Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཇམ་དཔལ་ཕ་རོལ་རྒོལ་འཇོམས་ཀྱི་འབུལ་ཁའི་འདོན་འགྲིགས།


 
previousའཇམ་དཔལ་ཕ་རོལ་རྒོལ་འཇོམས་ཀྱི་འབུལ་ཁའི་འདོན་འགྲིགས།no next

འཇམ་དཔལ་ཕ་རོལ་རྒོལ་འཇོམས་ཀྱི་འབུལ་ཁའི་འདོན་འགྲིགས།


CMR013_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་ཕ་རོལ་རྒོལ་འཇོམས་ཀྱི་འབུལ་ཁའི་འདོན་འགྲིགས་བཞུགས་སོ།།


CMR013_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ༔མཉྫུ་ཤྲཱི་ཡ་མཱནྟ་ཀ་ཡ་མ་རཱ་ཛ་ཡེ༔ དེ་གཏོར་ཟློག་འབུལ་ཁར་ལྷ་ཚོགས་ནམ་མཁར་བཏེག་སྟེ་ནམ་མཁའ་བར་སྣང་ལ་སེར་སྤྲིན་འཁྲིགས་པ་ལྟར་བསམས་ལ། གཏོར་མ་ནམ་མཁར་བཏེག་བར་སྣང་ལ་ལྷ་ཉིད་དུ་གསལ་བར་ཞལ་བསྒྱུར་གང་བྱེད་གལ་ཆེ་ཆུང་བསྟུན་ཏེ། གཏོར་ཆུང་སོ་གཅིག་རྫོངས་འདེབས་ཀྱི་ཚུལ་དུ་གཞུང་ལྟར་འབུལ། དེ་ནས་གཟུ་དཔང་གསེར་སྐྱེམས་སྒོ་དབྱེ་དུས་ཕྱོགས་གཅིག་ཏུ་བསྡུས་པ་ནི། ཕུད་ཕྱོགས་བཅུར་འཐོར་ཞིང་། བྷྱོ། བདག་ནི་མ་ཉེས་མ་ཡོའོ། །དུས་གསུམ་བདེ་གཤེགས་ཞི་ཁྲོ་ཆོས་སྐྱོང་དང་། །དྲེགས་པ་ལྷ་སྲིན་སྡེ་བརྒྱད་གཞི་བདག་རྣམས། །རང་རང་གནས་ནས་དམ་རྫས་ཕུད་བཞེས་ལ། །གཟུ་དང་དཔང་


CMR013_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད་མཁྱེན་པའི་ཐུགས་ཀྱིས་དགོངས། །བདག་གིས་སྒྲུབ་པའི་དྲག་པོའི་ཐུན་ཟོར་འདི། །སྟེང་འོག་ཕྱོགས་མཚམས་ཀུན་ལ་བཞུགས་པ་ཡི། །ལྷ་ཀླུ་གཞི་བདག་ཀུན་ལ་མི་འཕེན་ཏེ། །གནོད་བྱེད་དགྲ་དང་བགེགས་ལ་འཕེན་བསམ་པས། །གདུག་སེམས་མ་འཆང་བདག་གི་སྡོང་གྲོགས་མཛོད། །ཕྱོགས་བཞིར་བཞུགས་པའི་ཕོ་ཉ་སྒོ་སྲུང་ནི། །བྱ་རྒོད་སྟག་དང་ཀ་ཀ་སྤྱང་མགོ་ཅན། །རང་རང་ཕྱག་རྒྱས་ཕྱོགས་བཞིའི་སྒོ་ཕྱེས་ལ། །གནོད་བྱེད་དགྲ་དང་བགེགས་ལ་ཟོར་སྣ་དྲོངས། །དགྲ་བགེགས་བར་ཆད་ཐལ་བ་རྡུལ་དུ་རློགས། །དེ་ནས་ཁྲོམ་ཆོས་


CMR013_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་སྡེ་ཆེན་སྐུ་རིམ་ཡིན་ན་སྔགས་འཆང་ཆས་གོས་ནག་པོ་དང་། གཡས་ན་སྐྱེས་པ་གོ་མཚོན་ཅན། གཡོན་ན་བུད་མེད་དུག་ཐལ་ཅན་དང་། རོལ་མོའི་ཚོགས་དང་བཅས་ལ། སྐྱེས་བུའི་གོ་ཆ་དང་མཚོན་ཆ་ཅན་རྣམས་བསྲོ་སྒྲ་དང་བཅས་པས་ཕྱི་རོལ་དུ་ཁྱེར་ལ། སླ་ངའི་ནང་དྲག་པོའི་ཤིང་ལ་ལིངྒ་གཟུགས་ལ་སླར་ཡང་གསེར་སྐྱེམས་ཕུལ་ལ། ཁྱིམ་དུ་འབུལ་ན་མཐོང་བ་བརྒྱུད་ལྟར་བསྲེགས། ༈ གང་ལ་ཡང་ལིངྒ་བྲུབ་ཁུང་བསྐྱེད་ལ། བཀུག་གཞུག་བྱས་ལ་དང་པོ་ཟོར་ཀྱི་སྣ་འདྲེན་སྒོང་ཟོར་འཕེན་པ་ནི། བྷྱོ༔ སྲིད་པའི་བྱ་སྒོང་ཟླུམ་པོ་འདྲིལ་བའི་དབུས། །བྲ་བོ་སྲན་མ་ཚྭ་དང་ཐལ་ཆེན་དང་། །སྒོག་གཙོང་རམ་དང་བལ་ཚོན་ལ་སོགས་པ། །ངན་པའི་རྫས་ཀྱིས་ཟོར་གྱི་སྣ་དྲངས་ལ། །སྲིད་སྡེའི་མི་ཁ་བྲ་མཆུ་ངན་པ་རྣམས། །བསྟན་པ་བཤིགས་པའི་དགྲ་དང་བགེགས་ལ་ཟེར། །ཨོཾ་མི་ཁ་ཧུར་ཧུཾ་རྦད་རྦད་དྲིལ་དྲིལ་ཐུ་ཤིག་ཤིག་བྷྱོ་བྷྱོ་བསྒྱུར་བསྒྱུར། ཅེས་ཉ་བོ་རེ་ལ་ཟོར་རེ་བརྡེག་ལ། ཕུང་པོ་དང་ལུས་སེམས་རྡུལ་དུ་བརླག་པར་བསྒོམ། མི་ཁ་ཟློག་པའི་སྔགས་བཟླས་ལ་འཕང་ཟོར་ལིངྒ་ལ་བརྡེག་དུས་དམིགས་པ་འཆི་བདག་གཤིན་རྗེའི་ཁྲམ་ལ་ཐེབ་པར་བསམ་ཞིང་། །བྷྱོ ཡ་མ་རཱ་ཛ་གཤིན་རྗེ་སྲོག་གི་བདག །གཡས་ན་ཁྲམ་ཐོགས་གཤིན་རྗེའི་ཕོ་ཉ་རྣམས། །སྔ་དགྲ་ལག་བརྡར་སྲོག་ལ་ཁྲམ་ཟོར་རྒྱོབས། །ཤྭ་


