Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འཕགས་པ་སྤྱན་རས་གཟིགས་ངན་སོང་རང་གྲོལ་བདག་མདུན་བུམ་བསྐྱེད་བསྡུས་པའི་འདོན་འགྲིགས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའཕགས་པ་སྤྱན་རས་གཟིགས་ངན་སོང་རང་གྲོལ་བདག་མདུན་བུམ་བསྐྱེད་བསྡུས་པའི་འདོན་འགྲིགས།next

འཕགས་པ་སྤྱན་རས་གཟིགས་ངན་སོང་རང་གྲོལ་བདག་མདུན་བུམ་བསྐྱེད་བསྡུས་པའི་འདོན་འགྲིགས།


CMR015_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་སྤྱན་རས་གཟིགས་ངན་སོང་རང་གྲོལ་བདག་མདུན་བུམ་བསྐྱེད་བསྡུས་པའི་འདོན་འགྲིགས་བཞུགས་པའི་དབུ་ཕྱོགས་ལགས་སོ།།


CMR015_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་སྤྱན་རས་གཟིགས་ངན་སོང་རང་གྲོལ་ལས༔ བདག་མདུན་བུམ་བསྐྱེད་བསྡུས་པའི་ཕྱིར༔ ལྷ་ཚོགས་བདག་མདུན་བསྡུས་པ་ནི༔ ལྷ་ཇོ་བོ་ཐུགས་རྗེ་ཆེན་པོ་ལ་ཆོས་ལོངས་སྤྲུལ་གསུམ་སྟེ༔ དང་པོ་ཆོས་སྐུ་སྤྱན་རས་གཟིགས་བྱིན་རླབས་རང་འབར་ནི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ སྤྲུལ་པའི་ཆོས་རྒྱལ་ཉིད་ཀྱི་ཞལ་ནས༔ མགོན་པོ་སྤྱན་རས་གཟིགས་དབང་བསྒྲུབ་པ་ནི༔ ཕྱི་ནང་གསང་བ་དེ་བཞིན་ཉིད་བསྟན་ཡང་༔ རྒྱུན་གྱི་རྣལ་འབྱོར་བྱིན་རླབས་རང་འབར་ནི༔ ཧཱུྃ༔ ཀུན་གཞི་མ་བཅོས་ལྷུག་པའི་རང་མདངས་ནི༔ ཆོས་ཀྱི་དབྱིངས་ལས་རང་བྱུང་སྤྱན་རས་གཟིགས༔ ཞལ་གཅིག་ཕྱག་བཞི་གངས་ལ་ཉི་ཤར་ལྟ༔ དང་པོ་རྩ་བའི་ཕྱག་གཉིས་ཐལ་མོ་སྦྱར༔ འོག་


CMR015_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

མའི་ཕྱག་གཉིས་ཤེལ་ཕྲེང་མེ་ཏོག་འཛིན༔ ཞལ་འཛུམ་ཤངས་དབྱིབས་དྲངས་ལ་སྤྱན་དཀྱུས་རིང་༔ རིན་ཆེན་སྣ་ཚོགས་རྒྱན་གྱིས་ཁྲ་དཔུང་མཛེས༔ དབུ་སྐྲ་གྱེན་འཁྱིལ་ཅོད་པན་འོད་དཔག་མེད༔ སྣ་ཚོགས་པདྨའི་སྟེང་དུ་སྐྱིལ་ཀྲུང་བཞུགས༔ འོད་དང་འོད་ཟེར་དྲ་བ་དཔག་མེད་འཕྲོ༔ རང་ལུས་སྒྱུ་འཕྲུལ་ལྷ་ཚོགས་དེ་ལྟར་གསལ༔ ཐུགས་ཀར་པདྨ་འདབ་དྲུག་ལྟེ་བརཧྲཱིཿ མཐའ་བསྐོར་ཡིག་དྲུག་རང་སྒྲ་སྒྲོགས་བཞིན་འཁོར༔ སྣང་སྲིད་ཀུན་ཀྱང་འོད་ཀློང་སྒྱུ་མའི་སྐུ༔ བསྐྱེད་རྫོགས་དབྱེར་མེད་བླངས་དོར་མེད་པར་བཟླ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔


