Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གནམ་ཆོས་ལས་པདྨ་གཙུག་ཏོར་དྲི་མེད་ཀྱི་དབང་ཆོག་འགྲོ་དོན་རྒྱ་མཚོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགནམ་ཆོས་ལས་པདྨ་གཙུག་ཏོར་དྲི་མེད་ཀྱི་དབང་ཆོག་འགྲོ་དོན་རྒྱ་མཚོ།next

གནམ་ཆོས་ལས་པདྨ་གཙུག་ཏོར་དྲི་མེད་ཀྱི་དབང་ཆོག་འགྲོ་དོན་རྒྱ་མཚོ།


CMR015_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ཆོས་ལས་པདྨ་གཙུག་ཏོར་དྲི་མེད་ཀྱི་དབང་ཆོག་འགྲོ་དོན་རྒྱ་མཚོ་བཞུགས་སོ༔


CMR015_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་དྷེ་ཝ་དྷཱ་ཀི་ནི་ཧཱུྃ༔ པདྨ་གཙུག་ཏོར་སྒྲུབ་པ་ནི༔ འདབ་བཞི་འམ་ནི་ཚོམ་བུའི་སྟེང་༔ བུམ་པ་མཆོད་གཏོར་སྤྱི་ལྟར་བཤམ་མངོན་རྟོགས་གཅིག་གིས་བདག་མདུན་དང་༔ བུམ་པ་དམ་ཡེ་དབྱེར་མེད་བསྐྱེད༔ ན་མོ༔ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ སྐྱབས་གནས་རྣམས་ལ་སྐྱབས་སུ་མཆི༔ འགྲོ་ཀུན་སངས་རྒྱས་ལ་འགོད་ཕྱིར༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ བདག་དང་མདུན་བསྐྱེད་བུམ་པའི་ནང་༔ ཧཱི༔ལས་པདྨ་གཙུག་ཏོར་ཅན༔ དཀར་སྔོ་དམར་བའི་ཞལ་གསུམ་འཛུམ༔ ཐོར་ཙུགས་ཟླ་ཕྱེད་དར་གྱིས་བརྒྱན༔ གཡས་གསུམ་པདྨ་


CMR015_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

རྩེ་གསུམ་ས༔ གཡོན་གསུམ་ཞགས་པ་སྐྱབས་སྦྱིན་དབྱུག༔ རི་ལྤགས་ཕྲག་བཀལ་པད་ཟླར་བཞུགས༔ དབུ་གཙུག་བླ་མ་སྣང་མཐའ་ཡས༔ ཤར་ལྷོ་ནུབ་བྱང་རིམ་བཞིན་དུ༔ རལ་གཅིག་ཁྲོ་གཉེར་རྟ་མགྲིན་སྒྲོལ༔ མཐིང་སེར་དམར་ལྗང་སེམས་དཔའི་སྐྱིལ༔ གྲི་ཐོད་ཕྲེང་རིལ་དབྱུག་ཞགས་དང་༔ སྐྱབས་སྦྱིན་ཨུཏྤལ་འཛིན་པ་སྟེ་གཙོ་བོའི་ཐུགས་ཀར་ཧྲཱིཿསྔགས་བསྐོར༔ འཁོར་བཞི་རཾ་ཧཱུཾ་ཧྲཱིཿཏྟཾ་བསྐྱེད༔ པོ་ཊ་ལ་ནས་སྤྱན་དྲངས་བསྟིམ༔ ཐུགས་ཀར་ཟླ་སྟེང་ཧཱུྃཡིག་མཐར༔ སྔགས་ཕྲེང་གཡས་སུ་འཁོར་བ་ལས༔ འོད་འཕྲོས་ཕྱོགས་


CMR015_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

བཅུའི་རྒྱལ་བ་མཆོད༔ སེམས་ཅན་རྣམས་ཀྱི་སྒྲིབ་པ་སྦྱངས༔ བུམ་པའི་སྐུ་ལས་བདུད་རྩི་བབས༔ བུམ་པ་བདུད་རྩིའི་གང་བར་གྱུར༔ ཨོཾ་པདྨོ་ཨུཊྛི་ཥ་བི་མ་ལེ་ཧཱུྃ་ཕཊ༔ ཅེས་ཅི་འགྲུབ་བཟླ༔ ཨཱ་ལོ་ཀི་ཤྭ་ར་ཨརྒྱུ་སོགས། སངས་རྒྱས་ཀུན་གྱིས་རབ་ཏུ་བསྔགས༔ ཡོན་ཏན་ཀུན་གྱི་གཏེར་གྱུར་ཅིང་༔ སྤྱན་རས་གཟིགས་ཞེས་མཚན་གསོལ་བའི༔ རྟག་པར་བརྩེ་ལ་ཕྱག་འཚལ་བསྟོད༔ དེ་ནས་སློབ་མ་འདུས་ཁྲུས་ནི༔ ལས་བུམ་འདིའི་ནང་ན་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་བཞུགས་པའི་སྐུ་ལས་བདུད་རྩིའི་རྒྱུན་བབས་ནས༔ ཁྱེད་རང་རྣམས་ཀྱི་སྡིག་སྒྲིབ་ཉམས་ཆག་གསང་སྔགས་ཀྱི་སྣོད་དུ་མི་རུང་བའི་ཉེས་སྐྱོན་ཐམས་ཅད་སངས་སངས་དག་ནས་ལུས་ཤེལ་གོང་ལྟར་གྱུར་པར་སྒོམས་ཤིག༔ ལས་བུམ་ཐོགས་ལ་ཟདབྱངས་དང་བཅས༔ ཧཱུྃ༔ བུམ་པ་འདི་ནང་རྡོ་རྗེ་སེམས༔ ཁྱོད་ཀྱི་མགོ་ལ་བཞག་པ་ཡིས༔ སྡིག་སྒྲིབ་ཉེས་ལྟུང་དག་གྱུར་ཅིག༔ མ་རིག་དབང་རྣམས་སངས་རྒྱས་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ བཛྲ་སཏྭ་ཧཱུྃ༔ ཞེས་ཁྲུས་དང་ཆབ་བཏང་༔ མཎྜལ་ནི༔ དེ་ནས་ལག་ཏུ་འབྲུ་བླུགས་ཤིང་༔ འབྲུ་འདི་རྣམས་རིན་པོ་ཆེ་སྣ་བདུན་གྱིས་ཁྱེད་རང་རྣམས་སྙིམ་པ་བཀང་ནས་ཡི་དམ་


