Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
ཐུགས་རྗེ་ཆེན་པོ་གསང་འདུས་ལས་དུར་ཁྲོད་བདག་མོ་ངན་ནེ་མའི་སྒྲུབ་པའི་ཟིན་བྲིས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཐུགས་རྗེ་ཆེན་པོ་གསང་འདུས་ལས་དུར་ཁྲོད་བདག་མོ་ངན་ནེ་མའི་སྒྲུབ་པའི་ཟིན་བྲིས།next

ཐུགས་རྗེ་ཆེན་པོ་གསང་འདུས་ལས་དུར་ཁྲོད་བདག་མོ་ངན་ནེ་མའི་སྒྲུབ་པའི་ཟིན་བྲིས།


CMR015_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་གསང་འདུས་ལས་དུར་ཁྲོད་བདག་མོ་ངན་ནེ་མའི་སྒྲུབ་པའི་ཟིན་བྲིས་བཞུགས་སོ།།


CMR015_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ལོ་ཀི་ཤྭ་ར་ཡ༔ ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ༔ དགོངས་པ་གྲོལ་བར་མཛད་དུ་གསོལ༔ དེ་ཡང་ཐུགས་རྗེ་ཆེན་པོའི་སྒོ་ནས་རྣལ་འབྱོར་པའི་ཀ་ཆ་སྲུང་བའི་ཐབས་འདི་གལ་ཆེ་སྟེ། འདི་མེད་ན་སྙིགས་མའི་སེམས་ཅན་རྣམ་སྨིན་དང་ངོ་ཚ་མེད་པས་དཀོར་ལ་ཐུག་ཐུབ་ཏུ་སྤྱད་དེ་ངན་སོང་གི་རྒྱུ་བསགས་པར་དགོངས་ནས་ཨོ་རྒྱན་རིན་པོ་ཆེས་མཛད་པའོ༔ ཤམམ།་རྒྱ་གར་སྐད་དུ༔ ཞེས་པ་ནི་རྒྱ་གར་ན་ཡང་སྐད་རིགས་མང་བའི་ནང་ནས་རྒྱ་གར་ནུབ་ཕྱོགས་ཨོ་རྒྱན་ཡུལ་གྱི་སྐད་དང་ཡི་གེ་ཡིན། དེ་ལས་བསྒྱུར་ན། ཀིར་ཏི་ཀ་དྷ་ནི་གྲ་ཡ་ཧུ་ཡེ༔ བོད་


CMR015_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་དུ༔ མུ་སྟེགས་ཀྱི་ལྷ་མོ་སྲོག་སྒྲུབ་མ༔ ཞེས་གསུངས་ཏེ། དེ་ཡང་ཨེ་ཀ་ཙ་ཏིའི་རྗེས་གནང་དཔལ་རྟ་མགྲིན་གསང་འདུས་ཆོས་ཚན་ལས༔ ཕྱི་ལྟར་ཨེ་ཀ་ཙ་ཏི་མ༔ ནང་ལྟར་དཔལ་ལྡན་རེ་མ་ཏི༔ གསང་བ་སྲོག་སྒྲུབ་ནག་མོ་སྟེ༔ ཡང་གསང་ཀུན་ཏུ་བཟང་མོ་ཡིན༔ ཞེས་ཨོ་རྒྱན་ཆེན་པོས་གསུངས་པས་དེ་གསུམ་ཡང་ཐུགས་རྒྱུད་གཅིག་ལ༔ ཡང་རལ་གཅིག་གཡུའི་སྒྲོན་མའི་བསྟོད་རྙིང་ལས་སྨན་བཙུན་ཆེན་མོ་གཡུ་སྒྲོན་མ༔ དང་པོ་སྲིད་པ་ཆགས་བྱེད་པའི༔ ཨེ་ཀ་ཙ་ཏི་རལ་གཅིག་མ༔ བོད་སྐྱོང་ལྷན་ཅིག་སྐྱེས་མ་སྟེ༔ ཞི་མཛད་དཀར་མོ་འོད་ལྡན་མ༔


CMR015_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

དྲག་མོར་ཁྲོས་ཚེ་དམག་ཟོར་མ༔ ལས་བྱེད་ཆེན་མོ་རེ་མ་ཏི༔ སྲིད་གསུམ་ཤ་ཟ་ཁ་མོ་ཆེ༔ མཆེ་བ་གཙིགས་པའི་ཞལ་དགུ་ཞེས་གསུངས་པས་དེ་གསུམ་ཡང་ཐུགས་རྒྱུད་གཅིག་ལ༔ ལྷ་མོའི་རྒྱུད་ལུང་ཆེན་མོ་རེ་མ་ཏིའི་བསྟོད་པ་ལས༔ མི་མངོན་ནམ་མཁའི་དབྱིངས་རུམ་ནས༔ དཔལ་ལྡན་ལྷ་མོ་རེ་མ་ཏི༔ སྐུ་ལུས་གཅིག་ལ་སྤྲུལ་པ་སྟོང་༔ ཞེས་གསུངས་པས༔ དེ་ཐམས་ཅད་ཀྱང་ཐུགས་རྒྱུད་གཅིག་ཀྱང་སྤྲུལ་པ་སོ་སོ་ཡིན་ཏེ༔ སྒྲུབ་ལུགས་དང་སྔགས་ཀྱི་ཁྱད་པར་གྱིས་འཇམ་རྩུབ་སྣ་ཚོགས་འབྱུང་བའོ༔ ཁྱད་པར་འདི་བོད་སྐད་ཀྱི་མཚན་ལ་དངོས་སུ་གསལ་ཕྱིར་མུ་སྟེགས་སྲོག་སྒྲུབ་ནག་མོའི་དབང་ཐོབ་ན་འདིའི་དབང་གི་གོ་ཆོད་ངེས་པར་སྣང་ལ༔ གཏེར་ཁ་འདི་ལ་ནི་འདིའི་དབང་མ་གསུངས་ཏེ༔ དྲེགས་པའི་སྲོག་དབང་གིས་གོ་ཆོད་པ་ལ་དགོངས་སོ༔ ཡང་འདིའི་སྒྲུབ་བསྐོར་རྒྱས་པ་ཨོ་རྒྱན་རིན་པོ་ཆེས་རྒྱ་གར་ལྷོ་ཕྱོགས་བྲག་རྡོ་རྗེ་སྦར་རྗེས་ལ་སྦས་པའོ༔ མགོན་པོ་བྱ་རོག་གདོང་ལ་གཏད་པ་ཕྱིས་སློབ་དཔོན་མི་བསྐྱོད་རྡོ་རྗེས་བཏོན་ནས༔ བླ་མ་བེ་རོ་ཙ་ན་དང་གཉན་ལོ་ཙཱ་བས་བསྒྱུར་བའི་ལུགས་ཀྱི་བཀའ་གཏད་ནི༔ གཏོར་མ་ཟུར་གསུམ་ལ་ཙཀླུ་བཙུགས༔ ཤ་ཁྲག་གིས་


