Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཉང་ལུགས་ཀྱི་གཏོར་དབང་བྱིན་རླབས་ཁྲོ་ཆུང་ཆར་འབེབས།
   
   
   
   
   
   


 
previousཉང་ལུགས་ཀྱི་གཏོར་དབང་བྱིན་རླབས་ཁྲོ་ཆུང་ཆར་འབེབས།next

ཉང་ལུགས་ཀྱི་གཏོར་དབང་བྱིན་རླབས་ཁྲོ་ཆུང་ཆར་འབེབས།


CMR015_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་མགྲིན་ཡང་ཕྱུང་ནག་པོ་ཉང་ལུགས་ཀྱི་གཏོར་དབང་བྱིན་རླབས་ཁྲོ་ཆུང་ཆར་འབེབས་ཏེ་ལྷ་ལྔའི་མངོན་རྟོགས་ལ་རྩ་སྔགས་འདི་རཏྣ་ལུགས་དང་རང་ཆོག་གར། ཀཾ་ཚང་ལུགས་དང་ཉང་ལུགས་ནི་ལྷ་ལྔ་གཅིག་པས། དབང་ཆོག་འདིའི་ཁྱད་ཆོས། ཆོས་དབང་ལུགས་དང་སངས་རྒྱས་གླིང་པ་པདྨ་གླིང་པ་རྣམས་ཀྱིས་བཏུས་པའོ།།


CMR015_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་རྒྱ་གྲི་ཝ་ཀཱ་ལ་ཡེ༔ དཀྱིལ་འཁོར་ནས་ཚོམ་ལྔའི་སྟེང་དུ་བུམ་པ་དང་དབང་གཏོར་བཤམས༔ རཏྣ་ལུགས་བྱེད་ན་དེའི་ལས་བྱང་ཚར་གཅིག་དང་བསྙེན་པ་བྱ། ཉང་ལུགས་ལ་སྐྱབས་འགྲོ་ད་ནངས་སྤྱིར་སོང་བ་དེས་འཐུས༔ བདག་མདུན་དྲན་རྫོགས་ཡིན༔ གཏོར་མ་བུམ་པ་རྣམས་སྐད་ཅིག་བསྐྱེད༔ སྤྱན་འདྲེན་སོགས་མི་དགོས་འདི་ཡི་ཁྱད་ཆོས་སོ༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲི་ཝ་ཧཱུྃ་ཕཊ༔ སྐད་ཅིག་དྲན་རྫོགས་ཏིང་འཛིན་གྱིས༔ གྲུ་གསུམ་མཐིང་ནག་དཀྱིལ་འཁོར་དུ༔ བདག་མདུན་ཁྲོ་བོ་རྟ་མགྲིན་སྐུ༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ སྤྱན་གསུམ་མཆེ་བ་རབ་ཏུ་གཙིགས༔ ཕྱག་གཡས་སྒྲོལ་བྱེད་རལ་གྲི་ཡིས༔


CMR015_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བགེགས་མགོ་ལུས་དུམ་བུ་ཕྲལ༔ གཡོན་པས་འཛིན་བྱེད་ལྕགས་ཀྱུ་བསྣམས༔ དགྲ་བགེགས་མ་ལུས་སྙིང་ནས་འདྲེན༔ ཞབས་གཉིས་དགྲ་བགེགས་ནོན་པར་མནན༔ སྐུ་ལ་དར་ནག་བེར་ཆེན་གསོལ༔ དབུ་གཙུག་རྟ་མགོ་ལྗང་ཞུར་གདེངས༔ རྟ་སྐད་དྲག་པོ་ནམ་མཁར་འཚེར༔ ཁམས་གསུམ་མ་ལུས་དབང་དུ་སྡུད༔ སྲིད་གསུམ་མ་ལུས་ཟིལ་གྱིས་གནོན༔ སྐུ་སྟོད་ཞིང་ཆེན་གཡང་གཞི་དང་༔ སྐུ་སྨད་སྟག་གི་ཤམ་ཐབས་གསོལ༔ ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན༔ ཐོད་རློན་ལྔ་བཅུས་དོ་ཤལ་བྱས༔ བ་སྤུ་མེ་ཡི་ཚྭ་ཚྭ་འཕྲོ༔ བསྐལ་པའི་མེ་