CMR013_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

རྩིས་ཁྲམ་གྱི་སྲོག་རྩ་རབ་དཀྲུགས་ནས། །དགྲ་དཔུང་བདུན་བརྒྱུད་རྩད་ཆོད་ཁྲམ་ལ་ཐོབ། །ཡ་མ་རཱ་ཛ་ཡ་ཛ་དགྲ་ལ་བྷྱོ། །དགྲ་བགེགས་མཱ་ར་ཡ་ཧུར་ཐུམ༔ མདའ་ཟོར་ལ། བྷྱོ༔ སྲོག་ཟན་དམར་པོ་ཚེ་བདག་བཙན་གྱི་གཙོ། །རྒྱབ་ན་དམར་པོ་བཙན་གྱི་དམག་ཚོགས་རྣམས། །ཕྱི་དགྲ་བསམ་པའི་སྙིང་ལ་མདའ་ཟོར་རྒྱོབས་། །གྲི་འཐབ་གཟེར་ནད་སྙིང་རྩའི་རྒྱུད་དཀྲུགས་ལ། །ཕོ་རྩ་མོ་རྩ་རྩད་ནས་ཆད་པར་གྱིས། །ཨ་བྷི་ཀྵ་ཛ་བྷྱོ༔ དགྲ་བགེགས་མཱ་ར་ཡ་ཧུར་ཐུམ་རྦད༔ ཁྲག་ཟོར་ལ། བྷྱོ༔ ཨེ་ཀ་ཙ་ཏི་མ་མོ་ནད་ཀྱི་བདག །གཡོན་ན་རིམས་བདག་མ་མོའི་དམག་ཚོགས་རྣམས། །ད་དགྲ་སྦྱོར་བའི་ལུས་ལ་ཁྲག་ཟོར་རྒྱོབས། །འདུ་བ་རྣམ་བཞི་ཁོང་ནས་རབ་དཀྲུགས་ལ། །སྒྱུ་ལུས་གཟུགས་ཕུང་རྡུལ་དུ་བརླག་པར་གྱིས། །ཨེ་ཀ་ཙ་ཏི་ཏྲག་ཛ་བྷྱོ༔ དགྲ་བགེགས་ཤ་ཏུཾ་ཧུར་ཐུམ་ཛམཱ་ར་ཡ་རྦད༔ རྡོ་ཟོར་ལ། བྷྱོ༔ སྐོས་རྗེ་ཏྲང་དཀར་འཆི་བདག་བདུད་ཀྱི་གཙོ། །མདུན་ན་ཞགས་ཐོགས་བདུད་ཀྱི་ཕོ་ཉ་རྣམས། །བསྟན་པ་བཤིགས་པའི་དགྲ་ལ་རྡོ་ཟོར་རྒྱོབས། །དགྲ་བོའི་བླ་ཚེ་སྲོག་དབུགས་རྒྱུད་ད་


CMR013_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

ཀྲུགས་ཏེ། །ཁ་ཕུང་རྗེས་མེད་ཐལ་བ་རླུང་ལ་བསྐུར། །དུ་ཕྲག་དུ་ཛ་བྷྱོ༔ དགྲ་བགེགས་ཧུར་ཐུམ་མཱ་ར་ཡ་རྦད༔ དེ་ནས་ཀོང་ཟོར་འཕང་བ་ནི། ཧཱུྃ། ཡབ་གཅིག་དཔལ་ཆེན་ཁྲོ་རྒྱལ་གཤིན་རྗེའི་གཤེད། །གཟི་བརྗིད་དྲེགས་སྟོབས་རྔམས་པའི་བརྟུལ་ཞུགས་ཅན། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་བསམ་ལས་འདས། །དོ་ནུབ་དྲག་པོ་ཟོར་གྱི་ཕྲིན་ལས་མཛོད། །ཕུང་བྱེད་གདུག་པ་དྲག་པོའི་ས་སྣ་ལ། །ཀོང་ཟོར་དམར་ནག་གྲུ་གསུམ་འཇིགས་པའི་ནང་། །མདའ་འཕང་ནམ་རྒྱང་དམར་གཏོར་ཉུང་རྩང་གིས། །བདུད་དང་ས་བདག་གཤིན་རྗེའི་ཆད་པ་ཟློག །མཚེ་ཉུང་མར་མེ་སྤོས་དང་དུད་པ་ཡིས། །མཁའ་འགྲོ་རྒྱལ་འགོང་གནོད་སྦྱིན་ཆད་པ་ཟློག །ཤ་ཁྲག་སྦྲང་ཚོར་ཕབ་དང་དུག་སྣ་ཡིས། །ཐེའུ་རང་གཟའ་དང་འགོང་པོའི་ཆད་པ་ཟློག །གུ་གུལ་རྟ་ཚིལ་རམ་དང་བལ་ཚོན་གྱིས། །བཙན་དང་ཀླུ་བདུད་ལྷ་ཡི་ཆད་པ་ཟློག །དྲག་པོ་སྔགས་དང་ཏིང་འཛིན་འཕྲོ་འདུ་ཡིས། །སྔགས་ཟོར་དལ་ཡམས་ཐམས་ཅད་དགྲ་ལ་ཟློག །ཅེས་དམིགས་པ་དང་བཅས་པས་བཟློག་སྔགས་བཟླ་ཞིང་རྒྱབ་བོ། །དེ་ནས་སླར་ཡང་ཕྱོགས་བཞི་མཚམས་བརྒྱད་དུ་འཕང་བས་སྣང་སྲིད་ཀྱི་བྱད་ཁ་ཐམས་ཅད་བཟློག་


CMR013_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསམས་ལ། དེ་ལྟར་དམིགས་པ་གསལ་ཞིང་ངར་དང་ལྡན་པས་གཅེས། ཞེས་གསུངས་སོ། །ཕྱོགས་སྐྱོང་གཏོར་མ་ཕྱོགས་སུ་བརྡེག་ཚད་བྱས་ཏེ། ཕྱོགས་དང་རྒྱུ་ལྡོག་འགྲིགས་ན་ལིང་གར་བརྡེག་སྟེ། སྟེང་འོག་ཕྱོགས་མཚམས་ཕྱོགས་སྐྱོང་འགྲེས་བཤང་སྟེ། ཧཱུྃ། སྟེང་གི་ཚངས་པ་ལྷ་དམག་འབུམ་དང་བཅས། །དོ་ནུབ་དྲག་པོའི་ཟོར་དང་ཐུན་ལ་རྒྱུག །སྔ་དགྲ་ལག་བརྡར་ཕྱི་དགྲ་ཡིད་ལ་སེམས། །ད་དགྲ་སྦྱོར་བའི་དགྲ་དཔུང་རྡུལ་དུ་རློགས། །བསམ་ངན་སྦྱོར་རྩུབ་བྱད་ཟོར་རྦོད་གཏོང་ཟློག །པྲ་ཧ་མ་ན་ཡེ་གནོད་བྱེད་མི་ཁ་བྲ་མཆུ་བྱད་མ་རྦོད་གཏོང་ཐམས་ཅད་བློ་བློ་ཟློག་ཟློག །བྷྱོ༔ ཤར་ཕྱོགས་ཆུ་བདག་ཀླུ་གཉན་འབུམ་དང་བཅས། །དོ་ནུབ་དྲག་པོའི་ཟོར་དང་ཐུན་ལ་རྒྱུག །སྔ་དགྲ་ལག་བརྡར་ཕྱི་དགྲ་ཡིད་ལ་སེམས། །ད་དགྲ་སྦྱོར་བའི་དགྲ་དཔུང་རྡུལ་དུ་རློགས། །བསམ་ངན་སྦྱོར་རྩུབ་བྱད་ཟོར་རྦོད་གཏོང་ཟློག །ཨིནྡྲ་ཡེ་གནོད་བྱེད་མི་ཁ་བྲ་མཆུ་བྱད་མ་རྦོད་གཏོང་ཐམས་ཅད་བློ་བྷྱོ་ཟློག་ཟློག །བྷྱོ༔ ྋཤར་ལྷོ་མེ་ལྷ་དྲང་སྲོང་འབུམ་དང་བཅས། །དོ་ནུབ་དྲག་པོའི་ཟོར་དང་ཐུན་ལ་རྒྱུག །སྔ་དགྲ་ལག་བརྡར་ཕྱི་དགྲ་ཡིད་ལ་སེམས། །ད་དགྲ་སྦྱོར་བའི་དགྲ་དཔུང་རྡུལ་དུ་


