Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
ཐུགས་རྗེ་ཆེན་པོ་གསང་བ་འདུས་པ་ལས༔ མ་མོ་ནག་མོ་ངེ་ནེ་མའི་རླུང་འཁོར་ཐེམ་མེད་ཀྱི་སྐོར་ལ་ཐམ་རྒྱ་ཅན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཐུགས་རྗེ་ཆེན་པོ་གསང་བ་འདུས་པ་ལས༔ མ་མོ་ནག་མོ་ངེ་ནེ་མའི་རླུང་འཁོར་ཐེམ་མེད་ཀྱི་སྐོར་ལ་ཐམ་རྒྱ་ཅན།next

ཐུགས་རྗེ་ཆེན་པོ་གསང་བ་འདུས་པ་ལས༔ མ་མོ་ནག་མོ་ངེ་ནེ་མའི་རླུང་འཁོར་ཐེམ་མེད་ཀྱི་སྐོར་ལ་ཐམ་རྒྱ་ཅན།


CMR015_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་གསང་བ་འདུས་པ་ལས༔ མ་མོ་ནག་མོ་ངེ་ནེ་མའི་རླུང་འཁོར་ཐེམ་མེད་ཀྱི་སྐོར་ལ་ཐམ་རྒྱ་ཅན་བཞུགས་སོ༔


CMR015_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

ཐཱམ༔ དཔལ་གསང་བ་འདུས་པ་ལ་ཕྱག་འཚལ་ལོ༔ དུར་ཁྲོད་ཀྱི་བདག་མོ་ཤ་ཟ་ངས་ནུས་མའི་རླུང་ལ་ལས་བཅོལ་བ་ལ་དོན་རྣམ་པ་དྲུག་གིས་བསྟན་ཏེ༔ དགོས་ཁྱད་རྫས་བསགས་པ༔ འཁོར་ལོ་བྲི་བ༔ བསྐོར་བའི་དུས༔ ཕྲིན་ལས་ཁ་སྒྱུར་གནད་ཀྱི་ཤམ་བུ༔ དངོས་གཞི་འཁོར་ལོ་འགོད་པའི་ཡི་གེ་དང་དྲུག་སྟེ༔ དང་པོ་རྣལ་འབྱོར་པ་ལ་དགྲ་གློ་བུར་དུ་བྱུང་ན༔ ཀ་ཆ་བཙན་ཐབས་སུ་འཕྲོག་པའི་རྐྱེན་གྱིས་འཚེ་བར་གྱུར་ན༔ འབྱུང་བ་རླུང་ལ་ལས་བཅོལ་བ་འདི་བྱ༔ རྫས་ལ་ཕན་ཡོན་ཆེ་བ་བསྒྲུབ་མི་དགོས་པར་སྔགས་དང་རྫས་ཁོ་ན་ལ་བརྟེན་ཏེ་བསྐོར་བས་འགྲུབ་པར་འགྱུར་


CMR015_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

རོ༔ གཉིས་པ་རྫས་བསགས་པ་ནི༔ དུར་ཁྲོད་ཀྱི་རོ་རས་སམ༔ ཕུང་རེ་གང་རུང་ངམ༔ སྲེ་མོང་གི་སྙིང་དང་སྤྱ༔ ཝའི་ཁ་སྤུ་རྣམས་བསྲེགས་པའི་ཐལ་བ༔ སྲིན་བྱའི་སྙིང་ཤུན༔ ཁྱི་ནག་གི་ཁྲག་རྣམས་སྣག་ཚར་བསྲེས་ལ་བསྒྲུབ་པར་བྱའོ༔ དགུན་ཉི་ལྡོག་པའི་ཤིང་ལྕང་མ་ཁྲུ་གང་གིས་ཙཀྲའི་སྲོག་ཤིང་དང་༔ དུར་རྡོ་ནག་པོ༔ ཕུང་ཤུལ་གྱི་ས༔ དགྲ་བོའི་ཟག་རྫས་སམ༔ རྗེས་ས་གང་རུང་༔ རྫས་དེ་རྣམས་ལེགས་པར་བསྲེས་ལ་དགྲ་བོའི་སྙིང་གར་བཞག་པར་བྱའོ༔ གསུམ་པ་འཁོར་ལོ་བྲི་བ་ནི༔ རང་ལྷའི་ང་རྒྱལ་དང་མ་བྲལ་བར་ཁ་ལྷོ་ཕྱོགས་སུ་


