Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
དགེ་བསྙེན་མཁའ་རི་ལྕམ་དྲལ་གྱི་གཏོར་ཆོག
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདགེ་བསྙེན་མཁའ་རི་ལྕམ་དྲལ་གྱི་གཏོར་ཆོགnext

དགེ་བསྙེན་མཁའ་རི་ལྕམ་དྲལ་གྱི་གཏོར་ཆོག


CMR015_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བསྙེན་མཁའ་རི་ལྕམ་དྲལ་གྱི་གཏོར་ཆོག་བཞུགས་སོ༔ མདུན་དུ་མཁའ་རི་སྐུ་མདོག་དཀར༔ བེར་དཀར་ཤེལ་ཁྲབ་རྨོག་ཞུ་གསོལ༔ སྦ་ལྕག་རལ་གྲི་ཐུན་དོང་བསྣམས༔ འཕྲུལ་གྱི་རྟ་དཀར་ཆིབས་པའི་གཡོན༔ ལྷ་མོ་ཤེལ་ཟ་རིན་ཆེན་བརྒྱན༔ རབ་མཛེས་མཛོ་མོ་འཕུར་ཤེས་ཆིབས༔ འཁོར་ནི་ཞུབ་ཆེན་འབུམ་དང་བཅས༔ ཐུགས་ཀའི་འོད་ཀྱིས་སྤྱན་དྲངས་གྱུར༔ ཧཱུྃ༔ འདི་ནས་ཉི་མ་ནུབ་ཀྱི་ཕྱོགས༔ སིང་ག་ལའི་ཡུལ་གྱི་རྒྱུད༔ འཕགས་ཡུལ་དེ་ཝི་ཀོ་ཊའི་གནས་ལྷོ་བྲག་གྲུབ་པའི་གནས་བདུན་ན༔ དྲག་པོའི་མཚོ་ཆེན་དུག་སྦྲུལ་གཟུགས༔ ཨོ་རྒྱན་ཆེན་པོའི་ཕྱག་རྗེས་གསལ༔ གངས་དཀར་ཤེལ་འདྲ་གནམ་དུ་བསྙེགས༔ དེ་ནང་ཤེལ་མཁར་གཞལ་ཡས་དབུས༔ བཞུགས་པའི་༔ དགེ་བསྙེན་ཆེན་པོ་ནི༔ ཤེའུ་མཁའ་རི་དམ་ཚིག་ཅན༔ ལྕམ་དྲལ་འཁོར་དང་བཅས་པ་རྣམས༔ མ་ཐོགས་མྱུར་དུ་གནས་འདིར་བྱོན༔ སྒྲུབ་ཅིང་མཆོད་པའི་གནས་འདི་རུ༔ བསྟན་པ་བསྲུང་ཕྱིར་བཞུགས་སུ་གསོལ༔ བཛྲ་ས་མ་ཡ་ཛཿ ཛཧཱུྃ་བཾ་ཧོ༔ ཧཱུྃ༔ མཁའ་རི་ལྕམ་དྲལ་འཁོར་བཅས་ལ༔ གཡག་ལུག་དཀར་པོ་རྒྱན་ལྡན་དང་༔ གཡུ་ཤུག་


