Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
ཐུགས་རྗེ་ཆེན་པོ་གསང་བ་འདུས་པ་ལས་དུར་ཁྲོད་བདག་མོ་ངེ་ནེ་མའི་དྲག་བསྐུལ་ཆོ་འཕྲུལ་སེར་འབེབས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཐུགས་རྗེ་ཆེན་པོ་གསང་བ་འདུས་པ་ལས་དུར་ཁྲོད་བདག་མོ་ངེ་ནེ་མའི་དྲག་བསྐུལ་ཆོ་འཕྲུལ་སེར་འབེབས།next

ཐུགས་རྗེ་ཆེན་པོ་གསང་བ་འདུས་པ་ལས་དུར་ཁྲོད་བདག་མོ་ངེ་ནེ་མའི་དྲག་བསྐུལ་ཆོ་འཕྲུལ་སེར་འབེབས།


CMR015_Page_0049
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་གསང་བ་འདུས་པ་ལས་དུར་ཁྲོད་བདག་མོ་ངེ་ནེ་མའི་དྲག་བསྐུལ་ཆོ་འཕྲུལ་སེར་འབེབས་བཞུགས་སོ༔


CMR015_Page_0050
[མ་དཔེ་གཟིགས་ན་འདིར་གནོན།]

འདིའི་གོང་ན་ལས་བྱང་སོང་ན་ལེགས་མ་ཁོམ་སྔགས་ཀྱིས་སྤྱན་དྲངས་ཀྱང་ཆོག༔ དམར་གཏོར་ལ་དགྲ་རྣམ་བཀུག་གཞུག་བྱས་ཏེ༔ རྩ་སྔགས་ཀྱིས་བསྔོས་ནས༔ བྷྱོ༔ དུས་གསུམ་སངས་རྒྱས་འབྱོན་པའི་གནས༔ རྒྱ་གར་དབུས་ཀྱི་རྡོ་རྗེ་གདན༔ དེ་ཡི་ལྷོ་ནུབ་མཚམས་ཤེད་ན༔ མུན་པ་ཅན་གྱི་དུར་ཁྲོད་ནས༔ མ་མོ་དགའ་བྱེད་དབང་ཕྱུག་མ༔ སྡང་བའི་དགྲ་ལ་དམག་ལ་རྒྱུག༔ ཉི་ཤུ་རྩ་བཞིའི་གནས་ཀྱི་མཆོག༔ མཁར་ཆུ་ཉེ་བའི་ཚོན་ས༔ དེར་བཞུགས་རྡོ་རྗེ་ངེ་ནེ་མ༔ སྡང་བའི་དགྲ་ལ་དམག་ལ་རྒྱུག༔ སློབ་དཔོན་པདྨ་འབྱུང་གནས་ཀྱི༔ སྤྱན་སྔར་ཁས་བླངས་དམ་བཅས་པ༔ ཐུགས་


CMR015_Page_0051
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ཆེན་པོ་གསང་འདུས་ཀྱི༔ དཀོར་སྲུང་བྱེད་པར་མ་ཆད་དམ༔ ཐུགས་རྗེ་ཆེན་པོ་སྒྲུབ་པ་ཡི༔ ཆ་རྐྱེན་དཀོར་ནོར་དགྲ་བོས་ཁྱེར༔ དཀོར་བདག་མ་མོ་ད་རྒྱུག་ཅིག་མ་མོ་ཁྱེད་ཀྱི་ཐུགས་དམ་ནི༔ མཁས་བཙུན་ཀུན་གྱིས་དཀོར་སྲུང་བར༔ དམ་བཅས་ཐ་ཚིག་མ་ལགས་སམ༔ ཆོས་བཞིན་སྒྲུབ་པའི་རྣལ་འབྱོར་པའི༔ དཀོར་ནོར་དགྲ་ཇག་རྐུན་པོས་ཁྱེར༔ དཀོར་སྲུང་ཌཀྐི་ད་རྒྱུག་ཅིག༔ དུར་ཁྲོད་བདག་མོ་ངེ་ནེ་མ༔ མངོན་ཤེས་རྫུ་འཕྲུལ་མཐུ་སྟོབས་བདག༔ དགྲ་ལ་རྦད་ནས་འབོད་པའི་ཚེ༔ སྐད་ཅིག་ཡུད་ཀྱིས་དགྲ་ལ་རྒྱུག༔ དཔྱིད་


