Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས་རྩ་བ་བཅུ་གཉིས་ཀྱི་སྒྲུབ་པ་ངག་འདོན་རྒྱུན་ཁྱེར་དུ་བསྒྲིགས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས་རྩ་བ་བཅུ་གཉིས་ཀྱི་སྒྲུབ་པ་ངག་འདོན་རྒྱུན་ཁྱེར་དུ་བསྒྲིགས་པ།next

གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས་རྩ་བ་བཅུ་གཉིས་ཀྱི་སྒྲུབ་པ་ངག་འདོན་རྒྱུན་ཁྱེར་དུ་བསྒྲིགས་པ།


CMR015_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས་རྩ་བ་བཅུ་གཉིས་ཀྱི་སྒྲུབ་པ་ངག་འདོན་རྒྱུན་ཁྱེར་དུ་བསྒྲིགས་པ་བཞུགས་སོ༔


CMR015_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

རང་ཉིད་ཐུགས་རྗེ་ཆེན་པོ་ནི༔ དམར་པོ་ཞལ་གཅིག་ཕྱག་བཞི་པ༔ དང་པོ་གཉིས་ཀྱིས་ཐལ་མོ་སྦྱར༔ འོག་གཉིས་ཕྲེང་བ་པདྨ་འཛིན༔ རང་གི་ཐུགས་ཀར་ཚེ་དཔག་མེད༔ ནས་འབྲས་ཙམ་གྱི་ཐུགས་ཀ་རུ༔ ཧྲིལས་ཡིག་དྲུག་གཡས་སུ་བསྐོར༔ དམ་ཡེ་དབྱེར་མེད་དྲན་རྫོགས་གསལ༔ ཚེ་དཔག་མེད་ལས་འོད་བཞི་འཕྲོས༔ དཀར་པོ་རི་རབ་ཤར་དུ་ཕོག༔ ལུས་འཕགས་པོ་ཡི་ཚེ་བཅུད་བསྡུས༔ བདག་ལ་སིབ་སིབ་ཐིམ་པར་གྱུར༔ སྔོན་པོ་རི་རབ་ལྷོ་རུ་ཕོག༔ འཛམ་བུ་གླིང་གི་ཚེ་བཅུད་བསྡུས༔ བདག་ལ་སིབ་སིབ་ཐིམ་པར་གྱུར༔


CMR015_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

དམར་པོ་རི་རབ་ནུབ་ཏུ་ཕོག༔ བ་གླང་སྤྱོད་ཀྱི་ཚེ་བཅུད་བསྡུས་བདག་ལ་སིབ་སིབ་ཐིམ་པར་གྱུར་སེར་པོ་རི་རབ་བྱང་དུ་ཕོག༔ སྒྲ་མི་སྙན་གྱི་ཚེ་བཅུད་བསྡུས༔ བདག་ལ་སིབ་སིབ་ཐིམ་པར་གྱུར༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཧཱུྃ༔ བཅོམ་ལྡན་ཐུགས་རྗེ་ཆེན་པོ་ནི༔ དམར་པོ་ཞལ་གཅིག་ཕྱག་བཞི་པ༔ དང་པོ་གཉིས་ཀྱིས་ཐལ་མོ་སྦྱར༔ འོག་གཉིས་ཕྲེང་བ་པད་མ་འཛིན༔ འདིར་གཤེགས་པད་ཟླའི་གདན་ལ་བཞུགས༔ ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི༔ དེ་ཡི་ཐུགས་ཀར་ཚེ་དཔག་མེད༔ ནས་འབྲས་ཙམ་གྱི་ཐུགས་ཀ་རུ༔ ཡིག་དྲུག་


