Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དཔའ་བོ་རྟ་མགྲིན་ལྕགས་རལ་ཅན་གྱི་ལས་བྱང་ཉུང་བསྡུས་གཏོར་བསྔོས།
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདཔའ་བོ་རྟ་མགྲིན་ལྕགས་རལ་ཅན་གྱི་ལས་བྱང་ཉུང་བསྡུས་གཏོར་བསྔོས།next

དཔའ་བོ་རྟ་མགྲིན་ལྕགས་རལ་ཅན་གྱི་ལས་བྱང་ཉུང་བསྡུས་གཏོར་བསྔོས།


CMR015_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་བོ་རྟ་མགྲིན་ལྕགས་རལ་ཅན་གྱི་ལས་བྱང་ཉུང་བསྡུས་གཏོར་བསྔོས་རཱ་ག་ཨ་སྱས་མཛད་པ་བཞུགས་སོ༔


CMR015_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་རྟ་མགྲིན་ལྷ་ལྔའི་གཏོར་བསྔོས་གཏོར་མའི་དཔེའུ་རིས་ལྟར་ལ་འདི་སྐད་དོ༔ ཨོཾ་སྭ་བྷ་ཝ་ཤུདྡྷསོགས། སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་དཀྱིལ་འཁོར་གྱི་བུམ་པ་དང་བཅས་མི་དམིགས་པར་བྷི༔ གཞལ་ཡས་ཁང་ཨེ་མཐིང་ནག་སྒོ་གྲུ་རྟ་བབས་བང་རིམ་ཡོངས་སུ་རྫོགས་པའི་དབུས་སུ༔ བདུད་བཞི་དང་ཀླུ་རིགས་ལྔ་བསྣོལ་བའི་སྟེང་དུ༔ ཉི་ཟླ་པདྨའི་གདན་སྟེང་དུ༔ བདག་ཉིད་རིག་པའི་ངོ་བོ་ཡི་གེ་ཧཱུྃམཐིང་ནག་འོད་དུ་འབར་བ་ལས༔ རྒྱལ་བ་ཐམས་ཅད་ལ་མཉེས་པའི་མཆོད་པ་ཕུལ༔ སེམས་ཅན་གྱི་སྡིག་སྒྲིབ་སྦྱང་༔ ཀླུ་དང་སྡེ་བརྒྱད་གདུག་པ་ཅན་


CMR015_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཚར་བཅད༔ ཚུར་འདུས་ཡོངས་སུ་གྱུར་པ་ལས༔ མ་ཧཱ་ཀྲོ་དྷ་ཧྱ་གྲྭ་ཝ་ཧཱུྃ་ཕཊ༔ ཅེས་པ་བརྗོད་པས༔ དང་པོ་བདག་བསྐྱེད་ནི༔ བདག་ཉིད་ཁྲོ་བོ་རྟ་མགྲིན་སྐུ༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ སྤྱན་གསུམ་མཆེ་བ་རབ་ཏུ་གཙིགས༔ ཕྱག་གཡས་སྒོལ་བྱེད་རལ་གྲི་ཡིས༔ དགྲ་བགེགས་མ་ལུས་དུམ་བུར་གཏུབ༔ གཡོན་པས་འཛིན་བྱེད་ལྕགས་ཀྱུ་ཡིས༔ དགྲ་བགེགས་མ་ལུས་སྙིང་ནས་འདྲེན༔ ཞབས་གཉིས་དགྲ་བགེགས་ནོན་པར་བསམ༔ སྐུ་ལ་དར་ནག་བེར་ཆེན་གསོལ༔ དབུ་གཙུག་རྟ་མགོ་ལྗང་ཞུར་གད༔ རྟ་སྐད་དྲག་