CMR015_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱན་ནས་ལྷ་མོ་བསྐྱེད་བསྟིམས་བྱས་ལ་གཙོ་འཁོར་ལ་བཀའ་བསྒོས་ཏེ༔ ཀཱ་ཡ་སིདྷི་ཨོཾ་སོགས་བརྗོད་པ་ཙམ་གསུངས་ནས་སྒྲུབ་ཐབས་དངོས་ཀྱི་ལུང་རྒྱུན་ཡང་གལ་ཆེའོ༔ ཞེས་གསུངས་པ་འདི་ཡིན་ལ་སྒྲུབ་གཞུང་རྒྱ་གཞུང་ལུགས་ཤིན་ཏུ་གལ་ཆེའོ༔ ཡང་ཤ་ཟ་ཁ་མོ་ཆེ་དེ་སྔོན་རྟ་མགྲིན་གྱིས་རུ་ཏྲ་བཏུལ་དུས་དམ་ལ་བཏགས་མོད་ཀྱིས་ཨོ་རྒྱན་བོད་དུ་ཕེབས་དུས་ལྷ་ལྕམ་འཛོམ་པ་སྐྱིད་དུ་སྐྱེས་ནས་དགོངས་འདུས་ཀྱི་བསྟན་པ་སྲུང་བར་སྨོན་ལམ་བཏབ་ནས་ཕྱིས་སངས་རྒྱས་གླིང་པའི་ཡུམ་དུ་སྐྱེས་ནས་བརྒྱུད་པ་བདུན་རྒྱུད་བར་དུ་ཕྲིན་ལས་དངོས་སུ་སྒྲུབ་པར་ལུང་བསྟན་པ་དང་འདྲ་བར༔ འདི་ཡང་ཨོ་རྒྱན་རིན་པོ་ཆེས་ཐུགས་རྗེ་ཆེན་པོ་གསང་འདུས་ཀྱི་ཆོས་སྐོར་རྣམས་རྗེ་འབངས་རྣམས་ལ་དབང་ལུང་རྫོགས་པར་གནང་རྗེས་ཁྲོམ་ཆེན་པོ་ཉི་མ་གསུམ་བསྡུས་ཏེ་ཆོས་འདིའི་བསྟན་པ་སྲུང་ནུས་པ་སུ་ཡོད་གསུངས་པས༔ ཉི་མ་རྒྱབ་རེས་ཁྲོམ་གྱི་དཀྱིལ་སྨད་བུད་མེད་ཤ་རྩ་དམར་ཞིང་བོང་རིང་བ་གཅིག་ལངས་ནས༔ ང་ཡིན་ན་ཨེ་མི་ནུས་ཟེར་བས་ངས་ནུས་མ་ཟེར༔ དེ་ནས༔ བསྟན་པ་སྲུང་བའི་གཉེར་གཏད་སྤྱི་བོར་རྡོ་རྗེ་བཞག་ངག་ཏུ་དམ་ཚིག་གི་བདུད་རྩི་བྱིན་ནས་བསྟན་པ་སྲུང་བར་


CMR015_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བསྒོས་པས༔ བདག་གིས་བསྟན་པ་སྲུང་ལགས་ཏེ༔ ང་ཟས་ནོར་ལ་ངན་ནི་ཟེར་བས་ངེ་ནེ་མ་ཞེས་གྲགས་སོ༔ ཞེས་སློབ་དཔོན་གྱི་གསུང་རྒྱུན་ལས་ཐོས་སོ༔ གཞུང་ལས༔ འདི་ཉིད་ནོར་ལ་ཤིན་ཏུ་ངན༔ དེ་ཕྱིར་ངེ་ནེ་མ་ཞེས་བྱ༔ ཞེས་གསུངས་སོ། །དེ་ལྟར་འདི་ཡང་དེ་དུས་མི་ཡི་གསེབ་ཏུ་ཡོད་པར་སྣང་སྟེ༔ ཨོ་རྒྱན་རིན་པོ་ཆེས་ཆོས་སྐྱོང་མིའི་ཆ་ལུགས་སུ་བཞུགས་དུས་དྲག་པོའི་ཕྲིན་ལས་ཆེར་མི་འགྲུབ་པས་མངའ་གསོལ་བསྟོད་པ་བྱ་གསུངས་སོ༔ འདིའི་སྒྲུབ་ཐབས་གཞུང་རྒྱས་པ་རྣམས་སུ་དུར་ཁྲོད་ཀྱི་བདག་མོ་དམར་མོ་ཁྲག་མདོག་མ༔ སྔོན་མོ་གཡུ་མདོག་མ༔ སེར་མོ་གསེར་མདོག་མ༔ ནག་མོ་ལྕགས་མདོག་མ༔ བྱ་རྐང་ནག་མོ་སོལ་མདོག་མ༔ དབུ་ལྔ་དྲེད་མགོ་མ༔ སྔོ་སྐྱ་ཐལ་མདོག་འཁོར་མ་མོ་འབུམ་དང་བཅས་པ་ཞེས་གསུངས་སོ༔ ཡང་སྲོག་སྒྲུབ་མའི་སྲོག་སྔགས་ཚན་བདུན་པོ་མ་མོ་དེ་བདུན་གྱི་སྲོག་སྔགས་ཡིན་པར་སྣང་སྟེ༔ ཨོཾ་ཁྱི་ཁ་ལེ་ནག་མོ་ནི་གཙོ་མོ་དམར་མོ་ཁྲག་མདོག༔ སྲོག་ལ་སྲིད་སྔོན་མོ་གཡུ་མདོག༔ སྙིང་ཁ་ཁ་ས་མ་ཡ་སེར་མོ་གསེར་མདོག༔ ཙ་བ་རི་མུ་གྷ་ཡ་ནག་མོ་ལྕགས་མདོག༔ རྨི་ཡ་བྱ་རྐང་ནག་མོ་སོལ་མདོག༔ རག་མོ་