CMR015_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་སུ་འཁོར་བའི་དབུས༔ ཧཀྵ་མཱ་ལ་ཝ་ར་ཡཾ༔ གསལ་བའི་མ་ཡི་མིག་གི་མདོག༔ ཤར་དཀར་ལྷོ་སྔོ་ནུབ་དམར་བྱང་སེར་བ༔ དེ་ལས་འོད་ཟེར་བཞི་འཕྲོས་པས་དཀར་པོ་རི་རབ་ཤར་དུ་ཕོག༔ ལུས་འཕགས་པོ་ཡི་ཚེ་བཅུད་བསྡུས༔ བདག་ལ་སིབ་སིབ་ཐིམ་པར་མཛོད༔ སྔོན་པོ་རི་རབ་ལྷོ་རུ་ཕོག༔ འཛམ་བུ་གླིང་གི་ཚེ་བཅུད་བསྡུས༔ བདག་ལ་སིབ་སིབ་ཐིམ་པར་མཛོད༔ དམར་པོ་རི་རབ་ནུབ་ཏུ་ཕོག༔ བ་གླང་སྤྱོད་ཀྱི་ཚེ་བཅུད་བསྡུས༔ བདག་ལ་སིབ་སིབ་ཐིམ་པར་མཛོད༔ སེར་པོ་རི་རབ་བྱང་དུ་ཕོག༔ སྒྲ་མི་སྙན་གྱི་ཚེ་བཅུད་བསྡུས༔ བདག་ལ་སིབ་སིབ་ཐིམ་པར་མཛོད༔ བཅོམ་ལྡན་ཐུགས་རྗེ་ཆེན་པོ་དམར༔ ཞལ་གཅིག་ཕྱག་གཉིས་དར་རྒྱན་བཞུགས༔ ཕྱག་གཡས་ཕྲེང་བ་གཡོན་པས་ནི༔ ལྟེ་ཐད་མཉམ་བཞག་ཚེ་བུམ་འཛིན༔ འདིར་གཤེགས་པད་ཟླའི་གདན་ལ་བཞུགས༔ ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི༔ དེ་ཡི་ཐུགས་ཀར་ཧྲཱིཿཡིག་ལས༔ ཡི་གེ་དྲུག་པས་གཡས་སུ་བསྐོར༔ ཧཱི༔ལས་འོད་ཟེར་བཞི་འཕྲོས་པས་དཀར་པོ་རི་རབ་ཤར་དུ་ཕོག༔ ལུས་འཕགས་པོ་ཡི་ཚེ་


CMR015_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

བཅུད་བསྡུས༔ བདག་ལ་སིབ་སིབ་ཐིམ་པར་མཛོད༔ སྔོན་པོ་རི་རབ་ལྷོ་རུ་ཕོག༔ ཛམ་བུ་གླིང་གི་ཚེ་བཅུད་བསྡུས༔ བདག་ལ་སིབ་སིབ་ཐིམ་པར་མཛོད༔ དམར་པོ་རི་རབ་ནུབ་ཏུ་ཕོག༔ བ་གླང་སྤྱོད་ཀྱི་ཚེ་བཅུད་བསྡུས༔ བདག་ལ་སིབ་སིབ་ཐིམ་པར་གྱུར༔ སེར་པོ་རི་རབ་བྱང་དུ་ཕོག༔ སྒྲ་མི་སྙན་གྱི་ཚེ་བཅུད་བསྡུས༔ བདག་ལ་སིབ་སིབ་ཐིམ་པར་མཛོད༔ ཧྲཱིཿ བཅོམ་ལྡན་ཐུགས་རྗེ་ཆེན་པོ་དམར༔ ཞལ་གཅིག་ཕྱག་གཉིས་དར་བརྒྱན་བཞུགས༔ ཕྱག་གཡས་ཕྲེང་བ་གཡོན་པས་ནི༔ ལྟེ་ཐད་མཉམ་བཞག་ཚེ་བུམ་འཛིན༔ འདིར་གཤེགས་པད་ཟླའི་གདན་ལ་བཞུགས༔ ཕྱག་འཚལ་མཆོད་འབུལ་སྐྱབས་སུ་མཆི༔ དེ་ཡི་ཐུགས་ཀར་ལན་ཚ་ཡི༔ ཧ་ཀྵ་མ་ལ་ཝ་ར་ཡཾ༔ གསལ་བའི་ཕྱི་ནས་ཡིག་དྲུག་གི༔ གཡས་སུ་བསྐོར་བའི་མ་ཡི་མིག༔ ཤར་དཀར་ལྷོ་སྔོ་ནུབ་དམར་བྱང་སེར་བ༔ དེ་ལས་འོད་ཟེར་བཞི་འཕྲོས་པས༔ དཀར་པོ་རི་རབ་ཤར་དུ་ཕོག༔ ལུས་འཕགས་པོ་ཡི་ཚེ་བཅུད་བསྡུས༔ བདག་ལ་སིབ་སིབ་ཐིམ་པར་མཛོད༔ སྔོན་པོ་རི་རབ་ལྷོ་རུ་ཕོག༔ ཛམ་བུ་གླིང་གི་ཚེ་བཅུད་བསྡུས༔