CMR015_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ལྷ་ལ་ཕྱག་རྟེན་དུ་འབུལ་སྙམ་པའི་མོས་པ་མཛོད་ཅིག༔ འདི་ནི་རིན་ཆེན་སྣ་ཚོགས་ཏེ༔ ཁྱོད་ཀྱིས་ལྷ་ལ་ཕུལ་བ་ཡིས༔ བསམ་དོན་ཡིད་བཞིན་འགྲུབ་པར་ཤོག༔ མཎྜལ་འབུལ་སྙམ་པས་རྗེས་ཟློས་མཛོད༔ ལི་ཡི་མཎྜལ་རིན་ཆེན་བསྒྱུར་བྱས་ནས༔ ནས་རྣམས་ཀུན་ཀྱང་གསེར་གཡུར་བསྒྱུར་ནས་ཀྱང་༔ བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་གཅིག་ལ༔ དད་པས་འབུལ་ལོ་ཐུགས་རྗེས་བདག་གཞན་གཟིགས༔ དེ་ཡང་དོན་ཡོད་ཞགས་པ་འདི་ཉིད་ནི༔ སྔོན་བསྐལ་པ་དགུ་བཅུ་རྩ་གཅིག་གི་སྔོན་རོལ་དུ་སངས་རྒྱས་འཇིག་རྟེན་དབང་ཕྱུག་རྒྱལ་པོས་གསུངས་ཏེ༔ འཕགས་པ་སྤྱན་རས་གཟིགས་ཉིད་ཀྱི་གཟུངས་ནས༔ དབང་ཕྱུག་ཆེན་པོ་ལ་སོགས་པ་ལྷའི་བུ་བརྒྱ་སྟོང་ཕྲག་མང་པོ་རིག་སྔགས་འདིའི་སྒོ་ནས་བྱང་ཆུབ་ལ་བཀོད་དོ༔ དེ་ནས་བསྟན་པ་འདི་ལ་ཡང་སྟོན་པ་ཤཱཀྱ་ཐུབ་པ་རི་བོ་ཏ་ལ་ན་བྱང་ཆུབ་སེམས་དཔའ་དང་ལྷའི་བུ་དཔག་ཏུ་མེད་པས་བསྐོར་ནས་བཞུགས་པའི་ཚེ་སེམས་ཅན་རྣམས་ལ་ཕན་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་བཀས་བསྐུལ་ཏེ༔ འཕགས་པ་སྤྱན་རས་གཟིགས་ཉིད་ཀྱིས་གསུངས་སོ༔ ཨོཾ་པདྨོ་ཨུཊྛི་ཥ་བི་མ་ལེ་ཧཱུྃ་ཕཊ༔ གསང་སྔགས་ཀྱི་ཡི་


CMR015_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

གེ་བཅུ་གཅིག་པ་འབུམ་བཟླས་བརྗོད་བྱས་ན༔ ཕྱིར་མི་ལྡོག་པ་ཉིད་འགྱུར་ནས་ས་བཅུ་པ་ལ་གནས་པར་འགྱུར༔ ལྷ་དང་མི་ཡི་སྐྱེ་དགུ་དག༔ འདི་ནི་དེ་བཞིན་གཤེགས་པའོ༔ ཞེས་བརྗོད་པས༔ བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར༔ དོན་ཡོད་ཞགས་པ་པདྨ་གཙུག་ཏོར་གྱི་འཁོར་ལོས་སྒྱུར་བར་འགྱུར་ཏེ༔ ཐེ་ཚོམ་མི་བྱའོ༔ ཞེས་དང་༔ སྤྱན་རས་གཟིགས་ཀྱིས་སྨྲས་པ༔ ལག་ན་རྡོ་རྗེ་ཉིན་ཞག་གཅིག་སྨྱུང་བར་གནས་ཤིང་༔ ཉིན་ཞག་གཅིག་བཟླས་བརྗོད་བྱས་པ་ཙམ་གྱིས་འབྲས་བུ་འགྲུབ་པར་འགྱུར་བ་ནི་ལག་ན་རྡོ་རྗེ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོའམ་དགེ་སློང་ངམ་དགེ་སློང་མའམ་དགེ་བསྙེན་ནམ་དགེ་བསྙེན་མའམ༔ གཞན་ཡང་དགེ་སྦྱོང་མགོ་བྲེགས་པ་རིགས་ཀྱིས་འཚོ་བའམ་བྲམ་ཟེའམ་རྒྱལ་རིགས་སམ་སྐྱེས་པའམ་བུད་མེད་དམ་ཁྱེའུ་དང་བུ་མོའམ་རྗེའུ་རིགས་སམ་དམངས་རིགས་གང་ལ་ལ་སྐད་ཅིག་ཐང་ཅིག་ཡུད་ཙམ་མམ༔ དུས་ཚིགས་གཅིག་གམ་དུས་ཚིགས་གསུམ་ཡོངས་སུ་རྫོགས་པར་གཞན་མི་སྨྲ་བར་དོན་ཡོད་ཞགས་པ་པདྨ་གཙུག་ཏོར་གྱི་སྙིང་པོ་ཁྲོ་བོའི་རིག་སྔགས་རིམ་པར་ཕྱེ་བ།


CMR015_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

གཟུངས་སྔགས་ཆེན་པོའི་སྙིང་པོ་བཅུ་གཅིག་པ་འདི་ལན་གཅིག་དྲན་ནམ༔ ཀློག་གམ་མིང་བཟུང་བ་ཡང་དྲན་ནམ༔ ལག་ན་རྡོ་རྗེས་དུས་ཚིགས་གཅིག་དྲན་པ་ཙམ་གྱིས་ཀྱང་༔ དེའི་མཚམས་མེད་པ་ལྔ་བྱེད་པ་མནར་མེད་པར་གཞོལ་བོ༔ བསྐལ་པར་གནས་པ་ཡང་དེའི་ཐམས་ཅད་རྣམ་པར་དག་པར་འགྱུར་ལ༔ སྡིག་པ་དང་སྒྲིབ་པ་བསགས་པ་རྣམས་ཟད་པར་འགྱུར༔ ལུས་ཡོངས་སུ་དག་ཅིང་དྲི་མ་མེད་པར་འགྱུར༔ སྡིག་པ་དང་སྒྲིབ་པ་བྲལ་བར་འགྱུར༔ ཚེ་བརྗེ་བ་དང་འཕོས་ནས་འཇིག་རྟེན་ཁམས་བདེ་བ་ཅན་དུ་པདྨ་དག་ལས་བརྫུས་ཏེ་སྐྱེ་བར་འགྱུར༔ ཚེ་རབས་སུ་ཚེ་རབས་དྲན་པར་འགྱུར༔ བསྐལ་པ་འབུམ་ཕྲག་དྲུག་ཅུ་རྩ་གཉིས་སུ་ནམ་ཡང་ངན་འགྲོར་འགྲོ་བར་མི་འགྱུར༔ བསྐལ་པ་བརྒྱད་ཅུར་འཁོར་ལོས་སྒྱུར་བ་མཆོག་ཏུ་འགྱུར༔ བསྐལ་པ་འབུམ་ཕྲག་བརྒྱད་ཅུར་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་བདེ་བ་མྱོང་བར་འགྱུར༔ བསྐལ་པ་འབུམ་ཕྲག་དྲུག་ཅུ་རྩ་གཉིས་སུ་འཇིག་རྟེན་གྱི་ཁམས་མངོན་པར་དགའ་བར་བདེ་བ་མྱོང་བར་འགྱུར༔ བསྐལ་པ་འབུམ་ཕྲག་བདུན་ཅུ་རྩ་གཉིས་སུ་འཇིག་རྟེན་གྱི་ཁམས་འཇིག་རྟེན་རྣམ་པར་