CMR015_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ལོངས་སྐུའི་སྤྱན་གཟིགས་བྱིན་རླབས་ཆུ་རྒྱུན་ནི། དྷཱི༔ ཀུན་གཞི་མ་བཅོས་ལྷུག་པའི་རང་མདངས་ནི༔ ཆོས་ཀྱི་དབྱིངས་ལས་རང་བྱུང་སྤྱན་རས་གཟིགས༔ རྣམ་དག་དྲི་མེད་སྐུ་མདོག་དཀར་ལ་འཚེར༔ རྩ་བ་ཆོས་སྐུའི་ཕྱག་གཉིས་ཐལ་མོ་སྦྱར༔ ཡན་ལག་ལོངས་སྐུའི་ཕྱག་གི་དང་པོ་ནི༔ སྐྱོན་གྱི་མ་གོས་པདྨ་དཀར་པོ་འཛིན༔ ཉོན་མོངས་དག་བྱེད་ལ་བ་སྤྱི་བླུགས་ཐོགས༔ ཐབས་དང་ཤེས་རབ་དབྱེར་མེད་མདའ་གཞུ་བསྣམས༔ ཉིང་ལག་སྤྲུལ་སྐུའི་ཕྱག་གཉིས་དང་པོ་ནི༔ འཁོར་བའི་སེམས་ཅན་འདྲེན་པའི་བགྲང་ཕྲེང་འཛིན༔ ཡི་དྭགས་བཀྲེས་སྐོམ་སེལ་བའི་མཆོག་སྦྱིན་མཛད༔ འཕྲོ་གཅོད་དོན་ལྡན་གསེར་གྱི་འཁོར་ལོ་བསྐོར༔ ཞབས་གཉིས་པདྨའི་གདན་ལ་མཉམ་པར་བཞེངས༔ དུས་གསུམ་བདེ་བར་གཤེགས་པ་ཆོས་ཀྱི་སྐུ༔ འགྲོ་དྲུག་སེམས་ཅན་རྣམས་ལ་སྤྱན་རས་གཟིགས༔ ནམ་མཁའ་ལྟ་བུར་ཁྱབ་པའི་བཅུ་གཅིག་ཞལ༔ གཟི་བརྗིད་འོད་དཔག་མེད་པའི་སྐུ་རུ་གསལ༔ ཐུགས་ཀར་པདྨ་འདབ་དྲུག་ལྟེ་བར་ཧྲཱིཿ མཐའ་མར་ཡིག་དྲུག་རང་སྒྲ་སྒྲོགས་བཞིན་འཁོར༔ སྣང་སྲིད་ཀུན་ཀྱང་འོད་ཀློང་སྒྱུ་མའི་སྐུ༔ བསྐྱེད་རྫོགས་དབྱེར་


