Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གནམ་ཆོས་སྒྲུབ་ཐབས་རྒྱ་མཚོ་གསར་པའི་ནང་ནས་ཐུགས་རྗེ་ཆེན་པོའི་དབང་ཁོལ་དུ་ཕྱུང་སྟེ་བལྟས་ཆོག་ཏུ་བཀོད་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགནམ་ཆོས་སྒྲུབ་ཐབས་རྒྱ་མཚོ་གསར་པའི་ནང་ནས་ཐུགས་རྗེ་ཆེན་པོའི་དབང་ཁོལ་དུ་ཕྱུང་སྟེ་བལྟས་ཆོག་ཏུ་བཀོད་པ།next

གནམ་ཆོས་སྒྲུབ་ཐབས་རྒྱ་མཚོ་གསར་པའི་ནང་ནས་ཐུགས་རྗེ་ཆེན་པོའི་དབང་ཁོལ་དུ་ཕྱུང་སྟེ་བལྟས་ཆོག་ཏུ་བཀོད་པ།


CMR015_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ཆོས་སྒྲུབ་ཐབས་རྒྱ་མཚོ་གསར་པའི་ནང་ནས་ཐུགས་རྗེ་ཆེན་པོའི་དབང་ཁོལ་དུ་ཕྱུང་སྟེ་བལྟས་ཆོག་ཏུ་བཀོད་པ་ཡོད༔


CMR015_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་དེ་ཝ་ཌཱ་ཀི་ནཱི་སིདྡྷི་ཧཱུྃ༔ བཞི་པ་ཐུགས་རྗེ་ཆེན་པོ་བསྒྲུབ༔ དཀྱིལ་འཁོར་རྣམས་ནི་གོང་དང་མཚུངས༔ གཏོར་མ་དཔེའུ་རིས་ལྟར་འདི་ཉིད༔ དཀྱིལ་འཁོར་དེ་ཡི་དབུས་སུ་བཞག༔ ནུབ་ཏུ་བུམ་པ་མགུལ་ཆིངས་དཀར༔ གཡས་སུ་ཤེལ་གྱི་ཕྲེང་བ་དང་༔ གཡོན་དུ་དུང་རྡོག་གསུམ་བཞག་གོ༔ མདུན་དུ་རིན་ཆེན་རྒྱན་རྣམས་བཞག༔ གཏོར་མའི་རྩེ་རུ་ཙཀ་ལི་འཛུགས༔ ༈ ཞེས་པ་བསྒྲུབ་དུས་ཡིན་ལ་དབང་བསྐུར་དུས་བུམ་པ་དང་དབང་གཏོར་སྤྱི་འཚམས་པས་ཆོག༔ དབང་སྒྲུབ་ལ་མངོན་རྟོགས་འདི་ཚར་གཅིག་གིས་བདག་མདུན་བུམ་གསུམ་དུས་གཅིག་ལ་དྲན་རྫོགས་སུ་དམ་ཡེ་དབྱེར་མེད་བསྐྱེད་ནས་བསྙེན་པ་བརྒྱ་རྩ་བརྒྱད་ལས་མི་ཉུང་བ་བྱ་བས་འཐུས་སོ༔ རྒྱས་པར་འདོད་ན་ནི་


CMR015_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་གསུམ་ལས་བྱང་དུ་མངོན་རྟོགས་འདི་བཅུག་པར་བྱའོ༔ ༈ དེ་ནས་དམིགས་པ་འདི་ཡིན་ནོ༔ རང་ཉིད་ཐུགས་རྗེ་ཆེན་པོ་ནི༔ སྐུ་མདོག་དཀར་པོ་ཞལ་གཅིག་པ༔ ཕྱག་བཞི་ཕྱག་མཚན་འདི་ལྟར་ཡིན༔ དང་པོ་གཉིས་ཀྱིས་ཐལ་མོ་སྦྱར༔ དེ་འོག་ཕྲེང་བ་པདྨ་འཛིན༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ རིན་ཆེན་སྣ་ཚོགས་རྒྱན་གྱིས་སྤྲས༔ དར་དང་གོས་ཆེན་ན་བཟའ་གསོལ༔ པདྨ་ཟླ་བའི་གདན་ལ་བཞུགས༔ སྐུ་མདོག་དེ་སྟེ་སྙིང་པོ་འདི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ དེ་ཡིས་ཐུགས་རྗེ་ཆེན་པོ་འགྲུབ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་གསུངས་པས་བདག་མདུན་བུམ་ལྷའི་ཐུགས་ཀར་ཟླ་བའི་


