Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དཔལ་རྟ་མགྲིན་ནག་པོའི་ཆ་ལག་ཚོགས་མཆོད་དངོས་གྲུབ་མཆོག་སྩོལ།
   
   
   
   
   
   
   
   
   
   
   
   
   


 
previousདཔལ་རྟ་མགྲིན་ནག་པོའི་ཆ་ལག་ཚོགས་མཆོད་དངོས་གྲུབ་མཆོག་སྩོལ།next

དཔལ་རྟ་མགྲིན་ནག་པོའི་ཆ་ལག་ཚོགས་མཆོད་དངོས་གྲུབ་མཆོག་སྩོལ།


CMR015_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་རྟ་མགྲིན་ནག་པོའི་ཆ་ལག༔ ཚོགས་མཆོད་དངོས་གྲུབ་མཆོག་སྩོལ་ཞེས་བྱ་བ་བཞུགས་སོ༔


CMR015_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

ཤྲཱི་བཛྲ་ཧུ་ཧཱུྃ་ཝ་པ་ཤཾ་རི་པཱུ་ཛཿ ལས་བྱང་རྒྱས་བསྡུས་གང་རུང་བཏོན་ནས༔ སྐབས་སུ་ཉམས་ཆགས་བསྐང་བའི་ཕྱིར་དུ་ཅི་འབྱོར་བའི་ཚོགས་མཆོད་ཚུལ་བཞིན་བཤམས་ལ་བྲན༔ ཨོཾ་བཛྲ་ཀྲོ་ཏ་ཧྱ་གྷི་ཝ་ཧཱུྃ་ཕཊ༔ ཀྱིས་བསངས། ཨོཾ་སྭ་བྷ་ཝས་སྦྱངས༔ བྱིན་རླབས་ནི༔ ཧཱུྃ༔ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ ཡི་གེ་རཾ་ཡཾ་ཁཾ་གསུམ་འཕྲོས༔ ཚོགས་སྟེང་རིམ་གྱིས་བབ་པ་ལས༔ རཾ་ལས་མེ་ཡི་དངོས་འཛིན་བསྲེགས༔ ཡཾ་ལས་རླུང་བྱུང་བག་ཆགས་གཏོར་ཁཾ་ལས་ཆུ་བྱུང་གཉིས་འཛིན་བཀྲུས༔ ཨོཾ་དཀར་དམར་ཧཱུཾ་སྔོན་ཐིམ༔ སྐུ་གསུང་ཐུགས་ཀྱི་བདུད་རྩིར་གྱུར༔ ཧ་ཧོ་ཧྲཱིཿབརྗོད་


CMR015_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

དགྱེས་ཚིམས་གྱུར༔ ཟེར་ཀློང་མཆོད་པའི་སྤྲིན་ཕུང་གྱུར༔ ཚོགས་ལ་སྤྱན་འདྲེན་པ་ནི༔ ཧཱུྃ༔ དབང་གི་རྒྱལ་པོ་རྟ་མགྲིན་ཧེ་རུ་ཀ༔ ཡེ་ཤེས་སྤྲུལ་པའི་ཁྲོ་ཚོགས་འཁོར་དང་བཅས༔ སྔོན་ཚེ་ཐུགས་བསྐྱེད་ཐུགས་དམ་དགྱེས་དགོངས་ལ༔ གནས་འདིར་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛཿཧཱུྃ་བཾ་ཧོ༔ བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ ཚོགས་ཁང་དུར་ཁྲོད་འབར་བའི་གཞལ་ཡས་འདིར༔ ཉི་ཟླ་པདྨ་དྲེགས་པ་བསྣོལ་བའི་སྟེང་༔ དབང་མཆོག་ཁྲོ་རྒྱལ་རྟ་མགྲིན་ལྷ་ཚོགས་རྣམས༔ གཉིས་སུ་མེད་པར་བརྟན་པར་བཞུགས་སུ་གསོལ༔ ས་


