Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
ཐུགས་རྗེ་ཆེན་པོའི་དཀོར་སྲུང་ངེ་ནུས་མའི་རྒྱུན་གྱི་གསོལ་མཆོད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཐུགས་རྗེ་ཆེན་པོའི་དཀོར་སྲུང་ངེ་ནུས་མའི་རྒྱུན་གྱི་གསོལ་མཆོད།next

ཐུགས་རྗེ་ཆེན་པོའི་དཀོར་སྲུང་ངེ་ནུས་མའི་རྒྱུན་གྱི་གསོལ་མཆོད།


CMR015_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོའི་དཀོར་སྲུང་ངེ་ནུས་མའི་རྒྱུན་གྱི་གསོལ་མཆོད་ནི། གཏོར་མ་སོགས་དཀར་གསུམ་བཤམས་ལ། ཨོཾ་ཨ་མྲྀ་ཏས་བསང་སྦྱང་། བྷཾ་ལས་རིན་པོའི་སྣོད་དུ་གཏོར་མ་འདོད་པའི་ཡོན་»ཏན་སྣ་ཚོགས་ཀྱིས་གང་བར་གྱུར། ཨོཾ་ཀཱ་རོ་སོགས་གསུམ། ཨོཾ་ར་ལི་པྲ་མ་ཡ་ཛ་ཛཿ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཧཱུྃ༔ མ་མོ་ནག་མོ་མཐུ་སྟོབས་ཅན༔ མུ་སྟེགས་ལྷ་མོ་རྫུ་འཕྲུལ་བདག༔ ནོར་སྲང་གཅིག་གི་རྗེས་གཅོད་མ༔ ནས་བྲེ་གང་གི་ཕྱི་འབྲང་མ༔ དཀོར་བདག་ཆེན་མོ་དེ་ནུས་མ༔ བརྒྱན་གྱི་གཏོར་མ་འདི་བཞེས་ལ༔ དཀོར་ནོར་ཀ་ཆ་ཐུབ་པར་སྲུངས༔ དགྲ་ཇག་ཆོམ་རྐུན་གཅན་གཟན་ཆིངས༔ དམ་བཅའ་ཐུགས་དམ་དུས་ལ་བབ༔ ཨོཾ་ར་ལི་པྲ་མ་ཡ་ཛ་ཛཿ དགྲ་རྐུན་ཇག་གསུམ་བྷནྡྷ་བྷནྡྷ་ས་ཧཱ་ཞེས་བཟླས་གཏོར་མ་ཕྱོགས་སུ་ཕུལ། ཞེས་པ་གནམ་ཆོས་གཏེར་གཞུང་ལས་རཱ་གས་བསྒྲིགས་པའོ།། །། ༈ བྷྱོ༔ དུར་ཁྲོད་བརྒྱད་དང་ཉེར་བཞི་ཡུལ་སྐྱོང་བའི། །དཀོར་གྱི་བདག་མོ་རྡོ་རྗེ་ངས་ནུས་མ། །འདིར་གཤེགས་དམར་གྱི་གཏོར་མ་སྨན་རཀ་ཆང་། །དམ་རྫས་རྣམ་པ་དུ་མའི་མཆོད་པ་འབུལ། །རྣལ་འབྱོར་བདག་གི་དཀོར་ནོར་ཁབ་སྐུད་


CMR015_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག །གཞན་ལ་མ་བསྐུར་སྲུང་སྐྱོབ་སྤེལ་བར་མཛོད། །ཨ་རཱ་གས་སོ། །སརྦ་མངྒ་ལཾ། །དགེ་ལེགས་ཆེར་འཕེལ།།


previousཐུགས་རྗེ་ཆེན་པོའི་དཀོར་སྲུང་ངེ་ནུས་མའི་རྒྱུན་གྱི་གསོལ་མཆོད།next