CMR015_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས་པར་སྐྱེ་བར་འགྱུར་རོ༔ ཚེ་རབས་སུ་ཚེ་རབས་དྲན་པར་འགྱུར༔ བསྐལ་པ་འབུམ་ཕྲག་བཅུ་གཉིས་སུ་ནོར་བུ་འཆང་བའི་འཁོར་ལོས་སྒྱུར་བར་འགྱུར་རོ༔ བསྐལ་པ་ཁྲི་ཕྲག་བརྒྱད་ཅུར་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གནས་རི་བོ་གྲུ་འཛིན་དུ་བདེ་བ་མྱོང་བར་འགྱུར༔ བསྐལ་པ་སྟོང་ཕྲག་དྲུག་ཅུ་རྩ་དགུར་འོག་མིན་གྱི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར༔ བསྐལ་པ་འབུམ་ཕྲག་བརྒྱད་ཅུར་དགའ་ལྡན་གྱི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར༔ བསྐལ་པ་འབུམ་ཕྲག་ཏུ་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི་ནང་དུ་བརྒྱ་བྱིན་ཉིད་བྱེད་པར་འགྱུར༔ བསྐལ་པ་འབུམ་ཕྲག་ལྔ་བཅུ་རྩ་གཉིས་སུ་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཁམས་རྣམས་སུ་འཇུག་པར་འགྱུར༔ བསྐལ་པ་སྟོང་ཕྲག་ཉི་ཤུར་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ལ་སྤྱོད་པར་གྱུར༔ ནམ་ཡང་མའི་མངལ་དུ་སྐྱེ་བར་མི་འགྱུར༔ གང་དང་གང་དུ་སྐྱེ་བ་ཐམས་ཅད་བརྫུས་ཏེ་སྐྱེ་བར་འགྱུར༔ ཐམས་ཅད་དུ་ཚེ་རབས་དྲན་པར་འགྱུར་ཏེ༔ ལག་ན་རྡོ་རྗེ་དེ་ལྟར་རིག་སྔགས་ལན་གཅིག་དྲན་པ་ཙམ་གྱིས་དགེ་བའི་རྩ་བ་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་འགྱུར་རོ༔ ལག་ན་རྡོ་རྗེ་གང་ཞིག་ཞག་གཅིག་ལན་


CMR015_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་སྨྱུང་བ་ལ་གནས་ཏེ༔ བཟླས་བརྗོད་དང་བཅས་པ་བྱེད་ན་ལག་ན་རྡོ་རྗེ་དེ་ནི་ཚེ་འདི་ཉིད་ལ་མི་བདག་ཉིད་ཀྱི་ངོ་བོ་ཉིད་སྒྲིབ་པ་དང་བྲལ་ནས༔ དོན་ཡོད་པ་ཆེན་པོ་དྲི་མ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་འཐོབ་བོ༔ པདྨ་གསལ་བ་རྣམ་པར་འཕྲུལ་པའི་ཏིང་ངེ་འཛིན་འཐོབ་བོ༔ དོན་ཡོད་པ་དྲི་མ་མེད་པར་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་འཐོབ་བོ༔ དོན་ཡོད་པ་རྣམ་པར་གཟིགས་པའི་རྒྱལ་མཚན་ཞེས་བྱ་བའི་ཏིང་ངེ་འཛིན་འཐོབ་བོ༔ པདྨ་གཙུག་ཏོར་མཐར་ཕྱིན་པའི་རྒྱལ་མཚན་ཞེས་བྱ་བའི་ཏིང་ངེ་འཛིན་འཐོབ་བོ༔ དོན་ཡོད་པ་འབར་བའི་གཙུག་ཏོར་གྱི་སྙིང་པོ་གསང་བ་སྒྲུབ་པ་འཐོབ་བོ༔ དེ་བཞིན་གཤེགས་པ་བྱེ་བ་ཁྲག་ཁྲིག་བྱེ་བ་དགུ་བཅུ་རྩ་གཉིས་དང་༔ དེ་བཞིན་གཤེགས་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ལ་དགེ་བའི་རྩ་བ་བསྐྱེད་པར་འགྱུར༔ བསོད་ནམས་ཀྱི་ཕུང་པོ་ཆེན་པོ་དང་ལྡན་པར་འགྱུར༔ དེ་བརྗེས་ནས་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་པདྨ་དག་ལས་བརྫུས་ཏེ་སྐྱེ་བར་འགྱུར༔ ཅེས་དང་༔ ལག་ན་རྡོ་རྗེ་གསང་སྔགས་ཀྱི་རྩ་བ་དོན་ཡོད་པའི་ཞགས་པ་གཙུག་ཏོར་གྱི་དཀྱིལ་འཁོར་འདི་རིག་སྔགས་འཆང་བའི་


CMR015_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ཀྱི་བུའམ་རིགས་ཀྱི་བུ་མོའམ་དགེ་སློང་ངམ་དགེ་སློང་མའམ་དགེ་བསྙེན་ནམ་དགེ་བསྙེན་མས་ལན་གཅིག་བརྗོད་པ་ཙམ་དྲན་པ་ཙམ་ཡིད་ལ་བྱེད་པ་ཡོངས་སུ་དག་པ་བདག་ཉིད་སྙིང་རྗེ་ཆེན་པོ་དང་༔ བྱམས་པ་དང་ལྡན་པའི་ལྷག་པའི་བསམ་པས་སེམས་ཅན་ཐམས་ཅད་ལ་དམིགས་པའི་སེམས་ཅན་གང་ཡང་རུང་༔ ངན་སོང་གསུམ་དུ་སྐྱེ་བར་མི་འགྱུར་ཏེ༔ སེམས་ཅན་དམྱལ་བའམ༔ དུད་འགྲོའི་སྐྱེ་གནས་སམ༔ ཡི་དྭགས་ཀྱི་ཡུལ་རྣམས་ཀྱི་གནས་དེ་དག་མེད་དེ༔ དེ་ལྟར་སེམས་ཅན་ཐམས་ཅད་དགེ་བའི་རྩ་བ་ཆེན་པོ་དང་ལྡན་པར་འགྱུར་རོ༔ ལན་གཉིས་བརྗོད་པ་ཙམ་གྱིས་ནད་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ༔ ལན་གསུམ་བརྗོད་པ་ཙམ་གྱིས་དུག་དང་འབྲུམ་བུ་དང་འབྲས་དང་ལྷོག་པ་དང་༔ རྐང་ཤུ་དང་མཛེ་དང་གཡན་པ་ལ་སོགས་པ་ཐམས་ཅད་འཇོམས་པར་འགྱུར་རོ༔ ལན་བཞི་བརྗོད་པ་ཙམ་གྱིས་དབྱིག་དུག་དང་བྱད་ཐམས་ཅད་སེལ་བར་འགྱུར་རོ༔ ལན་ལྔ་བརྗོད་པ་ཙམ་གྱིས་འཐབ་མོ་དང་རྩོད་པ་དང་འགྱེད་པ་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ༔ ལན་དྲུག་བརྗོད་པ་ཙམ་གྱིས་འཇིགས་པ་དང་གནོད་པ་དང་རིམས་ནད་ཐམས་ཅད་