CMR015_Page_0052
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དུས་སུ་རྦད་ཙམ་ན༔ རླུང་དམར་བང་དང་བཅས་ཏེ་རྒྱུག༔ དབྱར་གྱི་དུས་སུ་རྦད་ཙམ་ན༔ གློག་དམར་བང་དང་བཅས་ཏེ་རྒྱུག༔ སྟོན་གྱི་དུས་སུ་རྦད་ཙམ་ན༔ ཐོག་དང་སེར་བ་བཞིན་དུ་རྒྱུག༔ དགུན་གྱི་དུས་སུ་ཆུད་ཙམ་ན༔ བུ་ཡུག་འཚུབ་བཞིན་དགྲ་ལ་རྒྱུག་དུར་ཁྲོད་བདག་མོ་ངེ་ནེ་མ༔ ཁྲག་མདོག་བསེ་ཡི་རལ་པ་ཅན༔ ཞེ་སྡང་འབར་ཞིང་བཤུད་གླུ་ལེན༔ སྡང་མིག་ལྗགས་དམར་གློག་ལྟར་འཁྱུགས༔ རལ་པ་སྤྲིན་ནག་ལྟ་བུར་འཐིབ་སྙན་ནས་འབྲུག་སྒྲ་ཐོག་སེར་འབེབས༔ ཤངས་ནས་དྲག་པོའི་རླུང་ཐོག་ཆུད༔ ཞལ་ནས་བསྐལ་པའི་མེ་དཔུང་འབར༔ མཆེ་བ་རྣོ་ངར་ཟླ་ཚེས་གཙིགས༔ སེན་མོ་གནམ་ལྕགས་ལྕགས་ཀྱུ་འགུགས༔ དྭ་བ་མིག་དགུ་རྒྱབ་ན་ཁུར༔ ཁ་རླངས་སྨུག་པོ་ནད་སྤྲིན་འཁྲིགས༔ མི་རོ་མི་ཐོད་སྐྱ་བོ་ལ༔ ཞོན་ནས་སྐར་མདའ་གློག་བཞིན་འགྲོ༔ རེས་འགའ་སྐུ་མདོག་མཐིང་ནག་འབར༔ ཡར་མཆེ་བྲང་གི་རྒྱ་མདོར་སླེབ༔ མ་མཆེ་དཔྲལ་བའི་ཟུར་དུ་སླེབ༔ ཕྱག་ཞབས་ཟངས་ཀྱི་སྦར་མོ་ཅན༔ ཕྱག་ན་ལྕགས་ཀྱུ་སྤུ་གྲི་བསྣམས༔ ཐན་གྱི་རྐྱལ་པ་མཆན་དུ་ཐོགས༔ རྫུ་འཕྲུལ་བོང་བུ་དམར་གྲྭ་


CMR015_Page_0053
[མ་དཔེ་གཟིགས་ན་འདིར་གནོན།]