CMR015_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

དཔུང་ཀློང་ན་བཞུགས༔ དབུ་སྐྲ་གནམ་ལྕགས་རལ་བ་ཅན༔ རལ་པ་བསིགས་པའི་སྐྲ་གསེབ་ནས༔ ཁྲོ་ཆུང་དཔག་མེད་ཕྱིར་འཕྲོས་པས༔ དགྲ་བགེགས་ཐམས་ཅད་ཚར་བཅད་ནས༔ ཚུར་འདུས་ཁྲོ་བོའི་གུར་དུ་གྱུར༔ བདག་མདུན་དམ་ཚིག་སེམས་དཔའ་ཡི༔ ཐུགས་ཀར་ཡེ་ཤེས་སེམས་དཔའ་ནི༔ ཉི་ཟླའི་གདན་ལ་ཧཱུཾ་མཐིང་ནག༔ གཟི་བརྗིད་ལྡན་པའི་མཐའ་བསྐོར་དུ༔ རྩ་སྔགས་གཡས་སུ་འཁོར་བ་ལས༔ འོད་ཟེར་སྤྲོ་བསྡུས་ཏིང་འཛིན་གྱིས༔ སྣོད་བཅུད་དངོས་པོ་ཐམས་ཅད་ཀྱང་༔ མེ་རི་ཁྲོ་བོའི་རང་བཞིན་ལ༔ གནོད་བྱེད་མིང་ཡང་མེད་པར་གྱུར༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲི་ཝ་ཧཱུྃ་ཕཊ༔ དོན་ལྡན་ལུགས་ལ་ཀྲོ་དྷ་ཡིན་ཀྱང་༔ སེམས་ཉིད་སྐྱེ་མེད་སྟོང་གསལ་ལ༔ ཡེ་ནས་རང་བཞིན་ལྷ་ཡི་སྐུ༔ དམ་ཚིག་ཡེ་ཤེས་གཉིས་མེད་པ༔ སྤྱན་འདྲེན་རྒྱས་གདབ་མི་འཚལ་ལ༔ དྲན་པ་ཙམ་ནས་རྫོགས་པ་ཉིད༔ ལྟ་བ་གྱད་ཀྱི་ལྷ་ཞེས་བྱ༔ རྡོ་རྗེ་ལྟ་བུའི་ཏིང་འཛིན་འདི༔ བསྲུང་བ་ཀུན་གྱི་མཆོག་ཡིན་ནོ༔ ཞེས་གསུངས་དབང་བསྙེན་བརྒྱ་རྩས་འཐུས༔ མཆོད་བསྟོད་བྱས་རུང་མ་བྱས་ཀྱང་ཆོག༔ སློབ་མ་ཁྲུས་བྱས་མཎྜལ་ཕུལ། འོ་ན་ད་ལམ་ཁྱེད་རྣམས་ལ་ཁྲོ་བོ་རྟ་མགྲིན་ནག་པོའི་དབང་བསྐུར་བ་ཡིན་ཏེ༔ དཔལ་རྟ་མགྲིན་ནག་པོའི་


CMR015_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀྱི་སྒྲུབ་པའི་རྒྱ་གཞུང་ཆེན་མོ༔ རྟ་མཆོག་རོལ་པའི་རྒྱུད་ཀྱི་དུམ་བུ་ནག་པོ་ཀླུ་འདུལ་གྱི་རྒྱུད་ལ་བརྟེན་ནས༔ སློབ་དཔོན་པདྨས་མཛད་པ་ལས༔ འདི་སྐད་དུ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཐུགས་རྗེ་ཕྲིན་ལས་གཅིག་བསྡུས་ནས༔ འགྲོ་བའི་དོན་མཛད་སྤྱན་རས་གཟིགས༔ གང་ལ་གང་འདུལ་སྣ་ཚོགས་སྟོན༔ ཞི་བས་མི་འདུལ་གདུག་པ་ཅན༔ ཚར་གཅོད་རྟ་མགྲིན་ནག་པོ་སྟོན༔ དེ་ཉིད་ཤིན་ཏུ་ཁྲོས་པ་ནི༔ གནོད་སྦྱིན་ནག་པོ་ལྕགས་རལ་ཅན༔ དགྲ་དང་བགེགས་དང་བྱད་མ་དང་༔ གཟའ་ཀླུ་རྒྱལ་བསེན་གཉེན་པོར་བསྟན་ཆོས་སྐུ་ཞི་བའི་ངང་ཉིད་ལས༔ གདུག་པ་འདུལ་མཛད་དྲག་པོའི་སྐུ༔ རྟ་མགྲིན་ནག་པོ་ཞེས་ཀྱང་བྱ༔ ཡཀྴ་མེ་དབལ་ཞེས་ཀྱང་བྱ༔ གནོད་སྦྱིན་ནག་པོ་ཞེས་ཀྱང་བྱ༔ དཔལ་མགོན་ནག་པོ་ཞེས་ཀྱང་བྱ༔ མ་ཧཱ་ཀཱ་ལ་རྟ་གདོང་ཞེས་ཀྱང་བྱ༔ ཐུགས་རྗེ་མཚུངས་མེད་བླ་མ་ཡིན༔ བྱིན་རླབས་མྱུར་མཛད་ཡི་དམ་ཡིན༔ བསྟན་པ་བསྲུང་ཕྱིར་ཆོས་སྐྱོང་ཡིན༔ དགྲ་བགེགས་ཚར་གཅོད་ལས་མཁན་ཡིན༔ འདི་ལ་རྒྱས་བསྡུས་འགའ་ཡོད་ཀྱང་༔ དཔའ་བོ་གཅིག་ཏུ་སྒྲུབ་པ་ཡིན༔