CMR015_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

གདན་ལ་ཧྲིལ་ཡི་གེ་དྲུག་པས་གཡས་སུ་འཁོར་བ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ཐུགས་རྗེ་ཆེན་པོའི་སྐུར་གྱུར་པ་ཆར་ལྟར་དུ་བབས་ནས་བདག་མདུན་བུམ་པའི་ལྷ་ལ་ཐིམ་པར་བསྒོམ་ཞིང་བསྙེན་པ་བྱའོ༔ དེ་ནས་སློབ་མ་རྣམས་འཚོགས༔ ཆབ་དང་མེ་ཏོག་ནས་བཀྱེ༔ སྤྲོན་སྔོན་འགྲོ་སྤྱི་ལྟར་དང་སུམ་བྷ་ནིས་བགེགས་བསྐྲད་ནས་འོ་ན་ད་ལམ་ཁྱེད་རྣམས་ལ་ཐུགས་རྗེ་ཆེན་པོའི་དབང་བསྐུར་བ་ཡིན་ཏེ༔ དེ་ལ་ལོ་རྒྱུས་ཟུར་ཙམ་ཞུ་ན༔ ལྷ་ཐམས་ཅད་ཐུགས་རྗེ་ཆེན་པོའི་སྤྲུལ་པ་ཡིན་ཞིང་༔ ཀུན་རིག་རྣམ་པར་སྣང་མཛད་ཆེན་པོ་ཡང་ཐུགས་རྗེ་ཆེན་པོའི་སྤྲུལ་པ་ཆ་གཅིག་ཙམ་ཡིན༔ བསྐལ་བཟང་གི་སངས་རྒྱས་སྟོང་རྩ་གཉིས་ཀྱང་སྤྱན་རས་གཟིགས་ཀྱི་སྤྱན་སྟོང་གི་སྤྲུལ་པ་རེ་རེ་ཙམ་ཡིན་པས། སྔོན་རྒྱལ་བ་འབྲོམ་གྱིས་ཀྱང་བྱང་ཆུབ་སེམས་དཔའི་ནང་ནས་སྤྱན་རས་གཟིགས་འདི་གདམས་པ་ཡིན༔ ཁྱད་པར་བོད་ཁ་བ་ཅན་གྱི་ལྷ་སྐལ་ཡིན་པས་འགྲུབ་ཐག་ཉེ༔ ཨུ་རྒྱན་རིན་པོ་ཆེས་ཀྱང་དུས་སྙིགས་མའི་སྐབས་སུ་ཡང་སྤྱན་རས་གཟིགས་འདི་ཐུགས་རྗེ་ཆེ་བར་ལུང་བསྟན་ཏེ༔ ལྷ་ཚོགས་ཐུགས་རྗེ་སྤྱན་རས་གཟིགས་ཀྱི་ཆེ༔ ཞེས་གསུངས༔ ཁྱད་པར་ངེད་རང་ཁམས་པ་རྣམས་