CMR013_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

རློགས། །བསམ་ངན་སྦྱོར་རྩུབ་བྱད་ཟོར་རྦོད་གཏོང་ཟློག །ཨག་ཡེ་གནོད་བྱེད་མི་ཁ་བྲ་མཆུ་བྱད་མ་ཟོད་གཏོང་ཐམས་ཅད་སྦྱོ་བྷྱོ་ཟློག་ཟློག །བྷྱོ༔ ལྷོ་ཕྱོགས་གཤིན་རྗེ་འཆི་བདག་འབུམ་དང་བཅས། །དོ་ནུབ་དྲག་པོའི་ཟོར་དང་ཐུན་ལ་རྒྱུག །སྡེ་དགྲ་ལག་བརྡར་ཕྱི་དགྲ་ཡིད་ལ་སེམས། །ད་དགྲ་སྦྱོར་བའི་དགྲ་དཔུང་རྡུལ་དུ་རློགས། །བསམ་ངན་སྦྱོར་རྩུབ་བྱེད་ཟོར་རྦོད་གཏོང་ཟློག །ཡ་མཱ་ཡེ་གནོད་བྱེད་མི་ཁ་བྲ་མཆུ་བྱད་མ་རྦོད་གཏོང་ཐམས་ཅད་བྷྱོ་སྦྱོ་ཟློག་ཟློག །བྷྱོ༔ ལྷོ་ནུབ་བདེན་བྲལ་སྲིན་པོ་འབུམ་དང་བཅས། །དོ་ནུབ་དྲག་པོའི་ཟོར་དང་ཐུན་ལ་རྒྱུག །སྔ་དགྲ་ལག་བརྡར་ཕྱི་དགྲ་ཡིད་ལ་སེམས། །ད་དགྲ་སྦྱོར་བའི་དགྲ་དཔུང་རྡུལ་དུ་རློགས། །བསམ་ངན་སྦྱོར་རྩུབ་བྱད་ཟོར་རྦོད་གཏོང་ཟློག །ནི་རི་ཏི་ཡེ་གནོད་བྱེད་མི་ཁ་བྲ་མཆུ་བྱད་མ་ཆོད་གཏོང་ཐམས་ཅད་བློ་སྦྱོ་ཟློག་ཟློག །བྷྱོ༔ ནུབ་ཕྱོགས་ཆུ་བདག་ཀླུ་གཉན་འབུམ་དང་བཅས། །དོ་ནུབ་དྲག་པོའི་ཟོར་དང་ཐུན་ལ་རྒྱུག །སྔ་དགྲ་ལག་བརྡར་ཕྱི་དགྲ་ཡིད་ལ་སེམས། །ད་དགྲ་སྦྱོར་བའི་དགྲ་དཔུང་རྡུལ་དུ་རློགས། །བསམ་ངན་སྦྱོར་རྩུབ་བྱད་ཟོར་རྦོད་གཏོང་ཟློག །ཝ་རུ་ཎ་ཡེ་


CMR013_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་བྱེད་མི་ཁ་བྲ་མཆུ་བྱད་མ་རྦོད་གཏོང་ཐམས་ཅད་བློ་སྦྱོ་ཟློག་ཟློག །བྷྱོ༔ ནུབ་བྱང་རླུང་ལྷ་རིག་འཛིན་འབུམ་དང་བཅས། །དོ་ནུབ་དྲག་པོའི་ཟོར་དང་ཐུན་ལ་རྒྱུག །སྔ་དགྲ་ལག་བརྡར་ཕྱི་དགྲ་ཡིད་ལ་སེམས། །དེ་དག་སྦྱོར་བའི་དགྲ་དཔུང་རྡུལ་དུ་རློགས། །བསམ་ངན་སྦྱོར་རྩུབ་བྱད་ཟོར་རྦོད་གཏོང་ཟློག །བྷ་ཡ་བྷེ་ཡེ་གནོད་བྱེད་མི་ཁ་བྲ་མཆུ་བྱད་མ་རྦོད་གཏོང་ཐམས་ཅད་བློ་བློ་ཟློག་ཟློག །བྷྱོ༔ བྱང་ཕྱོགས་ལུས་ངན་གནོད་སྦྱིན་འབུམ་དང་བཅས། །དོ་ནུབ་དྲག་པོའི་ཟོར་དང་ཐུན་ལ་རྒྱུག །སྔ་དགྲ་ལག་བརྡར་ཕྱི་དགྲ་ཡིད་ལ་སེམས། །ད་དགྲ་སྦྱོར་བའི་དགྲ་དཔུང་རྡུལ་དུ་རློགས། །བསམ་ངན་སྦྱོར་རྩུབ་བྱད་ཟོར་རྦོད་གཏོང་ཟློག །ཀུ་བེ་ར་ཡེ་གནོད་བྱེད་མི་ཁ་བྲ་མཆུ་བྱད་མ་རྦོད་གཏོང་ཐམས་ཅད་བྷྱོ་བྷྱོ་ཟློག་ཟློག །བྷྱོ༔ བྱང་ཤར་དབང་ལྡན་འབྱུང་པོ་འབུམ་དང་བཅས། །དོ་ནུབ་དྲག་པོའི་ཟོར་དང་ཐུན་ལ་རྒྱུག །སྔ་དགྲ་ལག་བརྡར་ཕྱི་དགྲ་ཡིད་ལ་སེམས། །ད་དགྲ་སྦྱོར་བའི་དགྲ་དཔུང་རྡུལ་དུ་རློགས། །བསམ་ངན་སྦྱོར་རྩུབ་བྱེད་ཟོར་རྦོད་གཏོང་ཟློག །ཨི་ཤྭ་ན་ཡེ་གནོད་བྱེད་མི་ཁ་བྲ་མཆུ་བྱད་མ་རྦོད་གཏོང་


