Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྟ་མགྲིན་ཡང་ཕྱུང་ནག་པོའི་སྔོན་འགྲོ་སྐྱབས་སེམས་དང་དཀར་བགེགས།
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྟ་མགྲིན་ཡང་ཕྱུང་ནག་པོའི་སྔོན་འགྲོ་སྐྱབས་སེམས་དང་དཀར་བགེགས།next

རྟ་མགྲིན་ཡང་ཕྱུང་ནག་པོའི་སྔོན་འགྲོ་སྐྱབས་སེམས་དང་དཀར་བགེགས།


CMR015_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་མགྲིན་ཡང་ཕྱུང་ནག་པོའི་སྔོན་འགྲོ་སྐྱབས་སེམས་དང་དཀར་བགེགས་ཀྱི་དབུ་ཕྱོགས༔


CMR015_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་འགྲོ་སྐྱབས་སེམས་བླ་མའི་རྣལ་འབྱོར་དཀར་བགེགས་མཆོད་པ་བྱིན་རླབས་རྣམས་ཆ་ཚང་ཞིང་རྒྱས་བསྡུས་འཚམས་པ་གཏེར་གཞུང་རྣམས་ནས་བསྡུས་པ་ཁུངས་བཙུན་པ་ཡོད་། ཕྱི་རབས་སྔགས་ཆུང་གསར་བུ་རྣམས་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག༔ སྐྱབས་འགྲོ་ནི། ན་མོ་ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས། །བླ་མ་ཡི་དམ་མཁའ་འགྲོ་དགོངས། །རྐང་གཉིས་གཙོ་བོ་སངས་རྒྱས་དང་། །ཞི་བ་ཆགས་བྲལ་དམ་པའི་ཆོས། །ཚོགས་མཆོག་ཕྱིར་མི་ལྡོག་པ་ལ། །བདག་སོགས་འགྲོ་ཀུན་སྐྱབས་སུ་མཆི། །བྱིན་རླབས་འབྱུང་བའི་བླ་མ་རྗེ། །དངོས་གྲུབ་འབྱུང་བའི་ཡི་དམ་ལྷ། །བར་ཆད་སེལ་བའི་མཁའ་


CMR015_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་ལ། །བདག་སོགས་འགྲོ་ཀུན་སྐྱབས་སུ་མཆི། །གདལ་ཁྱབ་ཆེན་པོ་ཆོས་ཀྱི་སྐུ། །གསལ་མདངས་ཆེན་པོ་ལོངས་སྤྱོད་རྫོགས། །སྣ་ཚོགས་འཛིན་གྲོལ་སྤྲུལ་པའི་སྐུ། །བདག་སོགས་འགྲོ་ཀུན་སྐྱབས་སུ་གསོལ། །ལན་གསུམ། བཅོམ་ལྡན་འདས་པདྨ་དབང་གི་རྒྱལ་པོ་ལ་སྐྱབས་སུ་མཆིའོ། །གུ་རུ་སྐུ་ལྔ་མཚན་བརྒྱད་ལ་སྐྱབས་སུ་མཆིའོ། །རིག་འཛིན་བརྒྱུད་པའི་བླ་མ་རྣམས་ལ་སྐྱབས་སུ་མཆིའོ། སྐྱབས་འོག་དམ་པ་ལ་ཚུད་པར་མཛད་དུ་གསོལ། སེམས་བསྐྱེད་ནི། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །


CMR015_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་སྡུག་བསྔལ་མེད་པའི་བདེ་བ་དམ་པ་དང་མི་འབྲལ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ཆེན་པོ་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །བླ་མའི་རྣལ་འབྱོར། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་བླ་མ་ཡི་དམ་གྱི་སྒོམ་བཟླས་ལ་འཇུག་པར་བྱའོ། །ཨོཾ་སྭ་བྷཱ་ཝ་ཤུདྡྷསརྦ་དྷརཿསྭ་བྷཱ་ཝ་ཤུདྡྷོཉཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་རང་གི་སྤྱི་བོར་པཾ་ལས་པདྨ་དང་ཨ་ལས་ཟླ་བ་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་རྩ་བའི་བླ་མ་དང་གཉིས་སུ་མེད་པའི་རིགས་ཀྱི་བདག་པོ་སྣང་བ་མཐའ་ཡས་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་མཉམ་བཞག་གི་ཕྱག་རྒྱ་ཅན་འཆི་མེད་བདུད་རྩིས་གང་བའི་ལྷུང་བཟེད་འཛིན་པ། མཚན་དང་དཔེ་བྱད་ཀྱིས་བརྒྱན་ཅིང་ཆོས་གོས་གསུམ་གྱིས་བཀླུབས་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་


CMR015_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

ནས་དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས་པ་སྤྱན་དྲངས། བཛྲ་ས་མ་ཡ་ཛཿ སྤྱི་བོའི་བླ་མ་ལ་ཐིམ་པས་གཉིས་སུ་མེད་པར་གྱུར། ཨོཾ་ཨཱཿཧཱུཾ་དཔལ་ལྡན་རྩ་བའི་བླ་མ་ལ་གསོལ་བ་འདེབས་སོ། །བླ་མ་སངས་རྒྱས་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །བླ་མ་སངས་རྒྱས་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས་སོ། །བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་གསོལ་བ་འདེབས་སོ། །བླ་མ་སངས་རྒྱས་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས་སོ། །ཆོས་སྐུ་སྣང་བ་མཐའ་ཡས་ལ་གསོལ་བ་འདེབས་སོ། །ལོངས་སྐུ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་འདེབས་སོ། །སྤྲུལ་སྐུ་པདྨ་འབྱུང་གནས་ལ་གསོལ་བ་འདེབས་སོ། །མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་གསོལ་བ་འདེབས་སོ། །རྗེ་འབངས་ཉི་ཤུ་རྩ་ལྔ་ལ་གསོལ་བ་འདེབས་སོ། །གཏེར་སྟོན་བརྒྱ་དང་རྩ་བརྒྱད་ལ་གསོལ་བ་འདེབས་སོ། །བཀའ་བབས་རིག་འཛིན་བརྒྱུད་པ་ལ་གསོལ་བ་འདེབས་སོ། །བདག་ནི་བྱང་ཆུབ་སྙིང་པོའི་བར། །བླ་མ་དཀོན་མཆོག་ཡི་དམ་ལྷ། །པདྨ་


CMR015_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཆེན་དཀྱིལ་འཁོར་ལ། །སྐྱབས་སུ་མཆིའོ་ཐུགས་རྗེས་ཟུངས། །སེམས་ཅན་མ་ལུས་ཐམས་ཅད་ཀུན། །སངས་རྒྱས་ས་ལ་འགོད་བྱའི་ཕྱིར། །རྟ་མགྲིན་དབང་གི་དཀྱིལ་འཁོར་དུ། །བདག་ཅག་འཇུག་ཅིང་བསྒྲུབ་པར་བགྱི། །ཕྱོགས་བཅུ་དུས་གསུམ་བཞུགས་པའི་ལྷ། །བླ་མ་ཡི་དམ་དཀྱིལ་འཁོར་ལྷ་ཚོགས་དང་། །དཔའ་བོ་མཁའ་འགྲོར་སྐྱབས་སུ་མཆི། །ལུས་ངག་ཡིད་གསུམ་གུས་ཕྱག་འཚལ། །ཕྱི་ནང་གསང་གསུམ་མཆོད་པ་འབུལ། །སྡིག་པའི་ཚོགས་རྣམས་མཐོལ་ལོ་བཤགས། །རང་གཞན་དགེ་ལ་རྗེས་ཡི་རང་། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །མྱ་ངན་མི་འདའ་བཞུགས་སུ་གསོལ། །དགེ་བ་བྱང་ཆུབ་ཆེན་པོར་བསྔོ། །དེ་ལྟར་གསོལ་བ་བཏབ་པས། བླ་མ་དེ་ཉིད་འོད་དུ་ཞུ། །རང་གི་སྤྱི་བོར་ཐིམ་པས་བླ་མའི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་འདྲེས། སེམས་མ་བཅོས་གཉུག་མའི་ངང་ལས། རང་ཉིད་སྐད་ཅིག་གིས་སྤྱན་རས་གཟིགས་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས། གཡས་མཆོག་སྦྱིན། གཡོན་པདྨ་བསྣམས་པ། དར་དང་རིན་པོ་ཆེས་བརྒྱན་ཅིང་པད་ཟླར་ཕྱེད་སྐྱིལ་གྱིས་བཞུགས་པར་གྱུར། ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་སྭ་