CMR015_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

སྨྱུག་རྒོད་བལ་ཚོན་བརྒྱན༔ མདའ་རྒོད་དར་དཀར་མེ་ལོང་སྤྲས༔ སྦ་ལྕག་དར་སྣ་རིན་ཆེན་བརྒྱན༔ གཡག་དཀར་ཐོད་པ་སྐུ་གཟུགས་བཅས༔ དར་པན་མཛོ་མོ་དཀར་མོ་སོགས༔ མཐུན་རྫས་དུ་མས་ཐུགས་དམ་བསྐང་༔ གཞན་ཡང་མཆོད་པའི་དམ་རྫས་ནི༔ བཤོས་བུ་མཁར་ཐབས་བཤོས་ཕྲན་བཅས༔ ཟན་གཡག་གསང་ལུག་མར་གྱིས་བརྒྱན༔ སྨན་ལེབ་འབྲང་རྒྱས་གསུར་དང་སྤོས༔ ཆོས་སྨན་བདུད་རྩི་ཕུད་རྒོད་སོགས༔ དངོས་འབྱོར་ཡིད་སྤྲུལ་མཆོད་སྤྲིན་འབུལ༔ འཁོར་དང་བཅས་པ་བཞེས་ནས་ཀྱང་༔ ཐམས་ཅད་མཉེས་ཤིང་ཚིམ་གྱུར་ཅིག༔ ཨོཾ་བཛྲ་ཏྲིག་ན་ཏྲིག་པ༔ ཏྲིག་སྨན་རུ་རུ་ཙམ་ཙམ་ཛ་མ་ཧཱ་བ་ལི་ཏ་ཛཱི་ཧ་ས་མ་ཡ་པུ་ཙ་རུ་པ་བྷ་ཧུ་ཏ་ཕ་ལ་ང་གྷིཧཱ་ཧཱུཾ་ཁཱ་ཧི་ཁཱ་ཧི༔ ཧཱུྃ༔ སྲུང་མ་མཁའ་རི་ལྕམ་དྲལ་དམ་ཚིག་ཅན༔ སྔོན་ཚེ་ཆེ་མཆོག་པདྨ་མཆོག་ཐོད་ཕྲེང་རྩལ༔ སྲོག་སྙིང་ཕུལ་ཞིང་ཟློག་མེད་དད་པ་ཐོབ༔ དབང་བསྐུར་དམ་ཚིག་བདུད་རྩི་ལྕེ་ལ་བཞག༔ བོད་ཡུལ་ཞིང་སྐྱོང་གཏེར་སྲུང་ཆེན་པོ་བསྐོས༔ རྫུ་འཕྲུལ་སྟོབས་ཀྱིས་ཟངས་མདོག་དཔལ་རིའི་རྩེར༔ རྒྱུན་དུ་གཤེགས་ཤིང་པདྨའི་བཀའ་སྡོད་བྱེད༔ དམ་


CMR015_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

ཚིག་དབང་གིས་རིག་འཛིན་པདྨ་འབྱུང་༔ རྟག་ཏུ་འབྲལ་མེད་ཁྱོད་ཀྱི་སྤྱི་གཙུག་རྒྱན༔ བདག་ནི་བཟོད་མེད་གདུང་ཤུགས་དྲག་པོ་ཡིས༔ ཨོ་རྒྱན་རྗེ་ལ་རྩེ་གཅིག་གསོལ་འདེབས་ན༔ སྔོན་གྱི་དམ་བཅའ་ཐུགས་དམ་བརྩེར་དགོངས་ལ༔ བདག་དང་ཨོ་རྒྱན་པདྨ་སྤྱད་དུ་གསོལ༔ དམ་རྫ་ས་འདི་བཞེས་བཅོལ་བའི་ཕྲིན་ལས་མཛོད༔ ཅེས་དང་སྤྲོ་ན་གཞུང་ལས་བསྟོད་བསྐུལ་གཉིས་པོ་གང་རུང་བྱའོ༔ ཞེས་པདྨ་རིག་འཛིན་གྱིས་བསྐུལ་བ་ལ་བརྟེན་ནས༔ ཨ་རཱ་གས་བྲིས་པའོ༔ འདི་བྲིས་ཉེས་པ་དགེ་བསྙེན་ཉིད་ལ་བཤགས༔ དགེ་བས་པདྨ་འབྱུང་གནས་ཞལ་མཐོང་ཤོག། །།བཀྲ་ཤིས།།


CMR015_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousདགེ་བསྙེན་མཁའ་རི་ལྕམ་དྲལ་གྱི་གཏོར་ཆོགnext