CMR015_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ནམ་མཁར་འཚེར༔ ཁམས་གསུམ་མ་ལུས་དབང་དུ་སྡུད༔ སྲིད་གསུམ་མ་ལུས་ཟིལ་གྱིས་གནོན༔ སྐུ་སྟོད་ཞིང་ཆེན་གཡང་གཞི་གསོལ༔ སྐུ་སྨད་སྟག་གི་ཤམ་ཐབས་གསོལ་ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན༔ ཐོད་རློན་ལྔ་བཅུས་དོ་ཤལ་བྱས༔ བ་སྤུ་མེ་ཡིས་ཚྭ་ཚྭ་འཕྲོ༔ བསྐལ་པའི་མེ་དཔུང་ཀློང་ན་བཞུགས༔ དབུ་སྐྲ་གནམ་ལྕགས་རལ་པ་ཅན༔ རལ་པ་བསིགས་པའི་སྐྲ་གསེབ་ནས༔ ཁྲོ་ཆུང་དཔག་མེད་ཕྱིར་སྤྲོས་པས༔ ཕྱག་ན་མཚོན་ཆ་སྣ་ཚོགས་བསྣམས༔ དགྲ་བགེགས་ཐམས་ཅད་ཚར་བཅད་ནས༔ ཚུར་འདུས་ཁྲོ་བོའི་སྲུང་བར་གྱུར༔ ཕྱི་རོལ་རྩིབས་བཞིའི་གདན་སྟེང་དུ༔ ཤར་དུ་སྐུ་ཡི་རྟ་མགྲིན་དཀར༔ ལྷོ་རུ་ཡོན་ཏན་རྟ་མགྲིན་སེར༔ ནུབ་ཏུ་གསུང་གི་རྟ་མགྲིན་དམར༔ བྱང་དུ་ཕྲིན་ལས་རྟ་མགྲིན་ལྗང་༔ ཁྲོ་བོའི་ལྷ་ཚོགས་འཁོར་བཅས་རྣམས༔ ཆ་ལུགས་གཙོ་འཁོར་མཐུན་པར་གྱུར༔ ལྷ་ཚོགས་དེ་རྣམས་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ༔ མགྲིན་པར་ཨཱཿདམར་པོ༔ ཐུགས་ཀར་ཧཱུཾ་སྔོན་པོ༔ ཐུགས་སྲོག་ཧྲིལས་འོད་འཕྲོས༔ བདེ་ཆེན་པདྨ་འབར་བའི་གཞལ་ཡས་ནས་ཡེ་ཤེས་པ་རྣམས་མདུན་གྱི་


CMR015_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་མཁར་སྤྱན་དྲངས༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲི་ཝ་ས་པཱ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛཿ ཞེས་བདག་ཉིད་དཔལ་ཆེན་པོ་ཁྲོ་བོ་རྟ་མགྲིན་གྱི་ཐུགས་ཀའི་ཧཱུྃཡིག་ལས་འོད་ཟེར་འཕྲོས་པས་ཆོས་ཀྱི་དབྱིངས་ལ་ཕོག༔ མེ་དཔུང་འབར་བའི་ཀློང་ནས་སྒྲ་ཆེམ་ཆེམ་བྱིན་ཐིབ་ཐིབ་འོད་ཟེར་དང་བཅས་ནས་གནས་འདིར་བྱོན་པར་བསམ་ལ་འདི་སྐད་དོ༔ ཧཱུྃ༔ རང་བཞིན་ཆོས་དབྱིངས་ཞིང་ཁམས་སུ༔ དཔའ་བོ་རྟ་མགྲིན་ལྕགས་རལ་ཅན༔ སྤྲུལ་པ་ཡང་སྤྲུལ་འཁོར་བཅས་རྣམས༔ གནས་འདིར་སྤྱན་འདྲེན་གཤེགས་སུགསོལ༔ ཛཧཱུྃ་བཾ་ཧོ༔ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར༔ བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ སྤྲོས་མེད་བདེ་ཆེན་གཞལ་ཡས་དམ་པ་འདིར༔ བདག་དང་གཉིས་མེད་ངང་དུ་བསྒྲུབ་སླད་དུ༔ དྲེགས་པ་འདུལ་ཕྱིར་སྲིན་པོ་འདུལ་བའི་ལྷ༔ དབང་གི་ལྷ་ཚོགས་འཁོར་དང་བཅས་པ་རྣམས༔ རྔམ་བརྗིད་དགྱེས་པའི་གདན་ལ་བཞུགས་སུ་གསོལ༔ ཧཱུྃ༔བཛྲ་ཀྲོ་དྷ་ས་མ་ཡ་ཏིཥྛ་ལྷན༔ ཕྱག་འཚལ་བ་ནི༔ ཧཱུྃ༔ དབང་ཆེན་ཀུན་འདུས་རྟ་མགྲིན་དབང་གི་ལྷ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་འདུས་པའི་སྐུ༔ རྟ་གདོང་དབང་དྲག་འཁོར་དང་བཅས་པ་ལ༔ བརྐྱང་བསྐུམ་སྲིན་པོའི་གར་གྱིས་