CMR015_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་གྱི་རྣམ་གྲངས་ངེས་མེད་ཀྱང་༔ བཀྲ་ཤིས་རྒྱུད་ནི་འཇམ་པ་ཡིན༔ གནོད་སྦྱིན་དྲེགས་པ་སྡེ་བརྒྱད་ཚོགས༔ རང་བཞིན་ཤུགས་ལས་འཁོར་བའི་ཕྱིར༔ ཤིན་ཏུ་རྣོ་ལ་མྱུར་བ་ཡིན༔ ལྔ་བརྒྱ་དུས་ཀྱི་ཐ་མ་ལ༔ ལྷ་སྲིན་སྡེ་བརྒྱད་མེ་ལྟར་འབར༔ སྐྱེ་བོ་རྨུ་རྒོད་རླུང་ལྟར་འཚུབ༔ ནད་མུག་མཚོན་གསུམ་ཆུ་ལྟར་འཁྲུག༔ གློ་བུར་བར་ཆད་ཐོག་ལྟར་འབེབས༔ དེ་ཚེ་སྔགས་འཆང་སྒྲུབ་པ་པོ༔ དཔའ་བོ་གཡུལ་ངོར་ཞུགས་པ་འདྲ༔ དེ་ལ་དགོས་པ་རྣམ་པ་གཉིས༔ ཚུར་ལ་གང་གིས་མི་ཚུག་པ༔ གོ་ཆ་ལྟ་བུའི་མན་ངག་དགོས༔ ཕར་ལ་གང་ཡང་མི་བཏང་བ༔ མཚོན་ཆ་ལྟ་བུའི་གདམས་ངག་དགོས༔ ཞེས་གསུངས་པས༔ དགོས་པ་གཉིས་པོ་ལྷ་འདི་ལ་ཚང་བ་སྟེ༔ འདི་ཡིས་མི་ཐུབ་གང་ཡང་མེད༔ དཔེར་ན་གནམ་ལྕགས་རལ་གྲི་འདྲ༔ རྣོ་བའི་ཚད་ནི་མེ་ལྟ་བུ༔ མྱུར་བའི་ཚད་ནི་གློག་ལྟ་བུ༔ རྒོད་པའི་ཚད་ནི་ཐོག་ལྟ་བུ༔ གཏུམ་པའི་ཚད་ནི་རྦབ་ལྟ་བུ༔ དགྲ་དང་བགེགས་དང་བྱད་མ་དང་༔ ནད་ཀྱི་རིགས་དང་གདོན་གྱི་རིགས༔ གཉན་དང་ལྷོག་པ་ཐབས་རིགས་དང་༔ མཛེ་དང་ཤུ་འབྲུམ་སྲོག་རླུང་དང་༔ སྨྱོ་འབོག་བརྒྱལ་ནད་ལ་


CMR015_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ༔ གང་དང་གང་ལ་བཏབ་པ་དེ༔ མེ་དང་རྩྭ་སྦྱར་དཔེ་བཞིན་དུ༔ བསྲེག་ཅིང་རབ་ཏུ་སྲེག་པར་བྱེད༔ རླུང་དང་ཐལ་བའི་དཔེ་བཞིན་དུ༔ གཏོར་ཞིང་རབ་ཏུ་གཏོར་བར་བྱེད༔ དྲག་སྔགས་བསྟན་པ་འགའ་ཡོད་ཀྱང་༔ རྣོ་མྱུར་ཆེ་བ་འདི་བས་མེད༔ འདི་ལ་རིག་སྔགས་འགའོ་ཡོད་ཀྱང་༔ སྔགས་འགྲིགས་ཚང་བ་འདི་ལས་མེད༔ ཅེས་དང་༔ མ་འོངས་དུས་ན་འཛམ་གླིང་བོད་ཀྱི་ཡུལ༔ ཀླུ་དང་ས་བདག་རྒྱལ་བསེན་དབང་བྱེད་ནས༔ མཛེ་དང་གག་ལྷོག་བརྒྱལ་ནད་སྨྱོ་འབོག་སོགས༔ མི་རྣམས་མི་བདེ་སྣ་ཚོགས་གཏོང་བར་བྱེད༔ དེ་འདྲའི་དུས་སུ་འཕྲད་མཆོག་ཐོབ་མཆོག་འདི༔ ཐུགས་ཀྱི་མཛོད་རྡོལ་མ་འོངས་དོན་ཕྱིར་སྦས༔ ཞེས་གསུངས་སོ༔ དེ་ལྟ་བུའི་གཏོར་དབང་ཁྲོ་ཆུང་ཆར་འབེབས་ཞེས་བྱ་བ༔ ནད་པ་དང་གདོན་ཅན་གྱི་བར་ཆད་སེལ་བ་ལ༔ མཆོག་ཏུ་ཟབ་པ་དེ་ཞུ་བའི་ཕྱིར་འདིའི་རྗེས་ཟློས་མཛོད༔ བླ་མ་དཔལ་ཆེན་ཧེ་རུ་ཀ༔ བདག་ཅག་རྣམས་ལ་དགོངས་སུ་གསོལ༔ ཁྲོ་ཆེན་འབར་བའི་དཀྱིལ་འཁོར་དུ༔ བདག་ཅག་རྣམས་ཀྱང་གཞུག་པར་འཚལ༔ ལན་གསུམ་བརྗོད༔ དེ་ནས་སྐྱབས་སུ་འགྲོ་