CMR013_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་བྱོ་བྱོ་ཟློག་ཟློག །བྷྱོ༔ འོག་གི་བརྟན་མ་ས་བདག་འབུམ་དང་བཅས། །དོ་ནུབ་དྲག་པོའི་ཟོར་དང་ཐུན་ལ་རྒྱུག །སྔ་དགྲ་ལག་བརྡར་ཕྱི་དགྲ་ཡིད་ལ་སེམས། །ད་དགྲ་སྦྱོར་བའི་དགྲ་དཔུང་རྡུལ་དུ་རློགས། །བསམ་ངན་སྦྱོར་རྩུབ་བྱད་ཟོར་རྦོད་གཏོང་ཟློག །པྲ་བི་དྷེ་ཝི་ཡེ་གནོད་བྱེད་མི་ཁ་བྲ་མཆུ་བྱེད་མ་དྲོད་གཏོང་ཐམས་ཙད་བྷྱོ་བྷྱོ་ཟློག་ཟློག །སོ་སོར་བརྡེགས། དེ་ནས་རྒྱལ་པོ་བཞི་བཏེག་སྟེ། བྷྱོ༔ ཤར་ཕྱོགས་གནས་སྲུང་དྲི་ཟ་འབུམ་དང་བཅས། །དོ་ནུབ་དྲག་པོའི་ཟོར་དང་ཐུན་ལ་རྒྱུག །སྔ་དགྲ་ལག་བརྡར་ཕྱི་དགྲ་ཡིད་ལ་སེམས། །དེ་དགྲ་སྦྱོར་བའི་དགྲ་དཔུང་རྡུལ་དུ་རློགས། །བསམ་ངན་སྦྱོར་རྩུབ་བྱད་ཟོར་རྦོད་གཏོང་ཟློག །དྷི་རཱཥྛ་ཡེ་གནོད་བྱེད་མི་ཁ་བྲ་མཆུ་བྱད་མ་རྦོད་གཏོང་ཐམས་ཅད་བྷྱོ་བྷྱོ་ཟློག་ཟློག །བྷྱོ༔ ལྷོ་ཕྱོགས་འཕགས་སྐྱེས་གྲུལ་བུམ་འབུམ་དང་བཅས། །དོ་ནུབ་དྲག་པོའི་ཟོར་དང་ཐུན་ལ་རྒྱུག །སྔ་དགྲ་ལག་བརྡར་ཕྱི་དགྲ་ཡིད་ལ་སེམས། །ད་དགྲ་སྦྱོར་བའི་དགྲ་དཔུང་རྡུལ་དུ་རློགས། །བསམ་ངན་སྦྱོར་རྩུབ་བྱད་ཟོར་རྦོད་གཏོང་ཟློག །བྷེ་རུ་ཌྷ་ཀ་ཡེ་གནོད་བྱེད་མི་ཁ་བྲ་མཆུ་བྱད་མ་ཆོད་གཏོང་ཐམས་ཅད་བློ་བྷྱོ་ཟློག་


CMR013_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

ཟློག །བྷྱོ༔ ནུབ་ཕྱོགས་སྤྱན་བཟང་ཀླུ་བདུད་འབུམ་དང་བཅས། །དོ་ནུབ་དྲག་པོའི་ཟོར་དང་ཐུན་ལ་རྒྱུག །སྔ་དགྲ་ལག་བརྡར་ཕྱི་དགྲ་ཡིད་ལ་སེམས། །ད་དགྲ་སྦྱོར་བའི་དགྲ་དཔུང་རྡུལ་དུ་རློགས། །བསམ་ངན་སྦྱོར་རྩུབ་བྱད་ཟོར་རྦོད་གཏོང་ཟློག །བེ་རུ་བྷཀྵ་ཡེ་གནོད་བྱེད་མི་ཁ་བྲ་མཆུ་བྱད་མ་རྦོད་གཏོང་ཐམས་ཅད་བློ་བྷྱོ་ཟློག་ཟློག༔ ༣བྱོ༔ བྱང་ཕྱོགས་རྣམ་སྲས་གནོད་སྦྱིན་འབུམ་དང་བཅས། །དོ་ནུབ་དྲག་པོའི་ཟོར་དང་ཐུན་ལ་རྒྱུག །སྔ་དགྲ་ལག་བརྡར་ཕྱི་དགྲ་ཡིད་ལ་སེམས། །ད་དགྲ་སྦྱོར་བའི་དགྲ་དཔུང་རྡུལ་དུ་རློགས། །བསམ་ངན་སྦྱོར་རྩུབ་བྱད་ཟོར་རྦོད་གཏོང་ཟློག །བེ་ཤྲ་བ་ཎ་ཡེ་གནོད་བྱེད་མི་ཁ་བྲ་མཆུ་བྱད་མ་རྦོད་གཏོང་ཐམས་ཅད་སྦྱོ་བྷྱོ་ཟློག་ཟློག །ཧཱུྃ། ལེགས་ལྡན་ནག་པོ་མགོན་པོ་ཡོངས་ཀྱི་གཙོ། །དོ་ནུབ་དྲག་པོའི་ཟོར་དང་ཐུན་ལ་རྒྱུག །སྔ་དགྲ་ལག་བརྡར་ཕྱི་དགྲ་ཡིད་ལ་སེམས། །ད་དགྲ་སྦྱོར་བའི་དགྲ་དཔུང་རྡུལ་དུ་རློགས། །བསམ་ངན་སྦྱོར་རྩུབ་བྱད་ཟོར་རྦོད་གཏོང་ཟློག །མ་ཧཱ་ཀཱ་ལ་ཡེ་གནོད་བྱེད་མི་ཁ་བྲ་མཆུ་བྱད་མ་རྦོད་གཏོང་ཐམས་ཅད་བློ་སྦྱོ་ཟློག་ཟློག །ཧཱུཾ། དབང་ཕྱུག་རེ་ཏི་མ་


CMR013_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ཡོངས་ཀྱི་གཙོ། །དོ་ནུབ་དྲག་པོའི་ཟོར་དང་ཐུན་ལ་རྒྱུག །སྔ་དགྲ་ལག་བརྡར་ཕྱི་དགྲ་ཡིད་ལ་སེམས། །ད་དགྲ་སྦྱོར་བའི་དགྲ་དཔུང་རྡུལ་དུ་རློགས། །བསམ་ངན་སྦྱོར་རྩུབ་བྱད་ཟོར་རྦོད་གཏོང་ཟློག །རེ་མ་ཏི་ཡེ་གནོད་བྱེད་མི་ཁ་བྲ་མཆུ་བྱད་མ་རྦོད་གཏོང་ཐམས་ཅད་བློ་བྷྱོ་ཟློག་ཟློག །ཧཱུྃ།་ཁྱབ་འཇུག་ཆེན་པོ་གཟའ་བདུད་ཡོངས་ཀྱི་གཙོ། །དོ་ནུབ་དྲག་པོའི་ཟོར་དང་ཐུན་ལ་རྒྱུག །སྔ་དགྲ་ལག་བརྡར་ཕྱི་དགྲ་ཡིད་ལ་སེམས། །ད་དགྲ་སྦྱོར་བའི་དགྲ་དཔུང་རྡུལ་དུ་རློགས། །བསམ་ངན་སྦྱོར་རྩུབ་བྱད་ཟོར་རྦོད་གཏོང་ཟློག །རཱ་ཧུ་ལ་ཡ་གནོད་བྱེད་མི་ཁ་བྲ་མཆུ་བྱད་མ་རྦོད་གཏོང་ཐམས་ཅད་བློ་སྦྱོ་ཟློག་ཟློག །ཧཱུྃ། དགྲ་ལྷ་པེ་ཧར་སྲོག་བདག་འབུམ་དང་བཅས། །དོ་ནུབ་དྲག་པོའི་ཟོར་དང་ཐུན་ལ་རྒྱུག །སྔ་དགྲ་ལག་བརྡར་ཕྱི་དགྲ་ཡིད་ལ་སེམས། །ད་དགྲ་སྦྱོར་བའི་དགྲ་དཔུང་རྡུལ་དུ་རློགས། །བསམ་ངན་སྦྱོར་རྩུབ་བྱད་ཟོར་རྦོད་གཏོང་ཟློག །གིང་ཀ་ར་ཡེ་གནོད་བྱེད་མི་ཁ་བྲ་མཆུ་བྱད་མ་རྦོད་གཏོང་ཐམས་ཅད་སྦྱོ་བྷྱོ་ཟློག་ཟློག །ཧཱུཾ། རྡོ་རྗེ་ལེགས་པ་བཙན་འཁོར་སུམ་བརྒྱའི་ཚོགས། །དོ་ནུབ་དྲག་པོའི་ཟོར་དང་ཐུན་ལ་རྒྱུག །སྔ་