CMR015_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

བྷཱ་ཝ་ཤུདྡྷསརྦ་དྷརྨཱསྭ་བྷཱ་ཝ་ཤུདྡྷོཉཧཾ། སྟོང་པའི་ངང་ལས་ཧཱུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ཨཱཿཧཱུཾ་འོད་དུ་ཞུ་བ་ལས་བྱུང་བའི་མཆོད་སྦྱིན་གྱི་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར། ཨོཾ་ཨཱཧཱུཾ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུཾ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གཟུགས་མཛེས་དམ་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྐུ་འབྱམས་ཀླས་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་ཡོངས་སུ་བྲལ་བ་ལ་ཕྱག་འཚལ་ལོ། །མཆོད་སྦྱིན་གྱི་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི་བསྔོ་ཞིང་འབུལ་བའི་གནས་སུ་གྱུར་པ་ནི། ས་བདག་ས་ཡི་ལྷ་མོ་བརྟན་མས་གཙོར་བྱས་པའི་འཛམ་བུ་གླིང་གི་གཞི་བདག །བོད་ཁམས་སྐྱོང་བའི་སྐྱོང་མ། འཛམ་གླིང་བརྟན་མ་བཅུ་གཉིས། བོད་ཀྱི་མགུར་ལྷ་བཅུ་གསུམ་ལ་སོགས་པ། ཡུལ་འདི་རྣམས་ལ་གནས་པའི་གཞི་བདག །ས་བདག །ཡུལ་བདག །གནས་བདག །དཀོར་


CMR015_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གཉུག་མར་གནས་པ་ཐམས་ཅད་དང་། སངས་རྒྱས་ཀྱི་བསྟན་པ་སྲུང་བར་ཞལ་གྱིས་བཞེས་པའི་གཞི་བདག་རྣམས་ལ་འབུལ་ལོ། །རྣལ་འབྱོར་པ་བདག་གིས་སྲུང་ཟློག་གི་བྱ་བ་མཐར་མ་ཕྱིན་གྱི་བར་དུ་རྐྱེན་ཕྱི་ནང་བར་ཆད་ཐམས་ཅད་ཉེ་བར་ཞི་བའི་ཕྲིན་ལས་དམ་པ་མཛད་དུ་གསོལ། ཨོཾ་ད་ཤ་དིཀ་ལོ་ཀ་པ་ལ་བྷུ་མི་པ་ཏི་ས་པ་རི་ཝཱ་ར་ཨི་དཾ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ། ཧཱུྃ། སྔོན་གྱི་བསྐལ་པའི་དང་པོ་ལ། །སློབ་དཔོན་པདྨ་འབྱུང་གནས་ཀྱིས། །བཀའ་དང་དམ་ལ་བཏགས་པ་ཡི། །འཇིག་རྟེན་ཆོས་སྐྱོང་དམ་ཚིག་ཅན། །ཚངས་པ་དང་ནི་བརྒྱ་བྱིན་དང་། །རྒྱལ་ཆེན་བཞི་དང་ཕྱོགས་སྐྱོང་བཅུ། །ལྷ་ཆེན་བརྒྱད་དང་ཀླུ་ཆེན་བརྒྱད། །གཟའ་ཆེན་བརྒྱད་དང་གནོད་སྦྱིན་བརྒྱད། །བོད་ཁམས་སྐྱོང་བའི་བརྟན་མ་དང་། །མ་མོ་འབྱུང་པོ་ཤ་ཟ་དང་། །སྲིན་པོ་ཡི་དྭགས་སྨྱོ་བྱེད་དང་། །ཡུལ་ཕྱོགས་འདི་ལ་གནས་པ་ཡི། །གཞི་བདག་ཚོགས་རྣམས་ཐམས་ཅད་དང་། །ས་བདག་ཡུལ་བདག་གྲོང་བདག་དང་། །དཀོར་བདག་གཉུག་མར་གནས་པ་རྣམས། །ལྷ་སྲིན་སྡེ་བརྒྱད་ཚོགས་དང་བཅས། །འདིར་གཤེགས་བདག་ལ་