CMR015_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ལ་སིབ་སིབ་ཐིམ་པར་མཛོད༔ དམར་པོ་རི་རབ་ནུབ་ཏུ་ཕོག་༔ བ་གླང་སྤྱོད་ཀྱི་ཚེ་བཅུད་བསྡུས་བདག་ལ་སིབ་སིབ་ཐིམ་པར་མཛོད༔ སེར་པོ་རི་རབ་བྱང་དུ་ཕོག༔ སྒྲ་མི་སྙན་གྱི་ཚེ་བཅུད་བསྡུས༔ བདག་ལ་སིབ་སིབ་ཐིམ་པར་མཛོད༔ ཧཱུྃ༔ སྤྱན་རས་གཟིགས་དབང་དམར་བ་དེ༔ སངས་རྒྱས་ཀུན་གྱི་གསུང་གི་བརྡ༔ ཕྱག་གཡས་ཕྲེང་བ་འཛིན་པ་དེ༔ རང་རྟགས་ཕྱག་མཚན་མ་འཆུག་བརྡ༔ གཡོན་པས་ཚེ་བུམ་འཛིན་པ་དེ༔ བདག་ལ་ཨཱ་ཡུ་སྟེར་བའི་བརྡ༔ གཡས་པས་ཕྲེང་བ་འཛིན་པ་དེ༔ འཁོར་བ་དོང་ནས་སྤྲུགས་པའི་བརྡ༔ གཡོན་པས་པདྨ་འཛིན་པ་དེ༔ སྐྱོན་གྱིས་མ་གོས་པ་ཡི་བརྡ༔ དང་པོས་ཐལ་མོ་སྦྱར་བ་དེ༔ སྙིང་རྗེ་ཚད་མེད་ཡོད་པའི་བརྡ༔ ཐུགས་ཀར་ཚེ་དཔག་མེད་གསལ་བ༔ ཐུགས་ནི་ཚེ་དཔག་མེད་ཀྱི་བརྡ༔ བརྡ་དོན་ལྡན་ལ་ཕྱག་འཚལ་བསྟོད༔ ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཧཱུྃ༔ གྲུབ་ཆེན་ཌོམྦྷི་ཧེ་རུ་ཀ༔ ཁོང་ནི་སྐུ་མདོག་སྨུག་པོ་སྟེ༔ ཞལ་གཅིག་ཕྱག་གཉིས་གཡས་པས་ནི༔ སྡིགས་མཛུབ་མཛད་དེ་ནམ་མཁར་གཡུགས༔ གཡོན་པས་ནོར་བུའི་ཕྱག་རྒྱ་


CMR015_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

མཛད༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཕྱིར༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་བསྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ དེ་ཡི་ཕྱག་ནི་གཡས་པ་ཡི༔ སྡིགས་མཛུབ་ནམ་མཁར་གཡུགས་པ་དེ༔ རྟོགས་པ་ཚད་མེད་ཡོད་པའི་བརྡ༔ གཡོན་པས་ནོར་བུའི་ཕྱག་རྒྱ་དེ༔ སྒོམས་འདི་ནོར་བུ་ཡིན་པའི་བརྡ༔ སྐུ་མདོག་སྨུག་པོར་བཞུགས་པ་དེ༔ འགྲོ་བའི་དོན་ལ་བརྩོན་པའི་བརྡ༔ ཌོམྦྷི་ཧེ་རུ་ཀ་པ་ལ༔ ཕྱག་འཚལ་མཆོད་འབུལ་བསྟོད་པར་བགྱི༔ ཨོཾ་ཨཱཌོམྦྷི་ཧཱུྃ་སྭཱ་ཧཱ༔ ཧཱུྃ༔ ཕ་གཅིག་དམ་པ་རྒྱ་གར་ནི༔ སངས་རྒྱས་འགྲོ་སྤྲུལ་སྐུ་མདོག་སྨུག༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ གཡས་པས་ཌ་རུ་གཡོན་རྐང་དུང་༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཕྱིར༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་བསྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ གཡས་པས་ཌ་རུ་


