Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
མཁའ་འགྲོ་ངས་ནུས་མའི་མཆོད་ཕྲེང་བསྡུས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམཁའ་འགྲོ་ངས་ནུས་མའི་མཆོད་ཕྲེང་བསྡུས་པ།next

མཁའ་འགྲོ་ངས་ནུས་མའི་མཆོད་ཕྲེང་བསྡུས་པ།


CMR015_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་ངས་ནུས་མའི་མཆོད་ཕྲེང་བསྡུས་པ་བཞུགས་སོ།། བྷྱོ༔ རྒྱ་གར་རྡོ་རྗེ་གདན་དང་བསིལ་བ་ཚལ། །མུན་པ་ཅན་དང་ཉེ་བའི་ཚན་དྷོ་ཧ། །དེར་བཞུགས་། དཀོར་སྲུང་མཁའ་འགྲོ་ངས་ནུས་མ། །བདག་གིས་གདུང་བས་མ་གཅིག་ཁྱོད་འབོད་ན། །གློག་དམར་རླུང་དང་སྐར་མདའ་ཇི་བཞིན་དུ། །སྐད་ཅིག་ཡུད་ཀྱིས་གནས་འདིར་གཤེགས་སུ་གསོལ། །རིན་ཆེན་པད་ཟླའི་གདན་ལ་བཞུགས་སུ་གསོལ། །ཨོཾ་ར་ལི་པྲ་མ་ཡ་ཛ་ཛཿ ཛཧཱུྃ་བཾ་ཧོ༔ ས་མ་ཡ་ཏིཥྛ་ལྷན། བྷྱོ༔ མཁའ་འགྲོའི་བདག་མོ་ཡིད་མཐུན་མཆོད་པའི་ཚོགས། །མེ་ཏོག་སྣ་ཚོགས་སྤོས་དཀར་དུད་པ་དང་། །གསེར་དངུལ་གྱི་རུ་མུ་ཏིག་ཤེལ་གྱི་འོད། །ཇ་ཆང་ཕུད་རྒོད་དཀར་གསུམ་མངར་གསུམ་དང་། །རྔ་དུང་ཌཱ་རུ་པི་ཝང་དྲིལ་བུའི་སྒྲ། །བདུད་རྩི་ར་ཁྲག་དམར་གཏོར་ར་ཤས་བརྒྱན། །མདའ་དར་སྟག་གཟིག་དངུལ་དཀར་མེ་ལོང་ཚོགས། །སྦ་སྨྱུག་གླིང་བུ་ལ་སོགས་དངོས་འབྱོར་དང་། །ཡིད་སྤྲུལ་མཁའ་མཉམ་མཆོད་སྤྲིན་དཔག་མེད་ཀྱིས། །མཁའ་འགྲོའི་བདག་མོ་འཁོར་དང་བཅས་པ་ཡི། །ཐུགས་དམ་བསྐང་ཕྱིར་འབུལ་གྱིས་བཞེས་སུ་གསོལ། །


CMR015_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ར་ལི་པྲ་མ་ཡ་ཛ་ཛཿ སརྦ་པཉྩ་ཨ་མྲྀཏ་རཀྟ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། ཨགྷཾ་སོགས། བྷྱོ༔ དུར་ཁྲོད་བདག་མོ་མཁའ་འགྲོ་ངས་ནུས་མ། །སྐུ་མདོག་ཕྱག་མཚན་མ་ངེས་ཅིར་ཡང་སྟོན། །དམར་མོ་སེར་མོ་སྔོན་མོ་ལྕགས་མདོག་མ། །ནག་མོ་སོལ་མདོག་སྔོ་སྐྱ་ཐལ་མདོག་མ། །ཆ་ལུགས་ཚུལ་བཞིན་མཁའ་འགྲོ་དུང་རྣ་ཅན། །དུར་ཁྲོད་བདག་མོ་ངས་ནུས་མ་ལ་བསྟོད། །མཁས་བཙུན་ཡོངས་ཀྱི་དཀོར་བདག་ཁྱེད་ལ་བསྟོད། །མ་མོ་ཡོངས་ཀྱི་དཀོར་སྲུང་ཁྱོད་ལ་བསྟོད། །གཞི་བྱེས་ལམ་གསུམ་ཀ་ཆ་ཟས་ནོར་རྣམས། །དགྲ་རྐུན་ཇག་གསུམ་ལག་ཏུ་མ་བཏང་ཞིག །ལྕགས་མཁར་དགུ་རིམ་ནང་དུ་ཚུད་པ་ལྟར། །མ་གཅིག་དཀོར་དད་ཅན་གྱིས་དཀོར་སྲུངས་ཤིག །པདྨའི་བཀའ་བཞིན་བཅོལ་བའི་ཕྲིན་ལས་མཛོད། །ཅེས་པ་དཀོར་བདག་མཁའ་འགྲོ་ངས་ནུས་མའི་མཆོད་ཕྲེང་༧ ཨ་རཱ་གས་བྲིས་པ། །མངྒ་ལཾ། །


previousམཁའ་འགྲོ་ངས་ནུས་མའི་མཆོད་ཕྲེང་བསྡུས་པ།next