CMR015_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་པར་འགྱུར་རོ༔ ལན་བདུན་བརྗོད་པ་ཙམ་གྱིས་དུས་མ་ཡིན་པར་འཆི་བའི་འཇིགས་པ་ཐམས་ཅད་དང་སེམས་ཅན་ཐམས་ཅད་ཀྱི་ཡམས་ཀྱི་ནད་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ༔ ལག་ན་རྡོ་རྗེ་དེ་ལྟ་བས་ན་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཉིན་རེ་ཞིང་གཞན་མི་སྨྲ་བར་ལན་བདུན་དྲན་པར་བྱའོ༔ ཞེས་གསུངས་སོ༔ ས་བཅུ་བའི་གཟུངས་ལས༔ ཨོཾ་པདྨོ་ཨུཏྟཱི་ཥ་བི་མ་ལེ་ཧཱུྃ་ཕཊ༔ གསང་སྔགས་ཀྱི་སྙིང་པོ་ཡིག་འབྲུ་བཅུ་གཅིག་པ་འབུམ་ཕྲག་བརྗོད་བྱས་ན་ཕྱིར་མི་ལྡོག་པར་གྱུར་པས་ས་བཅུ་ལ་གནས་པར་འགྱུར་ཞིང་༔ ལྷ་དང་མི་ཡི་སྐྱེ་དགུ་དག༔ འདི་ནི་དེ་བཞིན་གཤེགས་པའོ༔ ཞེས་བརྗོད་པས༔ བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར༔ དོན་ཡོད་པ་པདྨ་གཙུག་ཏོར་གྱི་འཁོར་ལོས་སྒྱུར་བར་འགྱུར་ཏེ་ཐེ་ཚོམ་མི་བྱའོ༔ གསང་སྔགས་འབྲུ་བཅུ་གཅིག་པའི་སྒྲུབ་པ་དེ་ཁོ་ན་ཉིད་ཀྱི་དངོས་གྲུབ་བླ་ན་མེད་པ་འདི་ནི་དོན་ཡོད་པའི་ཞགས་པའི་སྙིང་པོ་རྣམ་པར་འཕྲུལ་པ་བཟླས་བརྗོད་བྱས་པ་ཙམ་གྱིས་འགྲུབ་པར་འགྱུར་རོ༔ དེ་ལྟ་བུའི་དབང་ཟབ་མོ་ཞུ་བའི་ཕྱིར་འདིའི་རྗེས་ཟློས་མཛོད༔ ༈


CMR015_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

དུས་གསུམ་སངས་རྒྱས་ཐམས་ཅད་དང་༔ ཁྱད་པར་པདྨ་གཙུག་ཏོར་ལ༔ གསོལ་བ་འདེབས་སོ་དབང་བསྐུར་སྩོལ༔ ཨོཾ་བཀའ་དུ་བཀའ་ཀྲ༔ སྱ་མྱ་ར༔ སྐྱབས་སེམས་འདིའི་རྗེས་ཟློས་མཛོད༔ དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི༔ སྡིག་པ་མི་དགེ་སོ་སོར་བཤགས༔ འགྲོ་བའི་དགེ་ལ་རྗེས་ཡི་རང་༔ སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་༔ སངས་རྒྱས་ཆོས་དང་ཚོགས་མཆོག་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ རང་གཞན་དོན་ནི་རབ་བསྒྲུབ་ཕྱིར༔ བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་པར་བགྱི༔ བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས༔ སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར༔ བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི༔ འགྲོ་ལ་ཕན་སངས་རྒྱས་མྱུར་ཐོབ་ཤོག༔ གསུམ་སོགས། གནང་བ་བྱིན་པའི་མོས་པ་མཛོད༔ ཁྱེད་ནི་རྣལ་འབྱོར་རིགས་སུ་སྐྱེས༔ ང་ཡིས་ཡེ་ཤེས་རྡོ་རྗེ་བྱིན༔ བྱིན་པས་དངོས་གྲུབ་མཆོག་ཐོབ་འགྱུར༔ ཏེ་ཐེ་ཛྷ་ཧ་ཧཱུཾ་རྗེས་ཟློས༔ སངས་རྒྱས་ཀུན་གྱི་རང་བཞིན་སློབ་དཔོན་ཁྱོད་ལ་བདག་སྐྱབས་མཆི༔ མི་བཟད་འཁོར་བའི་རྒྱ་མཚོ་ལས༔ གཙོ་བོ་ཁྱེད་ཀྱིས་བསྒྲལ་དུ་གསོལ༔


CMR015_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

ཧ་ཧ་ཧ་ཧ་ཧ་ཧ་ཧ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ དེ་ནས་ཡེ་ཤེས་དབབ་པ་ནི༔ ཁྱེད་རྣམས་ཧྲཱིཿ༔ལས་པདྨ་གཙུག་ཏོར་ཅན༔ དཀར་སྔོ་དམར་བའི་ཞལ་གསུམ་འཛུམ༔ ཐོར་ཙུགས་ཟླ་ཕྱེད་དར་གྱིས་བརྒྱན༔ གཡས་གསུམ་པདྨ་རྩེ་གསུམ་ས༔ གཡོན་གསུམ་ཞགས་པ་སྐྱབས་སྦྱིན་དབྱུག༔ རི་ལྤགས་ཕྲག་བཀལ་པད་ཟླར་བཞུགས༔ དབུ་གཙུག་བླ་མ་སྣང་མཐའ་ཡས༔ ཤར་ལྷོ་ནུབ་བྱང་རིམ་བཞིན་དུ༔ རལ་གཅིག་ཁྲོ་གཉེར་རྟ་མགྲིན་སྒྲོལ༔ མཐིང་སེར་དམར་ལྗང་སེམས་དཔའི་སྐྱིལ༔ གྲི་ཐོད་ཕྲེང་རིལ་དབྱུག་ཞགས་དང་༔ སྐྱབས་སྦྱིན་ཨུཏྤལ་འཛིན་པ་སྟེ༔ གཙོ་བོའི་ཐུགས་ཀར་ཧྲཱིཿསྔགས་བསྐོར༔ འཁོར་བཞི་རཾ་ཧཱུཾ་ཧྲཱིཿཏཱ་བསྐྱེད༔ ཐུགས་ཀར་ཟླ་སྟེང་ཧྲཱིཿཡིག་མཐར༔ སྔགས་ཕྲེང་གཡས་སུ་འཁོར་བར་གྱུར༔ རང་དང་མདུན་བསྐྱེད་དེ་ལྟར་བསྒོམ༔ སྟེང་གི་ཕྱོགས་ཀྱི་འཇིག་རྟེན་ཁམས༔ ཞིང་ཁམས་གཙུག་ཏོར་བརྩེགས་པ་དང་༔ པོ་ཊ་ལ་ཡི་གནས་མཆོག་གནས༔ པདྨ་གཙུག་ཏོར་དྲི་མེད་ནི༔ སྤྲུལ་པ་ཡང་སྤྲུལ་དཔག་མེད་པ༔ མཚོ་ལ་ཁ་བ་བབས་བཞིན་དུ༔ ཁྱོད་ཉིད་ལ་ནི་ཐིམ་པར་སྒོམས༔ དབྱངས་རོལ་མོ་དང་བཅས༔ ཧཱུྃ༔