CMR015_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོགས་པ་དེ༔ དྷར་སྐད་ཙམ་ཞིག་ཁོང་གིས་ཆོས༔ མི་ཐོགས་པ་ཡི་བརྡ་རུ་གོ་གཡོན་པས་རྐང་དུང་འབུད་པ་དེ༔ སྲིད་གསུམ་ཟིལ་གྱིས་ནོན་པའི་བརྡ༔ སྐུ་མདོག་སྨུག་པོར་བཞུགས་པ་དེ༔ ཉོན་མོངས་པ་ཡི་སེམས་ཅན་རྣམས༔ འདྲེན་ཕྱིར་སྐུ་མདོག་སྨུག་པོར་བཞུགས༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་ནི༔ རྟོགས་པ་ཚད་མེད་ཡོད་པའི་བརྡ༔ ཕ་གཅིག་དམ་པ་སངས་རྒྱས་ལ༔ ཕྱག་མཚལ་མཆོད་འབུལ་བསྟོད་པར་བགྱི༔ ཨོཾ་ཨཱཋཀ་མ་ལ་ཤཱི་ཧཱུྃ་སྭཱ་ཧཱ༔ ཧཱུྃ༔ ཉི་མ་འོད་ཟེར་སེར་སྐྱ་ནི༔ ཞལ་གཅིག་ཕྱག་བཞི་མཛེས་པའི་སྐུ༔ དབུ་སྐྲ་ཐོར་ཚུགས་རུས་པས་བརྒྱན༔ དང་པོ་གཉིས་ཀྱིས་ཁ་ཊཾ་ཉི༔ འོག་མ་གཉིས་ཀྱིས་བྷནྡྷ་དང་༔ ཨ་རུ་ར་ནི་འཛིན་པའོ༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཕྱིར༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་བསྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ དབུ་སྐྲ་ཐོར་ཚུགས་མཛེས་པ་དང་༔ རིན་ཆེན་རུས་པས་བརྒྱན་པ་དེ༔ རྣལ་འབྱོར་པ་ཡི་བརྡ་རུ་ཤེས༔ གཡས་པས་ཁ་ཊཾ་


CMR015_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པ་དེ༔ སྲིད་གསུམ་དོང་ནས་སྤྲུགས་པའི་བརྡ༔ གཡོན་པས་ཉི་ཟེར་འཛིན་པ་དེ༔ སྣང་སྲིད་གསལ་བར་མཛད་པའི་བརྡ༔ གཡས་པས་བྷན་འཛིན་པ་དེ༔ ཞེ་སྡང་ཞལ་དུ་སྟོབ་པའི་བརྡ་གཡོན་པས་ཨ་རུ་ར་འཛིན་པ༔ འཁོར་བར་འགྲོ་བའི་ནད་སེལ་བརྡ༔ སྨན་པའི་ཨ་རུ་ར་འདི་ནི༔ ཚེ་འདིར་ཕན་པར་སྣང་ན་ཡང་། ཕྱི་མ་ཁོ་ནི་ཨོཾ་འབེར་གི༔ ཁོང་གི་ཕྱག་གཡོན་ཨ་རུ་ར༔ འདི་ཕྱི་གཉིས་ཀའི་སྐྱབས་གནས་ཡིན༔ འགྲོ་འདུལ་ཉི་མ་འོད་ཟེར་ལ༔ ཕྱག་འཚལ་མཆོད་འབུལ་བསྟོད་པར་བགྱི༔ ཨོཾ་ཨཱསཱརྱ་རསྨི་ཧཱུྃ་ཨ་སྭཱ་ཧཱ༔ ཧཱུྃ༔ ཡི་དམ་ཁྲོ་རྒྱལ་རྟ་མགྲིན་ནི༔ དམར་པོ་གཡས་པས་ཐོད་དབྱུག་ལ༔ གཡོན་པས་དྲིལ་བུ་འཛིན་པའོ༔ འདིར་གཤེགས་པད་ཉིའི་གདན་ལ་བཞུགས༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ ཁྱེད་ཉིད་སྐུ་མདོག་དམར་བ་ནི༔ འཁོར་བར་བཏང་མི་བཟོད་པའི་བརྡ༔ གཡས་པས་དབྱུག་ཐོ་ཕྱར་བ་ནི༔ དགྲ་ཡི་ཀླད་ཁྲག་དཀྲུགས་པའི་བརྡ༔ གཡོན་པས་དྲིལ་བུ་འཛིན་པ་ནི༔ འགྲོ་ལ་ཆོས་སྙན་སྒྲོགས་པའི་བརྡ༔ རྟ་མཆོག་དཔལ་ལ་ཕྱག་འཚལ་བསྟོད༔ བདུད་བཞིའི་བར་ཆད་