CMR015_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡ་ཏིཥྛ་ལྷན༔ ཕྱག་འཚལ་བ་ནི༔ ཧཱུྃ༔ ཁྲོ་རྒྱལ་རྟ་མགྲིན་ལྷ་ཚོགས་འཁོར་བཅས་ལ༔ རབ་གུས་གདུང་བས་ལུས་ངག་ཡིད་དང་བཅས༔ ཞིང་གི་རྡུལ་རྙེད་སྤྲུལ་པས་ཐལ་མོ་སྦྱར༔ སྐད་ཅིག་གྲངས་མེད་རབ་ཏུ་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱི་ཙ་ཧོ༔ དེ་ནས་ཚོགས་མཆོད་འབུལ་བ་ནི༔ ཚོགས་ལ་འདོད་ཡོན་ལྷ་མོ་འཕྲོས༔ གླུ་གར་གདུང་བའི་དབྱངས་དང་བཅས་གཟུགས་སྒྲ་དྲི་རོ་རེག་བྱ་ཆོས༔ ཚོགས་དྲུག་དགྱེས་པའི་མཆོད་པ་འབུལ༔ ཧཱུྃ༔ རང་བཞིན་སྐུ་གསུམ་གཞལ་ཡས་ནས༔ གུ་རུ་པདྨ་འབྱུང་གནས་ལ༔ རིག་འཛིན་ཌཱ་ཀིའི་ཚོགས་ཀྱིས་བསྐོར༔ རྒྱན་ཆ་གར་དབྱངས་རོལ་མོ་བཅས༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས༔ སྐལ་ལྡན་བདག་ལ་བྱིན་གྱིས་རློབས༔ དབང་དྲག་རོལ་པའི་གཞལ་ཡས་ན༔ རྟ་མགྲིན་ནག་པོ་ལྕགས་རལ་ཚོགས༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཡཀྵ་ནག་པོ་མེ་དབལ་ཚོགས༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས༔ གནོད་སྦྱིན་ནག་པོ་ལྕགས་རལ་ཚོགས༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས༔ འཇིགས་བྱེད་བྱ་ཁྱུང་


CMR015_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

དམར་པོའི་ཚོགས༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས་སྤྲུལ་པ་ལྕགས་སྡིག་ནག་པོའི་ཚོགས༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས༔ བཀའ་ཉན་དྲེགས་པ་སྡེ་བརྒྱད་ཚོགས༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས༔ བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས༔ འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས༔ ཧཱུྃ༔ དཔལ་ཆེན་རྟ་མགྲིན་ནག་པོ་འཁོར་དང་བཅས་ལ༔ འདོད་ཡོན་ཚོགས་ཀྱི་མཆོད་པ་འབུལ༔ དུག་གསུམ་སྨན་རཀ་གཏོར་མའི་མཆོད་པ་འབུལ༔ ཐུགས་དམ་བསྐང་ལ་ལས་བཞིའི་ཕྲིན་ལས་མཛོད༔ ཕྱི་ནང་གསང་བའི་ཉམས་ཆག་མཐོལ་ལོ་བཤགས༔ དགྲ་བགེགས་འཁོར་བཅས་ཚོགས་དང་ལྷན་ཅིག་བཞེས༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་ཌཱ་ཀི་ནི་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ག་ཎ་ཙཀྲ་སརྦ་པཱུ་ཙ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཤ་ཏྲི་ཁ་རཾ་ཁཱ་ཧི༔ དེ་ནས་ཚོགས་ཕུད་གཏོར་མར་ཕུལ་ལོ་འདི་ཡན་ཚོགས་ལ་ཚང་ཤིང་༔ སླར་ཡང་སྤྲོ་ན་ཚོགས་བར་པ་འབུལ་ཞིང་བསྐང་བཤགས་གཞུང་ལྟར་བྱ་བའམ༔ ཡང་ན། ཨོ༔ མཆོད་པའི་ཡོ་བྱད་ཕྱི་ནང་གསང་བའི་ཚོགས༔ གླིང་བཞི་རི་རབ་ལྷ་མའི་འདོད་ཡོན་བཅས༔ དངོས་དང་བློ་ཡིས་ཕྱོགས་མཚམས་ཀུན་