CMR015_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་འཚལ་ལོ༔ ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་ཨ་ཏི་པཱུ་ཧོ༔ དེ་ནས་མཆོད་པ་འབུལ་བ་ནི༔ ཧཱུྃ༔ སྲིད་གསུམ་ཡེ་ནས་གཏོར་གཞོང་དུ༔ སྣང་སྲིད་ཐམས་ཅད་གཏོར་མར་སྦྱར༔ འཁོར་འདས་ཡོངས་སྒྲོལ་ཆེན་པོའི་ཚོགས༔ དབང་ཆེན་རིགས་ལྔའི་ཚོགས་ལ་འབུལ༔ སྟོང་གསུམ་སྟོང་གི་གཏོར་གཞོང་དུ༔ རི་རབ་འབར་བའི་དཔལ་བཤོས་བཙུགས༔ སྐྱེ་འགྲོ་སེམས་ཅན་གྲངས་ལས་འདས༔ རྟ་ནག་དྲེགས་པའི་ཚོགས་ལ་འབུལ༔ བྷནྡྷ་འབར་བའི་གཏོར་གཞོང་དུ༔ དགྲ་བགེགས་ཤ་ཁྲག་ཐོད་ཚིལ་སྤུང་༔ ཞག་དང་རླངས་པ་ཀྱི་ལི་ལི༔ ནག་པོ་ལྕགས་རལ་ཐུགས་དམ་བསྐང་༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་སྒྲ་དབྱངས་མཆོད་པའི་ཚོགས་གཟུགས་སྒྲ་དྲི་རོ་མཆོད་སྤྲིན་རྣམས༔ རྟ་མགྲིན་ནག་པོའི་ཐུགས་དམ་བསྐང་༔ བདུད་རྩི་སྨན་གཏོར་རཀྟའི་མཚོ༔ སྦྱོར་སྒྲོལ་ཏིང་འཛིན་ཚོགས་མཆོད་དང་ཕྱི་ནང་གསང་བའི་མཆོད་སྤྲིན་གྱིས༔ དབང་ཆེན་ལྷ་ཚོགས་ཐུགས་དམ་བསྐང་༔ ཨོཾ་བཛྲ་ཨགྷཾ་པཧུཾ་པཱཋེ་དྷ་པེ་ཨཱ་ལོ་ཀེ་གྷནེ་ནེ་ཝིདྱ་ཤརྡ་པཱུ་ཛ་མེ་གྷ་ཨཱཧཱུྃ༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲི་ཝ་ས་པཱ་རི་ཝཱ་ར་སརྦ་པཉྩ་ཨ་མྲྀ་ཏ་བ་ལིངྐ་མ་


