Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཚེ་འགུགས།
   
   
   
   
   
   
   
   
   
   


 
previousཚེ་འགུགས།next

ཚེ་འགུགས།


CMR015_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །མཁའ་དང་མཉམ་པའི་སྐུ་མངའ་བ། །སྐུ་ནི་ནམ་མཁའི་རྡུལ་བག་མེད། །སྐུ་མདོག་དམར་པོ་འོད་ཟེར་འབར་། །ལོངས་སྤྱོད་མཚན་དཔེའི་རྒྱན་རྣམས་རྫོགས། །ཕྱག་ན་ཚེ་ཡི་བུམ་པ་བསྣམས། །བུམ་པ་འཆི་མེད་བདུད་རྩིས་བཀང་། །གསང་བའི་ཡུམ་མཆོག་གོས་དཀར་མོ། །ཕྱག་གཡས་ཚེ་མདའ་ཡབ་ལ་འཁྱུད། །གཡོན་པས་ཚེ་བུམ་སྙན་དུ་འཛིན། །ཞབས་གཉིས་ཡབ་ཀྱི་རྐེད་ལ་འཁྲིལ། །ཡབ་ཡུམ་ཕྱག་གི་ཚེ་བུམ་དང་། །གཉིས་མེད་སྦྱོར་བའི་མཁའ་གསང་ནས། །ཚེ་ཡི་འོད་ཟེར་འཕྲོ་འདུ་ལས། །བཀྲག་དང་མདངས་ཀྱི་དཔལ་དུ་ཤར། །ཕྱོགས་བཅུའི་ནམ་མཁའི་མཐར་ཐུག་པའི། །འཁོར་འདས་གཉིས་ཀའི་ཚེ་བཅུད་བསྡུས། །བཀྲ་ཤིས་བུམ་པའི་ནང་དུ་བསྐྱིལ། །སྒྲུབ་མཆོག་རྣལ་འབྱོར་བདག་ཅག་ལ། །འཆི་མེད་རྡོ་རྗེའི་ཚེ་དབང་བསྐུར། །སྐྱེ་འཆི་མེད་པའི་དངོས་གྲུབ་སྩོལ། །སྐྱེ་འཆི་མེད་པའི་དོན་རྟོགས་ཤོག །ཚེ་བྷོ་གཡུ་ཧཱུཾ་གཡུ་ཚེ་བྷཱ༔ ཨ་ཡུཛྙཱ་ན་གཡུ་ཚེ་ཧཱུཾ། ཧཱུྃ། དཔལ་གྱི་གཏོར་ལེན་དམ་ཅན་ཚོགས། །མཁའ་འགྲོ་ཤུགས་འགྲོ་


CMR015_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

མ་མོའི་ཚོགས། །དང་པོ་ཞལ་བཞེས་དམ་ལ་མ་འདའ་བར། །དགྲ་བགེགས་ཤ་ཁྲག་གཏོར་མ་བཞེས། །བཞེས་ཤིག་རོལ་ཅིག་ཁ་རཾ་ཁཱ་ཧི། མི་མཐུན་རྐྱེན་གྱི་ཚོགས་རྣམས་ཟློག་བཛྲ་པྲ་མ་ཧ་བཟློག །བརྟན་མ་འོདོན། ཧཱུྃ། ང་ནི་རྟ་མགྲིན་ཁྲོས་པའི་སྐུ། །འཁོར་དུ་དཔའ་བོ་མཁའ་འགྲོའི་བསྐོར། །དཔའ་བོའི་བྲོ་བརྡུང་ཁྲིགས་སེ་ཁྲིག ། དཔའ་མོའི་གླུ་ལེན་ཀྱུ་རུ་རུ། །དཔལ་གྱི་རྟ་སྐད་ཙེ་རེ་རེ། །དགྲ་བགེགས་རྡུལ་དུ་བརླག་པའི་བྲོ། །དགྲ་བགེགས་ཕྱེ་མར་བཏང་བའི་བྲོ། །དཔའ་བོའི་བྲོ་བརྡུང་ཆེམས་སེ་ཆེམ། །དགྲ་བགེགས་གདུག་པ་རྡུལ་དུ་རློགས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །སརྦ་ཤ་ཏུཾ་སྟམྦྷ་ཡ་ནན། འདི་འོག་གདབ་ལས་ཡོད། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཚེ་འགུགས།next