ཅེས་རྩ་སྔགས་སྲས་བཞིའི་སྔགས་ཡན་ཆད་ལ། ཨབྷི་ཥིཉྩ་སྦྱར། དེ་ནས་མེ་ཏོག་འཐོར་ཞིང་། ཧཱུྃ། བཀྲ་ཤིས་གང་ཞིག་ཆོས་ཀྱི་དབྱིངས་ལས་བྱུང་། །བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་དང་། །ཆོས་སྐྱོང་ནོར་ལྷ་དམ་ཅན་རྒྱ་མཚོར་བཅས། །མཆོག་ཐུན་དངོས་གྲུབ་ཀུན་སྩོལ་བཀྲ་ཤིས་ཤོག །དུས་གསུམ་རྒྱལ་བ་གཅིག་བསྡུས་འཇམ་དཔལ་གྱི། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་


CMR013_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ལ་ཁྱབ། །འགྱུར་མེད་འགག་མེད་འཁྲུལ་མེད་རེ་བ་བསྐང་། །ཐོགས་མེད་ཅི་བསམ་ལྷུན་གྲུབ་བཀྲ་ཤིས་ཤོག །དེས་གཏོར་དབང་བཀའ་གཏད་དང་བཅས་པ་ཐོབ་པས་ཕྲིན་ལས་བཞི་བསྒྲུབ་སྙམ་པས། གཙོ་བོའི་ཇི་ལྟར་བཀའ་སྩལ་པ། སོགས་དང་མཎྜལ་བྱའོ། །ཟུར་མཁར་ལུགས་ཀྱི་དབང་རྒྱས་པའི་དབང་ཆས་དང་བསྒྲུབ་ལུགས་སོགས་བཀའ་ཞིང་གཉེན་པ་ཆེ། དྷེ་ཝ་ཙན་ལུགས་ཀྱི་དབང་རྒྱུན་དཀོན་པས། ཟུར་མཁར་ལུགས་ཀྱི་རྒྱས་པ་ནས་གཏོར་དབང་ཟུར་དུ་བཀོལ་བ་ལ་ཉེས་པ་མཆིས་ན་བཤགས་ཤིང་དགེ་བས་སེམས་ཅན་ཐམས་ཅད་བདུད་བཞིའི་དགྲ་ལས་རྒྱལ་ཞིང་མགོན་པོ་འཇམ་དབྱངས་ཉིད་འགྲུབ་པར་གྱུར་ཅིག །ཅེས་པ་འདི་༧ རཱ་ག་ཨ་སྱ་ཉིད་ཀྱིས་བསྙེན་ཅིང་བསྒྲུབ་པའི་ཐུན་སྐབས་ཤིག་ཏུ་བྲིས་པ་མངྒ་ལཾ།། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR013_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousའཇམ་དཔལ་ཕ་རོལ་རྒོལ་འཇོམས་ཀྱི་རྗེས་གནང་གཏོར་དབང་།next