Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྟ་མགྲིན་ལྕགས་རལ་ཡང་ཆུང་གི་གསོལ་འདེབས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྟ་མགྲིན་ལྕགས་རལ་ཡང་ཆུང་གི་གསོལ་འདེབས།next

རྟ་མགྲིན་ལྕགས་རལ་ཡང་ཆུང་གི་གསོལ་འདེབས།


CMR015_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་མགྲིན་ལྕགས་རལ་ཡང་ཆུང་གི་གསོལ་འདེབས་བཞུགས་སོ༔ ཨོཾ་ཨཱཿཧཱུྃ༔ རང་བཞིན་ལྷུན་གྲུབ་གདོད་ནས་རྣམ་པར་དག༔ ཀུན་བཟང་སྣང་བ་མཐའ་ཡས་ལ་གསོལ་བ་འདེབས༔ སྐུ་དང་ཐིག་ལེ་འབར་བའི་ངོ་བོ་ཉིད༔ བཅོམ་ལྡན་རྒྱལ་བ་རིགས་ལྔ་ལ་གསོལ་བ་འདེབས༔ འགྲོ་དྲུག་ཀུན་མཁྱེན་ཐུགས་རྗེས་སྙོམས་པར་གཟིགས༔ འཕགས་མཆོག་སྤྱན་རས་གཟིགས་ལ་གསོལ་བ་འདེབས༔ ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གྱིས་གནོན༔ ཆེ་མཆོག་པདྨ་རྒྱལ་པོ་ལ་གསོལ་བ་འདེབས༔ ལོ་པཎ་སྤྱན་དྲངས་སྒྲ་སྒྱུར་དུ་མའི་བདག་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ལ་གསོལ་བ་འདེབས༔ དངོས་གྲུབ་བདེ་སྟོང་གསང་བ་རིགས་ཀྱི་ཡུམ༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་གསོལ་བ་འདེབས༔ བཀའ་ཡི་བང་མཛོད་གསང་སྔགས་བསྟན་པའི་བདག༔ གཏེར་སྟོན་ཉི་མ་འོད་ཟེར་ལ་གསོལ་བ་འདེབས༔ ཕྱི་ནང་གསང་གསུམ་བཀའ་དང་ལུང་རྒྱུད་རྣམས༔ དྲིན་ཆེན་རྩ་བརྒྱུད་བླ་མ་ལ་གསོལ་བ་འདེབས༔ མཐིང་ནག་གྲུ་གསུམ་ཆོས་དབྱིངས་ཕོ་བྲང་ནས༔ ཡི་དམ་རྟ་མགྲིན་ནག་པོ་ལ་གསོལ་བ་འདེབས༔ གནས་ཡུལ་ཉི་ཤུ་རྩ་བཞིའི་


CMR015_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

དུར་ཁྲོད་ནས༔ དཔའ་བོ་མཁའ་འགྲོའི་ཚོགས་ལ་གསོལ་བ་འདེབས༔ སངས་རྒྱས་བསྟན་སྲུང་རྣལ་འབྱོར་བུ་བཞིན་སྐྱོང་༔ བཀའ་སྲུང་ཆོས་སྐྱོང་རྣམས་ལ་གསོལ་བ་འདེབས༔ དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས༔ ནད་གདོན་བར་ཆད་ཞི་བར་བྱིན་གྱིས་རློབས༔ རཱ་ག་ཨ་སྱས་བྲིས་པའོ༔ ཨ་རཱ་གའི་བཀའ་འབུམ།


previousརྟ་མགྲིན་ལྕགས་རལ་ཡང་ཆུང་གི་གསོལ་འདེབས།next