CMR015_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

ནི་དབུ་ལྔ་དྲེད་མགོ་རག་མོ་རྗེས་མ་སྔོ་སྐྱ་ཐལ་མདོག་མའི་སྲོག་སྔགས་ཡིན་པར་མངོན་ཏེ༔ སེར་མོ་གསེར་མདོག་ནི་འུག་གདོང་མ་ལ་ཟེར་ཏེ་སྲོག་སྒྲུབ་འཁོར་རོ༔ དབུ་ལྔ་དྲེད་མགོ་ནི་དྲེད་གདོང་མ་སྟེ་ཁ་མོ་ཆེའི་འཁོར་དུ་གསལ་ལ༔ དམར་མོ་ནག་མོ་ལྕགས་སྤྱང་གདོང་༔ ནག་མོ་ཝ་གདོང་༔ ནག་མོ་སྤྱང་ཀིའི་གདོང་དང་སྲོག་སྒྲུབ་ལ་གཙོ་འཁོར་བཞི་་བཤད༔ སྲོག་སྒྲུབ་མའི་ཕྱི་སྒྲུབ་དུས༔ སྲིད་རྒྱལ་མ་དང་ཞལ་གསུམ་ཕྱག་བཅུ་གཉིས་མ་དང་སྐུ་གསུང་ཐུགས་ཀྱི་མ་མོ་གསུམ་དང་བཞི་གསུངས༔ ནང་སྒྲུབ་ཨེ་ཀ་ཙ་ཏི་ལ་འཁོར་བདུན་འབུམ་གསུངས༔ གསང་སྒྲུབ་དུས་སྲོག་སྒྲུབ་མ་གཙོ་མོ་འཁོར་བཞི་གསུངས་ཏེ་ཕྱི་སྒྲུབ་ལུས་ལྟ་བུ༔ ནང་སྒྲུབ་དོན་སྣོད་ལྟ་བུ༔ གསང་སྒྲུབ་སྙིང་ལྟ་བུ་སྟེ༔ ཀུན་ལ་གཙོ་འཁོར་བཞི་ཡོད་པ༔ བརྟན་མ་བཅུ་གཉིས་གསང་སྒྲུབ་ཡིན༔ ཞེས་གསུངས་པས་རྡོ་རྗེ་གཡུ་སྒྲོན་མ་རྣམས་ཀྱང་རིགས་དང་སྡེ་ཚན་གཅིག་ཏུ་གྱུར་པར་ངེས་སོ༔ དེ་ནས་རབ་འདི་ལ་རང་གི་བཀའ་གཏད༔ འབྲིང་སྲོག་སྒྲུབ་མའི་བཀའ་གཏད༔ ཐ་མ་དྲེགས་པའི་སྲོག་དབང་ཐོབ་ཅིང་འདིའི་སྒྲུབ་གཞུང་ལུང་ཐོབ༔ ཡི་དམ་བསྙེན་སྒྲུབ་ཐེམས་པས་འགྲུབ་སྟེ༔ དེ་


CMR015_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་རྡོ་རྗེ་རྣལ་འབྱོར་མ་ནི་གཉེན་པོའི་ལྷ་ཡིན་པས་མཆོག་ཡིན༔ ཐུགས་རྗེ་ཆེན་པོ་གསང་འདུས་ཀྱི་བཀའ་སྲུང་ཡིན་པས་དེའང་མཆོག་གོ༔ དེ་ཡང་རྒྱ་གཞུང་ལས༔ དུར་ཁྲོད་ཀྱི་འདྲེ་མོ་ངེ་ནེ་མའི་སྒྲུབ་ཐབས་ཞེས་བྱ་བ༔ ཕྲིན་ལས་ཀྱི་ལྷ་མོ་ལ་ཕྱག་འཚལ་ལོ༔ བསྟན་སྲུང་འདྲེ་མོ་སངས་རྒྱས་བསྟན་པའི་དཀོར་གྱི་སྲུང་མ་ཞེས་གསུངས་ཏེ༔ དྲེགས་པ་ཉི་ཤུའི་རླུང་འཁོར་དང་མགོན་པོ་ར་ཐོད་མའི་ཐན་འགྱེད་ནས་ཀྱང་༔ དུར་ཁྲོད་ཀྱི་འདྲེ་མོ་རྒྱུག་རྒྱུག་ཅེས༔ འདི་རྣོ་སོ་ལ་ཡོད་པས་ཤིན་ཏུ་གདུག་པ་ཆེ་བ་ཞིག་ཡིན་པར་སྣང་ངོ་༔ ཕྲིན་ལས་ཀྱི་ལྷ་མོ་ཞེས་པ་འདིའི་གཏོར་བསྔོས་གཤམ་དུ༔ ཀརྨ་ཊཱ་ཀི་ནཱི་ས་མ་ཡ་བ་ལིང་པཱུ་ཛ་ཁཱ་ཧི་ཞེས་སོགས་འབྱུང་བའི་དོན་ཏེ༔ སངས་རྒྱས་བསྟན་པའི་དཀོར་གྱི་སྲུང་མ་ཞེས་པ་དེ་ཡང་བླ་ཆེན་དགོན་སྡེ་ཕལ་ཆེར་ལ་དཀོར་བདག་བུད་མེད་རྒྱན་ཅན་ཞིག་ཡོད་པར་གྲགས་པ་འདིའི་རྣམ་འཕྲུལ་ཡིན་པར་མངོན་ནོ༔ རྒྱལ་ཁམས་ཀུན་ནས་འབོད་ཙམ་ན༔ དཀོར་སྲུང་ཆེན་མོ་ཞེས་གསུངས་པས་སོ༔ འདི་ལ་ལྔ་སྟེ༔ འདི་ཡི་མན་ངག་རིམ་པ་དག༔ པདྨ་བདག་གིས་བསྟན་པར་བྱའོ༔ གནས་རྟེན་རྗེས་ལ་གཅོད་པ་དང་༔ རྗོད་དང་ལས་ཀྱི་མཐའ་སྡུད་དོ༔


