Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྟ་མགྲིན་ནག་པོའི་བསྟོད་པ་ཚིག་བར་སུམ་ཅུ།
   
   
   
   
   
   
   
   
   


 
previousརྟ་མགྲིན་ནག་པོའི་བསྟོད་པ་ཚིག་བར་སུམ་ཅུ།next

རྟ་མགྲིན་ནག་པོའི་བསྟོད་པ་ཚིག་བར་སུམ་ཅུ།


CMR015_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་མགྲིན་ནག་པོའི་བསྟོད་པ་ཚིག་བར་སུམ་ཅུའི་དབུ་ཕྱོགས་ལེགས་པར་བཞུགས་སོ། །ཀྭ་ཡེ་རྟ་མཆོག་རྒྱལ་པོ་ཧེ་རུ་ཀ །ཁ་དོག་ཆར་སྤྲིན་གཏིབས་པ་ལྟ་བུའི་མདོག །ག་ཤལ་ཁྲག་འཛག་མི་མགོའི་ཕྲེང་བས་བརྒྱན། །ང་རོ་ཧཱུྃ་ཕཊ་རྟ་སྐད་དྲག་པོའི་སྒྲ། །ཅ་ཅོའི་འུར་སྒྲ་དང་བཅས་བདུད་དགྲ་མནན། །ཆ་ལུགས་བེར་ནག་དཔའི་ཆོས་ཡོངས་སུ་རྫོགས། །ཇ་ཆང་སྨན་རཀ་གཏོར་མའི་མཆོད་པ་བཞེས། །ཉ་རྒྱས་ཟླ་ལྟར་ཐུགས་རྗེའི་འོད་ཟེར་གྱིས། །ཏ་ཐཱ་ག་ཏའི་སྤྲུལ་པ་ཁྲོ་རྒྱལ་ཁྱོད། །ཐ་མལ་ཟ་འདྲེ་ཤི་གཤེད་བྱད་མ་སོགས། །ད་ལོ་ནི་ཁྱོད་ཀྱིས་ཚར་གཅོད་དྲག་པོས་སྒྲོལ། །ན་ཚ་ཤི་ཆད་རྒྱུན་འདི་ད་ཆོད་ཅིག །པ་དེ་པུ་དེའི་བསམ་ངན་མཐུ་གཏད་སོགས། །ཕ་རོལ་གནོད་བྱེད་གདུག་རྩུབ་ནུས་པ་རྣམས། །བ་མོར་ཉི་ཟེར་ཕོག་ལྟར་མེད་པར་མཛོད། །མཱ་ར་ཡ་ཡི་ཕྲིན་ལས་དུས་ལ་བབ། །རྩ་རླུང་ཐིག་ལེ་བསྒོམ་པའི་གེགས་སྐྱོན་དང་། །ཚ་གྲང་འདུས་པའི་ནད་ཀུན་ཞི་བར་མཛོད། །ཛ་ཡེ་སྣང་མཐའི་སྤྱན་སྔར་དམ་བཅས་ལྟར། །ཝ་ལེར་དུས་གསུམ་མཁྱེན་པའི་ལྷ་ཁྱོད་ནི། །ཞྭ་ལྟར་སྤྱི་བོར་བཀུར་ཞིང་བསྙེན་བསྒྲུབ་ན། །ཟ་བྱེད་ལྷ་སྲིན་སྡེ་བརྒྱད་དྲེགས་པའི་


CMR015_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས། །འ་འུར་འབྲུག་སྒྲ་ཆེན་པོའི་ཆོ་འཕྲུལ་བཅས། །ཡ་མ་རཱ་ཙ་ལ་སོགས་སྡེ་བརྒྱད་འཁོར། །རྭ་ཅན་འབུམ་གྱི་འཁོར་དང་སྤྲུལ་པར་བཅས། །ལ་ཆེན་བདག་ཅག་སློབ་འབངས་བརྒྱུད་པར་བཅས། །ཤ་ནས་བརྩེ་བས་མ་ལྟར་སྲུང་སྐྱོབ་དང་། །ས་དང་ལམ་གྱི་བར་ཆད་ཐམས་ཅད་བཟློག །ཧ་ཡ་གྷི་ཝའི་ཐུགས་དམ་ད་མ་གཡེལ། །ཨ་ལ་ལ་ཡི་ངོ་མཚར་དངོས་གྲུབ་སྩོལ། །ཅེས་པ་འདི་ཡང་ཁྲོ་ཆུའི་ཟོར་ལྟས་ལོག་པས། སླར་ཡང་རྟ་མགྲིན་གྱི་བཟློག་པ་བཅས་པའི་ཉིན་མོ་ཀ་བསྟོད་ཀྱི་ཚུལ་དུ་རཱ་ག་ཨ་སྱས་བྲིས། བཀྲ་ཤིས་དཔལ་འབར་འཛམ་གླིང་གཡུལ་ལས་རྒྱལ་བའི་བཀྲ་ཤིས་ཤོག། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousརྟ་མགྲིན་ནག་པོའི་བསྟོད་པ་ཚིག་བར་སུམ་ཅུ།next