CMR015_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་སུ་གསོལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སྔོན་གྱི་བཀའ་ལས་མ་འདའ་བར། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །ནད་སོགས་མི་མཐུན་ཞི་བ་དང་། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང་། །ལོག་ལྟ་དབང་དུ་སྡུད་པ་དང་། །མངོན་སྤྱོད་མི་མཐུན་འཇོམས་པ་དང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །མཐུ་རྩལ་ཅན་གྱིས་སྡོང་གྲོགས་མཛོད། །དུས་མིན་འཆི་བའི་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་བ། །བདེ་ལེགས་ཕུན་སུམ་ཚོགས་པ་ཡི། །ཡིད་ལ་འདོད་པ་ཀུན་འགྲུབ་ཅིང་། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་དཀར་གཏོར་ཕྱི་རོལ་གཙང་སར་འབུལ། གཏོ་དུས་ཡིན་ན་བགེགས་གཏོར་སྟེང་དུ་ཁྲུས་བྱས་མ་བྱས་ཀྱང་རུང་ཆུས་བྲན་ལ། ཨོཾ་བཛྲ་ཀྲོ་དྷ་ཧྱ་གཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། སྐད་ཅིག་གིས་སྤྱན་རས་གཟིགས་གནས་འགྱུར་ནས། རང་ཉིད་རྟ་མགྲིན་ལྗང་གུ་


CMR015_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

གྲི་གུག་ཐོད་ཁྲག་འཛིན་པ། དུར་ཁྲོད་ཆས་བརྒྱད་ཀྱིས་བརྒྱན་ཅིང་མེ་དཔུང་གི་ཀློང་ན་བཞུགས་པ། སྤྱི་གཙུག་ནས་རྟ་སྐད་འཚེར་བས་བགེགས་རྣམས་དབང་དུ་སྡུད་པའི་སྐུར་གྱུར། ༈ ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། །དགེ་འདུན་གྱི་བཀའ་བདེན་པ་དང་། སློབ་དཔོན་པདྨ་འབྱུང་གནས་ཀྱི་བཀའ་བདེན་པ་དང་། ཡི་དམ་ཞི་ཁྲོའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། བཀའ་སྡོད་དམ་པ་ཆོས་སྐྱོང་སྲུང་མ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་དང་བྱིན་རླབས་ལ་བརྟེན་ནས་བགེགས་ཀྱི་རྒྱལ་པོ་བི་ན་ཡ་ཀས་གཙོར་བྱས་པའི་བགེགས་རིགས་སྟོང་ཕྲག་བརྒྱད་ཅུའི་ཚོགས་དང་བཅས་པ། ཁྱད་པར་དུ་ཡང་རྣལ་འབྱོར་པ་བདག་ཅག་ཡོན་མཆོད་ཀྱི་ལུས་ངག་ཡིད་གསུམ་ལ་གནོད་པའི་བགེགས་དང་ལོག་འདྲེན་འབྱུང་པོ་གང་ཡིན་པ་ཐམས་ཅད་ལན་ཆགས་གླུད་གཏོར་ཆེན་པོ་འདི་བཞེས་པའི་སླད་དུ་འདིར་མཆིས་པར་གྱུར་ཅིག །ཨོཾ་བཛྲ་ཨངྐུ་ཤ་ཛཿ བཛྲ་པཱ་ཤ་ཧཱུཾ།