CMR015_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ནི་དུར་ཁྲོད་ལ་སོགས་དབེན་པའི་གནས་སུ། ཞེས་གསུངས་པའི་དོན་མཆོད་ཁང་ངམ་བྲག་ཕུག་མཆོད་རྟེན་ཆུ་འགྲམ་ཡུལ་གྱི་མཐའ་མ་ཤིང་གཅིག་གི་རྩ་བ་ཁང་། ཐོག་སོགས་སུ་སྒྲུབ་པར་གསུངས་ལ༔ དལ་ནི་མདའ་གང་གྲུ་བཞིའི་དབུས༔ རི་བོང་ཕག་གམ་ཝ་ཐོད་དུ༔ གང་བྱེད་རང་རང་ཤ་ཚིལ་སྙིང་༔ སྤོས་དང་གླ་རྩི་དར་སྣ་དང་༔ གུ་གུལ་དཀར་པོ་དེ་རྣམས་བཞུགས༔ ཤོག་གུ་འམ་ནི་དུར་ཁྲོད་རས༔ ཞེས་སོགས་དང་༔ འདིའི་སྒྲུབ་ཐབས་ཕྱི་ནང་གསུམ༔ གཏེར་སྟོན་ལས་དང་ལྡན་ལ་སྤྱོད༔ འདི་ནི་ཡང་གསང་སྒྲུབ་པ་ཡིན༔ ཟབ་ཕྱིར་གནམ་སྐས་བྲག་ལ་སྦས༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་གསུངས་པས་འདི་ཡང་གསང་ལྟར་སྒྲུབ་པ་དངོས་སུ་བསྟན་ནས༔ ཕྱི་ནང་གསང་སྒྲུབ་ཁ་འཕངས་སུ་བསྟན༔ གཞན་ནོར་སྒྲུབ་པྲ་སྒྲུབ་སྨན་མོ་ལྟར་སྒྲུབ་པ་རྣམས་ཞོར་ལ་ཤུགས་ཀྱིས་བསྟན་པ་ཡིན་པས༔ རབ་ནི་རི་བོང་ཐོད་པ༔ འབྲིང་ཕག་ཐོད༔ ཐ་མ་ཝ་ཐོད་དོ༔ ཡང་ན་སྒྲུབ་པ་ཝ་ཐོད་ལ་བརྟེན༔ དཀོར་སྲུང་རི་བོང་ཐོད་པ༔ མནན་པ་ཕག་ཐོད་ལ་བརྟེན་པ༔ ཡང་གསང་ཝ་ཐོད་ཀྱི་སྣ་བུག་གཡས་སུ་ཚ་


CMR015_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

ཐུང་ཞིག་གཡོན་དུ་ཁང་རྒན་དུ་བ་སྦྱར༔ ཨག་རྩེ་ནང་དུ་དུ་བ་སོང་ན་མོ་ཐོད༔ རྟ་རྔ་བཞིན་འདྲེས་སོང་ན་ཕོ་ཐོད་ཡིན་གསུངས༔ ཝ་ཐོད་ཡ་རྐན་ལ་མ་ཡིག་བྲི་ལ་འབོད་སྔགས་ཀྱིས་སྐོར༔ ལྕེ་ཞབས་སུ་ཏྲི་ལ་ཛདྲུག་གིས་བསྐོར༔ ཁམ་བུའི་བར་ཤུན་གྱིས་རྒྱ་གྲམ་རིས་སུ་བཅིངས༔ ཧཱིའི་སྟེང་ན་བུད་མེད་སྟག་ལོ་པའི་སེན་མོ་བཞག༔ ནང་འཁོར་ལོ་སྐུའི་ངོ་བོ་རི་བོང་ཁྲག་གིས་བྲིས༔ གཞན་རྣམས་སྣ་ཚས་བྲིས༔ རྩིབས་ནག་པོ་རལ་པ་སེར་པོ༔ ཧྲིདམར་པོ་བྱ༔ སྔགས་ཕོ་ཐོད་གཡས༔ མོ་ཐོད་ཡིན་ན་གཡོན་དུ་བསྐོར་རོ༔ ཐོད་པ་ལ༔ བྱིང་བུ་དམར་པོའི་ན་བཟའ་བཟོའོ༔ རི་བོང་ཐོད་པ་ལ་དཔྲལ་བར་ཧྲུབྲི༔ དེ་ལ་བསྙེན་སྔགས་བསྐོར་མིག་གཉིས་ལ་ཐཾ༔ དེ་རྒྱབ་ཡེ་དྷརྨཱ༔ ཨག་རྩེ་ནང་དུ་གནས་གསུམ་བཅུག༔ ཐོད་པ་ལ་རིན་པོ་ཆེའི་རྒྱན་མ་བཏགས་ན་ལྷ་མོ་རྒྱུན་མེད་འོང་བས་རྒྱན་བཏགས༔ ཐོད་པ་ལ་དར་ལྕེ་མེད་ན་མི་མ༔ སྨྲས་ཀྱང་མི་གོ་བས་དར་དམར་ཡི་གེ་བྲིས་པ་བཏགས༔ ཐོད་པ་གསུམ་གང་བྱེད་ཀྱང་ཕག་རི་བོང་ཝ་གསུམ་གྱི་ཤ་དང་སྤོས་དཀར༔ སྤང་སྤོས༔ ཆུ་དག་ནག་པོ༔ མི་ཤ༔ རྟ་ཤ༔ གླ་རྩི་ཆུ་སྲིན་སྡེར་མོ༔ གླ་རྩི་ཆུ་རྩྭ་་


CMR015_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རྣམས་རིལ་བུ་བྱས་ལ༔ སྦྲུལ་ཤ༔ སྲེ་མོང་ཤྰ༔ ཝ་ཤ་གསུམ་ཐོད་པར་བླུག༔ མཁའ་འགྲོའི་གཟུངས་གཞུང་ནས་གསུངས་པ་ལྟར་བྲིས་ལ་བཅུག༔ གྲུ་གསུམ་དུ་མཆུ་རང་ལ་བསྟན་པ་བཞག་ཀྱང་གསུངས་ཏེ༔ གཞུང་དེ་ལུགས་གཉིས་སོ༔ ཐོད་པ་རས་ཀྱིས་དྲིལ་ལ་ནམ་མཁའ་ནག་པོ་དང་གསུམ་ཙཀླུ་བཙུགས༔ སྤང་སྤོས་ནག་པོ་ཚིལ་ཆེན༔ གུ་གུལ་ནག་པོ་ཤ་ཆེན༔ ཤུ་དག་ནག་པོ༔ གྲི་ཁྲག་ཝ་ཁྲག༔ སྤྱང་ཁྲག༔ ཕག་ཁྲག༔ ར་ཁྲག༔ ཁྱི་ཁྲག་རྣམས་ཀྱི་ལིང་ག་བྲིས་ཏེ༔ སྙིང་ཁར་རྨི༔ དཔྲལ་བར་རུས་།༔ ལྟེ་བར་བླ་དག༔ འདོམས་སུ་ཕཊ༔ རྐང་གཡས་སུ་ཡཾ༔ སྤྱི་བོར་སུམ༔ རྣ་བར་ནན༔ ཚིགས་བཞི་ལ་ཛཿ ཐ་མར་འབོད་རྦད་བསད་གསུམ་གྱིས་་་་སྲོག་ལ་གྲི་ཁྲག་ཐན་འགྱེད་རི་བོང་ཁྲག་གིས་མཆན། བསྐོར་ཏེ་འདི་ལ་ཞལ་ཤེས་ཐུགས་ལ་གབ། བྲུབ་ཁུང་ལིང་གའི་ནང་དུ་ཤོག་ལིང་བཅུག་པར་ཡང་གསུངས་སོ༔ ལིངྒ་གཅིག་ཐོད་པའི་གདན་བྱ་བར་གསུངས༔ ཐོད་པའི་སྟེང་དུ་སྐུ་གསུང་ཐུགས་རྟེན་བཞུགས༔ དེ་སྟེང་རྟེན་གཏོར་གྱི་འབྲང་རྒྱས་ལ་མ་མོའི་འབྲང་རྒྱས་ཙཀྲི་བཙུགས༔ ཐ་མར་མཐེབ་སྐྱུས་བསྐོར༔ རི་བོང་ཕག་ཝ་