CMR015_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

གྱུ་བའི་བྲག་རལ་བའམ༔ ཤིང་རྐང་གཅིག་མ༔ ནགས་ཚང་ཚིང་དུ་ཕྱིན་ཏེ༔ འཁོར་ལོ་རྩིབས་དྲུག་ལྟེ་བ་མུ་ཁྱུད་དང་བཅས་པ་བྲི་བའི་རྩིབས་རྣམས་ལ༔ བུད་མེད་ནག་མོ་ཁྲག་གི་རལ་པ་ཅན༔ གཡས་ཐམས་ཅད་ན་འུག་པ༔ སྲེ་མོང་༔ ཝ༔ ཁ་ཏ༔ སྦྲུལ༔ རྔ་མོང་རྣམས་འཛིན་ཅིང་༔ གཡོན་ནད་རྐྱལ་མཚན་དུ་བཅུག་པ༔ འོག་ཏུ་ཕུང་སྲི་ནག་མོ་ལ་ཞོན་པ་བྱས་པའི་འཁོར་ལོ་སྟེང་འོག་གཉིས་པ་སོ་སོར་བྲི༔ བཞི་པ་འཁོར་ལོ་བསྐོར་བའི་དུས་ཉི་ནག་གམ༔ གཟའ་ཁྲ་བྱ་རོག་རྒྱུ་བའི་དུས་ཉི་མ་ནག་ཆེན༔ གཟའ་འཛིན་ནམ༔ ས་གཡོ་བའི་དུས་ལ་ཕྲིན་ལས་ཀྱི་ལས་བྱ་བ་ཤེས་སོ༔ ལྔ་པ་ནི༔ འོག་ནས་བྱུང་བའི་སྔགས་ཀྱི་ཤམ་བུར༔ དགྲ་བསད་པར་འདོད་ན༔ མྱོས་ལིང་ཧུར་ཐུམ་མཱ་ར་ཡ་ཆད༔ ཆད་ལིང་ཐུ་བྲིང་བྲིང་༔ མཱ་ར་ཡ་སོད་སོད༔ ཅེས་བྲིའོ༔ ལྟས་ངན་དང་ཆོ་འཕྲུལ་བཏང་བར་འདོད་ན༔ ཨོཾ་ཕུང་སྲི་མར་མུར་ཧེར་རྦད་ན་མ་རྒྱུག་ལྟས་ངན་དང་ཆོ་འཕྲུལ་ཕོབ་ཕོབ༔ ཅེས་བྲིའོ༔ ཡང་དགྲ་བོ་མགོ་འཁོར་འདོད་ན༔ རྩིབས་ཀྱི་བར་བར་རྣམས་སུ༔ ཐུ་བྷཾ་ཤག་ཐུ་ཁུག་ལིང་མྱོས་ཐུ༔ ཅེས་དང་༔ ཤམ་བུར༔ དགྲ་བོ་ཆེ་གེ་མོའི་བླ་