CMR015_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གསུང་ཡི་གེ་དྲུག་པའི་བཀའ་བབ་པ་ཡིན་ཏེ༔ ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས༔ བོད་ཡུལ་ཁ་བ་ཅན་གྱི་ལྷ་ཡིན་ཀྱང་༔ ཁྱད་པར་ཆོས་འདི་ཁམས་ཀོང་ཕྱོགས་སུ་དར༔ ཡིག་དྲུག་བསྟན་པ་མདོ་ཁམས་ཕོ་མོས་བཟུང་༔ ཞེས་ཨུ་རྒྱན་རིན་པོ་ཆེས་ལུང་བསྟན༔ དེ་ལ་ཐུགས་རྗེ་ཆེན་པོ་འདི་ཡིད་ལ་དྲན་ཞིང་བསྒོམས་པའི་ཕན་ཡོན་ནི༔ ཕྱག་སྟོང་སྤྱན་སྟོང་གི་གཟུངས་ལས༔ སྤྱན་རས་གཟིགས་ཀྱི་མཚན་ནས་བརྗོད་ནའང་སྡིག་སྒྲིབ་གྲངས་མེད་པ་འབྱང་ཞིང་བསོད་ནམས་དཔག་ཏུ་མེད་པ་འཐོབ་ས༔ འདི་ནས་འཕོས་མ་ཐག་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ༔ ཞེས་དང་༔ གདོང་བཅུ་གཅིག་པའི་མདོ་ལས༔ སྤྱན་རས་གཟིགས་ཉིད་ཀྱིས་གསུངས་པ༔ ང་ཡི་མིང་ནས་བརྗོད་ཅིང་དྲན་པར་གྱུར་ན་གནོད་པ་ཐམས་ཅད་དང་བྲལ་བར་འགྱུར༔ སྡིག་སྒྲིབ་ཐམས་ཅད་བྱང་བར་འགྱུར༔ འཇིགས་པ་ཐམས་ཅད་ལས་ཐར་བར་འགྱུར༔ གདོན་བགེགས་ཐམས་ཅད་ལས་ཐར་ཞིང་སྐྱོབ་པར་འགྱུར༔ ལེགས་པའི་ཡོན་ཏན་ཐམས་ཅད་འཕེལ་བར་འགྱུར༔ བཀྲ་མི་ཤིས་པ་ཐམས་ཅད་ནུབ་པར་འགྱུར༔ ཞེས་དང་༔ ཆུ་ཀླུང་སྣ་


CMR015_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པའི་མདོ་ལས༔ ཕྱི་མའི་དུས་ན་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གི་རྣ་ལམ་དུ་སྤྱན་རས་གཟིགས་ཀྱི་ཡོན་ཏན་འདི་ཐོས་ན་ཉོན་མོངས་པ་ཟད་པར་འགྱུར༔ མཚམས་མེད་པ་ལྔ་ལ་སོགས་པའི་སྡིག་པ་ཟད་པར་འགྱུར༔ གཞན་དུ་མི་སེམས་པར་འཕགས་པ་སྤྱན་རས་གཟིགས་ཀྱི་ཡོན་ཏན་དྲན་པར་བྱས་ན་ཟླ་བ་གཅིག་གིས་འཕགས་པ་སྤྱན་རས་གཟིགས་ཞལ་མཐོང་བར་འགྱུར་རོ༔ སངས་རྒྱས་འོད་དཔག་མེད་ཀྱང་མཐོང་ངོ་༔ བླ་ན་མེད་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་རོ༔ སྐྱེ་བ་དྲན་པར་འགྱུར་རོ༔ ཐོས་པ་འཛིན་པར་འགྱུར་རོ༔ གང་དུ་སྐྱེས་ཀྱང་དམ་པའི་ཆོས་དང་མི་འབྲལ་བར་འགྱུར་རོ༔ ལོངས་སྤྱོད་ཆེན་པོ་དང་ལྡན་པར་འགྱུར་རོ༔ གང་ན་འདུག་ཀྱང་ནད་དང་གདོན་གྱིས་མི་ཚུགས་པར་འགྱུར་རོ༔ ཞེས་གསུངས་སོ༔ མདོ་སྡེ་ཟ་མ་ཏོག་བཀོད་པ་ལས༔ བཅོམ་ལྡན་འདས་ཤཱཀྱ་ཐུབ་བས་བཀའ་སྩལ་པ༔ གང་གིས་ཀྱང་འཕགས་པ་སྤྱན་རས་གཟིགས་ཀྱི་མིང་ནས་དྲན་པ་དེ་དག་ནི་བདེ་བ་དང་ལྡན་པ་ལགས་སོ༔ སྐྱེ་བ་དང་རྒས་པ་དང་ནད་དང་འཆི་བའི་སྡུག་བསྔལ་ལས་ཡོངས་སུ་ཐར་བ་ལགས་སོ༔ བདེ་བ་ཅན་གྱི་ཞིང་ཁམས་སུ་