CMR015_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱི་ཤ་ཚིལ༔ སྤང་སྤོས་དཀར་པོ༔ ཆུ་དག་དཀར་མོ༔ སྤོས་དཀར་གསུམ་སྦྱར་སྤྱན་འདྲེན་དུས་འབུལ༔ ལིང་ག་བྲི་རྫས་ཤ་སྣ་ཁྲག་སྣ་དུག་སྣ་རིན་པོ་ཆེ་བསྲེས་པ་དང་༔ ཁྱད་པར་ར་ཁྲག་ལིང་ག་ལ་བྱུག༔ ཟངས་གཞོང་ངམ་བསེ་སྡེར་ནང་དུ་འབྲུ་ནག་གི་བཤོས་བུ་གྲུ་གསུམ་གྲུ་གང་ལ་ར་ཁྲག་གིས་བྱུག་ལ་སྐུ་ཙཀ་བཙུགས༔ གླ་རྩི་གུ་གུལ་ཟེར་མ་གསུམ་བཤིགས་པའི༔ རྫས་གསུམ་རང་གི་དྲུང་དུ་འཚག་ལ༔ ཞག་རེ་ལ་སྒྲུབ་ཚེ་དེས་ལུས་ཞད་ཙམ་བདུག་པས་རང་བསྲུང་ངོ་༔ སྟག་ཤ་སྤང་སྤོས་ཆུ་དག་ཤིང་ཀུན་བུད་མེད་གྲིར་ཤི་བའི་ཐལ་བ༔ བཙན་བདུད་རྒྱལ་པོ་གནས་པའི་ས༔ མཆོད་རྟེན་ས༔ བུད་མེད་བསྲེག་ཐལ༔ ལྷ་ཁང་རྙིང་པའི་ས༔ དུར་ཁྲོད་ཀྱི་ས་རྣམས་ལ་སྐུ་བཞེངས༔ ལྟེ་བར་སྔགས་བྱང་དང་སྲོག་འཁོར་བཅུག༔ དེ་ལ་དཀར་མོ་གྲི་ཐོད་ཅན་རྒྱབ་ཏུ་ལྕགས་ཀྱི་དྲྭ་བ་ཁུར་བ༔ ཕྲག་ཞབས་སོར་མོ་ཟངས་ཀྱི་སྦར་མོ་དུར་ཁྲོད་ཀྱི་རྒྱན་ཅན༔ བོང་བུ་དམར་གྲྭ་ཞོན་པའི་ལྟོ་བ་ཤོག་བྱང་ལ་ཙཀྲ་རྩིབས་དྲུག་མུ་ཁྱུད་བཅས་པའི་རྩིབས་ལ་སྲོག་སྙིང་འབྲུ་ལ༔ མུ་ཁྱུད་ལ་རྦད་པ་བསད་པ་སྲུང་བ་གང་འདོད་ཁ་བསྒྱུར༔ ལྟེ་བར་དུར་ཁྲོད་བདག་མོ་ངས་ནུས་མ་ཁྱོད་ནོར་འདི་


CMR015_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བ་མི་ལ་མ་བསྐུར༔ ར་མདའ་གྱིས་ཞེས་བྲི༔ ཡང་ན་དབུས་སུ་སྐུ་བྲི༔ མུ་ཁྱུད་ལ་བཛྲ་ས་མ་ཡ་དམ་ལོང་དགྲ་བོ་མཱ་ར་ཡ་རྨི་ཁུག་ཛཿ མུ་ཁྱུད་གཉིས་པ་ལ་སི་ལི་མི་ལི་ནི་དགྲ་བོའི་སྲོག་ལ་ཛ་ཛཿ བྲིས་ལ་འཁོར་ལོ་དེ་སྐུའི་མཆན་ཁུང་དུ་བཞག་གོ༔ ཐན་གཟུགས་སྤྲེལ་གླ་ཞོན༔ སྦལ་པ་སྦྲུལ་ཞོན༔ བུད་མེད་བྱ་རོག་ཞོན་པ་གསུམ་བྲུབ་ཁུང་ཟུར་གསུམ་དུ་བཙུགས་པར་ཡང་བཤད༔ རྒྱ་ཤོག་རྒྱ་སྣག་རྒྱ་མཚལ་གསུམ་ཐོད་པར་བཅུག་ན་རྐུན་མིང་བྲི་སྐད༔ མཚལ་གྱིས་མ་མ་ར་ལི་པྲ་མ་ཡ་ཛ་ཛཿ མ་ཧཱ་པདྨ་ཧར་ཧར་སི་ལི་མི་ལི་ཛ་ཛཿ དེ་གསུམ་བྲིས་ནས་སྒྲུབ་གཏོར་ནང་དུ་བཅུག་པ་སྲོག་སྙིང་ལྟར་བཟུང་བའོ༔ གཏའ་གཏོར་ནི་གཏའ་རུ་བཟུང་ལ་གཏོར་མ་མི་རྩོད་བར་མི་བསྔོ་གསུངས༔ བྲ་བོ་འབྲུ་ནག་ལྕགས་ཕྱེ་ཟངས་ཕྱེ་ས་ཕྱེ་རྡོ་ཕྱེ་ཡུངས་དཀར་ནི་ཐུན་རྫས་སོ༔ རྒྱུན་གཏོར་མཐེབ་སྐྱ་བདུན༔ འོ་མ་དང་མར་གྱིས་བརྒྱན༔ སྲོག་འཁོར་དཔེའུ་ཆུང་ལྟར་བྲིས་པ་སྐུ་འདྲའི་ནང་ངམ་ཝ་ཐོད་དུ་བཅུག༔ དེ་དཀྱིལ་འཁོར་འོག་ཏུ་སྦས་དེའི་སྟེང་དུ་མཆོད་རྟེན་གདུང་ཚ་བྱིན་རླབས་ཅན་བཞུགས་ལ་མཁའ་འགྲོ་མར་བསྐྱེད་ཅིང་མངའ་གསོལ་བྱ༔ བཀའ་བསྒོ་ཞིང་རྒྱུན་དུ་