CMR015_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

བ་འདིའི་རྗེས་ཟློས་མཛོད༔ དེང་ནས་བཟུང་སྟེ་བྱང་ཆུབ་བར༔ སངས་རྒྱས་ཆོས་དང་ཚོགས་མཆོག་ལ༔ སེམས་ཅན་མ་ལུས་ཀུན་དོན་དུ༔ བདག་ནི་རྟག་ཏུ་སྐྱབས་སུ་མཆི༔ ལན་གསུམ་བརྗོད༔ དེ་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི་འདིའི་རྗེས་ཟློས་མཛོད༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ སངས་རྒྱས་བསྟན་དང་འགྲོ་དོན་དུ༔ ཁྲོ་མཆོག་རྟ་མགྲིན་བསྒྲུབས་ནས་ཀྱང་༔ བསྟན་པ་བསྲུང་བར་དམ་བཅའ་འོ༔ ལན་གསུམ་བརྗོད༔ དེ་ནས་རྒྱུད་ཡོངས་སུ་དག་པའི་ཕྱིར་ཡན་ལག་བདུན་པ་འདིའི་རྗེས་ཟློས་ཊྛམཛོད༔ ཕྱོགས་བཅུ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ བླ་མ་སྐྱབས་གནས་དཀོན་མཆོག་གསུམ༔ ཡི་དམ་དཔའ་བོ་རྣལ་འབྱོར་མ༔ ཆོས་སྐྱོང་སྲུང་མ་རྣམས་ལ་ཕྱག་འཚལ་ལོ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ སྡིག་པའི་ཚོགས་རྣམས་མཐོལ་ལོ་བཤགས༔ བདག་གཞན་དགེ་ལ་རྗེས་ཡི་རང་༔ ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ༔ མྱ་ངན་མི་འདའ་བཞུགས་སུ་གསོལ༔ དགེ་བ་འགྲོ་ཀུན་ཡོངས་ལ་བསྔོ༔ ལན་གསུམ༔ དམ་ཚིག་ཁས་ལེན་པ་འདིའི་རྗེས་ཟློས་མཛོད༔ བླ་མ་དཔལ་ཆེན་ཧེ་རུ་ཀ༔ བདག་


CMR015_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བརྩེ་བས་དགོངས་སུ་གསོལ༔ ཁྲོ་མཆོག་རྟ་མགྲིན་དམ་ཚིག་ཀྱང་༔ བདག་གིས་བརྟན་པོར་བཟུང་བར་བགྱི༔ རྩ་བ་ཡན་ལག་དམ་ཚིག་རྣམས༔ འབད་དེ་ཅི་ནུས་བསྲུང་བྱ་ཞིང་༔ བླ་མ་ཡི་དམ་མི་བཏང་བསྒྲུབ༔ ཨོཾ་བཛྲ་ས་མ་ཡ་ཧཱུྃ༔ འདིར་དམ་ཆུ་བྱིན་ཡང་རུང་༔ རཏྣ་ལུགས་བྱེད་ན་རཏྣའི་མངོན་རྟོགས་འདིར་བྱ་སྟེ༔ སྲ་བྷ་ཝ་སོགས། སྟོང་པའི་ངང་ལས་གཞལ་ཡས་ཁང་ཨེ་མཐིང་ནག་སོགས་བྱའོ། །ཉང་ལུགས་ལ་འདི་བྱ། ཨོཾ་བཛྲ་ཀྲོ་དྷ་བྱ་གྲི་ཝ་ཧཱུྃ་ཕཊ༔ མདུན་གྱི་གཏོར་མ་འདི་ཉིད་སྐད་ཅིག་གིས་གྲུ་གསུམ་མཐིང་ནག་འབར་བའི་དཀྱིལ་འཁོར་དུ༔ ཁྲོ་བོ་རྟ་མགྲིན་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ དྲག་པོའི་སྤྱན་གསུམ་བསྒྲད་ཅིང་མཆེ་བ་རབ་ཏུ་གཙིགས་པ་ཕྱག་གཡས་པས་སྒྲོལ་བྱེད་ཀྱི་རལ་གྲིས་དགྲ་བགེགས་མགོ་ལུས་དུམ་བུར་གཏུབས་པ༔ གཡོན་པས་འཛིན་བྱེད་ཀྱི་ལྕགས་ཀྱུས་དགྲ་བགེགས་ཀྱི་སྙིང་ནས་འདྲེན་པ༔ ཞབས་གཉིས་དགྲ་བགེགས་ནོན་པར་མནན་པ༔ སྐུ་ལ་དར་ནག་གི་བེར་ཆེན་གསོལ་བ༔ སྤྱི་གཙུག་ཏུ་རྟ་མགོ་ལྗང་ཞུར་རྟ་སྐད་ནམ་མཁའི་དབྱིངས་སུ་འཚེར་བ༔ ཁམས་གསུམ་མ་ལུས་དབང་དུ་སྡུད་ཅིང་


CMR015_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་གསུམ་ཟིལ་གྱིས་གནོན་པ༔ སྐུ་སྟོད་ལ་ཞིང་ཆེན་གྱི་གཡང་གཞི༔ སྐུ་སྨད་ལ་སྟག་ལྤགས་ཀྱི་ཤམ་ཐབས་གསོལ་བ༔ ཐོད་སྐམ་ལྔ་ཡིས་དབུ་རྒྱན་དང་༔ ཐོད་རློན་ལྔ་བཅུས་དོ་ཤལ་བྱས་པ༔ བ་སྤུའི་གསེབ་ནས་མེ་ཡི་ཚྭ་ཚྭ་འཕྲོ་བ༔ བསྐལ་པའི་མེ་དཔུང་འབར་བའི་དབུས་ན་བཞུགས་པ༔ དབུ་སྐྲ་ལྕགས་ཀྱི་རལ་པ་བསིགས་པའི་སྐྲ་གསེབ་ནས་ཁྲོ་ཆུང་དཔག་མེད་འཕྲོ་བ༔ དེ་ཡི་གཡས་སུ་གྲུ་གསུམ་དམར་ནག་གི་སྟེང་དུ་ཁྲོ་བོ་ཡཀྵ་མེ་དབལ༔ གཡས་མེ་ཡི་ཐོ་བ་དང་༔ གཡོན་མེ་ཡི་ཞགས་པ་འཛིན་པ༔ གཡོན་དུ་གྲུ་གསུམ་མཐིང་ནག་གི་སྟེང་དུ༔ གནོད་སྦྱིན་ནག་པོ་ལྕགས་ཀྱི་རལ་པ་ཅན༔ སྐུ་མདོག་མཐིང་ནག་མུན་པའི་ཚུལ་དུ་འདུག་པ༔ གཡས་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་དང་༔ གཡོན་ཐོ་བ་འཛིན་པ༔ རྟ་དབུའི་སྟེང་དུ་མེ་ཡི་བྱ་ཁྱུང་དམར་པོ་རྭ་དང་མཆུ་སྡེར་གནམ་ལྕགས་ལས་གྲུབ་པ༔ ཀླུ་བརྒྱད་ཟས་སུ་ཟ་བ༔ ཀླུ་འབུམ་གདན་དུ་བཏིང་བ༔ ཁྱུང་སྐད་ནམ་མཁའི་དབྱིངས་ནས་འཚེར་བ༔ མདུན་དུ་གནམ་ལྕགས་ཀྱི་སྡིག་པ་ནག་པོ་ཁ་དགུ་མགོ་དགུ་རྭ་བཅོ་བརྒྱད་པ༔ ལུས་ཐམས་ཅད་གཉེར་མས་གང་བ༔ གཉེར་མ་