CMR015_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་སྤོ་ཊ་པཾ། བཛྲ་གྷནྡྷེ་ཧོ༔ བཛྲ་ཨཱ་ཝེ་ཤ་ཡ་ཨཱཿ གཉིས་སུ་མེད་པར་གྱུར། ཨོཾ་སྭ་བྷ་ཝ་ཤུདྡྷསརྦ་དྷརཿསྭ་བྷ་ཝ་ཤུདྡྷོཉཧཾ། ཧཱུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ལན་ཆགས་གླུད་ཀྱི་གཏོར་མ་རིན་པོ་ཆེ་སྣ་ལྔ་ལས་རྒྱུ་བྱས་པ། ཁོག་སྟོད་གསེར་ལས་བྱས་པ། ཁོག་སྨད་དངུལ་ལས་བྱས་པ། རྐེད་པ་མཆོང་ལས་བྱས་པ། ལུང་ཐང་གི་མིག །མགྲོན་བུའི་སོ། བྱི་རུའི་ལྗགས། ལག་པ་གཡས་པ་གསེར་ལས་བྱས་པ། ལག་པ་གཡོན་པ་དངུལ་ལས་བྱས་པ། རྐང་པ་གཡས་པ་ལྕགས་ལས་བྱས་པ། རྐང་པ་གཡོན་པ་ཟངས་ལས་བྱས་པ། ཁ་ནས་སྙན་པའི་གླུ་ལེན་པ། ལག་ན་འདོད་པའི་ཡས་བཟུང་བ། འགྲོ་མཁན་དེ་ནི་ལྡེམ་ལྡེམ་བྱེད་པ། སྨྲ་མཁོས་དེ་ནི་ལྗགས་ལྗགས་བྱས་པ། འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི་བསྔོ་ཞིང་འབུལ་བའི་གནས་སུ་གྱུར་པ་ནི། བགེགས་ཀྱི་རྒྱལ་པོ་བྷི་ན་ཡ་ཀས་གཙོར་བྱས་པའི་བགེགས་རིགས་སྟོང་ཕྲག་བརྒྱད་ཅུའི་ཚོགས་དང་བཅས་པ་རྣམས་ལ་བསྔོའོ། །སྦྱིན་ནོ། །ན་མ༔ སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། དེ་བཞིན་གཤེགས་པ་རིན་ཆེན་མང་ལ་