CMR015_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

བསལ་དུ་གསོལ༔ ཨོཾ་རྒྱ་གཱི་ཝ་ཧཱུྃ་ཕཊ༔ ཧཱུྃ༔ བཅོམ་ལྡན་རྡོ་རྗེ་ཕག་མོ་ནི༔ སྐུ་མདོག་དམར་སྐྱ་གཡས་གྲི་གུག༔ གཡོན་པས་ཐོད་པ་ཁྲག་བཀང་ནི༔ རྒྱབ་ཏུ་སྐུང་ཞིང་གསོལ་བར་བྱེད༔ ཞབས་གཉིས་བསྒྲད་དེ་བཞུགས་པའོ༔ འདིར་གཤེགས་པད་ཉི་བམ་སྟེང་བཞུགས༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ གཡས་པས་གྲི་གུག་འཛིན་པ་དེ༔ གཉིས་འཛིན་སེམས་ཉིད་གཅོད་པའི་བརྡ༔ སྐུ་མདོག་སྐྱ་ཤད་ཡོད་པ་དང་༔ ཐོད་ཁྲག་རྒྱབ་ཏུ་སྐུང་བ་གཉིས༔ རྣལ་འབྱོར་སེམས་ལ་མི་སྡུག་དོག༔ སྐུ་མདོག་དམར་ཞད་ཡོད་པ་དང་༔ ཐོད་ཁྲག་སྐུང་ཞིང་གསོལ་བ་གཉིས༔ ཕག་མོའི་ཕྱག་མཚན་མ་འཕྱུགས་བརྡ༔ སྐུ་སྨད་སྟག་ཤམ་གསོལ་བ་དེ༔ བླུན་རྨོངས་པ་ཡིས་འཕྱ་དོག་བརྗ༔ སྐུ་ཉིད་གཅེར་བུར་བྱས་པ་དེ༔ ནམ་གྱི་གུང་ལ་རྒྱུ་བའི་བརྡ༔ ཞབས་གཉིས་གྱེས་པོར་བསྒྲད་པ་ནི༔ རྣལ་འབྱོར་པ་ཡི་སེམས་བྲིད་བརྡ༔ ལྷན་སྐྱེས་ཡུམ་ལ་ཕྱག་འཚལ་བསྟོད༔ ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྩོལ༔ ཨོཾ་བེ་རོ་ཙ་ནི་ཡེ་ཧཱུྃ་སྭཱ་ཧཱ༔ ཧཱུྃ༔ ལྷ་སྨན་གཡུ་ཡི་སྒྲོན་མ་ནི༔ སྐུ་མདོག་དཀར་མོ་རིན་ཆེན་སྤྱསཾ༔ མགྲིན་པ་ཀྱོག་ཅིང་གཡས་མེ་ལོང་༔