CMR015_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

མེད་བླང་དོར་མེད་པར་བཟླ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ གསུམ་པ་སྤྲུལ་སྐུའི་སྤྱན་རས་གཟིགས་ནི༔ ཨོཾ་སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་སྐད་ཅིག་གིས་རྡོ་རྗེའི་རྭ་གུར་མེ་ཀློང་དུ་གཞལ་ཡས་ཁང་མཚན་ཉིད་ཡོངས་སུ་རྫོགས་པའི་དབུས་སུ་གདན་མེ་ཏོག་པདྨ་དཀར་པོའི་འདབ་མ་འབུམ་ལྡན་སྟེང་དུ་ཟླ་བའི་དཀྱིལ་འཁོར་དང་བཅས་པ༔ དེའི་སྟེང་དུ་ཧྲིདཀར་པོ་མདངས་ལྡན་འོད་ཟེར་འབར་བ་ཞིག་ཏུ་གྱུར་པ་ལས་འོད་ཟེར་དཀར་པོའི་ཚོགས་འཕྲོས་པས་རྒྱལ་བའི་ཞིང་རབ་འབྱམས་ལ་མཆོད་པའི་སྤྲིན་སྤྲོས་ཁམས་གསུམ་གྱི་རིགས་དྲུག་སེམས་ཅན་གྱི་ལས་སྒྲིབ་བསལ༔ འོད་ཟེར་སླར་འདུས་ཧྲུལ་ཐིམ་པ་ཙམ་གྱིས་དྷིཡིག་ལྷ་སྐུར་གནས་འགྱུར་ཏེ༔ འཕགས་པ་སྤྱན་རས་གཟིགས་ནམ་མཁའི་རྒྱལ་པོ་སྐུ་མདོག་གངས་ལ་ཉི་མ་ཤར་བའི་མདངས་བཞིན་དཀར་ལ་འཚེར་བ༔ ཞལ་བཅུ་གཅིག་ལས་འོག་མ་གསུམ་དཀར་ཞིང་མཛེས་པ༔ དེའི་སྟེང་ཞལ་གསུམ་སེར་ཞིང་བཞད་པ༔ དེའི་སྟེང་ཞལ་གཉིས་དམར་ལ་འཛུམ་པ༔ དེའི་སྟེང་ཞལ་གཉིས་མཐིང་ནག་ཁྲོས་པ༔ དེའི་རྩེ་མོར་འོད་དཔག་མེད་སྤྲུལ་སྐུའི་ཞལ་དམར་སེར་འཛུམ་མདངས་ཅན་གྱིས་མཚན་


CMR015_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

པ༔ རྩ་བའི་ཕྱག་བཅུའི་ཐོག་མ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ༔ དེའི་འོག་མ་གཉིས་ཤེལ་ཕྲེང་དང་པད་དཀར༔ དེའི་འོག་མ་གཉིས་འཁོར་ལོ་དང་སྤྱི་བླུགས༔ དེ་འོག་མཆོག་སྦྱིན་རིན་པོ་ཆེ༔ དེ་འོག་སངས་རྒྱས་སྤྲུལ་པའི་སྐུ་དང་ཐབས་ཤེས་ཀྱི་མདའ་གཞུ་བསྣམས་པ༔ ཡན་ལག་གི་ཕྱག་སོ་བརྒྱད་ཀྱི་གཡས་པ་བཅུ་དགུ་པོས་རིམ་པ་ལྟར༔ རིན་པོ་ཆེ༔ ཞགས་པ༔ ལྷུང་བཟེད༔ རལ་གྲི༔ རྡོ་རྗེ་རྒྱ་གྲམ༔ ནོར་བུ་མེ་ཤེལ་ཆུ་ཤེལ༔ གཞུ་ལྕག་མ༔ རྔ་ཡབ༔ ཕུབ༔ བུམ་པ༔ དགྲ་སྟ༔ ཕྲེང་སྤྱི་བླུགས༔ ཉི་མ༔ པད་དཀར༔ སྙེ་མ་བསྣམས་པ༔ གཡོན་གྱི་བཅུ་དགུ་པོས༔ སྤྲིན་དཀར༔ སྤྱི་བླུགས༔ གསེར་གྱི་པདྨ་རལ་གྲི། དུང་༔ ཐོད་དབྱུག་ཕྲེང་བ༔ དྲིལ་བུ༔ རྡོ་རྗེ༔ ལྕགས་ཀྱུ༔ འཁར་གསིལ༔ སྤྲུལ་པའི་སྐུ་གཟུགས༔ གཞལ་ཡས་ཁང་༔ གླེགས་བམ༔ འཁོར་ལོ༔ སྐུ་གཟུགས༔ ཤིང་ཐོག༔ པདྨ་དམར་པོ༔ རིན་ཆེན་ཟུར་བརྒྱད་པ་རྣམས་འཛིན་པ་ཉིང་ལག་གི་ཕྱག་སྟོང་དང་རྩ་གཉིས་ན༔ མཆོག་སྦྱིན་གྱི་ཕྱག་རྒྱ་མཛད་པའི་མཐིལ་ན་ཡེ་