CMR015_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཟུགས་མཛེས་དམ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྐུ་འབྱམས་ཀླས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་ཡོངས་སུ་བྲལ་བ་ལ་ཕྱག་འཚལ་ལོ། །ལན་ཆགས་གླུད་ཀྱི་གཏོར་མ་འདི་བསྔོས་པས། རྣལ་འབྱོར་པ་བདག་ཅག་ཡོན་མཆོད་འཁོར་དང་བཅས་པའི་བསད་བསད་བཅད་བཅད་སྲོག་གི་ལན་ཆགས། བརྡུངས་བརྡུངས་བཙོག་བཙོག་ན་ཚའི་ལན་ཆགས།་རྐུས་རྐྱེས་འཕྲོག་འཕྲོག་རྒྱུའི་ལན་ཆགས། མཐོ་བ་མཁར་ཕབ་པའི་ལན་ཆགས། དམའ་བ་ཡུལ་བཅོམ་པའི་ལན་ཆགས། མི་རྟ་གྲི་རུ་བསད་པ་ལ་སོགས་ལན་ཆགས་ཐམས་ཅད་བྱང་། བུ་ལོན་སོད། ཤ་འཁོན་ཐམས་ཅད་བྱང་ནས་མྱུར་དུ་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་གྱུར་ཅིག །ཧཱུྃ། ཉོན་ཅིག་མ་ལུས་བགེགས་ཀྱི་ཚོགས། །བདག་གིས་དེ་རིང་ཁྱོད་མཆོད་ཀྱི། །བདག་ཅག་རྒྱུ་སྦྱོར་ཡོན་བདག་ལ། །གནོད་པར་བྱེད་པ་གང་ཡང་རུང་། །མཆོད་སྦྱིན་གཏོར་མ་འདི་ལོངས་ལ། །བཟུང་བ་ལས་ནི་ཐར་བ་དང་། བཅིངས་བ་ལས་ནི་གྲོལ་བར་མཛོད། །རིན་དང་གླུད་དུ་འདི་


CMR015_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

བཞེས་ལ། །སོང་ཞིག་བགེགས་ཆེན་འགྲོ་བར་གྱིས། །ཕྱིན་ཆད་འཁོར་འདིར་མ་གནོད་ཅིག །ཁྱོད་ཀྱི་སྟོབས་དང་རྩལ་མཐོང་ན། །ཁྱོད་ཀྱིས་བགེགས་བྱེད་མི་ནུས་མིན། །ཁྱོད་ནི་ལྷ་ཡི་སྤྲུལ་པ་སྟེ། །ཁྱོད་ཀྱིས་བགེགས་ཀྱང་བྱེད་པར་ནུས། །སྔོན་ཆད་མཆོད་སྦྱིན་མ་ཐོབ་ན། །དེ་རིང་བདག་གིས་ཁྱོད་མཆོད་ན། །ལན་། ཆགས་གླུད་གཏོར་འདི་བཞེས་ཤིག །ཕྱིན་ཆད་གནོད་པ་མ་བྱེད་ཅིག །ཧཱུྃ། ཤར་ཕྱོགས་བགེགས་ཀྱི་རྒྱལ་པོ་ནི། །སྟོང་གསུམ་སྟོང་གི་བདག་པོ་དང་། །ལྷོ་ཕྱོགས་བགེགས་ཀྱི་རྒྱལ་པོ་ནི། །སྤྲིན་གྱི་སྒྲོན་མེ་ཞེས་བྱ་དང་། །ནུབ་ཕྱོགས་བགེགས་ཀྱི་རྒྱལ་པོ་ནི། །རྡོ་རྗེའི་མཆུ་ཅན་ཞེས་བྱ་དང་། །བྱང་ཕྱོགས་བགེགས་ཀྱི་རྒྱལ་པོ་ནི། །བྷི་ན་ཡ་ཀ་བཞི་པོ་ལ། །འཁོར་དུ་བགེགས་ཆེན་སྟོང་གིས་བསྐོར། །སྟོང་ཕྲག་བརྒྱད་ཅུ་ཕོ་ཉར་འགྱེད། །ལན་ཆགས་གླུད་གཏོར་འདི་བཞེས་ལ། །ཕྱིན་ཆད་གནོད་པ་མ་བྱེད་ཅིག ། ལྕགས་ཀྱུ་དཀར་མོ་ཞེས་བྱ་དང་། །སྣ་ཆད་མ་དང་སོ་གཙིགས་སོགས། །ལྷ་རྣམས་ཀུན་གྱི་རྗེས་འབྲངས་ནས། །སྔགས་དང་སྒྲུབ་ལ་བར་ཆད་པའི། །རིག་པ་མཆོག་ལས་