CMR015_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་པས་མེ་ཏོག་འཛིན་པའོ༔ མཚན་མོའི་གུང་ལ་རྣལ་འབྱོར་ཉུལ༔ སྐུ་སྟོད་དར་དཀར་སྟོད་གཡོགས་ལ༔ ཞབས་ལ་ཟ་འོག་ལྷམ་གསོལ་བ༔ སྟོད་ཞབས་མ་གཏོགས་གཅེར་བུ་ཅན༔ ཙཱ་རི་ཏྲ་སོགས་གནས་ནས་བྱོན༔ རྣལ་འབྱོར་བདག་གི་དྲུང་ན་བཞུགས༔ དངོས་འབྱོར་ཡིད་སྤྲུལ་མཆོད་པ་བཞེས༔ དབུ་ཉིད་གཡོན་དུ་ཀྱོག་པ་ནི༔ རྣལ་འབྱོར་པ་ལ་དགའ་བའི་བརྡ༔ གཡས་པས་མེ་ལོང་འཛིན་པ་ནི༔ དེ་ཡི་དྲི་མ་བཀྲུ་བའི་བརྡ༔ གཡོན་པས་མེ་ཏོག་འཛིན་པ་ནི༔ རྣལ་འབྱོར་པ་ལ་དད་པའི་བརྡ༔ སྐུ་སྟོད་སྟོད་གཡོགས་མནབས་པ་ནི༔ ལྷ་དང་མཇལ་ཐོན་དགའ་བའི་བརྡ༔ ཞབས་ལ་ལྷམ་ནི་གསོལ་བ་དེ༔ རྣལ་འབྱོར་མི་དང་མི་འགྲོགས་བརྡ༔ རིན་ཆེན་རྒྱན་ཆ་མ་གསོལ་བ་དེ༔ དངོས་གྲུབ་གཏེར་རྒྱུ་ཡོད་པའི་བརྡ༔ སྐུ་ལུས་གཅེར་བུར་ཡོད་པ་དེ༔ རྣལ་འབྱོར་པ་དང་འགྲོགས་པའི་བརྡ༔ སྤྱན་རས་གཟིགས་ཀྱི་ལྕམ་གཅིག་མ༔ ཞིང་སྐྱོང་མཁའ་འགྲོ་ཁྱེད་ལ་བསྟོད༔ ཅི་བསམ་ཡིད་བཞིན་བསྒྲུབ་ཏུ་གསོལ༔ ཨོཾ་བཛྲ་དྷེ་ཝ་པྲ་མ་ཧྲིང་༔ ཧཱུྃ༔ བྲག་ལྷ་མགོན་པོ་སྐུ་མདོག་ནག༔ བེར་ནག་གྱོན་ཅིང་རྟ་ནག་


CMR015_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

ཞོན༔ གཡས་པས་མདུང་དར་ཕྱར་ཕྱར་རླུང་༔ གཡོན་པས་སྙིང་ཞགས་དཀྱིལ་དཀྱིལ་གསོལ༔ ཨོ་རྒྱན་བྲག་རིའི་གནས་ནས་བྱོན༔ དངོས་འབྱོར་ཡིད་སྤྲུལ་མཆོད་གཏོར་བཞེས༔ རྟག་ཏུ་འཁོར་ཞིང་སྡོང་གྲོགས་མཛོད༔ ཨོཾ་ན་ཐཱ་ཀཱ་ལ་གྷོ་ར་པ་ཤང་ཧཱུྃ་ཧཱུྃ་ཕཊ༔ ཧཱུྃ༔ མངག་བཞིན་བྱེད་པའི་ལས་མཁན་ནི༔ རྐང་ཐང་ནག་པོ་རལ་གྲི་དང་༔ གྲི་གུག་འཛིན་ནས་ལས་བྱེད་པ༔ རླུང་ལྟར་མྱུར་དུ་འདིར་བྱོན་ལ༔ དངོས་འབྱོར་ཡིད་སྤྲུལ་མཆོད་གཏོར་བཞེས༔ གནོད་བྱེད་དགྲ་བགེགས་མྱུར་དུ་སྒྲོལ༔ ཨོཾ་ཀཱ་ལ་ཨ་གྷོ་ར་ཧཱུྃ༔ མཱ་ར་ཡ་ཕཊ༔ ཧཱུྃ༔ ས་བརྒྱད་སེམས་དཔའ་རྣམ་ཐོས་སྲས༔ སྐུ་མདོག་དམར་པོ་སེངྒེ་ཆིབས༔ ཞལ་གཅིག་ཕྱག་བཞི་མཛེས་པའི་གཟུགས༔ དང་པོ་གཉིས་ཀྱིས་རྒྱལ་མཚན་ནེལ༔ འོག་མ་གཉིས་ཀྱིས་ལྕགས་ཀྱུ་དང་༔ ནོར་བུ་འཛིན་པས་དངོས་གྲུབ་སྩོལ༔ བེར་དམར་དབུ་ལ་པྲོག་ཞུ་གསོལ་ལྕང་ལོ་ཅན་ནས་འདིར་བྱོན་བཞུགས། དངོས་འབྱོར་ཡིད་སྤྲུལ་མཆོད་གཏོར་བཞེས༔ མངའ་ཐང་དཔལ་འབྱོར་རྒྱས་པར་མཛོད་ཨོཾ་བྷེ་ཤར་མ་སྭཱ་ཧཱ༔ ཧཱུྃ༔ དཔལ་ལྡན་ཨཱརྱ་ཛམྦྷ་ལ༔ སྐུ་མདོག་དམར་པོ་