CMR015_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཀྱི་སྤྱན་རེ་རེས་མཚན་པ་ཅན༔ ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས་ཤིང་རི་དྭགས་ཀྱི་པགས་པས་ནུ་གཡོན་བཀབ་པ༔ ཕྱག་ཞབས་རྣམས་སྤྲུལ་གྱིས་དཀྲིས་ནས་རིན་པོ་ཆེ་སྣ་ཚོགས་ཀྱིས་མཛེས་པར་བརྒྱན་ཞིང་དར་དམར་མཐིང་གི་ཤམ་ཐབས་དང་༔ ཟ་འོག་ཁ་དོག་སྣ་ཚོགས་པས་སྟོད་གཡོགས་ལ་སྐེ་རགས་དར་དཔྱངས་འཕུར་བ༔ འཇའ་འོད་ལྔ་ལྡན་གྱི་ཀློང་ན༔ སྐུ་སྣང་ལ་རང་བཞིན་མེད་པ་དངས་ཤིང་གསལ་བ༔ མཛེས་ཤིང་བརྗིད་པ་ལྟ་བས་མི་ངོམས་པ༔ ཡེ་ཤེས་ལམ་མེར་གསལ་བའི་སྐུའི་སྤྱི་བོར་འཁོར་ལོ་དཀར་པོ་ཨོཾ་གྱིས་མཚན་པ༔ མགྲིན་པར་པདྨ་དམར་པོ་ཨཱཝཡིས་མཚན་པ༔ ཐུགས་ཀར་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ༔ དེའི་འོག་ཏུ་པད་དཀར་འདབ་མ་དྲུག་པའི་ལྟེ་བར་ཧཱུྃ༔ཡིག་དཀར་པོ་དང་༔ འདབ་མ་རྣམས་ལ་ཡི་གེ་དྲུག་པའི་འབྲུ་རེ་རེའི་མཐར་གཟུངས་རིང་གིས་བསྐོར་བ༔ དེའི་མདུན་དུ་ཡུམ་ཡི་གེ་དྲུག་མ༔ གཡས་སུ་སྲས་ནོར་བུ་འཛིན་པ༔ གཡོན་དུ་སྲས་མོ་རིག་སྔགས་འཛིན་པ༔ རྒྱབ་ཏུ་སངས་རྒྱས་འོད་དཔག་མེད༔ དེའི་ཕྱི་རིམ་དུ་རིགས་ལྔ་ཡབ་ཡུམ་བཅུ༔ ཐུགས་རྗེ་ཆེན་པོ་དང་།


CMR015_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་ཕར་ཕྱིན་མ༔ སྒོ་བཞི་ལ་ཐུབ་པ་དྲུག༔ ཁྱམས་ལ་དུས་གསུམ་གྱི་སངས་རྒྱས་སྟོང་རྩ་གཉིས༔ མཐའ་བསྐོར་ཆོས་སྐྱོང་སྲུང་མའི་ཚོགས་ཀྱིས་བསྐོར་བ་གསལ་བར་གྱུར༔ ཧཱུྃ༔ ཀུན་གཞི་མ་བཅོས་ལྷུག་པའི་རང་མདངས་ནི༔ ཆོས་ཀྱི་དབྱིངས་ལས་རང་བྱུང་སྤྱན་རིས་གཟིགས༔ རྣམ་དག་དྲི་མེད་སྐུ་མདོག་དཀར་ལ་འཚེར༔ ཕྱག་སྟོང་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྟོང་༔ སྤྱན་སྟོང་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་༔ གང་ལ་གང་འདུལ་དེ་ལ་དེར་སྟོན་པའི༔ བཙུན་པ་སྤྱན་རས་གཟིགས་ཀྱི་སྐུ་རུ་རྙོགསལ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ དེ་ནས་སྐུ་གསུང་ཐུགས་བྱིན་གྱིས་རླབས་པ་ནི༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་དང་དབྱེར་མེད་ཕྱིར༔ སྐུ་གསུང་ཐུགས་སུ་བྱིན་རླབས་པའི༔ བྱིན་རླབས་དབང་བསྐུར་རྒྱས་གདབ་བོ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཀཱ་ཡ་སིདྡྷི་ཨོ༔ ཝཱཀྐ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ༔ ཞེས་གནས་གསུམ་ཡིག་འབྲུ་གསུམ་གྱིས་བྱིན་གྱིས་བརླབས་པའོ༔ ལྷ་དེ་རྣམས་ཀྱི་སྤྱི་བོར་ཨོཾ༔ མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ༔ དེ་དག་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས༔ དཀོན་མཆོག་རྣམས་སྤྲིན་འཐིབ་པ་ལྟ་བུར་སྤྱན་