CMR013_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་ལག་བརྡར་ཕྱི་དགྲ་ཡིད་ལ་སེམས། །ད་དགྲ་སྦྱོར་བའི་དགྲ་དཔུང་རྡུལ་དུ་རློགས། །བསམ་ངན་སྦྱོར་རྩུབ་བྱད་ཟོར་རྦོད་གཏོང་ཟློག །བཛྲ་སཱ་དྷུ་ཡེ་གནོད་བྱེད་མི་ཁ་བྲ་མཆུ་བྱད་མ་རྦོད་གཏོང་ཐམས་ཅད་བློ་བྷྱོ་ཟློག་ཟློག །ཧཱུཾ། ཀླུ་བདུད་མགོ་དགུ་ཀླུ་དམག་འབུམ་དང་བཅས། །དོ་ནུབ་དྲག་པོའི་ཟོར་དང་ཐུན་ལ་རྒྱུག །སྔ་དགྲ་ལག་བརྡར་ཕྱི་དགྲ་ཡིད་ལ་སེམས། །ད་དགྲ་སྦྱོར་བའི་དགྲ་དཔུང་རྡུལ་དུ་རློགས། །བསམ་ངན་སྦྱོར་རྩུབ་བྱད་ཟོར་རྦོད་གཏོང་ཟློག །ནཱ་ག་རཀ་ཡེ་གནོད་བྱེད་མི་ཁ་བྲ་མཆུ་བྱད་མ་རྦོད་གཏོང་ཐམས་ཅད་བློ་བློ་ཟློག་ཟློག །དེ་ནས་ལས་མཁན་བཞི་ནས་གོང་གི་ཟོར་གྱི་ཚིག་ལ་གཏོར་ཟོར་རྒྱོབ་ཅེས་པའི་བར་ཚིག་བསྒྱུར་ལ། ༈ གཏོར་མ་གཙོ་བོ་རྐྱེན་ཁག་ཆེ་བ་ལ་མགོ་ཐོག་ཏུ་འགྲིམས་པའམ། །ལིང་ག་ལ་བརྡེག་ནས་བསྐུལ་པ་དང་བཞེས་འབོད་བྱ་སྟེ། ཧཱུྃ། ཡབ་གཅིག་དཔལ་ཆེན་ཁྲོ་རྒྱལ་གཤིན་རྗེའི་གཤེད། །གཟི་བརྗིད་དྲེགས་སྟོབས་རྔམས་པའི་བརྟུལ་ཞུགས་ཅན། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་བསམ་ལས་འདས། །དོ་ནུབ་དྲག་པོ་ཟོར་གྱི་ཕྲིན་ལས་མཛོད། །བྷྱོ་བྷེ་ཏ་ཙ་ལི་གོ་ཆ་ལྷ་ལྔ་དང་། །སྲས་མཆོག་རིགས་བཞི་ཡབ་ཡུམ་འཁོར་དང་


CMR013_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

བཅས། །སྣང་སྲིད་ལྷ་སྲིན་སྡེ་བརྒྱད་དམག་ཚོགས་རྣམས། །དོ་ནུབ་དྲག་པོའི་ཟོར་དང་ཐུན་ལ་རྒྱུག །སྔ་དགྲ་ལག་བརྡར་ཕྱི་དགྲ་ཡིད་ལ་སེམས། །ད་དགྲ་སྦྱོར་བའི་དགྲ་དཔུང་རྡུལ་དུ་རློགས། །བསམ་ངན་སྦྱོར་རྩུབ་བྱད་ཟོར་ཅོད་གཏོང་ཟློག །གནོད་བྱེད་མི་ཁ་བྲ་མཆུ་བྱད་མ་ཆོད་གཏོང་ཐམས་ཅད་བློ་བྷྱོ་ཟློག་ཟློག །ཨེ་ཀ་དུ་ན་ཟློག །མ་ཧཱ་དུ་ན་ཟློག །ས་ག་དུ་ན་ཟློག །ཙ་དུར་སྙིང་ལ་ཟློག །རྭ་ཙ་དུ་ན་ཟློག །སུམ་ཏྲི་རཀྵ་ཟློག །བྱད་ཟོར་ཕུར་ཁ་ཆག་ཆེན་ཉམ་ང་དགྲ་གྱོད་མི་ཁ་བྲ་མཆུ་ཐམས་ཅད་དགྲ་ལ་བྷྱོ་བྷྱོ་ཟློག་ཟློག༔ ༈ དགོངས་སུ་གསོལ་ལོ། །གསན་དུ་གསོལ་ལོ། །གཟིགས་སུ་གསོལ་ལོ། །ལྷོ་ཕྱོགས་ལས་ཀྱི་གཤིན་རྗེའི་གྲོང་ཁྱེར་གྲུ་གསུམ་མཐིང་ནག་འབར་བའི་གཞལ་ཡས་ནས། ཤ་ཁྲག་རྒྱ་མཚོ་འཁྱིལ་བའི་ནང་ཤེད། དམ་ཉམས་དགྲ་བགེགས་བསྒྲལ་བའི་གདན་སྟེང་ནས། འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་ལྷ་ཚོགས། འཁོར་དང་ཡང་འཁོར་སྤྲུལ་པ་དང་བཅས་པ། འཇམ་དཔལ་སྐུ་ཡི་ལྷ་ཚོགས། རྟ་མགྲིན་གསུང་གི་ལྷ་ཚོགས། ཕྱག་རྡོར་ཐུགས་ཀྱི་ལྷ་ཚོགས། ཆོས་རྒྱལ་ཡོན་ཏན་གྱི་ལྷ་ཚོགས། །