CMR015_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་ལྕགས་ཀྱུ༔ གཡོན་པས་ནེའུ་ལེ་འཛིན་ནས་ནི༔ ནོར་བདག་ཕོ་མོ་ཆིབས་ནས་རྒྱུགས༔ འདིར་གཤེགས་རྟག་ཏུ་བརྟན་པར་བཞུགས༔ དངོས་འབྱོར་ཡིད་སྤྲུལ་མཆོད་གཏོར་བཞེས༔ འཛད་མེད་གཏེར་གྱི་དངོས་གྲུབ་སྩོལ༔ ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡེ་ཧྲི་དྷ་ན་མེ་དྷི་ཧཱུྃ་སྭཱ་ཧཱ༔ ཧཱུྃ༔ ཇོ་བོ་ཚོགས་ཀྱི་བདག་པོ་ནི༔ སྐུ་མདོག་དམར་པོ་ཞལ་གཉིས་པ༔ ཁྲོ་ཞལ་ཕྲག་པ་གཡོན་སྟེང་མགོ༔ གཡས་ཞལ་གླང་ཞལ་མཆེ་གཡས་ཆག༔ མཆེ་བ་གཡོན་པ་ཤུབས་བཀོན་པ༔ ཕྱག་དྲུག་དང་པོ་གཉིས་ཀྱི་གཡས་ལ་ཕུད་ལོ་མ་བཟུང་ནས་ཕྱར༔ གཡོན་པས་ལྕགས་ཀྱུའི་ཕྱག་རྒྱ་མཛད༔ བར་པའི་གཡས་ན་དགྲ་སྟ་འཛིན༔ གཡོན་པས་ཟངས་གཞོང་རིན་ཆེན་བཀང་༔ མཐའ་གཉིས་ཞགས་པ་གཡོན་ནེའུ་ལེ༔ རི་བོང་ལ་ཞོན་གླིང་བཞིར་རྒྱུགས༔ འདིར་གཤེགས་དགྱེས་པར་བཞུགས་ནས་ཀྱང༔ དངོས་འབྱོར་ཡིད་སྤྲུལ་མཆོད་གཏོར་བཞེས༔ དང་པོས་ལ་ཕུད་ཕྱར་བ་དེ༔ ལ་ཕུད་ཐལ་བ་ཕྱི་བའི་བརྡ༔ གཡོན་པས་ལྕགས་ཀྱུའི་ཕྱག་རྒྱ་དེ༔ སྣང་སྲིད་དབང་དུ་སྡུད་པའི་བརྡ༔ བར་པས་དགྲ་སྟ་འཛིན་པ་དེ༔ དགྲ་བགེགས་མགོ་