CMR015_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

བསྐང་ནས༔ རྟོག་མེད་ཆོས་དབྱིངས་རོལ་པའི་ཀློང་དུ་གསལ༔ ཨོཾ་ཨཱཧཱུྃ་ཨེ་ཝཾ་བྷཾ་རཏྣ་མཎྜལ་ལ་པཱུ་ཛ་ཧཱུྃསྭཱ་ཧཱ༔ ཧཱུྃ༔ ཚོགས་ཀྱི་ལོངས་སྤྱོད་མཆོད་སྤྲིན་རྒྱ་མཚོ་འདིས༔ སྐུ་གསུམ་བཀའ་བརྒྱུད་བླ་མའི་ཐུགས་དམ་བསྐང་༔ ཡི་དམ་རྒྱལ་བ་རྒྱ་མཚོའི་ཐུགས་དམ་བསྐང་༔ རྟ་མགྲིན་ནག་པོ་ལྕག་རལ་ཐུགས་དམ་བསྐང་༔ ཁྲོ་རྒྱལ་ཡཀྵ་ནག་པོའི་ཐུགས་དམ་བསྐང་༔ གནོད་སྦྱིན་ནག་པོ་ལྕགས་རལ་ཐུགས་དམ་བསྐང་༔ འཇིགས་བྱེད་ག་རུ་ཌ་ཡི་ཐུགས་དམ་བསྐང་༔ སྤྲུལ་པ་ལྕགས་སྡིག་ནག་པོའི་ཐུགས་དམ་་བསྐང་༔ བཀའ་ཉན་དྲེགས་པ་ཕོ་མོའི་ཐུགས་དམ་བསྐང་༔ ལས་བྱེད་ཕོ་ཉ་ཡོངས་ཀྱི་ཐུགས་དམ་བསྐང་༔ གཏེར་བདག་གཏེར་སྲུང་རྣམས་ཀྱི་ཐུགས་དམ་བསྐང་༔ ཐུགས་དམ་བསྐང་ལ་དངོས་གྲུབ་མཐའ་དག་སྩོལ༔ ཕྱི་ནང་བར་ཆད་མ་ལུས་བཟློག་ཏུ་གསོལ༔ སྡང་དགྲ་གནོད་བྱེད་ཐལ་བ་རྡུལ་དུ་རློགས༔ ཐུགས་དམ་དུས་ལ་བབ་བོ་ས་མ་ཡ༔ ཧཱུྃ༔ རྟ་མགྲིན་ལྷ་ཚོགས་གསན་ཅིང་དགོངས་སུ་གསོལ༔ ཕུང་ཁམས་རྣམ་དག་རིགས་ལྔ་ཡབ་ཡུམ་ལ༔ ཡེ་ཤེས་ལྔ་ཡི་ངོ་བོར་མ་གཏོགས་ཤིང་༔ མ་དག་དུག་ལྔར་


CMR015_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱོད་པ་མཐོལ་ལོ་བཤགས༔ བདག་མེད་ཆོས་དབྱིངས་རང་ཞལ་མ་མཐོང་ཞིང་༔ གཟུང་འཛིན་དབང་གིས་སྲིད་པའི་འཁོར་བར་འཁྱམས༔ གསང་སྔགས་སྤྱོད་པས་དམ་ཚིག་ཉམས་ཞིང་ཆགས༔ ཐུགས་དང་འགལ་བ་ཅི་བགྱིས་མཐོལ་ལོ་བཤགས༔ བཟོད་པར་གསོལ་ལོ་དབང་ཆེན་ལྷ་ཡི་ཚོགས༔ སྒྲིབ་མེད་དག་པ་ཚང་པའི་དངོས་གྲུབ་སྩོལ༔ ཅེས་ཡི་གེ་བརྒྱ་པ་བཟླས་སོ། ༈ དེ་ནས་ཐ་མ་ཚོགས་བསྒྲལ་བའི་མཆོད་པ་ནི༔ རྒྱས་པར་གཞུང་ལྟར་བྱའོ༔ འདིར་ཐོད་པའི་ནང་དུ་ཤ་དུམ་དང་ཚོགས་དུམ་བྲན་ནས༔ ཧཱུྃ༔ བྷན་གྲུ་གསུམ་ལས་ཀྱི་བཙོན་ཁང་དུ༔ གནོད་བྱེད་དགྲ་བགེགས་དངོས་སུ་གསལ་བར་གྱུར༔ བདག་ཉིད་ལྷ་ཡི་ཐུགས་ཀའི་ས་བོན་ལས༔ རང་འདྲའི་ཁྲོ་ཆུང་དཀར་སེར་དམར་ལྗང་འཕྲོས༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་ཐོགས༔ གནོད་བྱེད་འགུགས་འཆིངས་བསྡོམ་མྱོས་ལས་བྱེད་གྱུར༔ ན་མོ་བླ་མ་སངས་རྒྱས་ཆོས་ཚོགས་དང་རྟ་མགྲིན་ནག་པོའི་ལྷ་ཚོགས་བདེན་པ་དང་༔ བཀའ་སྲུང་དམ་ཅན་རྒྱ་མཚོའི་བདེན་པའི་མཐུས༔ གནོད་བྱེད་ལུས་ངག་ཡིད་གསུམ་འདིར་ཁུག་ཅིག༔ ཎི་ཏྲི་ཨ་ཀར་ཡ་ཛ་ཛཿ དེ་བ་པྲ་ཝེ་ཤ་ཡ་ཕཊ་