CMR015_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

ཧུར་འདུས་ཐུ་བྷཾ་ཁུག་ཕ་རོལ་ཏྲི་ཤག་བུད་མེད་ཕུང་བྱེད་མ་བླ་ལ་འདུས་འདུས་རུབ་རུབ་བསྡུས་བསྡུས་རྡུམ་རྫུམ་ནན་པཾ་ཁུག་དྲི་ཤང་ལང་ལིང་སོས་ནན་སྭཱ་ཧཱ༔ ཞེས་བྲིའོ༔ སྤྱི་དོན་ཐ་མ་འཁོར་ལོར་འགོད་པའི་ཡིག་ཆུང་ནི༔ སྟེང་འཁོར་གྱི་མུ་ཁྱུད་ལ་ཡིག་མགོ་ཕྱིར་བསྟན༔ འོག་འཁོར་གྱི་ཡིག་མགོ་ནང་དུ་བསྟན་ལ་སྟེང་འོག་ཕྱོགས་མ་ནོར་གཡོན་དུ་འཁོར་བར་བྱའོ༔ དྲུག་པ་ཙཀྲ་ལ་འཁོར་བའི་ཡི་གེ་ནི༔ ཨོཾ་ར་ལི་པྲ་མ་ཡ་ཛཿ མ་ཞུང་ཏྲི་ཡ་ཧུར་ཧུར་རྒྱུག་རྒྱུག་ཆེ་གེའི་དོན་སྙིང་ལ་འུབ་འུབ་ཤ་འུབ་བྲིང་རཾ་འདུས་ལིང་ལིང་ཁུག་མགོ་མཇུག་ལྡོག༔ ཡིག་མགོ་དབུ་ཅན་དུ་བྲིས་གདའ་མཚན། ཕུང་སྲི་ཨ་བྷི་ཀ་མཱ་ར་ཡ་ཛ་ཛཿ ནག་མོ་པྲ་མ་ཡ་ཛཿ སྡུས་སྡུས་ས་མ་ཡ་ཁུག༔ ཏྲིའུ་བྷོ་བྷོ་ཤང་ལིང་ལང་ལིང་ལིང་མྱོག་ཀ་ཆའི་མིང་ནས་བོས༔ ཏྲི་པྲ་མ་ཡ་ཙེར་ཙེར་བེར་བེར་ནག་པོ་རྒྱུག་བྱེད་ཀྱིས་རུས་ཐུལ་ལཾ་ནན་ཡཾ་ཡཾ་ཡཾ༔ ཕུང་སྲི་ནག་མོའི་ཆོ་འཕྲུལ་མྱུར་དུ་ཕོབ་ཅིག༔ ཅེས་བྲིའོ༔ འཁོར་ལོ་སྟེང་འོག་གཉིས་ཀྱི་བར་དུ་དགྲ་བོ་མིང་ཡིག་དང་བཅས་པ་གོང་གི་རྫས་ཀྱིས་བྱུག་ལ་བསྐོར་བས་གང་འདོད་པའི་ལས་ལོ་དང་ཟླ་བར་འགྲུབ་པར་འགྱུར་རོ༔ འདི་ཡི་ལས་བྱེད་པའི་དུས་སུ་


CMR015_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

རང་ཉིད་ཡི་དམ་གྱི་ང་རྒྱལ་དང་མི་འབྲལ་ཞིང་༔ མ་མོ་ཁོ་རང་ལ་གཏོར་མ་འབུལ་བར་བྱའོ༔ ལས་འགྲུབ་ན་ལིང་ག་སྦྱིན་བསྲེག་བྱ༔ ཆ་གཅིག་ལམ་རྒྱ་གྲམ་དུ་མནན༔ ཆ་གཅིག་རླུང་ལ་བསྐུར༔ ཆ་གཅིག་ཆུ་བོའི་ནང་དུ་དོར༔ ཅེས་གསང་འདུས་ཀྱི་ལས་མཐའ་གུད་དུ་ཕྱུང་ནས་ནམ་མཁའི་སྙིང་པོ་བདག་གིས་ཡི་གེར་བཀོད་པའོ༔ ཤམཐངྐམ༔ སྤྲུལ་སྐུ་རཏྣ་གླིང་པའི་གཏེར་མའོ༔ ༈ རྒྱ་གར་སྐད་དུ༔ གདུག་པ་དུག་མདའ་ནག་པོ་ཞེས་བྱ་བ༔ བོད་སྐད་དུ༔ མུ་སྟེགས་ཁྱི་ཁ་ཟན་བསྒྱུར་ཞེས་བྱ་བ༔ ལྷ་བསྒོམ་མི་དགོས༔ གཏོར་མ་རྫས་མི་དགོས༔ སྒྲུབ་པའི་ཚད་ནི་སྐྱ་རེངས་ཤར་ནས༔ རང་གི་གནས་ཁང་ལ་ཉི་མ་མ་ཤར་བ་ཡིན༔ དེ་ནས་ལིང་ག་ཟན་དུ་དྲིལ༔ ཁྱི་རྒྱ་སེར་བ་མིག་བཞི་ལ་བཞིན་པ་གནད་ཡིན༔ ཁྱི་དེ་ལས་ཀྱི་གཤིན་རྗེ་གཅིག་ཏུ་བསྒོམ༔ ལིང་ག་གྲི་ཁྲག་གིས་བྲིས༔ ལྕགས་སྡེར་ནང་དུ་བཞག༔ མཁར་སྒོང་ཐུན་གྱིས་བྲབ༔ སྔགས་ཀྱི་དཔུང་པ་གཡོན་ནས་མཇུག་ཏུ་བསྐོར༔ དྲག་པོའི་སྔགས་ནི༔ ཀ་བ་རི་ཀུ་ནི་ཤ་ཝ་རོ་ན་ཕཊ༔ ཆེ་ཡང་ཟེར༔ ཙག་ཐུན་རྦད་ཕཊ༔ ཧྲི་ཤཾ་ཤཾ་དུན་དུན་ཕཊ་ཕཊ་བྷྱོ༔ དཔྲལ་བར་རུས༔