CMR015_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་ནས་སྣང་བ་མཐའ་ཡས་ལས་ཆོས་ཉན་པར་འགྱུར་རོ༔ དེ་དག་གིས་ལུས་ལ་འཁོར་བའི་སྡུག་བསྔལ་མི་འབྱུང༔ རྒྱུད་ལ་ཉོན་མོངས་པ་དང་བཀྲེས་པ་དང་སྐོམ་པ་དང་ཕོངས་པའི་སྡུག་བསྔལ་མི་འབྱུང་༔ མངལ་ན་གནས་པའི་སྡུག་བསྔལ་མི་འབྱུང་༔ ཆོས་ཀྱི་རོས་བསྐྱེད་པ་པདྨ་ལས་བརྫུས་ཏེ་སྐྱེ་བར་འགྱུར་རོ༔ འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཡི་དམ་བརྟེན་པར་མཛད་པ་དེ་སངས་རྒྱས་ཀྱི་ཞིང་དེར་རྟག་ཏུ་འཛིན་ཅིང་གནས་སོ༔ ཞེས་གསུངས་སོ༔ ཁྱད་པར་དུ་སྔགས་ཡི་གེ་དྲུག་པ་འདིའི་ཕན་ཡོན་ནི༔ མཚན་བརྒྱ་རྩ་བརྒྱད་ཀྱི་མདོ་ལས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ༔ རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་འཕགས་པ་སྤྱན་རས་གཟིགས་ཡིད་ལ་བྱས་ནས༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཞེས་བཟླས་བརྗོད་བྱས་ན་ངན་སོང་དུ་མི་སྐྱེ༔ མནར་མེད་པར་མི་འགྲོའོ༔ སུ་ཞིག་ནང་པར་ལངས་ནས་བཟླས་སམ་འདོན་ནམ༔ བཟླས་བརྗོད་བྱེད་ན་དེའི་ལུས་ལ་མཛེ་དང་ཤུ་བ་དང་གཡན་པ་དང་འབྲས་དང་བས་ལྡག་དང་གློ་བ་ན་བ་དང་དབུགས་མི་བདེ་བ་དང་ནད་ཐམས་ཅད་ལས་ཐར་བར་འགྱུར་རོ༔ སྐྱེས་སོ་ཅོག་


CMR015_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་སྐྱེ་བ་དྲན་པར་འགྱུར་རོ༔ འཆི་བའི་ཚེ་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ༔ གར་སྐྱེས་ཀྱང་འཕགས་པ་སྤྱན་རས་གཟིགས་དང་མི་འབྲལ་བར་འགྱུར་རོ༔ ཞེས་དང་༔ ཟ་མ་ཏོག་བཀོད་པའི་མདོ་ལས༔ སངས་རྒྱས་དམར་པོ་མཆོག་གིས་བཀའ་སྩལ་པ༔ རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་ཡི་གེ་དྲུག་པའི་སྔགས་འདི་བཟླ་བར་བྱེད་ན་སྤོབས་པ་མི་ཟད་པར་འགྱུར་རོ༔ ཡེ་ཤེས་ཀྱི་ཕུང་པོ་རྣམ་པར་དག་པར་འགྱུར་རོ༔ བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོ་དང་ལྡན་པར་འགྱུར་རོ༔ ཉི་མ་རེ་རེ་བཞིན་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་འགྱུར་རོ༔ རིག་འཛིན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཐོབ་པར་འགྱུར་རོ༔ བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པར་འགྱུར་རོ༔ བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་རོ༔ ཞེས་གསུངས་སོ༔ དེ་ལྟ་བུའི་དབང་འདིའང་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གཉིས་པ་མེ་སྤྲེའུ་ལོ་འབྲུག་གི་ཟླ་བའི་གནམ་གང་ལ་ཆོས་སྐུ་སྣང་བ་མཐའ་ཡས་ཀྱིས་གནང་བ་ཡིན་པར་འདུག་ཅིང་སྤྲུལ་སྐུ་ཉིད་ཀྱིས་བདག་ལ་གནང་བས་བརྒྱུད་པ་ཉེ༔ བྱིན་རླབས་ཀྱི་སོ་