CMR015_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

བོ་འགེམས་པའི་བརྡ༔ ཟངས་གཞོང་རིན་ཆེན་འཛིན་པ་དེ༔ བདག་ལ་དངོས་གྲུབ་གཏེར་བའི་བརྡ༔ ཐ་མས་ཞགས་པ་འཛིན་པ་དེ༔ དགྲ་དང་བགེགས་ཀྱི་སྐེ་འཆིངས་བརྡ༔ རང་རྟགས་ནེའུ་ལེ་འཛིན་པ་དེ༔ བདག་ལ་དངོས་གྲུབ་མྱུར་བའི་བརྡ༔ ཁྲོ་ཞལ་གཡོན་དུ་འགྱེལ་བ་དེ༔ ཚོགས་བདག་མགོ་བོ་བཅད་པའི་བརྡ༔ མཆེ་བ་གཡས་པ་བཅག་པ་དེ༔ ལེགས་ལྡན་བུ་ཡིས་བཅག་པའི་བརྡ༔ མཆེ་བ་གཡོན་པ་ཤུབས་བཀོན་པ༔ ད་རུང་མཆེ་བ་བཅག་དོག་བརྡ༔ རི་བོང་ཆིབས་ནས་འབྱོན་པ་དེ༔ གླིང་བཞི་མ་ལུས་བསྐོར་བའི་བརྡ༔ ཐུགས་རྗེའི་བདག་ཉིད་ཁྱོད་ལ་བསྟོད༔ བར་ཆད་སེལ་ལ་དངོས་གྲུབ་སྩོལ༔ ཨོཾ་བ་ར་ཏ་ཀ་ཧཱུྃ་ཧཱུྃ༔ སོ་སོར་བསྙེན་པ་ཅི་འགྲུབ་རྗེས༔ ཕྲེང་བ་གནས་ལྔར་གཏུགས་བྱས་ནས༔ ཀཱ་ཡ་ཝཀྐ་ཙིཏྟ་གུརྱ་ཀརྨ་སིདྡྷི་ཧཱུྃ༔ སྣ་བུག་ཏུ་ནི་ཕུ་བྱའོ༔ མདུན་གྱི་ཡེ་ཤེས་བདག་ལ་ཐིམ༔ སྤྱན་རས་གཟིགས་ནི་ཡིག་དྲུག་ཐིམ༔ ཡིག་དྲུག་དབུས་ཀྱི་ཧྲུལ་ཐིམ༔ འཇིག་རྟེན་པ་རྣམས་གཤེགས་པ་འམ་རྟེན་ལ་བཞུགས་པ་ཅི་དགྱེས་མཛོད༔ ཧྲཱིཿཡང་མི་དམིགས་རྫོགས་པ་ཆེ༔ དགེ་བ་འདི་ཡིས་མྱུར་དུ་བདག༔ སྤྱན་རས་གཟིགས་དང་།


CMR015_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེར་མེད་ཤོག༔ སྔོན་ཆད་འཇིག་རྟེན་མ་གྲགས་པའི༔ སྙན་བརྒྱུད་ཐུགས་གཏེར་ཟབ་མོ་འདི༔ རྒྱུན་ཁྱེར་ཉམས་སུ་ལེན་པའི་ཕྱིར༔ སྤྲུལ་སྐུས་བཀའ་ཡི་གནང་བ་དང་༔ རང་ཉིད་ཆོས་བདག་ཡིན་པའི་རང་གཞན་ཕན་ཕྱིར་བསྒྲིགས་པ་ལ༔ འགལ་མཆིས་ལྷ་སྲུང་ཚོགས་ལ་བཤགས་༔ དགེ་བས་འབྲེལ་ཐོགས་འགྲོ་བ་རྣམས༔ བདེ་ཆེན་ཞིང་དུ་སྐྱེ་ཕྱིར་བསྔོ༔ ཞེས་པ་དགེ་སློང་རཱ་ག་ཨ་སྱས་བསྒྲིགས་པ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR015_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousགནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས་རྩ་བ་བཅུ་གཉིས་ཀྱི་སྒྲུབ་པ་ངག་འདོན་རྒྱུན་ཁྱེར་དུ་བསྒྲིགས་པ།next