CMR015_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་པ་ཡི། །བགེགས་ཆེན་བཅུ་དྲུག་གླུད་འདི་ལོངས། །སྔགས་འཆང་བདག་ལ་མ་གནོད་ཅིག །ས་ཡི་འོག་ནས་རིག་བྱེད་པའི། །ལྷ་ཡི་ལོ་སྟོང་བསགས་པ་ཡི། །བསོད་ནམས་རླག་པར་བྱེད་པའི་བགེགས། །ལོག་པར་འདྲེན་པའི་གཙུག་ཕུད་ཁྱོད། །གླད་འདི་ལོངས་ལ་མ་འཆེ་ཞིག །མེ་ཏོག་བདུག་སྤོས་མར་མེ་ལ། །ཞུགས་ནས་ལྷ་མི་མྱོས་བྱེད་པའི། །མཆོད་པའི་བགེགས་གསུམ་གླུད་འདི་ལོངས། །མཆོད་པའི་མདངས་འཕྲོག་མ་བྱེད་ཅིག །དམ་སྲི་སྒབ་འདྲེ་ཐམས་ཅད་ཀུན། །ལན་ཆགས་གླུད་གཏོར་འདི་བཞེས་ཤིག །མ་ཉེ་མ་འཁོར་གཞན་དུ་དེངས། །རང་གི་ལུས་ལ་དཔེ་ལོངས་ལ། །གཞན་ལ་གནོད་པ་མ་བྱེད་ཅིག །སྔོན་གྱི་ལན་ཆགས་ཡོད་ན་ཡང་། །མཆོད་སྦྱིན་འདི་ཡིས་བྲལ་བར་གྱིས། །འཕྲལ་གྱི་རྐྱེན་ཁ་ཡོད་ན་ཡང་། །གླུད་གཏོར་འདི་ཡིས་ཟློག་པར་གྱིས། །དོན་མེད་གནོད་པ་བྱས་ན་ཡང་། །གླུད་གཏོར་འདི་ཡིས་བྱང་བར་མཛོད། བུ་ལོན་ལན་ཆགས་ཡོད་ན་ཡང་། །གླུད་གཏོར་འདི་ཡིས་བྱང་བར་གྱིས། །སྔོན་ཡང་ལས་ངན་སྡིག་ཆེ་བས། །ད་ལྟ་བགེགས་ཀྱི་རིགས་སུ་སྐྱེས། །བགེགས་ཆེན་ཁྱོད་ནི་ད་


CMR015_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

སོང་ཞིག །ཧཱུཾ། རི་རབ་ཆེན་པོའི་ཤར་ཕྱོགས་ན། །ཕོ་བྲང་ཆེན་པོ་སྤོས་ངད་ལྡན། །དེ་ན་རྒྱལ་པོ་ཡུལ་འཁོར་སྲུང་། །དྲི་ཟ་མང་པོའི་གླུ་དབྱངས་་ལེན། །ངོ་མཚར་ལྟད་མོ་དེ་ན་ཆེ། །སྒྲ་སྙན་པི་ཝང་ཙི་རི་རི། །སོངས་ཤིག་བགེགས་རྣམས་དེར་སོང་ཞིག །རི་རབ་ཆེན་པོའི་ལྷོ་ཕྱོགས་ན། །ཕོ་བྲང་ཆེན་པོའི་བཻཌཱུརྱ། །དེ་ན་རྒྱལ་པོ་འཕགས་སྐྱེས་པོ། །གཤིན་རྗེ་བྱེ་བ་འབུམ་གྱིས་བསྐོར། །ཤ་ཁྲག་ལོངས་སྤྱོད་དེ་ན་རེ། །སོངས་ཤིག་བགེགས་རྣམས་དེར་སོང་ཞིག །རི་རབ་ཆེན་པོའི་ནུབ་ཕྱོགས་ན། །ཕོ་བྲང་ཆེན་པོ་རྒྱ་མཚོའི་ངོགས། །དེ་ན་རྒྱལ་པོ་སྤྱན་མི་བཟང་། །ཀླུ་རིགས་བྱེ་བ་འབུམ་གྱིས་བསྐོར། །ཟད་མེད་ཀླུ་ཡི་གཏེར་ཁ་ཡོད། །སོང་ཞིག་བགེགས་རྣམས་དེར་སོང་ཞིག །རི་རབ་ཆེན་པོའི་བྱང་ཕྱོགས་ན། །ཕོ་བྲང་ཆེན་པོ་ལྕང་ལོ་ཅན། །དེ་ན་རྒྱལ་པོ་རྣམ་ཐོས་སྲས། །ལྷ་ཀླུ་མི་ཡི་ལོངས་སྤྱོད་ལྡན། །རིན་ཆེན་གཏེར་ཁ་དེ་ན་ཡོད། །སོང་ཞིག་བགེགས་རྣམས་དེར་སོང་ཞིག །དཀོན་མཆོག་གསུམ་གྱི་བཀའ་མ་བཅག །དམ་པའི་བདེན་ཚིག་སུན་མ་ཕྱུང་། །གལ་ཏེ་བཀའ་ལས་འདའ་བྱེད་ན། །