CMR015_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

ཕཊ༔ བསྒྲལ་བ་ནི་ཕུར་པ་ཐོགས་ལ༔ ཧཱུྃ༔ ང་ནི་དཔལ་ཆེན་རྟ་མགྲིན་ཁྲོས་པའི་སྐུ༔ རྔམས་བརྗིད་དཔལ་གྱི་རྟ་སྐད་རྩེ་རེ་རེ༔ མེ་དུད་ཟེར་འཁྲུག་སྐུ་ལས་ཁྲོ་ཆུང་འཕྲོས༔ ཕྱག་ན་གནམ་ལྕགས་འབར་བའི་ཕུར་པ་བསྣམས༔ སྟོད་ནི་ཁྲོ་ཆེན་འབར་བའི་རྟ་མགྲིན་སྐུ༔ སྐེད་པ་རྒྱ་མདུད་གློག་དམར་ཁྱུགས་སེ་ཁྱུག༔ དབལ་སོ་ཆུ་སྲིན་རྔམ་ཞལ་འབྲུག་སྟོང་ལྡིར༔ སྐུ་སྨད་གནམ་ལྕགས་ཕུར་པ་ཟུར་གསུམ་རྣོ༔ དབལ་སོར་དུག་ཐུན་མཚོན་གྱི་ཆར་པ་འབེབས༔ དགྲ་བགེགས་སྲོག་སྙིང་ནི་ཏྲིར་ཀཱི་ལ་ཡ༔ ཕུར་ཐུན་དྲག་པོ་གནམ་ལྕགས་ཐོག་ལྟར་རྒྱོབས༔ དགྲ་བགེགས་འབྱུང་པོ་ཐལ་བ་རྡུལ་དུ་རློགས༔ ཨོཾ་བཛྲ་ཀྲོ་ཏ་ཧྱ་གྷཾ་ཝ་ཧཱུྃ་ཕཊ༔ ཡཀླུ་ནག་པོ་ཀྲྀ་ཏྲི་ཧུར་ཐུམ་ཛཿ གནོད་བྱེད་མཱ་ར་ཡ་སྲོག་ལ་རྦད་རྦད༔ སྙིང་ལ་རྦད་རྦད༔ རྩ་ལ་རྦད་རྦད༔ ཤ་ལ་རྦད་རྦད༔ རུས་ལ་རྦད་ཆད༔ ཀླད་པ་ལ་ཆད་ཆར༔ ཡིད་ལ་རྦད་རྦད། ཙིཏྟ་ཟུང་ཟུང་༔ ཙིཏྟ་རྨུགས་རྨུགས༔ ཙིཏྟ་ཆུམ་ཆུམ༔ ཙིཏྟ་གཏུབ་གཏུབ༔ ཙིཏྟ་ཕྱུང་ཕྱུང་༔ ཙིཏྟ་མྱོགས་མྱོགས༔ ཙིཏྟ་ཐཾ་ཐཾ༔ ཧྲིལ་ཡ་ཡ༔ བྷོ་བྷྱོ༔ སྲོག་རྩ་ཆོད་ཆོད༔ སྙིང་རྩ་ཕྱུང་ཕྱུང་། ཁཾ་ཁཾ། ལཾ་ལཾ།


CMR015_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

ཚལ་པ་རྦད་རྦད། དུམ་བུར་རྡུད་རྡུད། ཐུ་མྱོག་བི་རིལ་མཱ་ར་ཡ་རྦད་སོད༔ རཾ་རཾ་ཛྭ་ལ་རཾ་ཨུ་ཙ་ཏ་ཡ་ཕཊ༔ ཅེས་གདབ་ཅིང་གཏུབ་བོ། །ལིང་རོ་བདུད་རྩིས་བྲན་ནས་བཏེག༔ ཧཱུྃ༔ དགྲ་བགེགས་ཡིད་ལ་བརྣག་པ་འདིས༔ ཕུང་ཁམས་སྐྱེ་མཆེད་རྫོགས་པ་འདི༔ རྟ་མགྲིན་ལྷ་ཚོགས་ཞལ་དུ་བསྟབ༔ སྡེ་བརྒྱད་དྲེགས་པའི་ཞལ་དུ་བསྟབ༔ གསོལ་ཅིག་རོལ་ཅིག་ཁ་རཾ་ཁཱ་ཧི༔ ཞེས་གཏོར་མ་དང་མདོས་གང་ཡོད་པར་འབུལ་ཞིང་༔ དགྲ་བགེགས་ཀྱི་མ་ཧཱ་མཾ་ས་ལ་ཁཱ་ཧི༔ རཀྟ་ལ༔ ཙིཏྟ༔ གོ་རོ་ཙ་ན་ལ༔ བ་སུ་ཏ༔ མཉྩ་མཉྩི༴ ཀིང་ནི་རི་ཏི་ལ་ཁ་རཾ་ཁཱ་ཧི༔ དེ་ནས་ཚོགས་ལ་རོལ་བ་ནི༔ ཀྱེ༔ རྡོ་རྗེ་སློབ་དཔོན་མཆེད་དང་ལྕམ་དྲལ་ཚོགས༔ རྟོག་མེད་ཡེ་ཤེས་ཚོགས་ལ་རོལ་དུ་གསོལ༔ ལན་དུ༔ ཧོ༔ གཟུང་འཛིན་དག་པ་ཆོས་དབྱིངས་སྐྱེ་འགགས་བྲལ༔ འདུ་འབྲལ་མེད་པ་ཟག་མེད་ཚོགས་ལ་སྤྱོད༔ ཨ་ལ་ལ་ཧོཿ ཞེས་གླུ་བླངས་ཤིང་རོལ༔ དེ་ནས་ལྷ་མ་བསྡུས་ནས་དཀྱིལ་འཁོར་མཐར་བཞག་ལ༔ བདུད་རྩིས་བྲན་ལ༔ བྷནྡྷར་གནས་པའི་ཚོགས་ལྷག་གཏོར་མ་ནི༔ འབྲུ་གསུམ་ཞུ་འདྲེས་བདུད་རྩིའི་རྒྱ་མཚོར་གྱུར༔ ཨོཾ་ཨཱཧཱུཾ། ཨོཾ་ཨ་ཀཱ་རོ་སོགས་ཀྱིས་བརླབས་ནས༔