CMR015_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཞལ་གྱིས་གང་བ༔ ཞལ་ཐམས་ཅད་མཆེ་བ་གཙིགས་པ༔ ལུས་གདོན་འབྱུང་པོ་རྒྱལ་བསེན་ཐམས་ཅད་ཞལ་དུ་གསོལ་བ༔ གཙོ་བོའི་དཔྲལ་བར་ཨོཾ་དཀར་པོ༔ མགྲིན་པར་ཨཱཿདམར་པོ༔ ཐུགས་ཀར་ཧཱུྃ་མཐིང་ནག་ཐུགས་ཀར་རཏྣ་ལུགས་ལ་ཆ་སྨད་དུ་ཧཱུྃ་མཐིང་ག་ཉང་ལུགས་ལ་ཧཱུྃ། ལྟེ་བར་སྭ་སེར་པོ༔ གསང་བར་ཧྭ་ལྗང་གུ༔ དེ་ལས་འོད་ཟེར་འཕྲོས་པས་བསྒོམ་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས་མདུན་བསྐྱེད་ལ་ཐིམ་པར་སྒོམས་ཤིག༔ སྤྲོན་རྔ་བརྡུང་རོལ་མོ་དང་བཅས་རཏྣ་ལུགས་ལ་ཧཱུྃ༔ བདེ་ཆེན་སོགས་སྤྱན་འདྲེན་དང་༔ ཉང་ལུགས་ལ་ནི༔ ཧཱུྃ༔ ཆོས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང་༔ ཐུགས་རྗེ་ཁྲོས་པས་འགྲོ་བའི་དོན་མཛད་པ༔ ཁྲོ་མཆོག་དབང་གི་རྒྱལ་པོ་ཆེན་པོ་ནི་དབང་གི་རྟ་སྐད་འཚེར་ཞིང་གཤེགས་སུ་གསོལ༔ ཧཱུྃ༔ བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས༔ དགྲ་བགེགས་ཕོ་མོ་བསྣོལ་བའི་གདན་སྟེང་ན༔ དབང་གི་རྒྱལ་པོ་བཅོམ་ལྡན་ལྷ་ཡི་ལྷ༔ མི་གཡོ་དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ བཛྲ་ས་མ་ཡ་ཛཿ བཛྲ་པདྨ་ཏིཥྛ་ལྷན༔ ཞེས་གཏོར་མ་རྟ་མགྲིན་དངོས་སུ་བསམ༔ ད་མདུན་བསྐྱེད་དང་སློབ་དཔོན་རྟ་


CMR015_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

མགྲིན་དངོས་སུ་གསལ་བའི་དྲུང་དུ་འདིའི་རྗེས་ཟློས་མཛོད༔ དཔལ་ཆེན་ཧེ་རུ་ཀ་དང་གཉིས་མེད་པ༔ རྡོ་རྗེ་སློབ་དཔོན་བདག་ལ་དགོངས་སུ་གསོལ༔ བདག་ནི་དཔལ་ཆེན་དབང་གི་སྒོར་ཞུགས་ནས༔ སྐུ་ཡི་སྒོ་ནས་བྱིན་གྱིས་བརླབ་ཏུ་གསོལ༔ སྐུ་ཡི་དབང་མཆོག་དེ་ནི་བསྐུར་དུ་གསོལ༔ ལན་གསུམ་མམ་གཅིག༔ དེ་ལྟར་གསོལ་བ་བཏབ་པས་གཏོར་མ་ལྷར་གསལ་བའི་དཔྲལ་བ་ནས་ཁྲོ་བོ་རྟ་མགྲིན་དཀར་པོ་སྐུ་ཆུང་ལ་ཡན་ལག་དོད་པ་དཔག་ཏུ་མེད་པ་འཕྲོས༔ ཁྱེད་རང་རྣམས་ཀྱི་དཔྲལ་བ་ནས་ཞུགས༔ ལུས་ཀྱི་ནང་ཐམས་ཅད་གང་ཞིང་ལུས་ལ་ཐིམ་པར་སྒོམས་ཤིག༔ གཏོར་མ་ཐོགས་ལ༔ ཧཱུྃ༔ དམ་ཚིག་ཆེན་པོའི་ཚུལ་བསྟན་པ༔ ཁྲོ་བོ་ཆེན་པོ་གཤེགས་སུ་གསོལ༔ སྤྲུལ་པའི་ཁྲོ་རྒྱལ་གཤེགས་ནས་ཀྱང་༔ རྟགས་དང་མཚན་མ་བསྟན་པ་དང་༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ སྐུ་ཡི་སྒོ་ནས་དབང་མཆོག་བསྐུར༔ ལུས་ཀྱི་ནད་གདོན་ཞི་བར་མཛོད༔ ཉང་ལུགས་དང་རཏྣ་ལུགས་གང་ཡིན་ཀྱང་རྩ་སྔགས་མཐར༔ ཨོཾ་ཨེ་ཨ་ར་ལི་ཧྲི་ཧྲི་ཛཿ ས་མ་ཡ་ཙཾ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་སྤྱི་བོར་བཞག་མེ་ཏོག་འཐོར་ཞིང་༔ ཧྲཱིཿ གར་གྱི་དབང་ཕྱུག་པདྨ་ཧེ་


