Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དཔལ་ཆེན་རྟ་མགྲིན་ཡང་ཕྱུང་ནག་པོ་ལས་བསྐང་བ་བདུད་རྩའི་རྒྱ་མཚོ།
   
   
   
   
   
   
   
   
   
   
   


 
previousདཔལ་ཆེན་རྟ་མགྲིན་ཡང་ཕྱུང་ནག་པོ་ལས་བསྐང་བ་བདུད་རྩའི་རྒྱ་མཚོ།next

དཔལ་ཆེན་རྟ་མགྲིན་ཡང་ཕྱུང་ནག་པོ་ལས་བསྐང་བ་བདུད་རྩའི་རྒྱ་མཚོ།


CMR015_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཆེན་རྟ་མགྲིན་ཡང་ཕྱུང་ནག་པོ་ལས༔ བསྐང་བ་བདུད་རྩའི་རྒྱ་མཚོ་བཞུགས་སོ༔


CMR015_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་མགྲིན་བསྐང་བའི་བྱིན་རླབས་རྗེས་སུ༔ ཧཱུྃ་ཧཱུྃ༔ སྟོང་ཉིད་སྤྲོས་བྲལ་ཆོས་དབྱིངས་དག་པ་ལས༔ རིག་པ་ཡེ་ཤེས་ཕྱག་རྒྱའི་སྐུར་གསལ་བ༔ ཡེ་ཤེས་རང་སྣང་ཁྲོ་རྒྱལ་དབང་གི་ལྷ༔ དབང་ཆེན་རྟ་ནག་འབར་བ་འཁོར་བཅས་རྣམས༔ བསྐང་བའི་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ དྲེགས་པ་ལྷ་སྲིན་པད་ཉིའི་གདན་ལ་བཞུགས༔ ཕྱི་ནང་གསང་བ་བླ་མེད་མཆོད་པ་འདིས༔ བསྐང་ངོ་གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ ཧཱུྃ༔ རང་བཞིན་ལྷུན་གྲུབ་གདོད་ནས་རྣམ་པར་དག༔ ཀུན་བཟང་སྣང་བ་མཐའ་ཡས་ཐུགས་དམ་བསྐང་༔ སྐུ་དང་


CMR015_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

ཐིག་ལེ་འབར་བའི་ངོ་བོ་ཉིད༔ བཅོམ་ལྡན་རྒྱལ་བ་རིགས་ལྔའི་ཐུགས་དམ་བསྐང་༔ འགྲོ་དྲུག་ཀུན་ལ་ཐུགས་རྗེས་སྙོམས་པར་གཟིགས༔ འཕགས་མཆོག་སྤྱན་རས་གཟིགས་ཀྱི་ཐུགས་དམ་བསྐང་༔ ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གྱིས་གནོན༔ ཆེ་མཆོག་པདྨ་རྒྱལ་པོའི་ཐུགས་དམ་བསྐང་༔ ལོ་པཎ་སྤྱན་དྲངས་སྒྲ་བསྒྱུར་དུ་མའི་བདག༔ ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ཐུགས་དམ་བསྐང་༔ དངོས་གྲུབ་བདེ་སྟེར་གསང་བ་རིགས་ཀྱི་ཡུམ༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཐུགས་དམ་བསྐང་༔ བཀའ་ཡི་བང་མཛོད་གསང་སྔགས་བསྟན་པའི་


CMR015_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

བདག༔ གཏེར་སྟོན་ཉི་མ་འོད་ཟེར་ཐུགས་དམ་བསྐང་༔ གསར་རྙིང་བཀའ་གཏེར་བསྟན་པའི་འགྲོ་བའི་མགོན༔ གྲུབ་བརྙེས་ཀརྨ་ཆགས་མེད་ཐུགས་དམ་བསྐང་༔ ཕྱི་ནང་གསང་གསུམ་བཀའ་དང་རྒྱུད་ལུང་གི༔ དྲིན་ཆེན་རྩ་བའི་བླ་མའི་ཐུགས་དམ་བསྐང་༔ མཐིང་ནག་གྲུ་གསུམ་ཆོས་དབྱིངས་ཕོ་བྲང་ནས༔ ཡི་དམ་རྟ་མགྲིན་ནག་པོའི་ཐུགས་དམ་བསྐང་༔ གནས་ཡུལ་ཉི་ཤུ་རྩ་བཞིའི་དུར་ཁྲོད་བདག༔ དཔའ་བོ་མ་དང་མཁའ་འགྲོའི་ཐུགས་དམ་བསྐང༔ སངས་རྒྱས་བསྟན་སྲུངས་རྣལ་འབྱོར་བུ་བཞིན་སྐྱོང་༔ བཀའ་སྲུང་ཆོས་སྐྱོང་རྣམས་ཀྱི་ཐུགས་དམ་བསྐང་༔ ཞེས་རྟ་མགྲིན་ནག་པོའི་བསྐང་བའི་ཁ་བཀང་དུ་འཆམས་གཤིས་ཀྱི་འཚོ་མཛད་སྔགས་འཆང་གིས་བསྐུལ་ངོར༔ རཱ་ག་ཨ་སྱས་སོ༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousདཔལ་ཆེན་རྟ་མགྲིན་ཡང་ཕྱུང་ནག་པོ་ལས་བསྐང་བ་བདུད་རྩའི་རྒྱ་མཚོ།next