CMR015_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་གར་མིང་༔ གང་དུ་ལྷ་ཆེན་དབང་ཕྱུག་ཆེན་པོའི་མུ་སྟེགས་ཀྱི་སྟོན་པ་དམར་པོ་ཕུང་བོན་མགོ་དམར་ཅེས་མེར་བྱའོ༔ ༈ ནོར་སྲུང་མ་ཆེན་མོ་ངན་ནེ་མ་ལ་གཏོར་མ་འབུལ་བར་སྤྲོ་ན༔ དམར་གཏོར་གཅིག་ལ་འགུགས་གཞུག་བྱས་ལ༔ ཨ་ཀཱ་རོ་ཡིས་བྱིན་གྱིས་བརླབས༔ བྷྱོ༔ བསིལ་བ་ཚལ་དང་ཉེ་བའི་ཚན་དྷོ་ཧ༔ བདེན་བྲལ་མུན་པ་ཅན་གྱི་དུར་ཁྲོད་ནས༔ དཀོར་གྱི་ལྷ་མོ་རྡོ་རྗེ་ངན་ནེ་མ༔ འདིར་གཤེགས་དམ་རྫས་བརྒྱན་པའི་གཏོར་མ་བཞེས༔ དཀོར་རྣམས་སྲུང་ཞིང་སྤེལ་བའི་ཕྲིན་ལས་མཛོད༔ ཧཱུྃ༔ ཐུགས་རྗེ་ཆེན་པོའི་བཀའ་སྲུང་བ༔ བྲན་གཡོག་གནོད་སྦྱིན་ནོར་བསྙགས་ནི༔ མདོག་ནག་ཨ་ཙ་ར་ཡི་གཟུགས༔ འདིར་བྱོན་བརྒྱན་པའི་གཏོར་མ་བཞེས༔ སྡང་བའི་དགྲ་ལ་ཆོ་འཕྲུལ་ཐོང་༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་བྷ་ཏོ་ར་ལི་ཡ༔ ས་དེ་ཨཾ་ཀུ་ཤ་ཛ་ཛཿ ཨ་མྲྀ་ཏ་རཀྟ་བ་ལི་ཏ་དགྲ་བགེགས་ཀྱི་ཤ་ཁྲག་རུས་གསུམ་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཨོཾ་ར་ལི་པྲ་མ་ཡ་ཛ་བ་ལོ་ཏ་ཁཱ་ཧི༔ ཞེས་པས་བསྐུལ་ལ་དགྲ་ཕྱོགས་སུ་ཕུལ་བཅོལ་ལོ། །ཞེས་པ་སྤྲུལ་སྐུ་རཏྣ་གླིང་པའི་གཏེར་མ་ལས་མཁོ་བར་སེམས་ནས། གཏོར་མ་འབུལ་བ་རྩ་བའི་སྔགས་ཚིག་འདི། དགེ་སློང་རཱ་ག་ཨ་སྱས་འཕྲལ་དུ་སྦྱར་བའོ། །


CMR015_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་འཁོར་དགྲ་ལ་རྦད་པ་ལ་དགོས་ངེས་ཟབ་པ་སངས་རྒྱས་བསྟན་པ་སྲུང་བའི་ཆ་རྐྱེན་རྣམ་པར་དག་པ་ལ་མཁོ་བར་སྤྱོད་པར་མཛོད། ས་མ་ཡ། རྒྱ་རྒྱ་རྒྱ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR015_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

གཡུང་སྟོན་པའི་དཀོར་བདག་ནོར་བསྙག་ཅེས་བྱ་བ་འདྲེ་མོ་མུ་སྟེགས་ངེ་ནེ་མའི་སྒྲུབ་ཐབས་བཞུགས་སོ། །།