CMR013_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩི་འཁྱིལ་པ་ཕྲིན་ལས་ཀྱི་ལྷ་ཚོགས། ཡུམ་བྷེ་ཏཱ་ཙ་ལི། སྲས་མཆོག་རིགས་བཞི་ཡབ་ཡུམ། གཤིན་རྗེ་ཡ་མ་རཱ་ཛ། མ་མོ་ཨེ་ཀ་ཙཱ་ཏི། སྲིད་པའི་མ་མོ་བདུན་འབུམ། བཙན་རྒོད་ཡམ་ཤུད་དམར་པོ། བཙན་འཁོར་དྲག་པོ་སྟོང་སྡེ། བདུད་པོ་ཀོང་རྗེ་དྲང་དཀར། བདུད་དམག་བྱེ་བ་འབུམ་སྡེ། མགོན་པོ་ལེགས་ལྡན་ནག་པོ། ཕོ་རྒྱུད་མགོན་པོའི་དམག་ཚོགས། དཔལ་ལྡན་འདོད་ཁམས་དབང་ཕྱུག །མོ་རྒྱུད་མ་མོའི་དམག་ཚོགས། གཟའ་བདུད་དུག་གི་སྤུ་གྲི། གཟའ་བརྒྱད་གདོང་མོའི་དམག་ཚོགས། སྲོག་བདག་རྒྱལ་པོ་བེ་ཧར། རྒྱལ་འགོང་དགུ་ཁྲི་དགུ་འབུམ། དམ་ཅན་རྡོ་རྗེ་ལེགས་པ། མཆེད་འཁོར་སུམ་བརྒྱ་དྲུག་ཅུ། ཀླུ་བདུད་ནག་པོ་མགོ་དགུ། ཀླུ་བདུད་ཀླུ་བཙན་འབུམ་སྡེ། ཤར་ཕྱོགས་རྒྱལ་པོ་ཡུལ་འཁོར་སྲུང་། དྲི་ཟ་བྱེ་བ་འབུམ་སྡེ། ལྷོ་ཕྱོགས་རྒྱལ་པོ་འཕགས་སྐྱེས་པོ། གཤིན་རྗེ་བྱེ་བ་འབུམ་སྡེ། ནུབ་ཕྱོགས་རྒྱལ་པོ་སྤྱན་མི་བཟང་། ཀླུ་རིགས་བྱེ་བ་འབུམ་སྡེ། བྱང་ཕྱོགས་རྒྱལ་པོ་རྣམ་ཐོས་སྲས། གནོད་སྦྱིན་བྱེ་བ་འབུམ་སྡེ། དབང་པོ་བརྒྱ་བྱིན་དྲི་ཟའི་དམག་ཚོགས། ཨཧྥེ་རཱ་ཛ་


CMR013_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

དྲང་སྲོང་གི་དམག་ཚོགས། ཡ་མ་རཱ་ཛ་གཤིན་རྗེའི་དམག་ཚོགས། ནི་རི་ཏི་སྲིན་པོའི་དམག་ཚོགས། ཝ་རུ་ཎ་ཀླུའི་དམག་ཚོགས། བ་ཡ་ཝེ་རླུང་ལྷའི་དམག་ཚོགས། ཀུ་བེ་ར་གནོད་སྦྱིན་གྱི་དམག་ཚོགས། འབྱུང་པོ་དབང་ལྡན་བགེགས་ཀྱི་དམག་ཚོགས། གཙུག་ཕུད་ཅན་ཚངས་པའི་དམག་ཚོགས། ས་ཡི་ལྷ་མོ་ས་བདག་གི་དམག་ཚོགས། བཀའ་སྣང་ཞིང་སྲིད་པའི་ལྷ་མ་སྲིན་སྡེ་བརྒྱད། དམ་ལ་གནས་པ། མཆེད་ལ་སྡང་བ། ཤ་ལ་དགའ་བ། ཁྲག་ལ་རྔམས་པ་རྣམས་གསན་ཅིང་དགོངས་སུ་གསོལ་ལོ། །༈ །ཀྱེ་དཔལ་གྱི་བཀའ་སྡོད་ལས་མཁན། ཆོས་སྐྱོང་བའི་སྲུང་མ་ལྷ་སྲིན་དྲག་རྩལ་ཅན་ཁྱེད་རྣམས་ལ། བསྟན་པའི་དགྲ་བོ་དམ་ཉམས་མིང་བྱང་བུ་ལ་བྲིས་པ། བླ་འཁོར་ལོ་ལ་བསྐོར་བ། གཟུགས་ལིང་ག་ལ་བཀོད་པ་འདིས། ད་རྣམས་ལ་འགྲས་བཙལ་ཕུད་བཙུགས་དོ་བསྡོས་ལྷ་ཁྱེད་ལ་མཐུ་མེད་ཟེར་ནས་སྨད། རྣལ་འབྱོར་བདག་ལ་ལྷ་མེད་ཟེར་ནས་བརྙས། སངས་རྒྱས་ཀྱི་བསྟན་པ་བཤིག །དཀོན་མཆོག་གི་དབུ་འཕང་སྨད། དགེ་འདུན་གྱིས་དཀོར་ལ་འཕྲོག །རྡོ་རྗེ་སློབ་དཔོན་གྱི་སྐུ་ལ་བསྡོས། སྔགས་འཆང་རྣམས་


CMR013_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འཚེ། མནའ་ཟ་ཞིང་སེམས་ཅན་ཡོངས་ལ་འཚེ། དགེ་བ་བཅུ་ཁྱད་དུ་བསད། མི་དགེ་བཅུ་དང་དུ་བླངས། མཚམས་མེད་པ་ལྔའི་འབྲས་བུ་སྨིན། བསྒྲལ་བའི་ཞིང་བཅུ་འདི་ལ་ཚང་། ༈ འོ་འོ་སངས་རྒྱས་བསྟན་པའི་སྤྱི་དགྲ། དཔལ་ལྡན་བླ་མ་དམ་པའི་སྐུ་དགྲ། ཁྱད་པར་དུ་བདག་ཅག་སློབ་དཔོན་བསྲུང་བྱ་རྣམས་ཀྱི་ཚེ་ལ་བརྐུ་བ། སྲོག་ལ་འཇབ་པ། བླ་ལ་ཁྱེར་བ། གོད་ཁ་དང་ཆོ་འཕྲུལ་གཏོང་བ། བྱད་ཁ་དང་ཕུར་ཁ་སྟོན་པ། གཏད་སེར་དང་མནན་འཁོར་གྱི་ཁྲམ་ལ་འདེབས་པ། བསམ་ངན་དང་དུག་སྦྱོར་ཤོམས་པ། སྔ་དགྲ་ལག་གིས་བརྡར་བ། ཕྱི་དགྲ་ཡིད་ལ་སེམས་པ། ད་དགྲ་ཐད་དུ་ལང་བ། དམག་སྣ་དང་ཇིག་སྣ་རྐུན་སྣ་སྟོན་པ། མ་ཉེས་པའི་ཁ་ཡོག་འབེབས་པ། མཐོ་ནོན་ཕྲག་དོག་བྱེད་པ། ལུས་ལ་མཚོན་ཆ་འདེབས་པ། སེམས་ལ་སྡུག་བསྔལ་གཏོང་བ། སྒབ་འདྲེ་དང་ཕུང་དཀྲུགས་བྱེད་པ། ཡིད་ལ་དམིགས་པའི་དགྲ་བགེགས། ཚེ་འདིར་གནོད་པར་འགྱུར་པའི་ལས་ངན་སྡིག་ཅན་འདི་རྣམས། ༈ འཇམ་དཔལ་གཤིན་རྗེའི་གཤེད་འཁོར་དྲེགས་པ་སྡེ་བརྒྱད་དང་བཅས་པའི་ཞལ་དུ་ད་