CMR015_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་ལ་ནད་སོགས་མེ་ལྟར་འབར། །མགོ་ལུས་དུམ་བུ་སྟོང་དུ་འགྱུར། །དེ་བས་མྱུར་བ་ཉིད་དུ་དེངས། ༈ །འབྱུང་པོ་མི་མིན་མི་རུ་བརྫུ་བ། ལྷ་མིན་ལྷ་རུ་བརྫུ་བ། རྣལ་འབྱོར་སྒྲུབ་པ་པོའི་ཉམས་ལེན་པ། ཐོ་འཚམས་པ། གསང་སྔགས་ཟབ་མོའི་དཀྱིལ་འཁོར་དུ་འཇུག་ཅིང་བཟླས་བརྗོད་སྒོམ་སྒྲུབ་ལ་བར་དུ་གཅོད་པའི་བགེགས་དང་ལོག་པར་འདྲེན་པ་ཐམས་ཅད་འདིར་མ་འདུག་པར་གཞན་དུ་དེངས་ཤིག །སརྦ་བིགྷཱན་གཙྪ་གཙྪ། ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ། གནོད་བྱེད་འབྱུང་པོ་ཨུཙྪཏ་ཡ་ཧཱུྃ་ཕཊ། ཅེས་བགེགས་གཏོར་ཕྱི་རོལ་འབུལ། མཆོད་པ་གཏོར་མ་རྣམས་བྲན་ལ། ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ། སྭ་བྷཱ་ཝ་ཤུདྡྷསརྦ་དྷརྨསྭ་བྷཱ་ཝ་ཤུདྡྷོཉཧཾ། ཀ་དག་ཀློང་ནས་སྤྲུལ་པ་ཡི། །གནམ་ས་གང་བའི་མཆོད་པའི་སྤྲིན། །སྨན་གཏོར་རཀྟ་ལྷ་མོར་བཅས། །ཟད་མེད་གྱུར་ཅིག་པཱུ་ཛ་ཧོ། །དེ་ནས་ཞི་དྲག་སོགས་ལྷ་གཞུང་རྣམས་འདོན། ཞེས་སྔགས་ཆུང་ཨོ་རྒྱན་ཕྲིན་ལས་ཀྱི་དོན་དུ་རཱ་ག་ཨ་སྱས་བསྒྲིགས་པའི་ཡི་གེ་པ་ནི་པདྨ་འགྲོ་དོན་ནོ། །སརྦ་མངྒ་ལཾ།། །།


previousརྟ་མགྲིན་ཡང་ཕྱུང་ནག་པོའི་སྔོན་འགྲོ་སྐྱབས་སེམས་དང་དཀར་བགེགས།next