CMR015_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ༔ དཀྱིལ་འཁོར་མུ་རན་སྐྱོང་མཛད་བྲན་གྱི་ཚོགས༔ ལྷག་ལ་དབང་བའི་མཁའ་འགྲོ་ཤུགས་འགྲོ་དང་༔ དམ་ལ་བཏགས་པའི་ཕྱི་འབྲང་འབྱུང་པོའི་ཚོགས༔ དུར་ཁྲོད་འགྲིམ་ཞིང་ཤ་ཁྲག་ཟས་སུ་རོལ༔ ཚོགས་ཁང་ཉུལ་ཞིང་ལྷག་མའི་གཏོར་མར་སྤྱོད༔ བསྟན་པ་སྲུང་ཞིང་རྣལ་འབྱོར་ཕྲིན་ལས་སྒྲུབས༔ སྔོན་ཚེ་ཞལ་བཞེས་དམ་ལས་མ་འདའ་བར༔ བཀའ་ཡི་ཕ་འབབ་ཚོགས་ལྷག་འདི་བཞེས་ལ༔ ཞི་རྒྱས་དབང་དྲག་འགུགས་གཟིར་མནན་ལ་སོགས༔ ཕྲིན་ལས་སྒྲུབ་ཅིང་བར་ཆད་བཟློག་པར་མཛོད༔ ཨོཾ་ཨུཙྪིཥྚ་བ་ལི་ཏ་ཁཱ་ཧི༔ ཞེས་པས་ལྷག་མ་འབུལ་ཞིང་བཤལ་ཆུ་དོར་རོ༔ དེ་ནས་ཐུན་གཏོར་འབུལ་བ་ནི༔ དཀར་གཏོར་སྤྱི་ལྟར་འབུལ། དམར་གཏོར་ཤ་ཁྲག་གིས་བརྒྱན་པ་བཤམས་ལ༔ ཐུན་གཏོར་བཀུག་གཞུག་གོང་ལྟར་རམ་སྤྱི་ལྟར་བྱས་ལ༔ ཨོཾ་རྒྱ་གྲྭ་ཝ་དྷེ་ཝ་ག་ཎ་དྷརྨ་པ་ལ་ས་པཱ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ དགྲ་བགེགས་ཀྱི་མ་ཧཱ་མཾ་ས་ལ་ཁཱ་ཧི༔ མ་ཧཱ་རཀྟ་ལ་ཁཱ་ཧི༔ མ་ཧཱ་གོ་རོ་ཙ་ན་ལ་ཁཱཧྲཱིཿ མ་ཧཱ་ཙིཏྟ་ལ་ཁཱ་ཧི༔ སླར་ཡང་བདུད་རྩིས་བྲན་ལ༔ ཨོཾ་ཨཱཿཧཱུྃ་ཞུ་བ་གཏོར་མ་ལ་ཐིམ་པས་ཡེ་ཤེས་ཀྱི་བདུད་རྩིར་གྱུར༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧི༔ ལན་གསུམ། ཧཱུྃ༔ ཐུགས་རྗེ་ཆེན་པོ་