CMR015_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

དངས༔ ཧཱི་རང་བཞིན་ལྷུན་གྱི་གྲུབ་པའི་གནས་མཆོག་ནས༔ ཆོས་སྐུ་སྐྱེ་མེད་དབྱིངས་ལས་མ་གཡོས་ཀྱང་༔ གཟུགས་སྐུ་འགྲོ་བའི་དོན་དུ་སྐུ་སྤྲུལ་པ༔ ཐུགས་རྗེའི་དབང་གིས་གནས་འདིར་གཤེགས་སུ་གསོལ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཨེ་ཧྱ་ཧི༔ ཛཧཱུྃ་བཾ་ཧོ༔ དེ་ནས་བཞུགས་སུ་གསོལ་བ་ནི༔ ཐུགས་རྗེ་ཆེན་པོ་འཁོར་དང་བཅས་པ་རྣམས༔ འགྲོ་བ་མ་ལུས་སེམས་ཅན་དོན་མཛད་ཕྱིར༔ བདག་ལ་ཐུགས་རྗེས་ཉེ་བར་དགོངས་མཛོད་ལ༔ ཐུགས་དམ་དབང་གིས་བཞུགས་ལ་བྱིན་གྱིས་རློབས༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ས་མ་ཡ༔ ཏིཥྛ་ལྷན༔ ཡེ་ཤེས་སྐུ་ལ་གཉིས་འཛིན་མི་མངའ་ཡང་༔ གཉིས་སྣང་ཡེ་ཤེས་དམ་ཚིག་སེམས་དཔའ་གཉིས༔ གཉིས་སུ་མེད་པར་དམ་ཚིག་བཞུགས་ནས་ཀྱང་༔ འགྲོ་དོན་ཕྲིན་ལས་རྫོགས་པར་མཛད་དུ་གསོལ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ས་མ་ཡ༔ ཏིཥྛ་ལྷན༔ དམ་ཚིག་པ་དང་ཡེ་ཤེས་པ་གཉིས་མེད་བསྟིམས་ནས་དངོས་གྲུབ་མ་ཐོབ་བར་བརྟན་པར་བཞུགས་པར་བསམ་མོ༔ དེ་ནས་དབང་བསྐུར་བར་གསོལ་བ་བཏབ་པ་ནི༔ སྐུ་ལྔ་ཡེ་ཤེས་ལྔ་ཡིས་དབང་བསྐུར་ནས༔ རྒྱལ་བ་རིགས་ལྔ་འོག་མིན་གནས་ནས་བཞེངས༔ རིགས་ཀྱི་