CMR015_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

ཕག་མོའི་ང་རྒྱལ་གྱིས། ཕུག་རོན་དང་རུ་གཡས་པ་གཅིག་ཐོགས་ཏེ་གཡབ་ཚུལ་གྱིས། བྷྱོ༔ དུར་ཁྲོད་བདག་མོ་ངན་ནེ་མ། །སྐུ་མདོག་དཀར་ལ་མདངས་ཅན། །ཞལ་གཅིག་ཕྱག་ནི་གཉིས་པ་སྟེ། །ཕྱག་གཡས་འགུགས་པའི་ལྕགས་ཀྱུ་བསྣམས། །གཡོན་པས་དངུལ་དཀར་མེ་ལོང་འཛིན། །ནད་ཀྱི་རྐྱལ་པ་མཆན་དུ་བཅུག །དབུ་སྐྲ་ཐོར་ཚུགས་རིན་ཆེན་བརྒྱན། །མ་ཡི་ནང་ནས་མ་གཅིག་མ། །སྲིང་གི་ནང་ནས་སྙིང་ཉེ་མ། །ཁྱོད་ལ་འབོད་པ་བརྒྱ་ཡོད་ཀྱང་། །དམ་ཚིག་སྲུང་བ་ང་བས་མེད། །རླུང་དམར་སྐར་མདའི་བང་དང་བཅས། །མུན་པ་ཅན་གྱི་དུར་


CMR015_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོད་དང་། །ཉེ་བའི་ཚདྷོ་ཧ་ནས་བྱོན། །མཁས་བཙུན་རྣམས་ཀྱི་དཀོར་སྲུང་མ། །མ་ཐོགས་མྱུར་དུ་གནས་འདིར་གཤེགས། །རྩོམ་ཕོར་གང་གི་རྗེས་གཅོད་མ། །མ་ཐོགས་མྱུར་དུ་གནས་འདིར་གཤེགས། །།ཟན་ཆང་གང་གི་རྗེས་གཅོད་མ། །མ་ཐོག་མྱུར་དུ་གཤེགས་སུ་གསོལ། །རྐང་བཞི་ཕྱུགས་ཀྱི་ཤུལ་སྙོག་མ། །མ་ཐོགས་མྱུར་དུ་གཤེགས་སུ་གསོལ། །ཀ་ཆ་དཀོར་ལ་བརྟན་པར་བཞུགས། །དགྲ་རྐུན་ལག་ཏུ་མ་ཤོར་ཅིག །གང་དགོས་སྦྱར། རང་ཉིད་ཕག་མོའམ་ཡི་དམ་གང་ཡིན་གྱི་ཏིང་འཛིན་གསལ། ར་ལི་ཙ་མ་མི་པྲ་མ་ཡ་ཛ་ཛཿ ཨ་ཏྲེ་དུ་ཤ་ར་


CMR015_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཀ་ཏ་ཡེ་སྭཱ་ཧཱ། སྨྲ་བཅད་ལ་བཟླའོ། ༈ །དེ་ནས་ཕྲིན་ལས་བཅོལ་བ་ནི། ཧཱུཾ་བྷྱོ༔ དགོངས་སུ་གསོལ་ལོ་ངན་ནུས་མ། །ཁྱོད་ལ་ཕྲིན་ལས་བཅོལ་བ་ནི། །དོན་ཆེན་གཉེར་དུ་བདག་གི་འཁོར་དུ་གཏོགས་པ་ཡི། །རྒྱལ་པོ་བཙུན་མོ་མན་ཆད་ནས། །འཁོར་གཡོག་བྲན་དང་བཅས་པ་རྣམས། །འདི་དག་ཁྱོད་ཀྱི་གྲོགས་ཡིན་པས། །འཁོར་རྣམས་སྲུངས་ཤིག་ངས་ནུས་མ། །རྡོ་རྗེ་སློབ་དཔོན་མན་ཆད་ནས། །བརྒྱུད་འཛིན་བུ་སློབ་ཡན་ཆད་རྣམས། །འདི་དག་ཁྱོད་ཀྱི་གྲོགས་ཡིན་པས། །གྲོགས་རྣམས་སྲུངས་ཤིག་ངས་ནུས་མ། །གསེར་དངུལ་ཟངས་ལྕགས་མན་ཆད་ནས། །ཁབ་དང་སྐུད་པ་ཡན་ཆོད་རྣམས། །འདི་དག་ཁྱོད་ཀྱི་དཀོར་ཡིན་པས། །དཀོར་རྣམས་སྲུངས་ཤིག་ངས་ནུས་མ། །གོས་དང་དར་ཟབ་མན་ཆད་ནས། །གྲུ་གུ་ཕུར་པ་ཡན་ཆད་རྣམས། །འདི་དག་ཁྱོད་ཀྱི་ནོར་ཡིན་པས། །ནོར་རྣམས་སྲུངས་ཤིག་ངས་ནུས་མ། །བདག་ཉིད་་རྡོ་རྗེ་སློབ་དཔོན་ལ། །སྙིང་ནས་རེ་ལྟོས་བཅས་པ་རྣམས། །རྟག་ཏུ་སྲུངས་ཤིག་ངས་ནུས་མ། །ནང་མི་སྨུག་ཆུང་དངོས་གྲུབ་ཅན། །ཕྱི་རུ་མ་ཤོར་ངས་ནུས་མ། །ཕྱི་མི་སྐྱ་བོ་