CMR015_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་སྤྱན་རས་གཟིགས༔ ཐུགས་རྗེས་དབང་གིས་ཁྲོ་རྒྱལ་སྐུར་སྟོན་པ༔ གར་གྱི་དབང་ཕྱུག་ཁྲོ་རྒྱལ་ཀུན་གྱི་རྗེ༔ དཔལ་ཆེན་རྟ་མགྲིན་སྐུ་ལ་ཕྱག་འཚལ་བསྟོད༔ ཡཀྴ་ནག་པོ་གནོད་སྦྱིན་ལྕགས་རལ་ཚོགས༔ ཁྱུང་ཆེན་འབར་བ་ལྕགས་སྡིག་ནག་པོ་དང་༔ བཀའ་ཡི་ཕོ་ཉ་དྲེགས་པ་སྡེ་བརྒྱད་ཚོགས༔ མ་ལུས་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད༔ དབང་གི་རྒྱལ་པོ་པདྨ་ཧེ་རུ་ཀ༔ ཡེ་ཤེས་སྤྲུལ་པའི་ཁྲོ་ཚོགས་འཁོར་དང་བཅས༔ སྡེ་བརྒྱད་སྲུང་མ་སྣང་སྲིད་བྲན་གྱི་ཚོགས༔ སྔོན་གྱི་ཁས་བླངས་དམ་བཅས་ཇི་བཞིན་ཏུ༔ ཐུགས་དམ་དབང་གིས་གཏོར་མ་འདི་བཞེས་ལ༔ བྱང་ཆུབ་ལམ་གྱི་བར་ཆད་བསྒྲལ་བ་དང་༔ བསྟན་པ་བཤིག་པའི་དགྲ་དང་བགེགས་ལ་སོགས༔ བདུད་དང་ལོག་པར་འདྲེན་པ་ཐམས་ཅད་ལ༔ མངོན་སྤྱོད་དྲག་པོས་བསྒྲལ་བའི་ཕྲིན་ལས་མཛོད༔ ཅེས་གཏོར་མ་འབུལ༔ ཡང་རྒྱས་པར་སྤྲོ་ན༔ ཧཱུྃ་གྲུ་གསུམམཐིང་ནག་འབར་བའི་དཀྱིལ་འཁོར་ནས༔ ལས་གཞུང་ལྟར་སོགས་ལས་བསྐུལ་ལོ༔ དེ་ནས་བཀའ་ཡི་ཆད་ཐོ་ནི༔ བྷྱོ༔ སྔོན་ཚེ་འདས་དུས་བསྐལ་པའི་དང་པོ་ལ༔ ནུབ་ཕྱོགས་བདེ་ཆེན་དབང་གི་གཞལ་ཡས་སུ༔


CMR015_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཆེན་ཁྲག་འཐུང་པདྨ་ཧེ་རུ་ཀས༔ རྟ་སྐད་ལན་གསུམ་སྒྲ་སྒྲོག་སྣང་སྲིད་འདུལ༔ ཐ་ཚིག་གསུམ་གྱིས་དམ་ལ་བཞག་པའི་ཚེ༔ ཡེ་ཤེས་ལས་དང་འཇིག་རྟེན་ཌཱཀྐིའི་ཚོགས༔ སོ་སོའི་གཟུགས་མཆོག་བསྟན་ནས་ཞལ་བཞེས་པ༔ མ་འོངས་གཡར་དམ་ཅན་གྱི་རྣལ་འབྱོར་ལ༔ བུ་བཞིན་སྐྱོང་ནས་དངོས་གྲུབ་སྩོལ་བ་དང་༔ གཏོར་ལེན་ལས་སྒྲུབ་བྱེད་པ་ཁྱོད་བཞིན་དུ༔ དམ་ལས་མ་འདའ་དམ་རྫས་ཤ་ཁྲག་གི༔ གཏོར་མ་འདི་བཞེས་བཅོལ་བའི་ཕྲིན་ལས་མཛོད༔ བྷྱོ༔ དེ་འོག་བར་གྱི་བསྐལ་པའི་དབུས་མ་ལ། མི་མཇེད་འཇིག་རྟེན་རི་བོ་མ་ལ་ཡ༔ དབང་ཆེན་རྟ་མགྲིན་ནག་པོ་ཡབ་ཡུམ་གྱིས༔ དྲེགས་པ་རུ་ཏྲའི་སྡེ་དཔོན་བཏུལ་བའི་ཚེ༔ གནས་དང་ཡུལ་གྱི་སྲུང་མ་ཐམས་ཅད་ཀྱིས༔ སྣང་སྲིད་འབྱུང་པོ་ཕོ་མོ་ཐམས་ཅད་ཀྱིས༔ སོ་སོའི་གཟུགས་མཆོག་བསྟན་ནས་ཞལ་བཞེས་པ༔ མ་འོངས་གཡར་དམ་ཅན་གྱི་རྣལ་འབྱོར་ལ༔ བུ་བཞིན་སྐྱོང་ནས་དངོས་གྲུབ་སྩོལ་བ་དང་༔ གཏོར་ལེན་ལས་སྒྲུབ་བྱེད་པ་ཁྱོད་བཞིན་དུ༔ དམ་ལ་མ་འདའ་དམ་རྫས་ཤ་ཁྲག་གི༔ གཏོར་མ་འདི་བཞེས་བཅོལ་བའི་ཕྲིན་ལས་མཛོད༔ བྷྱོ༔ དེ་འོག་