ཆིབས༔ རེས་འགའ་ཕྱག་བཞི་གྲི་ཐོད་དང་༔ ལྕགས་དྲི་ནད་ཀྱི་རྐྱལ་པ་ཐོགས༔ ཤིན་དུ་དྲག་ཏུ་ཁྲོས་པའི་ཚེ༔ མུན་མདོག་ཞལ་གཅིག་ཕྱག་དྲུག་མ༔ སྲིན་མོའི་ཞལ་ལ་ཁྲག་མདོག་སྤྱན༔ ཁྲག་གི་རལ་པས་བར་སྣང་ཁྱབ༔ ཁ་གདངས་རྣག་ཁྲག་ནད་རླངས་འཕྱོ༔ ཁྲག་མདོག་སེན་མོ་ཉིན་ལམ་འཕྱང་༔ ནུ་མའི་རྩེ་ནས་ཁྲག་རྒོད་འབབས༔ ཕྱག་དྲུག་དང་པོ་གཉིས་ཀྱིས་ནི༔ གྲི་གུག་ཀླད་ཁྲག་དཀྲུག་ཅིང་གསོལ༔ བར་པས་ནད་རྐྱལ་མཚོན་གྲུག་འཛིན༔ འོག་གཉིས་ལྕགས་དྲ་ཁྲམ་ཤིང་བསྣམས༔ མཆན་ཁུང་གཡས་གསུམ་མཚོན་གྲུག་དང་༔ གཡོན་གསུམ་ནད་རྐྱལ་རེ་རེ་བཅུག༔ གཅེར་བུ་དྲེལ་དམར་ཞུར་པོ་ཆིབས༔ བྷོ་བྷོ་སྡང་བའི་དགྲ་ལ་བྷྱོ༔ ཆོས་ཆོས་མ་མོ་དམག་ལ་ཆོས༔ རྒྱུག་རྒྱུག་དགྲ་རྐུན་སྟེང་དུ་རྒྱུག༔ མ་གཡེལ་མ་གཡེལ་ལས་ལ་ཡཱ༔ དཀོར་ནོར་དགྲ་ཡིས་ཁྱེར་སོང་བས༔ དཀོར་གྱི་བདག་མོས་ར་མདའ་ཟློག༔ རྡོ་རྗེ་མཁའ་འགྲོ་ངེ་ནེ་མ༔ ནོར་སྲང་གང་གི་རྗེས་གཅོད་མ༔ དཀོར་ནོར་ཁྱེར་བ་མ་མཐོང་ངམ༔ དཀོར་ལ་བརྩེ་ཞིང་ནོར་ལ་གདུང་༔ དཀོར་དད་ཅན་གྱི་ལྷ་མོ་ཁྱོད༔ དཀོར་གྱི་ར་


CMR015_Page_0054
[མ་དཔེ་གཟིགས་ན་འདིར་གནོན།]

མདར་ད་རྒྱུག་ཅིག༔ ནས་བྲེ་གང་གི་ཕྱིར་འབྲང་མ༔ རྩྭ་འཛག་གཅིག་གི་རྗེས་གཅོད་མ༔ ཆུ་ཕོར་གང་གི་ཤུལ་སྙོག་མ༔ དཀོར་ནོར་ཆེ་གེ་དགྲས་ཁྱེར་བ༔ དཀོར་བདག་ཁྱོད་ཀྱིས་མ་མཐོང་ངམ༔ མངོན་ཤེས་སྤྱན་དང་མི་ལྡན་ནམ༔ དམ་ཉམས་དགྲ་རྐུན་ལས་ངན་འདིས༔ སངས་རྒྱས་བསྟན་པ་སྨྲ་ཕབ་ནས༔ རྣལ་འབྱོར་བདག་ལ་དོ་བསྡོས་ནས༔ མ་མོ་ཁྱོད་ལ་བརྙས་བཙུགས་ནས༔ ས་ཆ་ཆེ་གེ་ཞེས་བྱ་ནས༔ ཀ་ཆ་ཆེ་གེ་ཁྱེར་སོང་ངོ་༔ ང་ཡི་དཀོར་གྱི་སྲུང་མ་ལ༔ རྡོ་རྗེ་ངེ་ནེ་མ་བསྐོས་ཛཿ དགྲ་བོས་མ་བརྩིས་ནོར་ཁྱེར་བ༔ ལྷ་མའི་འཇིག་རྟེན་ཐམས་ཅད་ཀྱིས༔ དཀོར་བདག་ལྷ་མོ་འཕྱ་བར་འགྱུར༔ འདི་ལས་སྨྲ་བབ་ཆེ་བ་ནི༔ ངེ་ནེ་མ་ལ་འོང་མི་སྲིད༔ དུར་ཁྲོད་འདྲེ་མོ་ངེ་ནེ་མ༔ ཞེ་སྡང་གདུག་རྩུབ་མ་ཆུང་ཞིག༔ དགའ་བྱེད་དབང་ཕྱུག་ད་རྒྱུག་ཅིག༔ དགྲ་རྐུན་རྗེས་མཁན་ད་རྒྱུག་ཅིག༔ དཀོར་སྲུང་ཆེན་མོ་ད་རྒྱུག་ཅིག༔ དམར་མོ་ཁྲག་མདོག་ད་རྒྱུག་ཅིག༔ སྔོན་མོ་གཡུ་མདོག་ད་རྒྱུག་ཅིག༔ སེར་མོ་གསེར་མདོག་ད་རྒྱུག་ཅིག་སྔོན་མོ་ལྕགས་མདོག་ད་རྒྱུག་ཅིག༔ དབུ་ལྔ་དྲེད་མགོ་ད་རྒྱུག་ཅིག༔ ནག་མོ་