CMR015_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

གྱོད་འདྲེ་ཅན། །ནང་དུ་མ་བཏང་ངས་ནུས་མ། །བསྟན་པ་འཛིན་པའི་མཐུན་རྐྱེན་ལ། །གཡང་ཅན་ནོར་དང་བཅུད་ཅན་ཟས། །བརྗིད་ཅན་གོས་དང་གསེར་དངུལ་ཇ། །འབྲུ་མར་རྟ་དྲེལ་ནོར་ཕྱུགས་སོགས། །དངོས་གྲུབ་སྩོལ་ཅིག་ངས་ནུས་མ། །དེ་ལ་གནོད་བྱེད་དགྲ་རྐུན་ཇག །གོད་འདྲེ་སྒྲུབ་འདྲེའི་གནོད་པ་ཟློག །ཧཱུྃ་བྷྱོ༔ བསྐུལ་ལོ་བསྐུལ་ལོ་ངས་ནུས་མ། །བཞེངས་ཤིག་བཞེངས་ཤིག་དབྱིངས་ནས་བཞེངས། །རྦད་དོ་ཟད་དེ་དགྲ་ལ་རྦད། །རྒྱུག་ཅིག་རྒྱུག་ཅིག་མྱུར་དུ་རྒྱུག །རྣལ་འབྱོར་བདག་ལ་སྡང་བ་ཡི། །དམ་ཉམས་དགྲ་བོ་སྡིག་ཅན་འདིས། །སངས་རྒྱས་བསྟན་ལ་སྨྲ་ཕབ་ནས། །རྣལ་འབྱོར་བདག་ལ་དོ་བསྔོ་ཞིང་། །དཀོན་མཆོག་བཀའ་ལ་ཁྱད་དུ་བསད་། །མ་མོ་ཁྱོད་ལ་བརྙས་བཅུག་ནས། །རྐུ་འཕྲོག་བཅོམ་གསུམ་བྱེད་པ་དང་། །དངོས་དང་ཡིད་ཀྱིས་སྡང་བ་ཡི། །བསླབ་པའི་སློབ་མ་དམ་ལོག་དང་། །བསོས་པའི་ལེ་གུ་ལྷ་ལོག་དང་། །ཉོས་པའི་ཆུང་མ་གནས་སྡོམ་དང་། །བཞག་པའི་བྲན་གཡོག་སྙིང་རིང་དང་། །ངོ་ལོག་རྒྱབ་རྟེན་བྱེད་པ་དང་། །འགྲོ་འགོ་འབུད་འཇུག་སྟོན་པ་ཡི། །


