Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
དྲག་མོ་ངན་ནེ་མའི་བསད་ལས་ཀྱི་དྲག་བསྐུལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདྲག་མོ་ངན་ནེ་མའི་བསད་ལས་ཀྱི་དྲག་བསྐུལ།next

དྲག་མོ་ངན་ནེ་མའི་བསད་ལས་ཀྱི་དྲག་བསྐུལ།


CMR015_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་མོ་ངན་ནེ་མའི་བསད་ལས་ཀྱི་དྲག་བསྐུལ་བཞུགས་སོ། །དགྲ་རྐུན་ལ་ནོར་རྫས་ཤོར་བའི་དུས་སུ། དྲག་མོ་ངན་ན་མའི་བསྐུལ་པ་ནི། དམར་གཏོར་གཅིག་ལ་དགྲ་བོ་འགུགས་གཞུག་ལན་གསུམ་བྱ། རང་ཉིད་དབང་ཆེན་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་དྲག་མོ་ངན་ནེ་མ་འཁོར་དང་བཅས་པ་རང་གནས་སུ་ཨོཾ་བཛྲ་ས་མ་ཡ་ཛཿ ཧཱུྃ། ཕྱོགས་ཕྱོགས་གནས་ཀྱི་བཞུགས་ཡུལ་ནས། །བདག་ཉིད་དབང་ཆེན་ང་རྒྱལ་གྱི། །ཐུགས་སྲོག་ཧཱུྃ་ལས་འོད་འཕྲོས་པས། །དྲག་མོ་ངན་ནེ་འཁོར་དང་བཅས། །དམ་ཉམས་དགྲ་བགེགས་བསྒྲལ་བའི་ཕྱིར། །སྐད་ཅིག་མྱུར་དུ་གཤེགས་སུ་གསོལ། །ཨཾ་ས་རཀྟ་ཙིཏྟ་ཁ་ཧི། །བརྔན་པའི་དམར་ཆེན་གཏོར་མ་དང་། །དགྲ་བོའི་བླ་ཚེ་འདི་བཞེས་ལ། །བདག་གི་ཀ་ཚ་རྟ་ནོར་དང་། །རྒྱུ་རྫས་ཁྱེར་བའི་དགྲ་བོ་དེ། །ལོ་དང་ཟླ་བར་མ་འགྱང་བར། །ཞག་དང་ཟ་མའི་ནང་ཉིད་དུ། །བླ་སྲོག་དམར་པོ་ཞལ་དུ་གསོལ། །དོན་སྙིང་དམར་པོ་ཞལ་དུ་གསོལ། །སྲོག་རྩ་དམར་པོ་ཆོད་ལ་ཤོག །སྙིང་ཁྲག་དམར་པོ་འཐུང་ལ་ཤོག །པགས་གཞི་དམར་པོ་ས་ལ་རྡོབས། །ནས་བྲེ་གང་གི་ཕྱིར་འབྲང་མ། །ནོར་


CMR015_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

སྲང་གང་གི་རྗེས་གཅོད་མ། །དམར་གྱི་གཏོར་མ་འདི་བཞེས་ལ། །སྔོན་ཚེ་སློབ་དཔོན་བཀའ་བཞིན་དུ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཨོཾ་ར་ལི་པྲ་མ་ཡ་ཛ་ཛཿ པདྨ་ཧུར་ཧུར༔ མ་ཧཱ་པདྨ་ཧཱར་ཧཱར་བྷོ། ཨོཾ་ར་ལི་པྲ་མ་ཡ་ཛ་ཛཿ ཨོཾ་མུ་ཏྲེ་མུ་ཏྲ་ཡེ་སྲོག་ལ་ཕྲེང་བྲེང་༔ དབུགས་ལ་ཛ་ཛཿ སྙིང་ཁྲག་ལ་ལྗིབས་ལྗིབ༔ ཅེས་འབོད་རྦད་བསད་གསུམ་སྔགས་སོ། །གཏོར་མ་དགྲ་ཕྱོགས་སུ་ཟོར་དུ་འཕང་། ཞེས་པ་འདི་ནི་གཉེར་པ་ཆོས་འཕེལ་གྱི་རྟ་རྐུན་མ་ལ་ཤོར་དུས་ཞུས་ངོར། ཨ་རཱ་གས་བྲིས་ནས་རྦད་པས་ཇོག་མ་ལ་མེ་འབར་བ་དང་དགྲ་རྐུན་ལ་ནད་ངན་སོགས་བྱུང་ནས་བསྐང་བཤགས་བྱས་པའི་ལོ་རྒྱུས་མང་པོ་ཡོད་པའོ།། གསང་རྒྱ། །།


previousདྲག་མོ་ངན་ནེ་མའི་བསད་ལས་ཀྱི་དྲག་བསྐུལ།next