CMR015_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

རུ་ཀ༔ སྐུ་མདོག་མཐིང་ནག་ཆོས་ཉིད་འགྱུར་བ་མེད༔ ཕྱག་གཉིས་གདུག་པའི་མཚོན་ཆས་དགྲ་བགེགས་འདུལ༔ རྟ་མགྲིན་ནག་པོའི་སྐུ་ཡི་བཀྲ་ཤིས་ཤོག༔ དེས་སྐུའི་དབང་ཐོབ༔ ལུས་ཀྱི་ནད་གདོན་ཞི༔ ལུས་རྟ་མགྲིན་ནག་པོའི་སྐུར་བསྒོམ་པ་ལ་དབང་༔ འབྲས་བུ་སྤྲུལ་པའི་སྐུ་འགྲུབ་པ་སྐུའི་དབང་ངོ༔ ད་གསུང་གི་དོན་དུ་རྗེས་ཟློས་མཛོད༔ དཔལ་ཆེན་ཧེ་རུ་ཀ་དང་གཉིས་མེད་པ༔ རྡོ་རྗེ་སློབ་དཔོན་བདག་ལ་དགོངས་སུ་གསོལ༔ བདག་ནི་དཔལ་ཆེན་དབང་གི་སྒོར་ཞུགས་ནས༔ གསུང་གི་སྒོ་ནས་བྱིན་གྱིས་བརླབ་ཏུ་གསོལ༔ གསུང་གི་དབང་མཆོག་དེ་ནི་བསྐུར་དུ་གསོལ༔ ལན་གསུམ༔ དེ་ལྟར་གསོལ་བ་བཏབ་པས་མདུན་བསྐྱེད་ཀྱི་མགྲིན་པ་ནས༔ གསུང་གི་ཁྲོ་བོ་རྟ་མགྲིན་སྐུ་མདོག་དམར་པོ་སྐུ་ཆུང་ལ་ཡན་ལག་དོད་པ་དཔག་ཏུ་མེད་པ་འཕྲོས༔ ཁྱེད་རང་གི་མགྲིན་པར་ཞུགས་ལུས་ཀྱི་ནང་ཐམས་ཅད་གང་ཞིང་མགྲིན་པར་ཐིམ་པར་སྒོམས་ཤིག༔ གཏོར་མ་ཐོགས་ལ༔ ཧཱུྃ༔ དམ་ཚིག་ཆེན་པོའི་ཚུལ་བསྟན་པ༔ ཁྲོ་བོ་ཆེན་པོ་གཤེགས་སུ་གསོལ༔ སྤྲུལ་པའི་ཁྲོ་རྒྱལ་གཤེགས་ནས་ཀྱང་༔ རྟགས་དང་མཚན་


CMR015_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

མ་བསྟན་པ་དང་༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ གསུང་གི་སྒོ་ནས་དབང་མཆོག་བསྐུར༔ ངག་ལ་ནུས་པ་བསྐྱེད་དུ་གསོལ༔ གང་ཡིན་རྩ་སྔགས་སོགས་གོང་ལྟར་ལས༔ ཝཱཀྐ་ཨ་བྷི་ཥིཉྩ་ཨཱཿ ཞེས་མགྲིན་པར་བཞག་གོ༔ ཧཱུྃ༔ གར་གྱི་དབང་ཕྱུག་པདྨ་ཧེ་རུ་ཀ༔ སྐུ་མདོག་མཐིང་ནག་ཆོས་ཉིད་འགྱུར་བ་མེད༔ ཕྱག་གཉིས་གདུག་པའི་མཚོན་ཆས་དགྲ་བགེགས་འདུལ༔ རྟ་མགྲིན་ནག་པོའི་གསུང་གི་བཀྲ་ཤིས་ཤོག༔ མེ་ཏོག་འཐོར༔ དེས་གསུང་གི་དབང་ཐོབ༔ ངག་དིག་ལྐུགས་ཞི༔ འདིའི་བསྙེན་སྒྲུབ་བྱེད་དུ་རུང་༔ ངག་ལ་ནུས་པ་འབྱུང་༔ འབྲས་བུ་ལོངས་སྐུ་འགྲུབ་པ་གསུང་གི་དབང་ངོ་༔ ད་ཐུགས་ཀྱི་དོན་དུ་རྗེས་ཟློས་མཛོད༔ དཔལ་ཆེན་ཧེ་རུ་ཀ་དང་གཉིས་མེད་པ༔ རྡོ་རྗེ་སློབ་དཔོན་བདག་ལ་དགོངས་སུ་གསོལ༔ བདག་ནི་དཔལ་ཆེན་དབང་གི་སྒོར་ཞུགས་ནས༔ ཐུགས་ཀྱི་སྒོ་ནས་བྱིན་གྱིས་བརླབ་ཏུ་གསོལ༔ ཐུགས་ཀྱི་དབང་མཆོག་དེ་ནི་བསྐུར་དུ་གསོལ༔ ལན་གསུམ༔ དེ་ལྟར་གསོལ་བ་བཏབ་པས༔ མདུན་བསྐྱེད་ཀྱི་ཐུགས་ཀ་ནས་ཐུགས་ཀྱི་ཁྲོ་བོ་རྟ་མགྲིན་མཐིང་ནག་སྐུ་ཆུང་ལ་ཡན་ལག་དོད་པ་དཔག་ཏུ་མེད་པ་འཕྲོས་