CMR015_Page_0055
[མ་དཔེ་གཟིགས་ན་འདིར་གནོན།]

སོལ་མདོག་ད་རྒྱུག་ཅིག༔ ལྟས་ངན་བརྒྱད་ཅུའི་ཐན་རྐྱལ་དེ༔ དམ་ཉམས་དགྲ་བོའི་སྟེང་དུ་བྱོས༔ བྱ་ཐན་སྣ་ཚོགས་དགྲ་ལ་བྷྱོ༔ སྟེང་དུ་བྱ་ཐན་འབབ་ཏུ་ཆུག༔ རི་བྱ་ཁྱིམ་དུ་འབབ་ཏུ་ཆུག༔ འུག་པ་སྟེང་དུ་རྒོད་དུ་ཆུག༔ སྲིན་བྱའི་ཀུ་ཡིས་འདེབས་སུ་ཆུག༔ བྱ་ནག་སྡེར་འཛིང་བྱེད་དུ་ཆུག༔ ཕོ་རོག་ཤ་འཐབ་བྱེད་དུ་ཆུག་གཅན་གཟན་ཐན་རྣམས་དགྲ་ལ་བྷྱོ༔ ཐད་དུ་ཕོ་སྤྱང་ངུ་རུ་ཆུག༔ གཅན་གཟན་ཁྱིམ་དུ་རྒྱུག་ཏུ་ཆུག༔ སྒོ་དྲུང་ཝ་མོ་བརྒྱལ་དུ་ཆུག༔ སྤྲེའུ་གླ་ཞོན་དགྲ་ལ་རྒྱུག༔ ཝ་མོ་སྤྱང་ཞོན་དགྲ་ལ་རྒྱུག༔ སྤྱང་ཀི་དྲེད་ཞོན་དགྲ་ལ་རྒྱུག༔ རི་དྭགས་ཐན་རྣམས་དགྲ་ལ་རྒྱུག༔ ལྷས་སུ་ཤ་ཕོ་རུ་འཛིང་རྒྱུག༔ སྒོ་རུ་ཡུ་མོ་བསྐྱིད་བསླས་རྒྱུག༔ རི་དྭགས་སྣ་ཚོགས་ཁྱིམ་རྒྱུག་ཐོང་༔ རི་བོང་གླ་ཞོན་ཁྱིམ་རྒྱུག་ཐོང་༔ གཡུང་དྭགས་ཐན་རྣམས་དགྲ་ལ་རྒྱུག༔ དུད་འགྲོ་ལྷག་ཆད་རྒྱུན་མ་གཅོད༔ སྒོ་ཁྱི་རྒྱུན་དུ་ངུ་རུ་ཆུག༔ སྒོ་ཁྱིས་རོ་དོང་རྐོ་རུ་ཆུག༔ ཁྱིམ་ཕུག་ཐུག་ཆོམ་འུར་སྒྲ་ཐོང་༔ དགྲ་བོའི་མིང་ནས་རྒྱུན་དུ་བོས༔ ནོར་གྱི་ར་མདའ་ཡིན་ནོ་གྱིས༔ དོན་སྙིང་སྲོག་རྩ་འཁྱེར་རོ་སྨོས༔ བུད་མེད་ནག་མོས་ངུ་