CMR015_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

བསྐལ་པ་དུས་ཀྱི་ཐ་མ་ལ༔ མངའ་བདག་ཆེན་པོ་ཉི་མ་འོད་ཟེར་གྱིས༔ བསམ་ཡས་མཆིམས་ཕུར་མཁའ་འགྲོའི་གཏེར་མཛོད་ནས༔ དབང་ཆེན་ནག་པོ་ལྕགས་རལ་རྒྱུད་ཕྱུང་ཞིང་༔ དཀྱིལ་འཁོར་ཞལ་ཕྱེས་ཕྲིན་ལས་མཛད་པའི་ཚེ༔ བཀའ་དང་གཏེར་གྱི་སྲུང་མ་ཐམས་ཅད་ཀྱིས༔ སོ་སོའི་གཟུགས་མཆོག་བསྟན་ནས་ཞལ་བཞེས་པ༔ མ་འོངས་གཡར་དམ་ཅན་གྱི་རྣལ་འབྱོར་ལ༔ བུ་བཞིན་སྐྱོང་ནས་དངོས་གྲུབ་སྩོལ་བ་དང་༔ གཏོར་ལེན་ལས་སྒྲུབ་བྱེད་པ་ཁྱོད་བཞིན་དུ༔ དམ་ལས་མ་འདའ་དམ་རྫས་ཤ་ཁྲག་གི༔ གཏོར་མ་འདི་བཞེས་བཅོལ་བའི་ཕྲིན་ལས་མཛོད༔ བྷྱོ༔ སྔོན་ཚེ་སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ ཇི་ལྟར་བཀའ་བསྒོས་དམ་ལས་མ་འདའ་བར༔ ཆད་མདོའི་དམ་ཅན་སྲུང་མ་ཐམས་ཅད་ཀྱིས༔ བདག་གི་གྲོགས་མཛོད་ལས་བཞིའི་ཕྲིན་ལས་མཛོད༔ ཅེས་དང་༔ དེ་ནས་གཏོར་མ་བཏེག་ལ་སྨན་རག་གིས་བྲན་ནས༔ བརྟན་མ་འབུལ་བ་ནི༔ བྷྱོ༔ གངས་ཅན་མཐའ་དབུས་ཀུན་ལ་གནས་པ་ཡི༔ བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས་ཀྱང་༔ མི་སྡུག་བདུད་མོ་བཞི་དང་གནོད་སྦྱིན་མོ༔ ཁྲོ་འཛུམ་ཞི་དང་སྒེག་ཆགས་སྨན་མོ་