CMR015_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

དོ་བསྡོ་ཕོད་བཙུགས་སྨ་འབེབས་པའི། །དམ་ཉམས་དགྲ་རྐུན་ཇག་གསུམ་རྣམས། །ལོ་དང་ཟླ་བར་མ་བཞག་པར། །ཞག་དང་ཟ་མར་མ་འགོར་བར། །ད་ལྟ་ཉིད་དུ་རྡུ་རྫོགས། །མི་རུངས་འཇིགས་པའི་ཆོ་འཕྲུལ་ཐོང་། །དཀོར་ནོར་ཁབ་དང་སྐུད་པ་ཙམ། །མ་ཤོར་དྲག་པོའི་གཡུལ་གྱིས་ལོངས། །སྔ་དགྲ་བྱས་པ་ཆུད་ནས་ཆོད། །ཕྱི་དགྲ་སེམས་པ་དྲུང་ནས་བྱུང་། །ད་ལྟའི་དགྲ་བོ་རྡུལ་དུ་རློགས། །རྡོ་རྗེའི་མཐུ་ཡིས་ཞགས་ནག་དེ། །བསྟན་པ་བཤིག་པའི་སྐེ་ལ་ཐོབ། །དགྲ་བྱེད་ཕ་ཁུ་ཡིན་ཀྱང་སྒྲོལ། །དམ་ཉམས་སློབ་མ་ཡིན་ཀྱང་སོད། །རྒྱང་ངེ་གཡེལ་ལེ་མ་མཛད་ཅིག །མཐུ་རྩལ་ཅི་འདུག་མྱུར་དུ་སྟོན། །ད་རེས་ནུས་རྩལ་མ་སྤྲུགས་ནི། །ངས་ནུས་བསྟན་པ་དོན་རེ་ཆུང་། །སློབ་དཔོན་པདྨ་འབྱུང་གནས་ཀྱི། །བཀའ་དང་དམ་ལ་མ་འདའ་བར། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །རྦད་སྔགས། ཨོཾ་ར་ལི་པྲ་མ་ཡ་ཛཿ དམ་ཉམས་དགྲ་ལ་རྦད་རྦད༔ སི་ལི་མི་ནི་ཛཿ མ་ཧཱ་པདྨ་ཧུར་ཧུར༔ ང་ཡི་ཀ་ཆ་ལ་འུར་རྒྱུག༔ དྲག་པོའི་ལས་མཐའ་གཞན་ལ་གབ། ཕུད་གཏོར་མཆོད་ལ། ཧོ་དགོངས་སུ་གསོལ་ལོ། །ཆོས་དབྱིངས་


CMR015_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེ་བ་མེད་པ་ཡེ་ཤེས་ཀྱི་ངང་ལས། སྤྲུལ་པའི་མ་གཅིག་དཔལ་ལྡན་ལྷ་མོ། ཞིང་སྐྱོང་མཁའ་འགྲོའི་དབང་ཕྱུག །དུར་ཁྲོད་ཀྱི་བདག་མོ་རྡོ་རྗེ་ངས་ནུས་མ་གནས་གསུམ་གྱི་མཁའ་འགྲོ་འཁོར་དང་བཅས་པ་ཁྱེད་རྣམས་ཀྱི་ཐུགས་དམ་ཞལ་གྱིས་བཞེས་པ་བཞིན་དུ། ཐུགས་བརྩེ་བས་བདག་ལ་དགོངས་སུ་གསོལ། ཁྱེད་རྣམས་རྒྱ་གར་རྡོ་རྗེ་གདན་ན་བཞུགས་སམ། དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ལ་སོགས་དུར་ཁྲོད་བརྒྱད་ན་བཞུགས་སམ། དྷེ་བའི་ཀོ་ཊ་ལ་སོགས་ཡུལ་ཉི་ཤུ་རྩ་བཞི་ནི་བཞུགས་སམ། མཁར་ཆུ་ཉེ་བའི་མཚན་དྷོ་ཧ་ལ་སོགས་པ་གནས་མཆོག་དམ་པ་གང་ན་བཞུགས་ཀྱང་། དེང་གི་གནས་མཆོག་དམ་པ་འདིར་རྣལ་འབྱོར་པ་བདག་གིས་སྤྱན་འདྲེན་གྱི། ཐུགས་དམ་དབང་གིས་གནས་འདིར་བྱོན་ཅིག །དངོས་སུ་འབྱོར་པ་དང་ཡིད་ཀྱིས་སྤྲུལ་པའི་མཆོད་པ་དམ་པ་འབུལ་ལོ། །མུ་སྟེགས་ཀྱི་ལྷ་མོ་སྲོག་སྒྲུབ་མ་དུར་ཁྲོད་ཀྱི་བདག་མོ་རྡོ་རྗེ་ངན་ནུས་མ་ལ་གསོལ་ལོ། །མཆོད་དོ། །འདྲེན་ནོ། །འབུལ་ལོ། །གཞན་ཡང་དམར་མོ་ཁྲག་མདོག་མ། སེར་མོ་གསེར་མདོག་མ། སྔོན་མོ་ལྕགས་མདོག་མ། ནག་མོ་སེར་མདོག་