CMR015_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས༔ མཁའ་འགྲོའི་ཁ་རླངས་ཐུ་ལེ་བ་ཡིན་པས་མོས་གུས་བསྐྱེད་ལ༔ ངེད་སློབ་དཔོན་དང་མདུན་གྱི་དབང་རྫས་རྣམས་ཐུགས་རྗེ་ཆེན་པོ་དངོས་ཡིན་བསམ་པའི་མོས་པ་མཛོད༔ དེ་ནས་དེའི་དབང་བསྐུར་ནི༔ དང་པོ་གསོལ་འདེབས་འདི་ཡིན་ནོ༔ སློབ་མ་ཁྱོད་ཀྱིས་རྗེས་ཟློས་མཛོད༔ དུས་གསུམ་སངས་རྒྱས་ཐམས་ཅད་དང་༔ ཁྱད་པར་ཐུགས་རྗེ་ཆེན་པོ་ལ༔ གསོལ་འདེབས་སོ་དབང་བསྐུར་སྩོལ༔ ལན་གསུམ་ཞུས་ནས་དེ་ནས་ནི༔ འདི་ཡི་རྗེས་ཟློས་ཀྱིས་སྨྲའོ༔ དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི༔ སྡིག་པ་མི་དགེ་སོ་སོར་བཤགས༔ འགྲོ་བའི་དགེ་ལ་རྗེས་ཡི་རང་༔ སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་༔ སངས་རྒྱས་ཆོས་དང་ཚོགས་མཆོག་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ རང་གཞན་དོན་ནི་རབ་བསྒྲུབ་ཕྱིར༔ བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་པར་བགྱི༔ བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས༔ སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར༔ བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི༔ འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག༔ ལན་གསུམ་མམ་བསྡུ་ན་ཚིག་རྗེས་མ་གསུམ་བྱའོ༔ ཀུ་ཤས་སློབ་མ་བྲན་ཚུལ་བྱས་ལ༔ ད་སློབ་མ་ལྷར་


CMR015_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་པའི་དོན་དུ་དམིགས་པ་འདི་ལྟར་དུ་སྒོམས་ཤིག༔ ཁྱེད་རང་རྣམས་ཐུགས་རྗེ་ཆེན་པོ་ནི༔ སྐུ་མདོག་དཀར་པོ་ཞལ་གཅིག་པ༔ ཕྱག་བཞི་ཕྱག་མཚན་འདི་ལྟར་ཡིན༔ དང་པོ་གཉིས་ཀྱིས་ཐལ་མོ་སྦྱར༔ དེ་འོག་ཕྲེང་བ་པདྨ་འཛིན༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ རིན་ཆེན་སྣ་ཚོགས་རྒྱན་གྱིས་བརྒྱན༔ དར་དང་གོས་ཆེན་ན་བཟའ་གསོལ༔ པདྨ་ཟླ་བའི་གདན་ལ་བཞུགས༔ འོ་དེ་ལྟར་ལྷ་བསྐྱེད་ནས་གནས་གསུམ་བྱིན་གྱིས་བརླབ་པ་ནི༔ ཁྱེད་རང་རྣམས་ཀྱི་དཔྲལ་བར་ཨོཾ་དཀར་པོ༔ མགྲིན་པར་ཨཱདམར་པོ༔ ཐུགས་ཀར་ཧཱུཾ་མཐིང་ག༔ ཐུགས་དབུས་སུ་ཟླ་བའི་སྟེང་དུ་ཧིདཀར་པོ་ལ་ཡི་གེ་དྲུག་གིས་བསྐོར་བར་བསྒོམ༔ དེ་ནས་ཡེ་ཤེས་པ་འབེབས་པའི་དོན་དུ་ཧྲིལས་འོད་ཟེར་འཕྲོས་པས་བདེ་བ་ཅན་གྱི་ཞིང་ཁམས་དང་༔ ལྷོ་ཕྱོགས་པོ་ཊ་ལའི་གནས་ནས་འཕགས་པ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་སྐུ་ཆེ་བ་ལ་རི་རབ་ཙམ༔ ཆུང་བ་ལ་ཡུངས་དཀར་ཙམ༔ གསུང་ཡི་གེ་དྲུག་པ༔ ཐུགས་པདྨ་དཀར་པོ་ཧྲིཡིག་གིས་མཚན་པ་ཁ་བ་བུ་ཡུག་ལྟར་བྱོན་ནས་ཁྱེད་རང་རྣམས་ལ་མཚོ་ལ་ཆར་བབ་པ་ལྟར་དུ་སིབ་སིབ་ཐིམ་པར་