CMR015_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱ་རཀྟ་ཁཱ་ཧི༔ དམ་ཉམས་དགྲ་བགེགས་བསྒྲལ་བའི་ཤ་ཡི་རི་བོ་ཁྲག་གི་རྒྱ་མཚོ་རུས་པའི་བྲག་རི་སྟོང་གསུམ་དང་མཉམ་པ་འདི་བཞེས་ཤིག༔ རོལ་ཅིག༔ མ་ཧཱ་མཾ་ས་ལ་ཁཱ་ཧི་ཁཱ་ཧི༔ མ་ཧཱ་ཙིཏྟ་ལ་ཁཱ་ཧི་ཁཱ་ཧི༔ མ་ཧཱ་རཀྟ་ལ་ཁཱ་ཧི་ཁཱ་ཧི༔ མ་ཧཱ་གོ་རོ་ཙ་ན་ལ་ཁཱ་ཧི་ཁཱ་ཧི༔ མ་ཧཱ་བ་སུ་ཏ་ལ་ཁཱ་ཧི་ཁཱ་ཧི༔ རྒྱལ་བསེན་དམ་སྲི་དགྲ་བོ་གནོད་བྱེད་ཐམས་ཅད་བརླག་པའི་ཕྲིན་ལས་མཛོད་ཅིག༔ དེ་ནས་བསྟོད་པ་ང་རོའི་དབྱངས་ཀྱིས་འདི་སྐད་དོ༔ ཧཱུྃ༔ བསྐལ་པ་མེ་དཔུང་འབར་བའི་དཀྱིལ་འཁོར་ནས༔ བྱ་གྷི་ཝ་ཡེ་ཤེས་དབང་གི་སྐུ༔ སྐུ་མདོག་ནག་པོ་དབྱར་གྱི་ཆར་སྤྲིན་ལྟར༔ སྤྱན་གསུམ་དམར་འཁྲུག་ཞལ་བསྒྲད་མཆེ་བ་གཙིགས༔ སྨིན་མ་གློག་འཁྱུག་ཨག་ཚོམ་སྨྲ་ར་སེར་དབུ་སྐྲ་ལྕགས་ཀྱི་རལ་པས་མེ་སྟག་འཕྲོ༔ རྟ་མགོ་ལྗང་གུ་རྟ་སྐད་ཕྱོགས་བཅུར་སྒྲོག༔ ཐོད་སྐམ་རིན་ཆེན་སྣ་ལྔའི་དབུ་རྒྱན་ཅན༔ ཕྱག་གཡས་རལ་གྲིས་ཉོན་མོངས་འཁོར་བ་གཅོད༔ གཡོན་པས་ལྕགས་ཀྱུས་གནོད་བྱེད་སྙིང་ནས་འདྲེན༔ དར་ནག་བེར་ཆེན་སྐུ་སྟོད་གཡང་གཞི་གསོལ༔ སྦྲུལ་དང་ཐོད་རློན་ཕྲེང་བས་སྐུ་ལ་བརྒྱན༔ སྐུ་སྨད་སྟག་ལྤགས་རློན་པའི་


CMR015_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

ཤམ་ཐབས་གསོལ༔ གཡས་བསྐུམ་གཡོན་བརྐྱང་ཀླུ་རྒྱལ་ཕོ་མོའི་སྟེང་༔ རྔམ་བརྗིད་ངར་ལྡན་དྲག་པོར་ཁྲོས་པའི་སྐུ༔ ཡེ་ཤེས་སྐུ་མཆོག་དབུ་རྒྱན་ཐོད་ཕྲེང་གསོལ༔ དྲག་པོ་སྔགས་ཀྱི་འོད་ཟེར་ཚྭ་ཚྭ་འཕྲོ༔ སྡེ་བརྒྱད་གནོད་བྱེད་ཕོ་མོ་འདར་ཞིང་བརྒྱལ༔ སྤྱན་གཟིགས་ཁྲོས་པ་ཡེ་ཤེས་དབང་གི་ལྷ༔ དངོས་གྲུབ་མཆོག་སྩོལ་མཛད་ལ་ཕྱག་འཚལ་བསྟོད༔ སྐུ་གསུམ་ལྷུན་གྲུབ་ཁྱེད་ལ་ཕྱག་འཚལ་བསྟོད༔ ཧྲིལས་སྐྱེས་པའི་རྟ་མཆོག་དཔལ༔ དྲག་པོ་དཔལ་གྱིས་བཞད་པ་ནི༔ ཁམས་གསུམ་མ་ལུས་དབང་དུ་སྡུད༔ གདུག་པ་འདུལ་ལ་ཕྱག་འཚལ་བསྟོད༔ ཅེས་དཔལ་རྟ་མགྲིན་ལྕགས་རལ་ལྷ་ལྔའི་གཏོར་བསྔོས་བསྡུས་པའི་འདོན་ཆ་འདི་ལས་བྱང་དང་དབང་ཆོག་དང་༔ སྙན་བརྒྱུད་སྒྲུབ་ཁོག་ཟིན་བྲིས་དང་མང་པོ་དག་གི་དོན་བསྡུས་གོ་བདེར་དོན་གསལ་འདི་ཉིད་རཱ་ག་ཨ་སྱས་སྦྱར་བའོ༔ འཛབ་བསྐུལ་བཟླས་པ་བསྙེན་པ་ནི༔ ཧཱུྃ༔ བདེ་གཤེགས་རྒྱལ་བའི་དཀྱིལ་འཁོར་དུ༔ རང་བྱུང་ཡེ་ཤེས་དབང་གི་ལྷ༔ མཁའ་འགྲོ་གིང་དང་རིག་འཛིན་བཅས༔ ལྷུན་གྲུབ་ལོངས་སྐུའི་དཀྱིལ་འཁོར་ནས༔ གྲག་སྟོང་གསུང་གི་སྔགས་སྒྲ་སྒྲོག༔ སྤྲོས་པས་རྒྱལ་བ་མཆོད་པས་མཉེས༔ བསྡུས་པས་དངོས་གྲུབ་བདག་


