Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
དུར་ཁྲོད་བདག་མོ་ངན་ནེ་མའི་གསོལ་ཁ་བསྡུས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདུར་ཁྲོད་བདག་མོ་ངན་ནེ་མའི་གསོལ་ཁ་བསྡུས་པ།next

དུར་ཁྲོད་བདག་མོ་ངན་ནེ་མའི་གསོལ་ཁ་བསྡུས་པ།


CMR015_Page_0009
[མ་དཔེ་གཟིགས་ན་འདིར་གནོན།]

དུར་ཁྲོད་བདག་མོ་ངན་ནེ་མའི་གསོལ་ཁ་བསྡུས་པ་ནི། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་ལྷོ་ནུབ་བདེན་བྲལ་མུན་པ་ཅན་གྱི་དུར་ཁྲོད་དང་། རྒྱ་གར་རྒྱ་ནག་བོད་ཡུལ་ལ་སོགས་གར་བཞུགས་སོ་སོའི་གནས་ནས་དུར་ཁྲོད་བདག་མོ་ངན་ནེ་མ་འཁོར་དང་བཅས་པ་སྐད་ཅིག་གིས་སྤྱན་དྲངས། ཀྱེ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་ལྷ་མོ་ཆེ། །ལྷོ་ནུབ་བདེན་བྲལ་དུར་ཁྲོད་ནས། །དུར་ཁྲོད་ལྷ་མོ་ངན་ནེ་མ། །མ་མོ་མཁའ་འགྲོའི་ཚོགས་དང་བཅས། །དམ་ཚིག་ཅན་གྱིས་སྤྱན་འདྲེན་ནོ། །དམ་ལས་མ་འདའ་ད་ཚུར་བྱོན། །སྙན་པའི་དབྱངས་ཀྱི་སྐད་ལ་བྱོན། །རྔ་དང་རོལ་མོའི་སྒྲ་ལ་བྱོན། །ལྷ་བསང་དུད་པའི་ངད་ལ་བྱོན། །མདའ་དར་མེ་ལོང་མདངས་ལ་བྱོན། །འདིར་བྱོན་དམ་རྫས་འདི་བཞེས་ལ། །གཉིས་མེད་རྟེན་ལ་བརྟན་པར་བཞུགས། །མ་ཧཱ་ར་ལི་པྲ་མ་ལི་ས་མ་ཡ་ཧྲཱིཿ ཧཱུྃ། ཁྱེད་ལ་མཐུན་རྫས་མཆོད་པ་འབུལ་བ་ནི། །བདུད་རྩི་སྨན་རཀ་ཚོགས་ཀྱི་ཡོ་བྱད་དང་། །འོ་ཕུད་སྨན་སྣ་དམར་གྱི་གཏོར་མ་དང་། །བསང་དང་གསེར་སྐྱེམས་གཏོར་མ་འདི་བཞེས་ལ། །སངས་རྒྱས་བསྟན་སྲུང་


CMR015_Page_0010
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་སྐུ་ཚེ་སྲིངས། །ཡོན་བདག་རྐྱེན་སོལ་བསྒྲུབ་པའི་མཐུན་རྐྱེན་སྒྲུབས། །དགྲ་ཇག་རྐུན་གསུམ་མགོ་ཐུམ་ཡན་ལག་ཆིངས། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །བྷྱོ༔ དུར་ཁྲོད་བདག་མོ་ལྷ་མོ་ངེ་ནེ་མ། །དཀོར་བདག་ཆེན་པོ་དམ་ཚིག་བརྩེ་གདུང་ཅན། །སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་མ། །ཕྱག་གཡས་ལྕགས་ཀྱུ་གཡོན་པས་སྤུ་གྲི་བསྣམས། །གཡས་བསྐུམ་གཡོན་བརྐྱང་བམ་རོའི་གདན་ལ་འགྱིངས། །མ་གཅིག་ངེ་ནེ་མ་ལ་ཕྱག་འཚལ་བསྟོད། །དམ་རྫས་བདུད་རྩིའི་གཏོར་མ་འདི་བཞེས་ལ། །སྐད་ཅིག་གཡེལ་བ་མེད་པར་གྲོགས་མཛོད་ལ། །མཐུན་རྐྱེན་ཀུན་འགྲུབ་འགལ་རྐྱེན་བར་ཆད་སོལ། །ཅི་བཅོལ་ལས་ཀུན་ཐོགས་མེད་མྱུར་འགྲུབ་མཛོད། །ཅེས་རཱ་ག་ཨ་སྱས་སྦྱར་བའོ།། །།


CMR015_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

ངེ་ནུས་མའི་བསང་བསྡུས་ནི། བྷྱོ༔ དབྱིངས་ཀྱི་ཡུམ་ཆེན་ཝ་རཱ་ཧི།་།དུར་ཁྲོད་མ་མོའི་རྣམ་འཕྲུལ་བའི། །དཀོར་སྲུང་ཆེན་མོ་འཁོར་བཅས་ལ། །བསང་དང་ཞི་དྲག་མཆོད་པའི་རྫས། །ཕུན་ཚོགས་འདོད་དགུའི་རྒྱ་མཚོ་འབུལ། །བདག་ཅག་གཞི་བྱེས་གར་འགྲོ་ཡང་། །མི་ནོར་ཁ་འཛིན་སྲུང་མ་དང་། །ཕྲིན་ལས་ཅི་བཅོལ་འགྲུབ་པར་མཛོད།།


CMR015_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousདུར་ཁྲོད་བདག་མོ་ངན་ནེ་མའི་གསོལ་ཁ་བསྡུས་པ།next