CMR015_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པ་བྱ༔ རྟེན་རྫས་ནི་མདའ་གཙང་རྒོད་སྒྲོ་མ་གཅིག་ལ་དར་སྣ་ཚོགས་བཏགས༔ རི་བོང་གི་མགོ་གའུ་གཅིག་གི་ནང་དུ་རིན་ཆེན་སྣ་ཚོགས་བཅུག༔ དངུལ་དཀར་མེ་ལོང་༔ ནལ་བུའི་རྐྱལ་པའམ་མ་རྙེད་ན་སྲིན་ལག༔ དབང་པོ་རྣམ་ལྔ་གང་རྙེད་ཤ་དུམ་གཅིག་མེད་ཐབས་མེད༔ རྫས་དེ་རྣམས་སྒྲུབ་དུས་མདའ་དར་ལ་བཏགས༔ དར་ནག་གི་རྒྱལ་མཚན་གལ་ཆེ༔ ནལ་བུའི་རྒྱལ་མཚན་མེད་ན་རྡོ་ཉི་མ་ཁ་ཆུ་དང་པདྨ་རཀྟས་བྱ་གསུངས་སོ༔ རི་བོང་ཐོད་པར་སེམས་ཅན་དང་ཀ་ཆ་ཐམས་ཅད་མིང་བྲིས་ལ་བཙུག༔ གཏོར་མ་བྲན་པ་ར་དཀར་འོ་མ་རྙེད་ན་མཆོག་རང་སྲུང་འཁོར་ལོ་རང་གིས་བཏགས༔ བསྐྱེད་རྫོགས་བསྒོམ་ནི་མི་དགོས༔ རྣལ་འབྱོར་པ་ཕྱག་རྒྱ་ཡོད་ན༔ དེ་ལ་རང་སྲུང་འཁོར་ལོ་གཅིག་བཏགས་པ་གལ་ཆེ༔ ༈ དམ་ཚིག་ལ་རྡོ་རྗེ་རྣལ་འབྱོར་མའི་གཞུང་གི་དམ་ཚིག་རྣམས་བསྲུང་༔ བསྐང་བ་དང་ཚོགས་དང་གཏོར་མ་ལ་འབད༔ སྒྲུབ་དུས་བུད་མེད་མི་འབག༔ ཁྱད་པར་ཡུགས་ས་ལ་འཛེམ༔ བོང་དྲེལ་གྱི་ཤ་མི་ཟའོ༔ སྨོ་འདོད་ན་དབྱི་མོང་ཐོག་བུ༔ དཀར་པོ་གཅིག་ཐུབ༔ མ་རུ་རྩེ༔ མུ་ཟི༔ ཐང་ཕྲོམ༔ ཁྱི་སྨྱོན་ཀླད་པ་


CMR015_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་ལིང་ག་བྲི་བའོ༔ ༈ དེ་ནས་སྒབ་འདྲེ་མནན་པ་ནི༔ རྔ་གཡོགས་རྙིང་པ་ལ་ལིངྒ་ཁྱི་ཐོད་ཅན་ལྔ་དཔེའུ་ཆུང་ལྟར་བྲི༔ རང་གི་སྔགས་ཀྱིས་བསྐོར༔ གྲུབ་ཁུང་དུ་བཅུག༔ རང་ཡི་དམ༔ གཡས་སུ་ཕྱག་རྡོར་གཡོན་ཏུ་འཇམ་དབྱངས་བསྒོམ་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས༔ རི་རབ་ཀྱི་ཐ་མ་ཆུ་མིག་ནག་རིང་ན་གནས་པ་སྒབ་འདྲེ་ཁྱི་མགོ་ཅན་བཀུག་ལ་བསྟིམ༔ བདེན་སྟོབས་བརྗོད༔ བཀུག་གཞུག་བྱ༔ ཡི་དམ་སྔགས་ཤམ་དུ་ས་མ་ཡ་ཐུག་ཐུག་ཆོམ་ཆོམ་འུར་འུར་ཡ་ཡ་ཛ་ཛཿ སྒབ་འདྲེའི་ཙིཏྟ་སྨུག་སྨུག་ཡ་ཡ་རྦད་རྦད༔ ཅེས་ཐུན་སྲན་མ་ལྕགས་ཕྱེས་བྲབ་སེམས་ཅན་བསད་པ་རྨི་ན་ལིངྒ་དྲིལ་ལ་ཆུ་རྡོ་ལ་བཏགས་ནས༔ ཡི་དམ་ང་རྒྱལ་གྱིས་ཆུ་ནང་དུ་འཕངས༔ འདི་མ་བྱས་ན་མཁའ་འགྲོའི་ཞལ་མཐོང་ན་ཡང་བཀྲ་མི་ཤིས་གོད་ཁ་འོང་གསུངས༔ ཡང་བུད་མེད་རྒྱབ་སྤྱོད་ལག་པ་བཅིངས་པའི་སྙིང་ཁར་རྨི་ལ་དུར་སྲི་ནག་མོ་སྟམ་བྷ་ཡ་ནན་གྱིས་བསྐོར༔ ཕྱི་ནས་ཡི་དམ་ཁྲོ་མོའི་སྔགས་ཀྱིས་བསྐོར༔ བཀུག་གཞུག་བྱས་ཀར་ཤ་པ་ཎོརྐ་ལྟོ་བར་བཅུག་ལ་དྲིལ་ནས༔ རང་གི་ཟ་འཕྲོ་ལ་ཕག་གཟུགས་གཅིག་བྱས་པའི་ནང་དུ་བཅུག༔ སྒྲུབ་པ་མ་