CMR013_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་ཉིད་དུ་བཞེས་ཤིག །གཤིན་རྗེ་ལྷ་སྲིན་ཁྱེད་རྣམས་ཀྱིས་གནོད་བྱེད་དགྲ་བགེགས་ཀྱི་སྟེང་དུ་མགྱོགས་པའི་རྟ་བརྟོད་གཅིག །རྣོ་བའི་མཚོན་བརྡར་ཅིག །ཇག་རྒྱུགས་ཤིག་རྟགས་དང་མཚན་མ་མངོན་དུ་སྟོན་ཅིག །སྐུ་གསུང་ཐུགས་མ་གཡེལ་ཅིག །དམ་ཉམས་དགྲ་བོ་འདིའི་གནམ་གྱི་འཇུ་ཐག་ཆོད་ཅིག་།ས་ཡི་བརྟན་ཕུར་ཕུད་ཅིག །དཔལ་ལྡན་མགོན་པོས་བཀའ་ཆད་ཐོངས་ཤིག །མ་མོས་དལ་ཡམས་ཐོངས་ཤིག །བདུད་ཀྱིས་ཞགས་པ་ཐོབ་ཅིག །གཤིན་རྗེས་ཁྲམ་ལ་ཐོབ་ཅིག །བཙན་གྱིས་གྲི་འཐབ་ཕོབ་ཅིག །ཀླུ་བདུད་ནག་པོས་མཛེ་ནད་ཐོངས་ཤིག །སྲོག་བདག་རྒྱལ་པོས་སྨྱོ་འབོག་ཐོངས་ཤིག །རྡོ་རྗེ་ལེགས་པས་ཆོ་འཕྲུལ་སྟོན་ཅིག །ཤན་པ་དམར་པོས་སྲོག་རྩ་ཆོད་ཅིག་།ཚེ་བདག་ནག་པོས་ཚེ་སྲོག་ལྟུང་ཅིག །ལྷ་སྲིན་སྡེ་བརྒྱད་ཀྱིས་སྙིང་རྩ་ཕྱུང་ཅིག །ནད་རིགས་བཞི་བརྒྱ་རྩ་བཞི་ཕོབ་ཅིག །ཡར་གྱི་ཕོ་རྒྱུད་ཆོད་ཅིག །མར་གྱི་མོ་རྒྱུད་ཆོད་ཅིག །བར་གྱི་བུ་རྒྱུད་ཆོད་ཅིག །མཚན་གྱི་བུ་དང་ཕྲོལ་ཅིག །སྒོ་ཡི་ནོར་དང་ཕྲོལ་ཅིག །གཞི་ཡི་སྐྱེ་རྒྱུད་ཆོད་ཅིག །འགོ་བའི་ལྷ་དང་ཕྲོལ་ཅིག༔


CMR013_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་པའི་བདུད་དང་སྤྱོད་ཅིག །ལས་ཀྱི་ལིང་ཐོབ་ཅིག །བརྟན་པའི་མཁར་ཤིག་ཅིག །སྲུང་བའི་གུར་ཆོམ་ཅིག །དཀྱིལ་འཁོར་ཀྱི་དཀྱིལ་དཀྲུག་ཅིག །ཚེ་ཡི་འདུ་བྱེད་སྐུམ་ཅིག །སྲོག་གི་དབང་པོ་བསྡུས་ཤིག །ཚེ་ཕྱི་མ་ལ་དུས་མ་འདེབས། ནམ་མཁའ་སྟོང་པ་ལ་ཚད་མ་བཙུགས། ལོ་དང་ཟླ་བར་མ་འགོར་ཅིག །ཞག་དང་ཟ་མར་མ་འགྱང་ཅིག །འཁོར་དཀྲུགས་ཚང་ཤིག །སྡེ་ཕ་ཚན་ལ་བབ་ན་གནམ་རྡིབ་པ་བཞིན་དུ་ཐོངས་ཤིག །མ་ཚན་ལ་བབ་ན་ས་ཞོམས་པ་བཞིན་དུ་ཐོངས་ཤིག་གཙོ་བོ་ལ་བབ་ན་རི་ཉིལ་བ་བཞིན་དུ་ཐོངས་ཤིག །མི་ཅིག་པ་ལ་བབ་ན་གཏིང་ཕུད་པ་བཞིན་དུ་ཐོངས་ཤིག །གཞོན་ནུ་ལ་བབ་ན་ཤིང་བཅད་པ་བཞིན་དུ་ཐོངས་ཤིག །རྒན་པོ་ལ་བབ་ན་སྡོང་རྒན་རྩ་ནས་འགྱེལ་པ་བཞིན་དུ་ཐོངས་ཤིག །རྒན་མོ་ལ་བབ་ན་ཐོག་རྡིབ་པ་བཞིན་དུ་ཐོངས་ཤིག །ཆུང་བྱིས་པ་ལ་བབ་ན་མེ་ཏོག་སད་ཀྱིས་ཁྱེར་བཞིན་དུ་ཐོངས་ཤིག །སྨན་བུ་མོ་ལ་བབ་ན་སྨྱུག་ཕྲན་ཟོར་བས་བྲེག་པ་བཞིན་དུ་ཐོངས་ཤིག །ནོར་ཕྱུགས་ལ་བབ་ན་ནགས་ཚལ་ལ་མེ་མཆེད་པ་བཞིན་དུ་ཐོངས་ཤིག །དམ་


CMR013_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་བསྟན་དགྲ་མིང་དུ་བྲིས་པ་གཟུགས་སུ་བཀོད་པ་ཡིད་ལ་མནག་པ་འདི། རི་རྡོ་ཐང་ལ་ལྷུང་བ་བཞིན་དུ་ཐོངས་ཤིག །བྱ་སྤུ་རླུང་གིས་གཏོར་བ་བཞིན་དུ་ཐོངས་ཤིག །ཤིང་ཏ་ལའི་ལོ་མ་བཅད་པ་བཞིན་དུ་ཐོངས་ཤིག །བྱེ་མ་ཆུས་བཤལ་བ་བཞིན་དུ་ཐོངས་ཤིག །རྔ་མོང་གི་རྗེའུ་གཏོར་བ་བཞིན་དུ་ཐོངས་ཤིག །ངང་མོ་ཁྱོ་ཤི་བ་བཞིན་དུ་ཐོངས་ཤིག །སྒོ་ང་བྲག་ལ་རྒྱབ་པ་བཞིན་དུ་ཐོངས་ཤིག །བྱིས་ཚང་རྡོག་པས་བརྫིས་པ་བཞིན་དུ་ཐོངས་ཤིག །ཐལ་བ་རྡུལ་ཕྲན་བཞིན་དུ་ཐོངས་ཤིག །ཅེས་སྔགས་རིང་དང་བསད་སྔགས་བརྗོད་ཅིང་གཏོར་མ་ལིང་ག་ལ་བརྡེགས། དར་ནག་གཡབ། ༈ དེ་ནས་གཏོར་སྣོད་ཁ་སྦུབ་ལ། དེ་ཡི་འོག་ཏུ་དགྲ་བགེགས་ཚུད་པར་བསམས་ལ། ཧཱུྃ། བསྟན་པའི་དགྲ་བོ་དམ་ཉམས་འདི། །མནན་ནམ་དེ་ནི་མ་མནན་ན། །རི་རབ་ཆེན་པོའི་ཞབས་སུ་མནན། །མནན་ནོ་དེ་ནི་མ་ལྡང་ཞིག །བསྟན་པའི་དགྲ་བོ་མ་ལྡང་ཞིག །བསྒྱུར་རམ་དེ་ནི་མ་བསྒྱུར་ན། །རྒྱ་མཚོ་ཆེན་པོའི་གཏིང་དུ་བསྐྱུར། །བསྒྱུར་རོ་དེ་ནི་མ་ལྡང་ཞིག །བསྟན་པའི་དགྲ་བོ་དམ་ཉམས་འདི། །བརྫངོས་སམ་དེ་ནི་མ་རྫོངས་ན། །ཆུ་སྲིན་གདུག་པའི་གྲེ་བར་རྫོངས། །རྫོང་ངོ་དེ་