CMR015_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

བཞི༔ སིལ་སྙན་རོལ་མོའི་སྒྲ་དང་གླུ་དང་བཅས༔ རང་རང་གནས་ནས་འདིར་བྱོན་གཏོར་མ་བཞེས༔ ཁྱོད་རྣམས་སྔོན་གྱི་ཞལ་བཞེས་གཡར་དམ་ཅན༔ དཔལ་གྱི་བཀའ་བཞིན་ལས་རྣམས་བསྒྲུབ་པ་དང་༔ རྣལ་འབྱོར་བདག་གི་འགལ་རྐྱེན་བར་ཆད་ཟློག༔ མཐུན་པའི་ལས་རྣམས་མྱུར་དུ་འགྲུབ་པར་མཛོད༔ སྡང་བའི་དགྲ་བགེགས་མ་ལུས་རྡུལ་དུ་རློགས༔ མ་མ་ཧྲི་ཧྲི་བ་ལིཾ་ཏ་ཁཱ་ཧི༔ བཛྲ་པྲ་མོ་ཧ་བྷོ་བྷོ་ཟློག་ཟློག༔ ཅེས་གཏོར་མ་བཤལ་ཆུ་དང་བཅས་འབུལ་ལོ༔ དེ་ནས་གཏོར་སྣོད་སྒྲུབ་ལ་གཏོར་བྲོ་བརྡུང་བ་ནི༔ ཧཱུྃ༔ ང་ནི་རྟ་མགྲིན་ཁྲོས་པའི་སྐུ༔ རྟ་སྐད་འཚེར་ཞིང་རྟ་བྲོ་འཁྲབས༔ སྟོང་གསུམ་འགུལ་ཞིང་ཁམས་གསུམ་གཡོ༔ གནོད་བྱེད་དགྲ་བགེགས་འབྱུང་པོ་རྣམས༔ རི་རབ་འབྱུང་བཞིའི་འོག་ཏུ་མནན༔ རྒྱ་གྲམ་རླུང་གི་དབུས་སུ་ཚུད༔ ལུས་བཟློག་བསྐལ་བར་མ་ལྡང་ཞིག༔ བྲུབ་ཡ་ནན་ཡ་མཱ་ར་ཡ༔ ཧཱུྃ༔ ཕྱོགས་བཅུའི་ནམ་མཁའི་ཁམས་ཡོངས་ནས༔ ཁྲོ་བོའི་ཚོགས་དང་ཁྲོ་མོའི་ཚོགས༔ མ་སྲིང་ཚོགས་དང་མཁའ་འགྲོའི་ཚོགས༔ བྲོ་ལ་གཤེགས་སོ་ཆེམས་སེ་ཆེམ༔ དཔའ་བོའི་བྲོ་བརྡུང་ཁྲིགས་སེ་ཁྲིག༔ དཔའ་མོའི་གླུ་ལེན་ཀྱུ་རུ་རུ༔ དཔལ་གྱི་་


CMR015_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་སྐད་ཅེ་རེ་རེ༔ ཧཱུྃ་ནན་བྷོ་ནན་ཨ་ལ་ལ༔ ཧཱུྃ་གར་གྱི་ཉམས་དགུ་སྐུ་ཡི་བྲོ༔ ས་གསུམ་འདུལ་བ་ཁྲོ་བོའི་རྩ་ལ༔ དགྲ་བགེགས་ལུས་ནན་མཱ་ར་ཡ༔ ཨོཾ་ཡ་ནན་ཡ་ཨ་ལ་ལ༔ ཧཱུྃ་རྟ་སྐད་འཚེར་བ་གསུང་གི་བྲོ༔ ཁམས་གསུམ་ཟིལ་གནོན་རྟ་ཡི་རྩལ༔ དགྲ་བགེགས་ངག་ནན་མཱ་ར་ཡ༔ ཧཱུྃ་ཡ་ནན་ཡ་ཨ་ལ་ལ༔ ཧཱུྃ་དགྲ་བགེགས་འབྱུངཔོ་གདོན་གྱི་ཚོགས༔ ཡེ་ཤེས་རོལ་པའི་ངང་ཉིད་ལས༔ མནན་བཤིག་བསྲེགས་གཏོར་སྟོང་པར་སྦྱངས༔ བསྐལ་པའི་བར་དུ་མ་ལྡང་ཞིག༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲྭ་ཝ་ཧཱུྃ་ཊ༔ སརྦ་བིགྷཱན་ཤ་ཧཱུཾ་སྟམྦྷ་ཡ་ནན༔ ཞེས་པས་དངོས་སམ་ཡིད་ཀྱིས་འཁྲབ་བོ༔ དེ་ནས་གཏོར་སྣོད་ཁ་ཡར་ཕྱོགས་ནས་འབྲུ་ལ་སོགས་ཀྱིས་བསྐང་ལ༔ ཧཱུྃ༔ གྲུབ་པ་མཐར་ཕྱིན་རྣལ་འབྱོར་ཆེ་མཆོག་གི་རིག་འཛིན་མཆོག་ལྔ་གྲུབ༔ ཐུན་མོང་བརྒྱད་ཀྱི་ལས་འགྲུབ་ཅིང་༔ མ་ལུས་ཡོ་བྱད་ལོངས་སྤྱོད་ཤོག༔ ཅེས་སམ༔ དེ་ནས་རྗེས་ཀྱི་ལས་རིམ་མཆོད་བསྟོད་བསྡུ་རིམ་བཀྲ་ཤིས་སྨོན་ལམ་བསྔོ་བ་ལ་སོགས་ལས་གཞུང་ལྟར་བྱའོ༔ ཞེས་རཱ་ག་ཨ་སྱས་སྦྱར་བའོ༔ སརྦ་མངྒ་ལཾ།།


CMR015_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousདཔལ་རྟ་མགྲིན་ནག་པོའི་ཆ་ལག་ཚོགས་མཆོད་དངོས་གྲུབ་མཆོག་སྩོལ།next