Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
མཁའ་རིའི་བསྐང་བ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམཁའ་རིའི་བསྐང་བ།next

མཁའ་རིའི་བསྐང་བ།


CMR015_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་རིའི་བསྐང་བ་བཞུགས་སོ།། ཧཱུྃ། ཡང་གཅིག་ཐུགས་དམ་བསྐང་བ་ནི། །དགེ་བསྙེན་ཤེའུ་མཁའ་རིའི་སྐུ། །ལྷོ་སྟོད་ཤེའུ་ཡུལ་ཡུམ་མཆོག་ནི། །ཤེ་འུ་ཤེལ་བདག་བཙུན་མོའི་བུ། །ཤེའུ་ཕྲུག་གཟུགས་མཛེས་འགྲོ་བ་སྐྱེས། །བསྐང་ངོ་བསྐལ་པའི་ཐུགས་དམ་བསྐང་། །ཚེ་སྤངས་མ་སངས་གནོད་སྦྱིན་གིང་། །ཤེལ་མཁར་དཀར་པོའི་༔ ནང་ཤེད་ན། །སྐུ་མདོག་དཀར་པོ་བརྗིད་འཇིགས་པས། །འཇའ་ཚོན་ག་ཤ་མེ་སྟག་འཕྲོ། །ཁེར་འདྲ་ཤེལ་ཁྲབ་དཀར་པོ་གསོལ། །བསྐང་ངོ་བསྐལ་པའི་ཐུགས་དམ་ལོ་བསྐང་། །དབུ་ལ་ཤེལ་རྨོག་དར་དཀར་འཕྲུལ། །རུ་མཚོན་ཅན་གྱི་ཐུགས་དམ་བསྐང་། །གཡས་གཡོན་ཕྱག་གཉིས་ཐུན་གྱིས་བཀང་། །ཆིབས་སུ་རྟ་དཀར་འཕུར་ཤེས་ལ། །ཤེལ་སྒ་གསེར་སྲབ་གཡུ་མཐུར་མཛེས། །སྤྲུལ་པའི་ཤེལ་གཡག་དཀར་པོ་ནི། །གནམ་ས་འགེངས་པའི་ཐུགས་དམ་བསྐང་། །སྐྱེས་བུ་མཚོན་ཐོགས་ཞུབ་ཆེན་འབུམ་། །སྐུ་ཡི་སྤྲུལ་པ་མཛད་པ་ཡིས། །བསྐང་ངོ་བསྐལ་པའི་ཐུགས་དམ་བསྐང་། །བསམ་ཡས་མཆིམས་ཕུའི་ཉི་ཤར་དུས། །སློབ་དཔོན་པདྨའི་སྤྱན་སྔ་རུ། །ཇི་ལྟར་


CMR015_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

ཁས་བླངས་དམ་མ་འདའ། །མཆོད་སྦྱིན་དམ་པ་འདི་བཞེས་ལ། །ཅི་བསམ་དངོས་གྲུབ་སྟེར་བ་དང་། །བདག་དང་སློབ་དཔོན་ཞལ་སྤྱད་གསོལ། །ཏིང་འཛིན་བར་ཆད་བླ་མ་སྨད། །རྣལ་འབྱོར་བདག་ལ་དགྲ་བྱུང་ན། །མྱུར་དུ་བརླག་ཅིང་འདུལ་བར་མཛོད། །དེ་ཡི་ལྕམ་མོ་ཤེལ་བཟའི་སྨན། །ལྷ་མོ་མཐུ་ཆེན་ཐུགས་དམ་བསྐང་། །ཤེལ་ཟ་དུང་གི་གདུག་གུ་ཅན། །གསེར་རྒྱན་ཅན་གྱི་ཐུགས་དམ་བསྐང་། །མཛོ་མོ་དཀར་མོ་འཕུར་ཤེས་ལ། །ཟ་འོག་སྟན་ལ་རིན་ཆེན་སྒྲ་།ལྕམ་མོའི་བཅིབས་པའི་ཐུགས་དམ་བསྐང་། །དབུ་ལ་འཕྲུལ་གྱི་མེ་ལོང་རྩེར། །ཤ་བ་ཡུ་མོ་རིན་ཆེན་བརྒྱན། །སླད་ཀྱི་རོལ་ཁྲིད་སེང་འགྱིངས་ལྡིང་། །ལྕམ་དྲལ་འཁོར་བཅས་ཐུགས་དམ་བསྐང་། །ཐུགས་དམ་བསྐང་ངོ་ཕྲིན་ལས་བཅོལ། །ཕྲིན་ལས་ཐམས་ཅད་མྱུར་དུ་སྒྲུབ། །ཨ་རཱ་གས་སོ།། །།


previousམཁའ་རིའི་བསྐང་བ།next