CMR015_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

ཐོན་བར་མལ་འོག་ཏུ་དོང་གྲུ་གསུམ་དུ་བཅུག༔ རྡོ་རྗེ་རྒྱ་གྲམ་གྱིས་ཁ་བཅད༔ དེ་ལ་འཕྲོད་ན་ཟ་འཕྲོ་ལ་ཕག་གཟུགས་གཅིག་བྱས་ལ་འགུགས་གཞུག་བྱ་ཆོག༔ སྒྲུབ་པ་ཚར་ནས་ལམ་རྒྱ་གྲམ་མམ་ཟམ་འོག་ཏུ་མནན༔ ཡང་འདི་སྨན་མོ་ལྟར་སྒྲུབ་ན་རྗེས་འབྲང་བཟེད་གྲི་ཇོ་མོ་སྒྲོན་མ་བཀར་དགོངས་ཏེ༔ ནམ་མཁའ་ནག་པོ་མདའ་འཕང་གླང་མའི་ཤིང་རིས༔ སེ་བ་འཇག་མ་གཅིག༔ བྱ་སྤུ་ཤ་ཤུན་སྦྱང་ཟན་རམ་པ་རུག་པ་རྩི་སྐྱ༔ པི་ཝང་གླིང་བུ་དེ་རྣམས་བོང་བ་གྲུ་བཞི་པའི་སྟེང་དུ་བཙུགས་ཏེ༔ ཀྱེ༔ བདག་ནི་མི་དམན་ཁོ་བོ་ཡང་༔ དཔལ་ཆེན་པདྨའི་སྲས༔ ལྷ་འབོད་སྨན་འབོད་ཀྱང་༔ ཇོ་མོ་སྒྲོལ་མ་མི་འབོད༔ མ་བསྟེན་སྲིང་བསྟེན་ཡང་༔ ཇོ་མོ་སྒྲོལ་མ་མི་བསྟེན༔ གནམ་ས་ལྷ་ཀླུ་གཟུ་དང་དཔང་༔ སྲིད་པ་གསུམ་ན་དབང་བསྒྱུར་བ༔ སྔགས་པ་ང་ཡི་དམ་ཚིག་གིས༔ བཟེད་གྲི་གྱེན་དུ་བཀར༔ དངོས་གྲུབ་བཀའ་མ་བཅག༔ སྔོན་མོ་ནས་ཀྱི་ཕྱེ་མ་དང་༔ འདོད་པའི་ཡས་སྟགས་བཞེས་ལ༔ གངས་དཀར་གླུ་ལེན་ཀྱུ་རུ་རུ༔ སྨན་བཟེད་བྲོ་བརྡུང་ཁྲིགས་སེ་ཁྲིག༔ བསྒྲུབ་ལ་བར་ཆད་མ་བྱེད་ཅིག༔ ཁ་ཁ་རང་རང་གནས་སུ་བཀར་རོ༔ ཞེས་སྒང་རྒྱུད་མཐོན་


CMR015_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་རང་གི་ཁྱིམ་མི་མཐོང་བར་བསྐྱལ་ལོ༔ ནེ་ཏྲི་ནི་ཀྲྀ་སྒབ་འདྲེ་གནོད་བྱེད་མཱ་ར་ཡ་དྲོད༔ མ་མ་ར་ལི་པྲ་མ་ཡ་ཧྲིང་ཧྲིང་༔ མ་ཧཱ་པདྨ་ཧོར་ཧར༔ ཀྲོ་ཏ་ནི་ལ་ཧུར་ཧུར༔ བཛྲ་ཡཾ་ཡཾ་རྨི་ཅེས་སྨན་ལྟར་སྒྲུབ་པའི་བསྟོད་བསྐུལ་ཚར་བའི་རྗེས་སུ་བརྒྱ་རེ་བཟླའོ༔ དེ་ལྟར་ཕྱི་ནང་གསང་སྒྲུབ་ཀྱང་རི་ཐོད་བླ་རྡོ༔ མདའ་དར་ཕྱི་སྒྲུབ་ཞི་བ་ལ་གཙོ་ཆེ་རྒྱུར་སྣང་ངོ་༔ སྐུ་ནི་དཀོར་སྲུང་གཙོ་ཚེ༔ རྟེན་ཐམས་ཅད་བྱུང་ན་རབ་ཡིན་ནོ༔ དེ་ཡང་སྨན་མོ་འབོད་པ་ལ་རང་རྣལ་འབྱོར་མར་བསྒོམ་མམ༔ གཞན་ཡང་ཡི་དམ་གང་ཡང་རུང་སྟེ། སྨན་ལྟར་བྱེད་ན། ༈ མདུན་དུ་ངན་ནེ་མ་དཀར་མོ་གཡས་ལྕགས་ཀྱུ་གཡོན་མདའ་དར་མེ་ལོང་༔ དར་དཀར་གོ་ཟུ་དབུ་ལ་བྱི་རུའི་ཐོར་ཚུགས་ལྡེམ་པ༔ མཚན་ཁུང་ནེའུ་ལེ་རིན་ཆེན་སྐྱུགས་པ༔ ཞབས་འདོར་ཐབས༔ ཐུགས་ཀར་དུང་གི་པདྨ་འདབ་བརྒྱད༔ ལྟེ་བར་རམ་དམར་པོས་མཚན་པའོ༔ ༈ དབང་སྡུད་ནོར་ལྷ་ལྟར་བསྒྲུབ་ན༔ དཀར་མོ་སྤྱན་གསུམ་འཛུམ་མདངས་ཅན༔ རིན་ཆེན་རྒྱུན་དང་དར་དཀར་ན་བཟའ་ཅན༔ གཡས་ཞགས་པ་དམར་པོས་དམིགས་བྱའི་འགུལ་ནས་འཆིངས༔ གཡོན་ལྕགས་ཀྱུས་སྙིང་ཁའི་རྣྀ་


CMR015_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

ལྗང་གུ་ལ་བཟུང་ནས་བདག་གི་དབང་དུ་སྡུད་པ༔ རྩེ་ལ་ཡིད་བཞིན་ནོར་བུས་མཚན་ཅིང་ཞབས་བརྐྱང་བསྐུམ་དུ་བཞུགས་པའོ༔ ༈ ནོར་སྒྲུབ་ན་རིན་པོ་ཆེའི་གཞལ་ཡས་ཁང་གི་ང་དུ་ལྷ་མོ་དཀར་མོ་འཛུམ་མདངས་ཅན༔ གཡས་ནོར་བུ་དབང་གི་རྒྱལ་པོ༔ གཡོན་ནོར་བུས་གང་བའི་ནེའུ་ལེ༔ འཁོར་དེ་འདྲ་གྲངས་མེད་པས་བསྐོར༔ དེ་ནས་དངོས་གྲུབ་སྟེར་བའོ༔ ༈ རྨི་ལས་དགྲ་བོའི་སྙིང་ཁར་མ་ལས་དུར་ཁྲོད་བདག་མོ་དཀར་མོ་གྲི་ཐོད་ཅན༔ བསེ་ཡི་ལན་ཕྲན་དབང་གི་ཕུར་པ་དར་ནག་གི་ཅོད་པན་ཅན༔ གཡུ་ཡི་སྨིན་མ་ཁྲག་གི་མཆི་མ་འཛག་པ༔ དབུ་ལ་མེ་འབར་བ་དུང་གི་མཆེ་བ་གཙིགས་པ༔ ཕྱག་ཞབས་སོར་མོ་དུང་གི་སྦར་མོ་ཅན༔ ཞལ་ནས་བདུད་རྩིའི་ཆུ་རྒྱུན་འབེབས་པ༔ དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་ཅིང་རྒྱབ་ཏུ་ལྕགས་ཀྱི་དྲྭ་བ་མིག་དགུ་ཁུར་ནས་བོང་བུ་དམར་གྲྭ་ལ་ཞོན་པ༔ འཁོར་མ་མོ་འབུམ་དང་བཅས་པའོ༔ ༈ དམར་མོ་སྤྱན་གསུམ་གཡས་ལྕགས་ཀྱུ༔ གཡོན་སྤྱི་གྲི༔ སྐྲ་ཐོར་ཅོག་ལྷག་མ་གྲོལ་བ༔ མ་མཆེ་དཔྲལ་བ་དང་༔ ཡ་མཆེ་བྲང་དཀྱིལ་སླེབས་པ༔ དབུ་ལ་མ་རི་ཞལ་ནས་བདུད་རྩི་འབེབས་པ༔ ཕྱག་ཞབས་ཟངས་སྦར་ཅན་དུར་ཁྲོད་