CMR015_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམས་ཤིག༔ སྤོས་དང་རོལ་མོ་དབྱངས་དང་བཅས་པས༔ ཧཱུྃ༔ དགོངས་ཤིག་དེ་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་དགོངས༔ བཞེངས་ཤིག་དེ་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་བཞེངས༔ ལྷོ་ཡི་དེ་གནས་ཆེན་ངོ་མཚར་ཅན་ནས་བཞེངས༔ འཁོར་དང་དེ་བཅས་པ་ཐམས་ཅད་འདིར་བྱོན་ཅིག༔ དབུ་སྐྲ་དེ་ཐོར་ཙུགས་ལྡེམས་སེ་ལྡེམ༔ རིན་ཆེན་དེ་རྒྱན་ཆ་ཉི་ལི་ལི༔ གླུ་ལེན་དེ་གར་བྱེད་རོལ་མོ་སྒྲོགས༔ བྱིན་གྱིས་དེ་རླབས་པ་བསམ་མི་ཁྱབ༔ དངོས་གྲུབ་དེ་སྟེར་བ་རྩིས་མི་ལང་༔ བྱིན་ཆེན་དེ་ཕབ་པ་ངོ་མཚར་ཅན་ཐུགས་རྗེས་དེ་འཛིན་པ་དཔག་ཏུ་མེད༔ གསོལ་བ་དེ་རྩེ་གཅིག་འདེབས་པ་ཡིས༔ མི་འདི་ལ་དེ་བྱིན་གྱིས་བརླབ་ཏུ་གསོལ༔ མི་འདི་ལ་དེ་དངོས་གྲུབ་ཐམས་ཅད་སྩོལ༔ མི་འདི་ལ་དེ་བྱིན་ཆེན་དབབ་ཏུ་གསོལ༔ མི་འདི་ལ་དེ་ཐུགས་རྗེས་འཛིན་པར་ཞུ༔ བྱིན་གྱིས་དེ་རློབས་ཤིག་སྤྱན་རས་གཟིགས༔ དངོས་གྲུབ་དེ་སྩོལ་ཅིག་སྤྱན་རས་གཟིགས༔ བྱིན་ཆེན་དེ་ཕོབ་ཅིག་སྤྱན་རས་གཟིགས༔ ཐུགས་རྗེས་དེ་ཟུངས་ཤིག་སྤྱན་རས་གཟིགས༔ ཕ་བླ་མ་དེ་ཐུགས་རྗེ་ཆེན་པོ་ཁྱེད་ཉིད་ལ༔ བདག་གིས་དེ་རྩེ་གཅིག་གསོལ་བཏབ་