CMR015_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་ཤིག་དེ་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་དགོངས༔ བཞེངས་ཤིག་དེ་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་བཞེངས༔ ལྷོ་ཡི་དེ་གནས་ཆེན་ངོ་མཚར་ཅན་ནས་བཞེངས༔ འཁོར་དང་དེ་བཅས་པ་ཐམས་ཅད་འདིར་བྱོན་ཅིག༔ དབུ་སྐྲ་དེ་ཐོར་ཙུགས་ལྡེམས་སེ་ལྡེམ༔ རིན་ཆེན་དེ་རྒྱན་ཆ་ཉི་ལི་ལི༔ གླུ་ལེན་དེ་གར་བྱེད་རོལ་མོ་སྒྲོགས༔ བྱིན་གྱིས་དེ་རླབས་པ་བསམ་མི་ཁྱབ༔ དངོས་གྲུབ་དེ་སྟེར་བ་རྩིས་མི་ལང་༔ བྱིན་གཅིག་དེ་ཕབ་པ་ངོ་མཚར་ཅན༔ ཐུགས་རྗེས་དེ་འཛིན་པ་དཔག་ཏུ་མེད༔ གསོལ་བ་དེ་རྩེ་གཅིག་འདེབས་པ་ཡིས༔ མི་བདག་ལ་དེ་བྱིན་གྱིས་བརླབ་ཏུ་གསོལ༔ མི་བདག་ལ་དེ་དངོས་གྲུབ་ཐམས་ཅད་སྩོལ༔ མི་བདག་ལ་དེ་བྱིན་ཆེན་དབབ་ཏུ་གསོལ༔ མི་བདག་ལ་དེ་ཐུགས་རྗེས་འཛིན་པར་ཞུ༔ བྱིན་གྱིས་དེ་རློབས་ཤིག་སྤྱན་རས་གཟིགས༔ དངོས་གྲུབ་དེ་སྩོལ་ཅིག་སྤྱན་རས་གཟིགས༔ བྱིན་ཆེན་དེ་ཕོབ་ཅིག་སྤྱན་རས་གཟིགས༔ ཐུགས་རྗེས་དེ་ཟུངས་ཤིག་སྤྱན་རས་གཟིགས༔ ཕ་བླ་མ་དེ་ཐུགས་རྗེ་ཆེན་པོ་ཁྱེད་ཉིད་ལ༔ བདག་གིས་དེ་རྩེ་གཅིག་གསོལ་བཏབ་པས༔ ཁྱེད་ཀྱི་དེ་ཐུགས་དམ་ད་མཛོད་ཅིག༔ ཨོཾ་པདྨོ་ཨུཥྞི་ཥ་བི་


CMR015_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལེ་ཧཱུྃ་ཕཊ༔ བཛྲ་ཨཱ་ཝེ་ཤ་ཡ་ཨ་ཨཱཿ རྡོ་རྗེ་སྤྱི་བོར་བཞག་ལ༔ ཏིཥྛ་བཛ྄༔ ད་བུམ་པ་འདི་ཉིད་ཕྱི་བུམ་པ་ལ་ནང་རིན་པོ་ཆེའི་གཞལ་ཡས་ཁང་དུ་གྱུར་པའི་ནང་ན་པདྨ་གཙུག་ཏོར་དྲི་མེད་ཀྱི་ལྷ་ཚོགས་དངོས་སུ་བཞུགས་པའི་སྐུ་ལས་བདུད་རྩིའི་རྒྱུན་བབས༔ ཁྱེད་རང་རྣམས་ཀྱི་སྤྱི་བོ་ཚངས་པའི་བུ་ག་ནས་ཞུགས་ཏེ༔ ལུས་ཀྱི་གནས་བཞི་གང་་སྒྲིབ་པ་བཞི་དག༔ དབང་བཞི་ཐོབ༔ སྐུ་བཞི་མངོན་དུ་བྱེད་པའི་སྐལ་པ་ཅན་དུ་གྱུར་པར་སྒོམས་ཤིག༔ ཧཱུྃ༔ བུམ་པ་འདི་ནི་རིན་ཆེན་ཁང་༔ པདྨ་གཙུག་ཏོར་འཁོར་བཅས་བཞུགས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ དབང་བཞི་ཡོངས་རྫོགས་ཐོབ་པར་ཤོག༔ ཀུམ་བྷ་པ་ནི་ཀ་ཡེ༔ འབའ་འབུ་ཨ་ཡི་ཀ་ཀི་ཀ་ཀོ༔ ཨོཾ་པདྨོ་ཨུཏྟི་ཥ་བི་མ་ལེ་ཧཱུྃ་ཕཊ༔ ཅེས་མགོར་བཞག༔ ད་གཏོར་མ་འདི་ཉིད་འདི་ལྟ་བུ་མ་ཡིན་པར་པདྨ་གཙུག་ཏོར་དྲི་མེད་ཀྱི་ལྷ་ཚོགས་སྔར་སྨོས་མ་ཐག་པའི་མཚན་ཉིད་ཅན༔ སྟེང་གི་ཆ་ལ་རིག་འཛིན་གྲུབ་ཐོབ་རྒྱ་མཚོ༔ བར་གྱི་ཆ་ལ་ཡི་དམ་རྒྱུད་སྡེ་དྲུག་གི་ལྷ་ཚོགས༔ འོག་གི་ཆ་ལ་ཡེ་ཤེས་ཀྱི་ཆོས་སྐྱོང་སྲུང་མའི་ལྷ་ཚོགས་སྤྲིན་འཁྲིགས་པ་ལྟ་བུ་ཁྱེད་རང་གི་སྤྱི་བོར་བྱོན་