CMR015_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཆས་ཀྱིས་བརྒྱན་ཅིང་རྒྱབ་ཏུ་ལྕགས་ཀྱི་དྲྭ་བ་མཆན་དུ་ཐན་རྐྱལ་ཁུར་ནས་བོང་བུ་དམར་གྲྭ་ཞོན་པ༔ འཁོར་མ་མོ་འབུམ་དང་བཙན་བདུད་གཤིན་རྒྱལ་སྒྲོལ་གིང་གིས་༔ བསྐོར་བའོ༔ ༈ ཡང་སྐུ་མདོག་ནག་མོ་ལ་སྨོས་མ་ཐག་པའི་མཚན་ཉིད་ཅན་ནོ༔ ༈ ཡང་ཧཱུྃལས་དམར་མོ་གཅེར་བུ་རྒྱན་མེད་པ་རེད་ཅིང་སྐེམ་པ་ཕྱག་གཉིས་སྟངས་སྟབས་ཐན་རྐྱལ་འགེངས་ཤིང་ཞབས་འདོར་སྟབས་བསྒྲུབ་བྱའི་གདན༔ འཁོར་རང་འདྲ་བསམ་གྱིས་མི་ཁྱབ་པའོ༔ ཡང་དུར་ཁྲོད་ཀྱི་གཞལ་ཡས་ཁང་རོ་དང་ལྷུ་དུམ་ཀེང་རུས་དཔག་ཏུ་མེད་པའི་དབུས་སུ་རྨི་ལས་དགྲ་བོའི་སྟེང་དུ་མ་ལས་དུར་ཁྲོད་བདག་མོ་དམར་མོ་གཡས་གྲི་གུག༔ གཡོན་ཐན་རྐྱལ་འབུད་པའོ༔ རལ་པས་སྐུ་རྒྱབ་ནོན་ཞིང་གཅེར་བུ་རྒྱབ་ཏུ་ཐན་རྐྱལ་ཁུར་བ་ཞབས་འདོར་ཐབས་འཁོར་དེ་འདྲ་བྱེ་བ་དུང་ཕྱུར་རོ༔ ༈ དེ་དང་འདྲ་བ་ལ་ནག་པོ་རྐང་ཐང་གི་རྒྱ་གཞུང་ཉིད་ལས་གསུངས་པའི་དོན་ནོ༔ དེ་ལྟར་དཀར་མོ་རིགས་བཞིའི་སྨན་སྒྲུབ་ནི༔ དབང་སྡུད༔ ནོར་ལྷ༔ དཀོར་སྲུང་དང་བཞི་སྟེ་ཕྱི་སྒྲུབ༔ རྐྱ་པ་དམར་ནག་གཉིས་ནི་ནང་སྒྲུབ༔ དམར་མོ་རྐང་ཐང་རིགས་གཉིས་གསང་སྒྲུབ༔ ནག་མོ་


CMR015_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

རྐང་ཐང་ཡང་གསང་གི་སྒྲུབ་པར་མངོན་ནོ༔ དེ་ནས་སྤྱན་འདྲེན་དང་མཆོད་བསྟོད་ལས་བྱང་ལྟར་བྱ༔ གང་བྱེད་ཀྱི་སྔགས་སོ་སོར་སྔགས་བྱང་ལྟར་བཟླའོ༔ དེ་ནི་རྒྱས་བཤད་མཐའ་མེད་ཡིན་ཏེ༔ དོན་གྱི་རྩ་བར་རཏྣ་ལུགས་རྒྱ་སྐད་ཅན་དེ་སོར་བཞག་བྱས་པས་འཐུས༔ སྒབ་འདྲེ་མནན་པ་དང་༔ རྒྱབ་འདྲེ་བཀར་བ་རྣམས་ཀྱང་ཐོན་ན་ལེགས་ཀྱིས༔ མ་ཐོན་ན་ཡང་ཁོ་བོས་ལེགས་པར་ཚར་གྱིས་ཁྱེད་སློབ་མ་རྣམས་ཀྱིས་མ་ཐོན་ཀྱང་ཆོག༔ ཁྱིམ་པ་ཡིན་ན་ལྷ་མོ་མ་སྲིང་མོ་ཁོལ་མོའི་འདུ་ཤེས་བཞག་པས་བུད་མེད་ལ་མི་གནོད༔ རབ་བྱུང་ཡིན་ན་མཛའ་མོའི་འདུ་ཤེས་བཞག་པས་འགྲུབ་སླ༔ འདི་འཇིག་རྟེན་པའི་ལྷ་མོ་ཡིན་པས་མིའི་འདུ་ཤེས་མི་བྱ༔ འདི་དོན་ལ་ངན་སྔགས་ཡིན་པས་མང་དུ་སྤེལ་ན་ཉེས་པ་ཡང་ཆེ་ཞིང་རང་གི་བསོད་ནམས་ཡང་ཟད་པས་གཅིག་བརྒྱུད་ལྟ་བུ་བྱ༔ གཏོར་ཆོག་ནི་ཧ་ཅང་བཀག་པ་མེད༔ མི་སྤེལ་ཀ་མེད་བྱུང་ན་ཡང་ལག་ལེན་ཞིབ་ཆ་འདི་རྣམས་སྦས༔ གཏེར་གཞུང་ནས་ལུང་ཙམ་བྱ༔ འཇིག་རྟེན་མཆོད་ཅིང་བསྟོད་པས་འགྲུབ་བོ་ཞེས་པས་མཆོད་བསྟོད་ལ་བརྩོན་པར་བྱ༔ ཞེས་སྔགས་ནག་རཱ་ག་ཨ་སྱས་སོ།། །།


previousཐུགས་རྗེ་ཆེན་པོ་གསང་འདུས་ལས་དུར་ཁྲོད་བདག་མོ་ངན་ནེ་མའི་སྒྲུབ་པའི་ཟིན་བྲིས།next