CMR013_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

ནི་མ་ལྡང་ཞིག །བསྟན་པའི་དམ་ཉམས་དགྲ་བགེགས་འདི། །བསྐྱོན་ནམ་དེ་ནི་མ་བསྐྱོན་ན། །འཁོར་ལོ་འབར་བའི་རྩིབས་ལ་བསྐྱོན། །བསྐྱོན་ནོ་དེ་ནི་མ་ལྡང་ཞིག །ཧཱུཾ། འཁོར་འདས་དབང་བསྒྱུར་འཇམ་དཔལ་གཤིན་རྗེའི་གཤེད། །ཆོས་ཀྱི་དབྱིངས་ལས་ལོངས་སྐུར་སྐུ་བཞེངས་ནས། །སྟོང་གསུམ་སྲིད་གསུམ་འདུལ་བའི་རྡོ་རྗེའི་བྲོ། །བརྡུངས་བས་དགྲ་བགེགས་དམ་སྲི་རྡུལ་དུ་རློག །དགྲ་བགེགས་དམ་སྲི་ཨོཾ་ལཾ་ཧཱུཾ་ལཾ་སུཾ་བྷ་ཡ་མཱ་ར་ཡ་ནན། དེ་ནས་ནང་དུ་ལོག་ལ་ཚེ་འགུགས་སྤྱི་ལྟར་བྱའོ། །མཆོད་བསྟོད་བསྡུས་པ་ཙམ་བྱ། ཧཱུྃ། དུས་གསུམ་དཀོན་མཆོག་མ་ལུས་ཀུན་འདུས་པའི། །འཇམ་དཔལ་སྐུ་ཡི་ལྷ་ཚོགས་མ་ལུས་རྣམས། །མཁྱེན་བརྩེ་ནུས་སྟོབས་མཐར་ཕྱིན་འགྲོ་བའི་དཔལ། །ཡིད་བཞིན་ནོར་མཆོག་འདོད་དགུ་མི་ཟད་གཏེར། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་སྒོ་ཕྱེས་ནས། །ཞི་རྒྱས་དབང་དྲག་མཆོག་དང་ཐུན་མོང་ཀུན། །མོས་པའི་བུ་ལ་དུས་འདིར་བརྩེ་བས་དགོངས། །དངོས་གྲུབ་དམ་པ་མ་ལུས་བསྩལ་དུ་གསོལ། །ཨོཾ་མཉྫུཤྲཱི་ཡ་མཱནྟ་ཀ་ཡ་མ་རཱ་ཙ་སིདྡྷི་ཕ་ལ་ཧཱུྃ། ཞེས་གཏོར་མ་དངོས་གྲུབ་ཏུ་བླངས། བཟོད་གསོལ་ནི། ཧོཿ


CMR013_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

བདག་སོགས་མ་རིག་ལུས་དང་ངག་སེམས་ཀྱིས། །བསྐྱེད་རྫོགས་བསྙེན་སྒྲུབ་ཚུལ་བཞིན་མ་འགྲུབ་སོགས། །ལྷག་ཆད་ནོར་འཁྲུལ་ཉེས་སོགས་གང་མཆིས་པ། །མཁྱེན་མངའ་ལྷ་ལི་མཐོལ་བཤགས་བཟོད་པར་གསོལ། །ཨོཾ་ཡ་མཱན་ཀ་སཏཱ་ས་མ་ཡ་སོགས་སཏྭ་ཨཱཿ དབྱངས་གསལ་རྟེན་འབྲེལ་སྙིང་པོ་བརྗོད། ཧཱུྃ། སྐྱེ་མེད་ངང་ནས་འགག་མེད་སྐུར་ཤར་བ། །གང་འདུལ་ཆོ་འཕྲུལ་སྟོན་མཛད་སྐུ་མཆོག་ལྷ། །སྨིན་གྲོལ་ཆོས་འཁོར་འགྲོ་བ་མ་ལུས་སྐུ། །སླར་ཡང་ཆོས་དབྱིངས་སྐྱེ་མེད་ངང་དུ་བསྡུ། །ཨོཾ་ཨཱཿཧཱུྃ་བཛྲ་མུ། ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྡུ། ཧཱུྃ། འཇའ་ཚོན་ཆུ་ཟླ་ལྟ་བུ་ཞེན་མེད་ལུས། །ངར་འཛིན་རྣམ་རྟོག་རང་བྱུང་དཔལ་ཆེན་གྱི། །སྐུ་གསུང་ཐུགས་ཀྱི་རྒྱས་གདབ་དུས་ཀུན་ཏུ། །ཐབས་ཤེས་ཟུང་འབྲེལ་འགྲོ་འདུལ་སྤྱོད་ལམ་བྱའོ། །ཨོཾ་བཛྲ་མ་མ་ཧྲཱིཿ ཞེས་དང་། བཀྲ་ཤིས་བསྔོ་བ་སྨོན་ལམ་གང་འོས་སྤྱི་ལྟར་བྱའོ། །སྐུ་རིམ་གཏོར་ཟློག་སོགས་དང་། ཁ་ལ་རྒྱས་འདེབས། འགུགས་པ། མནན་པ། བསད་པ། བཅིངས་བ་སོགས་གཞུང་འདི་ལས་ཁོག་ཕུབ་ནས་ཚིག་གིས་བསྒྱུར་སོ་དང་། དམིགས་པའི་བྱེ་བྲག་ཞལ་ལས་ཤེས་སོ། །ཞེས་ཟུར་མཁར་པའི་ལུགས་གབ་འཁྲུགས་བུ་ཡིག་བསྡེབ་


CMR013_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། རཱ་ག་ཨ་སྱས་སོ།། །༈ གླེགས་བམ་འདི་ཉིད་བཞེངས་པ་དང་། །འཆང་དང་ཀློག་པའི་དགེ་བའི་མཐུས། །བདག་ཅག་མཆེད་གཉིས་འཁོར་བཅས་དང་། །འཚོ་བ་སྦྱོར་བའི་ཡོན་བདག་རྣམས། །ཚེ་འདིར་བཀྲ་ཤིས་ཚེ་རིང་ཞིང་། །བདེ་སྐྱིད་ཕུན་སུམ་ཚོགས་པ་དང་། །ནམ་ཞིག་འདི་ནས་འཕོས་མ་ཐག །བདེ་བ་ཅན་དུ་སྐྱེ་ཕྱིར་བསྔོ། །ཞེས་པ་༧ ཨ་རཱ་གས་སོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousའཇམ་དཔལ་ཕ་རོལ་རྒོལ་འཇོམས་ཀྱི་འབུལ་ཁའི་འདོན་འགྲིགས།no next