CMR015_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

ན༔ ཁྱེད་ཀྱི་དེ་ཐུགས་དམ་ད་མཛོད་ཅིག༔ ཨོཾ་ཨཱཧཱུྃ་ཧཱུྃ་སྭཱ་ཧཱ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ བཛྲ་ཨཱ་ཝེ་ཤ་ཡ་ཨ་ཨཱཿ ཞེས་རོལ་མོ་དྲག་ཏུ་བྱའོ༔ དེ་ནས་རྡོ་རྗེ་སྤྱི་བོར་བཞག་ལ༔ ཡེ་ཤེས་པ་བརྟན་པར་བསྒོམས༔ ཏིཥྛ་བཛྲ༔ དེ་ནས་བུམ་པ་ལག་ཏུ་ཐོགས་ལ༔ འདི་སྐད་དུ་ནི་བརྗོད་པར་བྱ༔ ཧཱུྃ༔ བུམ་པ་འདི་ནི་གཞལ་ཡས་ཁང་༔ ཐུགས་ཆེན་འཁོར་བཅས་བཞུགས་པ་ཡིས༔ བུ་ཁྱོད་ལ་ནི་དབང་བསྐུར་བས༔ དབང་བཞི་ཡོངས་རྫོགས་ཐོབ་པར་ཤོག༔ བུམ་པ་མགོར་བཞག་ལ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཀ་ལ་ཤ་གུ་ཧྱ་པྲཛྙཱ་ན་ཙ་ཏུར་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བུམ་ཆུ་བླུད་དོ༔ དེ་ནས་གཏོར་མ་ལག་ཏུ་ཐོགས་ལ་ཧཱུྃ༔ གཏོར་མ་འདི་ནི་ཐུགས་ཆེན་ཡིན༔ མ་ལུས་འཁོར་བཅས་ལྷམ་མེར་བཞུགས༔ བུ་ཁྱོད་ལ་ནི་དབང་བསྐུར་བས༔ དབང་བཞི་ཡོངས་རྫོགས་ཐོབ་པར་ཤོག༔ ཆོས་སྐུ་སྣང་བ་མཐའ་ཡས༔ ལོངས་སྐུ་ཐུགས་རྗེ་ཆེན་པོ༔ སྤྲུལ་སྐུ་པདྨ་འབྱུང་གནས༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ༔ རྗེ་འབངས་ཉི་ཤུ་རྩ་ལྔ་གཏེར་སྟོན་བརྒྱ་དང་རྩ་བརྒྱད་ལ་སོགས་པ་རིག་འཛིན་གྲུབ་ཐོབ་རྒྱ་མཚོ་ཐམས་ཅད་དང་༔ ཐུགས་རྗེ་ཆེན་པོ་འཕགས་མཆོག་སྤྱན་རས་གཟིགས་དབང་ཕྱུག་གི་ལྷ་ཚོགས་རྣམས་ཀྱིས་


CMR015_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་སློབ་མ་དི་རྣམས་ལ་བྱིན་གྱིས་བརླབ་པ་དང་དབང་བསྐུར་བར་མཛད་དུ་གསོལ༔ ལས་དང་ཉོན་མོངས་པའི་སྒྲིབ་གཉིས་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ༔ འཁོར་བ་དང་ངན་སོང་གི་སྐྱེ་སྒོ་ཆོད་ནས་ནམ་འཆི་བའི་ཚེ་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེ་བར་བྱིན་གྱིས་རློབས་ཤིག༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཀཱ་ཡ་ཝཱཀ་ཙིཏྟ་སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ སྔགས་ལན་གསུམ་བརྗོད༔ དེ་ནས་ལག་ན་སྐུ་གཟུགས་ཐོགས་ལ༔ ཧཱུྃ༔ ཐུགས་རྗེ་ཆེན་པོའི་སྐུ་གཟུགས་ལ༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་རྫོགས༔ སློབ་མ་ཁྱོད་ལ་དབང་བསྐུར་བས༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ཀྱིས༔ དབང་བཞི་ཡོངས་སུ་རྫོགས་ཐོབ་ཤོག༔ མགོར་བཞག་ལ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ བུམ་པ་པདྨ་རྡོ་རྗེ་ཕྱག་མཚན་བཞི་ཐོགས་ལ༔ ཧཱུྃ༔ སློབ་མ་རིགས་ཀྱི་བུ་ཁྱོད་ལ༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ཀྱི༔ སྐུ་གསུང་ཐུགས་ཀྱི་དབང་ཐོབ་ཤོག༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཀཱ་ཡ་ཝཱཀ་ཙིཏྟ་གུ་ཎ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་མགོར་བཞག་གོ༔ དེ་ནས་མེ་ཏོག་འཐོར་ཞིང་བཀྲ་ཤིས་ནི༔ ཧཱུྃ༔ སྐུ་གསུམ་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག༔ ཡི་དམ་ལྷ་