CMR015_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

དེ་རྣམས་ཀྱི་སྐུ་གསུང་ཐུགས་ལས་འོད་ཟེར་ཁ་དོག་སྣ་ཚོགས་འཕྲོས་ཏེ་ཁྱེད་རང་རྣམས་ལ་ཐིམ་པས༔ དབང་དང་བྱིན་རླབས་དངོས་གྲུབ་ཐམས་ཅད་ཐོབ་ཅིང་༔ ངེད་ཀྱིས་ལྷཇི་ལྟར་གསོལ་བ་བཏབ་པ་བཞིན་དུ་བྱིན་རླབས་དངོས་གྲུབ་ཐམས་ཅད་ད་ལྟ་ཉིད་དུ་གནང་ཞིང་ཐོབ་བྱུང་སྙམ་པའི་མོས་པ་རྩེ་གཅིག་ཏུ་མཛོད་ཅིག༔ ཧཱུྃ༔ གཏོར་མ་འདི་ནི་སྤྱན་རས་གཟིགས༔ པདྨ་གཙུག་ཏོར་དྲི་མེད་ཡིན༔ མ་ལུས་འཁོར་བཅས་ལྷམ་མེར་བཞུགས༔ བུ་ཁྱོད་ལ་ནི་དབང་བསྐུར་བས༔ དབང་བཞི་ཡོངས་རྫོགས་ཐོབ་པར་ཤོག༔ ཆོས་སྐུ་སྣང་བ་མཐའ་ཡས༔ ལོངས་སྐུ་ཐུགས་རྗེ་ཆེན་པོ༔ སྤྲུལ་སྐུ་པདྨ་འབྱུང་གནས༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ༔ ལོ་ཆེན་བེ་རོ་ཙ་ན༔ ཤུད་བུ་དཔལ་གྱི་སེང་གེ༔ མི་འགྱུར་རྡོ་རྗེ་བདུད་འདུལ་རོལ་པ་རྩལ་ལ་སོགས་པ་བརྒྱུད་པའི་བླ་མ་རྣམས་དང་༔ བཅོམ་ལྡན་འདས་པདྨ་གཙུག་ཏོར་དྲི་མེད༔ རིགས་བདག་སྣང་བ་མཐའ་ཡས༔ ཡེ་ཤེས་ལྷ་མོ་རལ་གཅིག་མ༔ ཁྲོ་གཉེར་ཅན༔ དཔལ་ཆེན་རྟ་མགྲིན༔ འཕགས་མ་སྒྲོལ་མ༔ འཁོར་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་རྣམས་ཀྱིས་རྡོ་རྗེའི་སློབ་མ་འདི་རྣམས་ལ་


CMR015_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་གྱིས་རློབས་ཤིག༔ ད་ལྟ་ཉིད་དུ་བྱིན་གྱིས་རློབས་ཤིག༔ མྱུར་བ་ཉིད་དུ་བྱིན་གྱིས་རློབས་ཤིག༔ འདི་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་གནོད་ཅིང་འཚེ་བར་བྱེད་པའི་སྟེང་གདོན་གཟའ་རྒྱུ་སྐར༔ འོག་གདོན་ཀླུ་ས་བདག༔ བར་གདོན་གཉན་ཐེའུ་རང་སོགས་པ་གདོན་རིགས་སྟོང་ཕྲག་བརྒྱད་ཅུའི་གནོད་པ་ཐམས་ཅད་ཉེ་བར་ཞི་བར་བྱིན་གྱིས་རློབས་ཤིག༔ རླུང་ལས་གྱུར་པ༔ མཁྲིས་པ་ལས་གྱུར་པ༔ བད་ཀན་ལས་གྱུར་པོ༔ འདུས་པ་ལས་གྱུར་པ་ལ་སོགས་པ་ནད་རིགས་བཞི་བརྒྱ་རྩ་བཞིའི་གནོད་པ་ཐམས་ཅད་ཉེ་བར་ཞི་བར་བྱིན་གྱིས་རློབས་ཤིག༔ ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་ཡོན་ཏན་ཡེ་ཤེས་ཐམས་ཅད་ཟླ་བ་ཡར་གྱི་ངོ་ལྟར་འཕེལ་ཞིང་རྒྱས་པར་བྱིན་གྱིས་རློབས་ཤིག༔ འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་བྱིན་གྱིས་རློབས་ཤིག༔ རླུང་སེམས་སྣང་བ་ཐམས་ཅད་དབང་དུ་འདུས་པར་བྱིན་གྱིས་རློབས་ཤིག༔ བྱང་ཆུབ་བསྒྲུབ་པའི་བར་ཆད་བདུད་བཞི་ལོག་འདྲེན་ཐམས་ཅད་ཚར་གཅོད་པར་བྱིན་གྱིས་རློབས་ཤིག༔ སྐྱེ་བ་འདི་ནས་ཚེ་རབས་ཐམས་ཅད་དུ་པདྨ་གཙུག་ཏོར་དྲི་མེད་ཀྱི་ལྷ་ཚོགས་རྣམས་ཀྱིས་རྡོ་རྗེའི་སློབ་མ་


CMR015_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

འདི་རྣམས་ཀྱི་ལྷག་པའི་ལྷ་མཛོད༔ ཉིན་གསུམ་གྱི་བྱ་ར་མཛོད༔ མཚན་གསུམ་གྱི་མེལ་རྩེ་མཛོད༔ དུས་མ་ཡིན་པའི་འཆི་བ་དང་འཁོར་བ་ངན་སོང་གི་འཇིགས་པ་ཐམས་ཆད་ལས་སྐྱོབ་པར་མཛད་དུ་གསོལ༔ མ་ཉི་མ་ཏ་ཡ་ཀ་དིམ་ཏུ༔ ཧ་སྱ་ལ་མྱེ་སེ་ལོ་ལེ་མྱ་ལྕེ་སྱ་ཏུ་རྒྱ་ཧཱུྃ་ཧྱ༔ ཨོཾ་པདྨོ་ཨུཊྛི་ཥ་བི་མ་ལེ་ཧཱུྃ་ཕཊ༔ ཀཱ་ཡ་ཝཱཀ་ཙིཏྟ་བ་ལི་ཏ་ཨ་བྷི་ཥིཉྩ་མིཾ༔ ཞེས་མགོར་བཞག༔ ད་སྐུ་གཟུགས་འདི་ཉིད་པདྨ་གཙུག་ཏོར་དྲི་མེད་དངོས་སུ་གསལ་བའི་སྐུའི་གནས་རྣམས་ནས་རང་འདྲ་བའི་སྐུ་དཀར་སེར་དམར་ལྗང་མཐིང་གའི་ཚོགས་འཕྲོས་ནས་ཁྱེད་རང་རྣམས་ཀྱི་གནས་སོ་སོར་ཐིམ་པས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་ཡོངས་སུ་རྫོགས་པ་ཐོབ་པར་སྒོམས་ཤིག༔ ཧཱུྃ༔ པདྨ་གཙུག་ཏོར་སྐུ་གཟུགས་ལ༔ པདྨ་གཙུག་ཏོར་ལྷ་ཚོགས་བཞུགས༔ སློབ་མ་ཁྱོད་ལ་དབང་བསྐུར་བས༔ དབང་བཞི་ཡོངས་སུ་རྫོགས་ཐོབ་ཤོག༔ ལྷབ་ལྷབ་པ་ལྗིམ་པ་ཉ་ཧ་སྱ་ཡེ༔ ཧཱ་ཏྲ་ཀ་ལེ་ཀི་ལེ་ཀཱ་ཏཾ༔ པ་ལེ་པི་ལེ་ཀ་ཏཾ༔ བ་ལེ་བི་ལེ་ཀ་ཏཾ༔ ཧ་ཧཱུཾ་པ་ཏིམ་པ་ཏིམ༔ མར་མེ་ཕུལ་ནས་ཕྱག་གསུམ་འཚལ་བའི་མོས་པས་རྗེས་ཟློས་མཛོད༔ མ་ཧཱ་གུ་རུ་ཙིཏྟ༔ མ་མ་ཏ་