CMR015_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

བདག་པོས་དབང་བསྐུར་བྱིན་གྱིས་རློབས༔ རིགས་ལྔ་ཡེ་ཤེས་ལྔ་ཡི་དངོས་གྲུབ་སྩོལ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཨོཾ་ཧཱུྃ་སྭཱ་ཨཱཿ ཨ་བྷི་ཥིཉྩ་ཨཱཿ དབང་རྟགས་སུ་རིགས་ལྔས་དབུ་བརྒྱན་པར་གྱུར༔ དེ་ནས་ཕྱག་འཚལ་བ་ནི༔ ཧཱུྃ༔ ཆོས་ཀྱི་སྐུ་ལ་གཉིས་འཛིན་མི་མངའ་ཡང་༔ འགྲོ་བའི་དོན་ཕྱིར་ལོངས་སྤྱོད་རྫོགས་སྐུར་བསྟན༔ ཐུགས་རྗེས་ཅིར་ཡང་སྤྲུལ་སྐུའི་འགྲོ་དོན་མཛད༔ སྐུ་གསུམ་ཡེ་ཤེས་ལྔ་ལ་ཕྱག་འཚལ་ལོ༔ ཨཏྠ་ནཱིར་ཡ་ཏ་ཡ་མི༔ དེ་ནས་མཆོད་པ་འབུལ་བ་ནི༔ ཧཱུྃ༔ ཐུགས་རྗེ་ཆེན་པོ་འཁོར་དང་བཅས་པ་ལ༔ མོངས་བཀྲེས་སྐོམ་གདུང་བ་མི་མངའ་ཡང་༔ བདག་ཅག་བསོད་ནམས་ཡེ་ཤེས་ཚོགས་བསགས་ཏེ༔ པཱུ་ཛའི་ཚོགས་ཀྱི་མཉེས་ཤིང་བཞེས་སུ་གསོལ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ སརྦ་པཱུ་ཛ་མེ་གྷ་ཧཱུྃ༔ ཧཱུྃ༔ མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་དང་༔ སྣང་གསལ་དྲི་ཆབ་བཟའ་བཏུང་སྒྲ་སྙན་སོགས༔ ཕྱི་ཡི་མཆོད་པ་སྣ་ཚོགས་བཞེས་སུ་གསོལ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཨནྡྷཾ། པཱ་ཏྱཾ། པུཤྩ། དྷ་ཝེ། ཨཱ་ལོ་ཀེ། ནེ་ཝི་དྱེ། ཤརྡ་པཱུ་ཛ་མེ་གྷ་ཨཱཧཱུྃ༔ ཧཱུྃ༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས༔ བཀྲ་ཤིས་ལྷ་


CMR015_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

མོའི་ནམ་མཁའི་ཁམས་བཀང་ནས༔ དཀྱིལ་འཁོར་ལྷ་ཚོགས་མཉེས་ཕྱིར་མཆོད་པ་འབུལ༔ དགྱེས་ཤིང་བཞེས་ནས་བྱིན་གྱི་བརླབ་ཏུ་གསོལ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ བཛྲ་ལཱ་སྱ། བཛྲ་ཤཐཱ། བཛྲ་གྷནྡྷེ། བཛྲ་ནེ་ཝི་དུ། བཛྲ་པཉྩ་ལི་ཀ༔ བཛྲ་དྷརྨཱ༔ སརྦ་པཱུ་ཛ་ཡ་མཎྜལ་ཨ་ལ་ལ་ཧོ༔ རང་གི་ཐུགས་ཀ་ནས་ཕྱི་ནང་གསང་བའི་མཆོད་པའི་ལྷ་མོ་མང་པོ་སྤྲུལ་ནས། སླར་ཡང་ལྷ་མོ་རྣམས་རང་ལ་བསྟིམས་ནས་རང་ལ་མཆོད་པར་བསམ། ཧྲཱིཿ སངས་རྒྱས་ཀུན་གྱིས་རབ་ཏུ་བསྔགས༔ ཡོན་ཏན་མཆོག་གི་གཏེར་གྱུར་པ༔ སྤྱན་རས་གཟིགས་ཞེས་མཚན་གསོལ་བ༔ རྟག་པར་བརྩེ་ལ་ཕྱག་འཚལ་བསྟོད༔ སྐྱོན་གྱིས་མ་གོས་སྐུ་མདོག་དཀར༔ རྫོགས་སངས་རྒྱས་ཀྱི་དབུ་ལ་བརྒྱན༔ ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས༔ སྤྱན་རིས་གཟིགས་ལ་ཕྱག་འཚལ་བསྟོད༔ བཟླས་པ་ནི། བདག་དང་བུམ་ལྷའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་དུས་གཅིག་ཏུ་བཟླས་པས༔ ཐུགས་ཀའི་ཧཱུཾ་ལས་ཡི་གེ་དྲུག་མས་བསྐོར་བ་ལས་འོད་ཟེར་འཕྲོས༔ ཕྱོགས་བཅུའི་བདེ་བར་གཤེགས་པ་ཐམས་ཅད་ལ་མཉེས་པའི་མཆོད་པ་ཕུལ༔ ཚེ་འདས་ཀྱིས་ཐོག་དྲངས་ཁམས་གསུམ་