CMR015_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

ནས༔ ཁྱེད་རང་རྣམས་ཀྱི་སྙིང་ག་ནས་ཞུགས༔ ལུས་ཐམས་ཅད་གང་ཞིང་སྙིང་དབུས་སུ་ཐིམ་པར་སྒོམས་ཤིག༔ ཧཱུྃ༔ དམ་ཚིག་ཆེན་པོའི་ཚུལ་བསྟན་པ༔ ཁྲོ་བོ་ཆེན་པོ་གཤེགས་སུ་གསོལ༔ སྤྲུལ་པའི་ཁྲོ་རྒྱལ་གཤེགས་ནས་ཀྱང༔ རྟགས་དང་མཚན་མ་བསྟན་པ་དང་༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཐུགས་ཀྱི་སྒོ་ནས་དབང་མཆོག་བསྐུར༔ ཡིད་ལ་བདེ་སྟོང་འབར་དུ་གསོལ༔ གོང་ལྟར་འགྲེས༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སྙིང་གར་གཏུག་མེ་ཏོག་འཐོར༔ ཧཱི༔ གར་གྱི་དབང་ཕྱུག་པདྨ་ཧེ་རུ་ཀ༔ སྐུ་མདོག་མཐིང་ནག་ཆོས་ཉིད་འགྱུར་བ་མེད༔ ཕྱག་གཉིས་གདུག་པའི་མཚོན་ཆས་དགྲ་བགེགས་འདུལ༔ རྟ་མགྲིན་ནག་པོའི་ཐུགས་ཀྱི་བཀྲ་ཤིས་ཤོག༔ དེས་ཐུགས་ཀྱི་དབང་ཐོབ༔ སེམས་སྨྱོ་འབོག་ཞི༔ རྟ་མགྲིན་ནག་པོའི་ཏིང་ངེ་འཛིན་བསྒོམ་པར་དབང་༔ སེམས་ཆོས་སྐུ་འགྲུབ་པ་ཐུགས་ཀྱི་དབང་ངོ་༔ ད་ཡོན་ཏན་གྱི་དོན་དུ་རྗེས་ཟློས་མཛོད༔ དཔལ་ཆེན་ཧེ་རུ་ཀ་དང་གཉིས་མེད་པ༔ རྡོ་རྗེ་སློབ་དཔོན་བདག་ལ་དགོངས་སུ་གསོལ༔ བདག་ནི་དཔལ་ཆེན་དབང་གི་སྒོར་ཞུགས་ནས༔ ཡོན་ཏན་སྒོ་ནས་བྱིན་གྱིས་བརླབ་ཏུ་


CMR015_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ༔ ཡོན་ཏན་དབང་མཆོག་དེ་ནི་བསྐུར་དུ་གསོལ༔ དེ་ལྟར་གསོལ་བ་བཏབ་པས༔ མདུན་བསྐྱེད་ཀྱི་ལྟེ་བ་ནས་ཡོན་ཏན་གྱི་རྟ་མགྲིན་སྐུ་མདོག་སེར་པོ་སྐུ་ཆུང་ལ་ཡན་ལག་དོད་པ་དཔག་ཏུ་མེད་པ་འཕྲོས་ནས༔ ཁྱེད་རང་རྣམས་ཀྱི་ལྟེ་བ་ནས་ཞུགས༔ ལུས་ཐམས་ཅད་གང་ཞིག་ལྟེ་བར་ཐིམ་པར་སྒོམས་ཤིག༔ གཏོར་མ་ཐོགས༔ ཧཱུྃ༔ དམ་ཚིག་ཆེན་པོའི་ཚུལ་བསྟན་པ༔ ཁྲོ་བོ་ཆེན་པོ་གཤེགས་སུ་གསོལ༔ སྤྲུལ་པའི་ཁྲོ་རྒྱལ་གཤེགས་ནས་ཀྱང་༔ རྟགས་དང་མཚན་མ་བསྟན་པ་དང་༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཡོན་ཏན་སྒོ་ནས་དབང་མཆོག་བསྐུར༔ མཐུ་སྟོབས་རྩལ་ཆེན་བསྐྱེད་དུ་གསོལ༔ གོང་ལྟར་འགྲེས༔ སརྦ་ཨ་བྷི་ཥིཉྩ་ཧི༔ ལྟེ་བར་གཏུག་མེ་ཏོག་དོར༔ ཧཱི༔ གར་གྱི་དབང་ཕྱུག་པདྨ་ཧེ་རུ་ཀ་སྐུ་མདོག་མཐིང་ནག་ཆོས་ཉིད་འགྱུར་བ་མེད༔ ཕྱག་གཉིས་གདུག་པའི་མཚོན་ཆས་དགྲ་བགེགས་འདུལ༔ རྟ་མགྲིན་ནག་པོའི་ཡོན་ཏན་བཀྲ་ཤིས་ཤོག༔ དེས་ཡོན་ཏན་གྱི་དབང་ཐོབ༔ འདི་བསྒྲུབ་པའི་ཡོན་ཏན་གོང་དུ་བཤད་པ་རྣམས་ལྟར་འབྱུང་༔ མ་འོངས་པ་ན་ཡོན་ཏན་དྲུག་ཅུ་རྩ་བཞི་ལ་དབང་བ་ཡོན་ཏན་གྱི་དབང་ངོ་༔ ད་ཕྲིན་