CMR015_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག༔ མཁའ་འགྲོ་ཆོས་སྐྱོང་ནོར་ལྷའི་བཀྲ་ཤིས་ཤོག༔ གཏེར་སྲུང་དམ་ཅན་རྒྱ་མཚོའི་བཀྲ་ཤིས་ཤོག༔ འོ་དེས་ནི་གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས་སྒྲུབ་ཐབས་རྒྱ་མཚོ་གསར་པ་དབང་སྣ་བཞི་བཅུ་ལྷག་ཙམ་ཡོད་པའི་ནང་ནས༔ ཐུགས་རྗེ་ཆེན་པོ་ཡི་གེ་དྲུག་པའི་དབང་ཕྱག་ལེན་གྱིས་བརྒྱན་པ་ལེགས་པར་ཐོབ་པ་ཡིན་པས༔ ད་ནས་བཟུང་སྟེ་ཐུགས་རྗེ་ཆེན་པོ་ཡི་དམ་དུ་བཟུང་ནས༔ ཡི་གེ་དྲུག་པའི་རིག་སྔགས་རྒྱུན་དུ་ཐུགས་དམ་བྱ་བསམ་པ་གྱིས་ལ་དམ་ཚིག་ཁས་ལེན་པ་འདིའི་རྗེས་ཟློས་མཛོད༔ དུས་འདི་ནས་བཟུང་སྟེ་བྱང་ཆུབ་བར༔ ལྷ་ཐུགས་རྗེ་ཆེན་པོ་འདི་ཉིད༔ ཡི་དམ་ལྷ་རུ་བཟུང་བར་བྱ༔ ས་མ་ཡ་ན་ར་ཀན༔ དེ་ནས་མཎྜལ་འབུལ་ས་གཞི་སོགས། ས་མ་ཡ༔ ཁ་ཐཾ༔ རྒྱ་རྒྱ་རྒྱ༔ ཞེས་པ་འདི་ནི་གནམ་ཆོས་གཞུང་ལས་ཁོལ་དུ་ཕྱུང་སྟེ་གོང་འོག་གི་མཚམས་སྦྱོར་དང་ཁ་སབ་དགོས་པ་འགའ་ཟུང་སབ་སྟེ༔ གསར་བུ་པ་ལ་ཕན་ཆེ་བའི་ཕྱིར་གོ་འཇོ་བླ་མ་ལྷུན་གྲུབ་པས་བསྐུལ་བ་དོན་ཡོད་པར་བྱ་བའི་ཆེད་དུ་གསང་སྔགས་པའི་རྣལ་འབྱོར་པ་གནམ་ཆོས་ཉིད་ཀྱི་ཆོས་བདག་ཏུ་གྱུར་པ་རཱ་ག་ཨ་སྱས་གསོལ་བ་བཏབ་ཅིང་བཀའ་རྒྱ་གྲོལ་བ་ཞུས་ནས་གསལ་བར་བཀོད་པ་ལ་ཉེས་འགལ་ལྷ་དང་སྲུང་མ་རྣམས་ལ་།


CMR015_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

བཤགས་ཤིང་དགེ་བས་སེམས་ཅན་དཔག་ཏུ་མེད་པ་ཕན་པར་གྱུར་ཅིག༔ མངྒ་ལཾ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR015_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousགནམ་ཆོས་སྒྲུབ་ཐབས་རྒྱ་མཚོ་གསར་པའི་ནང་ནས་ཐུགས་རྗེ་ཆེན་པོའི་དབང་ཁོལ་དུ་ཕྱུང་སྟེ་བལྟས་ཆོག་ཏུ་བཀོད་པ།next