CMR015_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

རིཀྵ༔ ཥ་ཧ་ན་ཧ༔ འབྲས་སྙེ་ཐོགས་ཏེ༔ ཧཱུྃ༔ འདི་ནི་རིན་ཆེན་འབྲས་སྙེ་སྟེ༔ ཁྱོད་ཀྱི་མགྲིན་པར་བཞག་པ་ཡིས༔ པདྨ་གཙུག་ཏོར་གསུང་དབང་ཀུན༔ མ་ལུས་ཁྱོད་ཀྱིས་ཐོབ་པར་ཤོག༔ འབྲས་དབང་བསྐུར་བའི་གཟུངས་ནི་འདི༔ ཨ་ཏི་ཧ་ཎི་པ༔ ཀྱི་ཀྱི་ཀཱི༔ བེ་གེ་ནཱ་ཏ༔ ཀེ་ཀེ་ཀེ༔ ཧེ་ཧེ༔ བྱེ་ཀ་ཏི་ཀ་ཀ་ཏི༔ དུང་དཀར་ཐོགས་ལ༔ ཧཱུྃ༔ དུས་གསུམ་རྒྱལ་བ་མ་ལུས་ཐམས་ཅད་ཀྱི༔ གཡས་འཁྱིལ་རྩ་རྗེས་ཡོངས་རྫོགས་དོད་པ་ཡི༔ བུ་ཁྱོད་སྙིང་གར་བཞག་པའི་བྱིན་རླབས་ཀྱིས༔ པདྨ་གཙུག་ཏོར་ཐུགས་དབང་ཡོངས་རྫོགས་ཐོབ་པར་ཤོག༔ ཨ་ཨ་ཨ་ཨ་ཨ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཧ་ཧ་ཧ་ཧ་ཧ་ཧ་ཧེ༔ ཀ་ཏིམ་བླ་ན༔ ཀ་ཀོ་སེ་ང་པ་ཏི༔ ཞིང་དབྱུག་གམ་ནི་ཐོད་རློན་ཕྲེང་བ་ཐོགས༔ ཧཱུྃ༔ སློབ་མ་རིགས་ཀྱི་བུ་ཁྱོད་ལ༔ ཞིང་དབྱུག་ཐོད་ཕྲེང་དབང་བསྐུར་བས༔ པདྨ་གཙུག་ཏོར་ལྷ་ཚོགས་ཀྱི༔ སྐུ་གསུང་ཐུགས་ཡོན་དབང་ཐོབ་ཤོག༔ གྷི་ཧུ་ར་ཧ་སྱེ༔ ཧེ་ཨ་ཧཱུྃ་ཧཱུྃ༔ དེ་ནས་བཀྲ་ཤིས་རྟགས་བརྒྱད་ཀྱི་གཟུགས་འབུར་དུ་བཏོད་པའམ་རི་མོར་བྲི་ས་བ་ལག་ཏུ་རིམ་པར་གཏད་ལ༔ བཀྲ་ཤིས་གང་ཞིག་མཆོད་པའི་ལྷ་མོ་ནི༔ ཕྱག་ན་དཔལ་གྱི་བེའུ་འོད་


CMR015_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

འབར་བ༔ བསྣམས་ནས་རྒྱལ་བའི་ཐུགས་ལ་མཆོད་པ་ལྟར༔ ཐུགས་ལ་དཔལ་བེའུའི་བཀྲ་ཤིས་ཐོབ་པར་ཤོག༔ ཨོཾ་མངྒ་ལཾ་ཤྲི་ཝཏྠ་ཨ་བྷི་ཥིཉྩ་ཧཱུྃ༔ བཀྲ་ཤིས་གང་ཞིག་མཆོད་པའི་ལྷ་མོ་ནི༔ ཕྱག་ན་གསེར་གྱི་འཁོར་ལོ་འོད་འབར་བ་བསྣམས་ནས་རྒྱལ་བའི་ཞབས་ལ་མཆོད་པ་ལྟར༔ ཞབས་ལ་འཁོར་ལོའི་བཀྲ་ཤིས་ཐོབ་པར་ཤོག༔ ཨོཾ་མངྒ་ལཾ་ཙཀྲ་ཨ་བྷི་ཥིཉྩ་ཧཱུྃ༔ བཀྲ་ཤིས་གང་ཞིག་མཆོད་པའི་ལྷ་མོ་ནི༔ ཕྱག་ན་པདྨ་དམར་པོ་འདབ་བརྒྱད་པ༔ བསྣམས་ནས་རྒྱལ་བའི་ལྗགས་ལ་མཆོད་པ་ལྟར༔ ལྗགས་ལ་པདྨའི་བཀྲ་ཤིས་ཐོབ་པར་ཤོག༔ ཨོཾ་མངྒ་ལཾ་པདྨ་ཨ་བྷི་ཥིཉྩ་ཧཱུྃ༔ བཀྲ་ཤིས་གང་ཞིག་མཆོད་པའི་ལྷ་མོ་ནི༔ ཕྱག་ན་རིན་ཆེན་རྒྱལ་མཚན་རབ་མཛེས་པ༔ བསྣམས་ནས་རྒྱལ་བའི་སྐུ་ལ་མཆོད་པ་ལྟར༔ སྐུ་ལ་རྒྱལ་མཚན་བཀྲ་ཤིས་ཐོབ་པར་ཤོག༔ ཨོཾ་མངྒ་ལཾ་དྷ་ཛ་ཨ་བྷི་ཥིཉྩ་ཧཱུྃ༔ བཀྲ་ཤིས་གང་ཞིག་མཆོད་པའི་ལྷ་མོ་ནི༔ ཕྱག་ན་གདུགས་བཟང་གསེར་གྱི་ཡུ་བ་ཅན༔ བསྣམས་ནས་རྒྱལ་བའི་དབུ་ལ་མཆོད་པ་ལྟར༔ དབུ་ལ་གདུགས་ཀྱི་བཀྲ་ཤིས་ཐོབ་པར་ཤོག༔ ཨོཾ་མངྒ་ལཾ་ཚ་ཏྲ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ བཀྲ་ཤིས་གང་ཞིག་