CMR015_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ཐམས་ཅད་ལ་འོད་ཟེར་ཕོག་པས་སྡིག་སྒྲིབ་སྦྱངས༔ སྟོང་གསུམ་འཇིག་རྟེན་ཐམས་ཅད་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་སུ་གསལ་བས་འཛབ་ཀྱི་སྔགས་སྒྲས་འུར་དིར་དུ་སྣང་སྲིད་ཁྱབ་པར་གྱུར༔ བཟླས་པ་ནི༔ ན་མོ་རཏྣ་ཏྲ་ཡཱ་ཡ༔ ན་མ་ཨཱརྱ་ཛྙཱ་ན་སཱ་ག་ར་བེ་རོ་ཙ་ན་བྱུ་ཧ་ར་ཛཱ་ཡ༔ ཏ་ཐཱ་ག་ཏཱ་ཡ༔ ཨདྷ་ཏེ་སམྱཀཾ་བུདྡྷ་ཡ༔ ན་མསརྦ་ཏ་ཐཱ་ག་ཏེ་བྷ༔ ཨདྷ་ཏེ་བྷ༔ སམྱཀཾ་བུདྡྷེ་བྷ༔ ན་མཐཨཱརླ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭ་ཡ༔ མ་ཧཱ་སཏྭ་ཡ༔ མ་ཧཱ་ཀུ་རུ་ཎི་ཀཱ་ཡ༔ ཏདྱ་ཐཱ༔ ཨོཾ་དྷ་ར་དྷ་ར༔ དྷི་རི་དྷི་རི༔ དྷུ་རུ་དྷུ་རུ༔ ཨིཊྚེ་ཝིཊེ༔ ཙ་ལེ་ཙ་ལེ༔ པྲ་ཙ་ལེ་པྲ་ཙ་ལེ༔ ཀུ་སུ་མེ༔ ཀུ་སུ་མ་ཝ་རེ༔ ཨི་ལི་མི་ལི་ཙི་ཏི་ཛྭ་ལ་མ་པ་ན་ཡེ་སྭཱ་ཧཱ༔ སྙིང་པོ་ནི། ཨོཾ་མ་ཎི་པདྨེ་ཧཱུྃ༔ ཤམ་བུ་ནི། ཚེ་ལས་འདས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་སརྦ་པཱ་པཾ་ཤཱནྟཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཡིག་བརྒྱ་ཀཾ་ཀ་བཟླས་སོ༔ ཐུགས་རྗེ་ཆེན་པོ་ངན་སོང་རང་གྲོལ་གྱི་ཆོག་བསྡུས་གཏེར་གཞུང་ནས། རཱ་ག་ཨ་སྱས་བསྒྲིགས་པའོ།། །སརྦ་མངྒ་ལཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousའཕགས་པ་སྤྱན་རས་གཟིགས་ངན་སོང་རང་གྲོལ་བདག་མདུན་བུམ་བསྐྱེད་བསྡུས་པའི་འདོན་འགྲིགས།next