Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
དུར་ཁྲོད་བདག་མོ་རེ་ནེ་མའི་ཞི་བསྐུལ་དང་དྲག་བསྐུལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདུར་ཁྲོད་བདག་མོ་རེ་ནེ་མའི་ཞི་བསྐུལ་དང་དྲག་བསྐུལ།next

དུར་ཁྲོད་བདག་མོ་རེ་ནེ་མའི་ཞི་བསྐུལ་དང་དྲག་བསྐུལ།


CMR015_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

དུར་ཁྲོད་བདག་མོ་རེ་ནེ་མའི་ཞི་བསྐུལ་ནི། ཕྱི་ལྟར་ལྷ་མོ་འོད་ཀྱི་གོང་བུ་ཅན༔ ནང་ལྟར་མ་མོ་གསེར་གྱི་སྤུ་གྲི་མ༔ གསང་བ་དུར་ཁྲོད་བདག་མོ་ངེ་ནེ་མ༔ ཞིང་སྐྱོང་མཁའ་འགྲོའི་དབང་ཕྱུག་ཁྱོད་ལ་བསྟོད༔ གཡར་དམ་གཉེན་པོ་དུས་ལ་མི་གཡེལ་བར༔ བདག་ཅག་དཔོན་སློབ་དགོན་གནས་བཅས་པ་ལ༔ འཇིགས་བརྒྱད་ཞི་ཞིང་འབྱོར་དྲུག་སྤེལ་བ་དང་༔ མོས་བཞི་དབང་སྡུད་དགྲ་བགེགས་བསྒྲལ་བ་ཡི༔ ཕྲིན་ལས་རྣམ་བཞི་ལྷུན་གྱིས་འགྲུབ་པར་མཛོད༔ བཀྲ་ཤིས་བདེ་ལེགས་ཚེ་བསོད་དཔལ་འབྱོར་དང་༔ སྙན་གྲགས་སྟོབས་འབྱོར་གཟི་བརྗིད་རྒྱས་པ་དང་༔ མི་ནོར་ཆབ་སྲིད་མངའ་ཐང་འཕེལ་བར་མཛོད༔ དངོས་དང་ཡིད་ཀྱིས་སྡང་བའི་དགྲ་བགེགས་རྣམས༔ བསད་བསྐད་རྨོངས་རེངས་རྡུལ་དུ་བརླག་པར་མཛོད༔ ༈་མཁའ་འགྲོ་རྡོ་རྗེ་ངེ་ནེ་མའི་དྲག་བསྐུལ་ནི༔ བྷྱོ༔ དུར་ཁྲོད་བདག་མོ་ཆེན་མོ་ཁྱོད༔ སྐུ་ནི་མི་བརྫུ་དགུ་རུ་སྤྲུལ༔ ཆིབས་སུ་དྲེད་མོང་ཁམ་པ་ཆིབས༔ མདོག་ནག་ཞལ་གདངས་སྤྱན་བགྲད་མ༔ རལ་པ་གསིགས་པས་ས་གཞི་ཁེབས༔ ཕྱག་གཡས་ཞིང་གི་རྒྱལ་མཚན་ཕྱར༔ གཡོན་པས་ནལ་བུའི་དོན་སྙིང་


CMR015_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

ཟ༔ གནད་ནས་དྲག་ཏུ་བསྐུལ་བའི་ཚེ༔ གཅན་གཟན་མང་པོ་ཕོ་ཉར་འགྱེད༔ མར་སྲང་གང་གི་རྗེས་གཅོད་མ༔ རྩྭ་འཇིག་གང་གི་ཕྱིར་འབྲང་མ༔ ནོར་ལ་ངན་ཞིང་དཀོར་ལྷལ་དད༔ ལས་ལ་མྱུར་བའི་མ་མོ་ཁྱོད༔ དུར་ཁྲོད་རྒྱུ་བའི་མི་བསྲུན་གཟུགས༔ སྲིད་པའི་མ་མོ་ཆོ་འཕྲུལ་ཅན༔ གླིང་བཞི་བསྐོར་ཞིང་མི་ལྤགས་གྱོན༔ དམ་ཉམས་དགྲ་བོའི་སྲོག་གཅོད་མ༔ དཀོར་ནོར་ཁབ་ཀྱི་སྐུད་པ་ཙམ༔ མ་བཞག་དྲག་པོའི་དཔུང་གིས་ལོངས༔ རྣལ་འབྱོར་བདག་ཅག་དཔོན་སློབ་རྣམས་གར་བཞུགས་གནས་དང་དགོན་པའི་རིགས༔ བཅོལ་གཏད་ཁྱོད་ཀྱིས་སྲུང་མ་མཛོད༔ སྔ་དགྲ་བྱས་པའི་སྲོག་རྩ་ཆོད༔ ཕྱི་དགྲ་སེམས་པའི་དྲུང་ནས་ཕྱུང་༔ ད་ལྟའི་དགྲ་བོ་རྡུལ་དུ་རློགས༔ རྡོ་རྗེ་མཐུ་ཡི་ཞགས་ནག་དེ༔ བསྟན་པ་བཤིགས་པའི་སྐེ་ལ་ཐོབ༔ དགྲ་བྱེད་ཕ་བུ་ཡིན་ཀྱང་སྒྲོལ༔ དམ་ཉམས་སློབ་མ་ཡིན་ཀྱང་སོད༔ དུར་ཁྲོད་ཞིང་སྐྱོང་ལྗཀིའི་གཙོ༔ སྣང་སྲིད་དབང་དུ་སྡུད་པར་མཛོད༔ བདག་ཅག་ཆོས་མཛད་སྒྲུབ་པ་པོས༔ ཆོས་ཀྱི་མཐུན་རྐྱེན་རྟག་ཏུ་སྦྱོར༔ མི་མཐུན་བདུད་ཀྱི་ཟང་ཟིང་རྣམས༔ སྐད་ཅིག་མ་བཏང་ཐུགས་རྗེ་ཅན༔ དཀོར་


CMR015_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཆེན་མོ་ཁྱོད་ཉིད་ཀྱིས༔ བཅོལ་བའི་ཕྲིན་ལས་བསྒྲུབ་པའི་དུས༔ དགྲ་བོའི་ཡུལ་དང་སྒོ་དྲུང་དུ་ཀུན་གྱིས་ཐོས་པའི་འོ་དོད་བོས༔ ལྟས་ངན་ཟད་མི་ཤེས་པ་སྟོན༔ དགྲ་བོའི་ཡུལ་ཁམས་སྟོང་དུ་ཆུག༔ རྒྱལ་བའི་བསྟན་པ་བསྲུང་བའི་ཕྱིར༔ རྣལ་འབྱོར་ཆེ་བ་འདོན་པར་མཛོད༔ ཅེས་པ་ཨ་རཱ་གས་སྦྱར་བའོ། །མངྒ་ལཾ། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR015_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousདུར་ཁྲོད་བདག་མོ་རེ་ནེ་མའི་ཞི་བསྐུལ་དང་དྲག་བསྐུལ།next