CMR015_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཐིམ༔ གསང་བ་གསུམ་གྱི་དཀྱིལ་འཁོར་ནས༔ ཇི་སྲིད་སངས་རྒྱས་མ་ཐོབ་བར༔ ནམ་ཡང་གཏོང་བའི་དུས་མེད་དོ༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲྭ་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཅེས་བསྙེན་པའོ༔ བརྒྱ་རྩ་བཟླའོ༔ ཧཱུྃ༔ དགོངས་ཤིག་བླ་མ་ཡི་དམ་མཁའ་འགྲོའི་ཚོགས༔ དབང་ཆེན་ལྕགས་རལ་འདུས་པའི་ལྷ་ཚོགས་རྣམས༔ ཐམས་ཅད་མ་ལུས་དགོངས་སུ་གསོལ༔ བདག་ཅག་སྐལ་ལྡན་སྒྲུབ་པ་པོའི༔ དངོས་གྲུབ་འབྱུང་བའི་དུས་ལ་བབ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཉམས་ཆག་འགལ་འཁྲུལ་མཐོལ་ལོ་བཤགས༔ ཨོཾ་ཧིབཛྲ་ཀྲོ་དྷ་ཧྱ་གྷི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཀཱ་ཡ་སིདྡྷི་ཨོ༔ སྐུ་ཡི་དངོས་གྲུབ་ཐོབ་པར་བསམ༔ ཝཀྐ་སིདྡྷི་ཨཱཿ གསུང་གི་དངོས་གྲུབ་ཐོབ་པར་བསམ༔ ཙིཏྟ་སིདྡྷི་ཧཱུྃ༔ ཐུགས་ཀྱི་དངོས་གྲུབ་ཐོབ་པར་བསམ༔ འདི་ལྟར་བདག་བསྐྱེད་གཏོར་བསྔོས་བསྟོད་པ་དང་༔ བསྙེན་པས་བསྒྲུབ་པ་ཀུན་གྱི་གོ་ཆོད་དོ༔ ལས་བྱང་གཞུང་བསྲང་མི་དགོས་གསུངས་པ་ལྟར༔ རཱ་ག་ཨ་སྱས་སྦྱར་བའོ༔ ཉེས་འགལ་མཆིས་ན་སྤྱན་རས་གཟིགས་ལ་བཤགས༔ དགེ་བས་གསང་སྔགས་མཐའ་རུ་རྒྱས་པར་ཤོག༔ མངྒ་ལཾ། །


CMR015_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousདཔའ་བོ་རྟ་མགྲིན་ལྕགས་རལ་ཅན་གྱི་ལས་བྱང་ཉུང་བསྡུས་གཏོར་བསྔོས།next