CMR015_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པའི་ལྷ་མོ་ནི༔ ཕྱག་ན་རིན་ཆེན་བུམ་པ་རབ་མཛེས་པ༔ བསྣམས་ནས་རྒྱལ་བའི་མགུལ་ལ་མཆོད་པ་ལྟར༔ མགུལ་ལ་བུམ་པའི་བཀྲ་ཤིས་ཐོབ་པར་ཤོག༔ ཨོཾ་མངྒ་ལཾ་ཀུམྦྷ་ཨ་བྷི་ཥིཉྩ་ཧཱུྃ༔ བཀྲ་ཤིས་གང་ཞིག་མཆོད་པའི་ལྷ་མོ་ནི༔ ཕྱག་ན་ཆོས་ཀྱི་དུང་སྒྲ་སྒྲོགས་མཛད་པ༔ བསྣམས་ནས་རྒྱལ་བའི་གསུང་ལ་མཆོད་པ་ལྟར༔ གསུང་ལ་དུང་གི་བཀྲ་ཤིས་ཐོབ་པར་ཤོག༔ ཨོཾ་མངྒ་ལཾ་ཤཾ་ཁ་ཨ་བྷི་ཥིཉྩ་ཧཱུྃ༔ བཀྲ་ཤིས་གང་ཞིག་མཆོད་པའི་མཆོད་པའི་ལྷ་མོ་ནི༔ ཕྱག་ན་གསེར་གྱི་ཉ་མོ་འོད་འབར་བ༔ བསྣམས་ནས་རྒྱལ་བའི་སྤྱན་ལ་མཆོད་པ་ལྟར༔ སྤྱན་ལ་ཉ་ཡི་བཀྲ་ཤིས་ཐོབ་པར་ཤོག༔ ཨོཾ་མངྒ་ལཾ་མཏྲ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བཀྲ་ཤིས་རྟགས་བརྒྱད་བྱིན༔ དེས་ཐུགས་རྗེ་ཆེན་པོ་པདྨ་གཙུག་ཏོར་དྲི་མེད་ཀྱི་དབང་ཐོབ་པ་ཡིན་པས་འདི་ཉིད་ཡི་དམ་གྱི་ལྟར་བཟུང་སྙམ་པས༔ ཧ་ལའི་སྡོང་པོས་བླངས་པའི་བདུད་རྩི་འཐུངས་ཤིག༔ ས་མ་ཡ་ཀ་ཧི་ཧ་ས་ཧཱུྃ༔ རྗེས་ཟློས་མཛོད༔ གཙོ་བོ་ཁྱོད་ཀྱིས་ཅི་གསུངས་པ༔ གསུངས་བཞིན་མ་འཆུགས་བདག་གིས་བསྒྲུབ༔ དེ་ནས་བཟུང་སྟེ་ཇི་སྲིད་དུ༔ གཙོ་བོའི་བཀའ་ལས་མི་


CMR015_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

འདའ་བསྒྲུབ༔ ཀ་ཏི་ཀ་ས་མ་ཡ༔ ཨ་མྲྀ་ཏ༔ འ་འི༔ ཧ་ལ་ཧ་ལ༔ ས་གྷ་ས་མ་ཡ༔ ཨ་དྷེ་བ་ཨ་ས་མ་ཡ༔ ན་ར་ཀ་ག་ཛ་སྭཱ་ཧཱ༔ ད་གཏང་རག་གི་མཎྜལ་འབུལ་བ་འདིའི་རྗེས་ཟློས་མཛོད༔ ཀྱེ༔ བླ་མ་པདྨ་གཙུག་ཏོར་ལཾ༔ གླིང་བཞི་སྲིད་པའི་དགེ་ཚོགས་ནི༔ ཅི་མཆིས་བསྡུས་ཏེ་མཎྜལ་འབུལ༔ དེ་ནས་སློབ་མ་གྲོལ༔ ཅེས་པ་འདི་གནམ་ཆོས་ལས་སྒྲུབ་ཐབས་བྱུང་ཞིང་༔ དེའི་དབང་ནི་གཟུངས་དབང་ཡིན་ནའང༔ དེ་ཅུང་ཞིག་སྟབས་མི་བདེ་བས་གནམ་ཆོས་རྗེས་གནང་སྤྱི་དང་གཉིས་གབ་སྤྲད་ནས༔ ལོ་རྒྱུས་དང་མཐའ་རྟེན་གྱིས་ཁ་བཀང་ནས་གཏེར་བློན་རཱ་ག་ཨ་སྱས་བསྒྲིགས་པའི་ཡི་གེ་པ་ནི་དགེ་སློང་པདྨ་བརྩོན་འགྲུས་ཏེ༔ འདི་ལ་ཉེས་འགལ་གང་མཆིས་ཆོས་བདག་སྲུང་མའི་ཚོགས་ལ་བཤགས་ཤིང་༔ དགེ་བས་འབྲེལ་ཚད་དོན་དང་ལྡན་པར་གྱུར་ཅིག༔ དོན་དང་ལྡན་པར་འགྱུར་ཏེ༔ འདིའི་སྔགས་རབ་བྱེ་བ༔ འབྲིང་འབུམ་ཚོ༔ ཐ་ནའང་ཕྲེང་སྐོར་ཙམ་མ་ཚག་བ་སོགས་ཁས་ལེན་བྱའོ༔ གཟུངས་སྔགས་འདིའི་ཕན་ཡོན་བསམས་ལས་འདས་པས༔ འདོན་འདོད་མཁན་མང་དུ་ཡོད་ཀྱང་༔ དབང་རྒྱུན་ཤིན་ཏུ་དཀོན་པས༔ དབང་ཐོབ་ཀྱང་སྨྱུང་གནས་བྱས་ནས་བཟླས་ནའང་རུང་ཞེས་པ་ཕན་ཡོན་གསུངས་པའི་དོན༔ འདིའི་དབང་རྒྱུན་སྔོན་ཆད་བོད་དུ་མ་འགྱུར་བ་འདྲ་བས་ཤིན་ཏུ་དཀོན་པར་སྣང་༔ འདིའི་དབང་དང་སྒྲུབ་ཐབས་གནམ་ཆོས་ལས་བྱུང་བས༔ དབང་བསྐུར་


CMR015_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཕྲེང་སྐོར་རེ་ཆག་མེད་མ་བྱུང་ནའང་བདུན་རེ་ཆག་མེད་བྱའོ༔ སྔགས་འདིས་དུང་སྔགས་ནས་བུས་ན༔ སྐད་ཐོས་ཚད་མཐོ་རིས་སུ་སྐྱེ༔ ས་ཕྱེའམ་བྱེ་མ་ལ་བསྔགས་ནས་རུས་པ་ལ་གཏོར་ན་ངན་སོང་ལས་ཐར༔ ཙནྡ་ནམ་ཤུག་པའམ་ཤུག་ལོ་སྤོས་ཀྱི་རིགས་གང་རུང་སྔགས་ནས་བདུག་ན༔ མི་ནད་ཕྱུགས་ནད་རྟ་ནད་ནོར་ནད་ལུག་ནད་སོགས་ཡམས་ནད་ཀྱི་རིགས་ཐམས་ཅད་ཆད་པར་དོན་ཡོད་ཞགས་པའི་རྒྱུད་ནས་གསུངས་སོ༔ ཨྠྀི༔ མངྒ་ལཾ༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR015_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousགནམ་ཆོས་ལས་པདྨ་གཙུག་ཏོར་དྲི་མེད་ཀྱི་དབང་ཆོག་འགྲོ་དོན་རྒྱ་མཚོ།next