CMR015_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

འབོད་ཐོང་༔ མལ་ས་རྒྱུན་དུ་མགོ་མཇུག་ལྡོག༔ སྐྲ་ནས་འཐེན་ལ་འགྲམ་ལྕགས་རྒྱོབ༔ གཉིད་ཀྱིས་ནོན་ལ་གྲིབ་གནོན་ཐོང་༔ སྐག་ཏུ་ཆུག་ལ་སྔངས་སུ་ཆུག༔ དགྲ་བོ་སྨྱོ་འབོག་བརྒྱལ་དུ་ཆུག༔ ཞ་རུ་ཆུག་ལ་རེངས་སུ་ཆུག༔ ཁྱེར་བའི་ཀ་ཆ་ནོར་རྫས་ལ༔ མེ་འབར་མི་སྐད་སྨྲ་རུ་ཆུག༔ དགྲ་ཁྱིམ་མེ་དཔུང་འཁྱིལ་དུ་ཆུག༔ མི་རུངས་འཇིགས་པའི་ཆོ་འཕྲུལ་གྱིས༔ དགྲ་བོ་དངངས་ཤིང་སྐྲག་ཆུག་ལ༔ ས་ཆ་ཆེ་གེ་ནུས་ཁྱེར་བའི༔ ཀ་ཆ་མྱུར་དུ་ཁྱེར་ལ་ཤོག༔ བཀའ་དང་དམ་ལ་མ་འདའ་ཞིག༔ མཐུ་དང་རྫུ་འཕྲུལ་ཅི་གདའ་ལྟ༔ ཞག་དང་ཟ་མར་མ་འགོར་བར༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་གཏོར་ཆུང་ཉེར་གཅིག་འུར་རྡོར་བཞག་ནས་དགྲ་ཕྱོགས་སུ་འཕེན་པར་བཤད་དེ༔ ཞག་རེ་ལ་རེ་རེ་འཕེན་པར་བྱའོ༔ ཡང་ན་དགྲ་ཕྱོགས་སུ་འཕེན་ཅིང་རྦད་སྔགས་ནར་མར་བཟླ༔ ཞེས་པ་ཐུགས་རྗེ་ཆེན་པོའི་ལྷན་ཐབས་སུ་དམིགས་ཏེ༔ དགྲ་བོའི་ཉེས་པ་བྱུང་བ་ལ་བསྟན་ནས༔ བྱི་བ་ལོ་སྨིན་དྲུག་ཟླ་བའི་ཚེས་བཞི་ལ༔ གཟའི་ཐེབ་ཆེན་ཉིན་བྲིས་པ་སྟེ༔ ཉེས་པ་ཆེ་བར་བསམས་ནས་བསད་པ་ལས་ཀྱི་བསྐུལ་པ་མ་བྲིས་པའོ༔ སྔགས་འཆང་རཱ་ག་ཨ་སྱས་སོ༔


previousཐུགས་རྗེ་ཆེན་པོ་གསང་བ་འདུས་པ་ལས་དུར་ཁྲོད་བདག་མོ་ངེ་ནེ་མའི་དྲག་བསྐུལ་ཆོ་འཕྲུལ་སེར་འབེབས།next