CMR015_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

མ། སྔོ་སྐྱ་ཐལ་མདོག་མ། འཁོར་དང་བཅས་པ་རྣམས་ལ་གསོལ་ལོ། །མཆོད་དོ། འདྲེན་ནོ། །འབུལ་ལོ། །མ་གཅིག་སྲིད་གསུམ་གྱི་བདག་མོ་བོང་ཞོན་མ། དྲེད་བྷཞོན་མ། དབུ་ལྔ་དྲེད་གདོང་མ། གནས་གསུམ་གྱི་མ་མོ་མཁའ་འགྲོ། དུར་ཁྲོད་ཀྱི་ཞིང་སྐྱོང་འཁོར་དང་ཡང་འཁོར་སྤྲུལ་པ་ཡང་སྤྲུལ་བཅས་པ་ལ་གསོལ་ལོ། །མཆོད་དོ། ། འདྲེན་ནོ། །འབུལ་ལོ། །ཁྱེད་རྣམས་འཁོར་དང་བཅས་པ་ལ་གཙང་མ་ཕུད་ཀྱི་གསེར་སྐྱེམས་དང་། སྨན་གཏོར་རཀྟའི་མཆོད་པ་དམ་པ་འདི་འབུལ་ལོ། །ཁྱེད་རྣམས་ཀྱིས་སྔོན་གྱི་ཁས་བླངས་དམ་བཅས་པ་ལྟར་རྗེས་སུ་དྲན་པར་མཛོད་ལ། རྣལ་འབྱོར་པ་བདག་གིས་བཅོལ་བའི་ཕྲིན་ལས་མཛོད་ཅིག །དགྱེས་པའི་ཞལ་སྟོན་ཅིག །བསྒྲུབས་པའི་རྟགས་ཕྱུང་ཞིག །སྙན་པའི་སྒྲ་སྒྲོག་ཅིག །སུ་ལ་མི་རེ་ཁྱོད་ལ་རེའོ། །སུ་ལ་མི་ལྟོས་ཁྱོད་ལ་ལྟོས་སོ། །རྒྱལ་མཚན་དུ་ཁྱོད་འཛུགས་སོ། །དཔའ་དར་དུ་ཁྱོད་ཕྱིར་རོ། །སྡང་བྱེད་ཀྱི་དགྲ་ཐུལ་ཅིག །གནོད་པའི་བགེགས་ཆོམ་ཞིག །དཔལ་དང་འབྱོར་པ་སྤེལ་ཅིག །གཡང་ཆེན་གྱི་ནོར་དང་། བཅུད་ཅན་གྱི་ཟས་སྐྱོལ་ཅིག །བརྗིད་ཅན་གྱི་


CMR015_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

གོས་བཀོན་ཅིག །རྣལ་འབྱོར་པ་བདག་གི་ཡུལ་དང་འཁོར་སྐྱོངས་ཤིག །བྱེས་སུ་རྐྱེན་བཟློག་ཅིག །བསམ་པ་སྒྲུབས་ཤིག །རེ་བ་སྐོངས་ཤིག །སྤོ་ལ་དར་ཕྱུར་ཅིག །ཁྲོམ་ལ་དུང་བུས་ཤིག །བཟང་པོ་བརྗེད་ན་བསྐུལ་ཅིག །ངན་པ་དྲན་པས་བཟློག་ཅིག །མི་ནོར་ཕྱུགས་གསུམ་སྤེལ་ཅིག །ཆག་ཆེན་ཉམ་ང་བཟློག་ཅིག །དགྲ་ཇག་ཆོམ་རྐུན་ཆིངས་ཤིག །རྦོད་སྟོང་རྦད་འདྲེ་བཟློག་ཅིག །རྨིས་ལྟས་མཚན་མ་ངན་པ་ཐམས་ཅད་བཟློག་ཅིག །རྣལ་འབྱོར་པ་བདག་གི་འདོད་དོན་ཐམས་ཅད་ཡིད་བཞིན་འགྲུབ་པར་མཛད་དུ་གསོལ། ཨོཾ་དྷུ་མ་གྷ་ཡ་ན་མ་ཧ་རི་ནི་ས་ཧྲཱིཿཏ་སྭཱ་ཧཱ། རཱ་ག་ཨ་སྱས་ཐུགས་རྗེ་ཆེན་པོའི་སྒྲུབ་ཆེན་དུས་སྦྱར་བའོ༔ བཀྲ་ཤིས། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR015_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousཐུགས་རྗེ་ཆེན་པོ་གསང་བ་འདུས་པ་ལས༔ མ་མོ་ནག་མོ་ངེ་ནེ་མའི་རླུང་འཁོར་ཐེམ་མེད་ཀྱི་སྐོར་ལ་ཐམ་རྒྱ་ཅན།next