CMR015_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཀྱི་དོན་དུ་རྗེས་ཟློས་མཛོད༔ དཔལ་ཆེན་ཧེ་རུ་ཀ་དང་གཉིས་མེད་པ༔ རྡོ་རྗེ་སློབ་དཔོན་བདག་ལ་དགོངས་སུ་གསོལ༔ བདག་ནི་དཔལ་ཆེན་དབང་གི་སྒོར་ཞུགས་ནས༔ ཕྲིན་ལས་སྒོ་ནས་བྱིན་གྱིས་བརླབ་ཏུ་གསོལ༔ ཕྲིན་ལས་དབང་མཆོག་དེ་ནི་བསྐུར་དུ་གསོལ༔ ལན་གསུམ༔ དེ་ལྟར་གསོལ་བ་བཏབ་པས༔ མདུན་བསྐྱེད་ཀྱི་གསང་བ་ནས་ཕྲིན་ལས་ཀྱི་རྟ་མགྲིན་ལྗང་གུ་སྐུ་ཆུང་ལ་ཡན་ལག་དོད་པ་དཔག་ཏུ་མེད་པ་འཕྲོས་ནས༔ ཁྱེད་རང་རྣམས་ཀྱི་གསང་བ་ནས་ཞུགས༔ ལུས་ཐམས་ཅད་གང་ཞིང་གསང་བར་ཐིམ་པར་སྒོམས་ཤིག༔ ཧཱུྃ༔ དམ་ཚིག་ཆེན་པོའི་ཚུལ་བསྟན་པ༔ ཁྲོ་བོ་ཆེན་པོ་གཤེགས་སུ་གསོལ༔ སྤྲུལ་པའི་ཁྲོ་རྒྱལ་གཤེགས་ནས་ཀྱང་༔ རྟགས་དང་མཚན་མ་བསྟན་པ་དང་༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཕྲིན་ལས་སྒོ་ནས་དབང་མཆོག་བསྐུར༔ ནད་གདོན་བགེགས་ཚོགས་ཚར་ཆོད་ཅིག༔ གོང་ལྟར་འགྲེས༔ ཀརྨ་ཨ་བྷི་ཥིཉྩ་ཧྲཱིཿ གསང་གནས་སམ་ལག་ཏུ་བཞག༔ ཧཱུྃ༔ གར་གྱི་དབང་ཕྱུག་པདྨ་ཧེ་རུ་ཀ༔ སྐུ་མདོག་མཐིང་ནག་ཆོས་ཉིད་འགྱུར་བ་མེད༔ ཕྱག་གཉིས་གདུག་པའི་མཚོན་ཆས་དགྲ་བགེགས་


CMR015_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

འདུལ༔ རྟ་མགྲིན་ནག་པོའི་ཕྲིན་ལས་བཀྲ་ཤིས་ཤོག༔ དེས་ཕྲིན་ལས་ཀྱི་དབང་ཐོབ༔ འདིའི་ལས་སྦྱོར་རྣམས་འགྲུབ༔ མ་འོངས་པ་ན་སངས་རྒྱས་ཀྱི་ཕྲིན་ལས་བསྒྲུབ་ནུས་པའི་ཕྲིན་ལས་ཀྱི་དབང་ངོ་༔ དེས་རྟ་མགྲིན་ནག་པོ་ལྷ་ལྔ་རིགས་ལྔའི་དབང་ཐོབ་ནས་བྱིན་རླབས་བཀའ་བསྒོ་བའི་དོན་དུ་དམིགས་པ་འདི་བཞིན་དུ་མཛོད༔ གཏོར་མ་མི་དམིགས་པ་ལས་ངོ་བོ་རྟ་མགྲིན་ནག་པོ་འཁོར་བཞི་དང་བཅས་པ༔ འུར་འུར་ཐུག་ཐུག་ཆེམས་ཆེམ་རྟ་སྐད་སྟོང་གསུམ་གྲགས་པ་ཙེར་ཙེར་སྟོང་གསུམ་འུར་འུར༔ རྒྱ་མཚོ་ཁྱོམ་ཁྱོམ་རི་རབ་ལྡིག་ལྡིག༔ དྲག་ཤུལ་དང་ལྡན་པ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན་ནས༔ གོང་གི་ནུས་པ་ཡོངས་སུ་རྫོགས་པར་ཁྱེད་རང་རྣམས་ལ་དབང་བསྐུར་བས་ཀླུ་དང་ས་བདག་རྒྱལ་བསེན་སྡེ་བརྒྱད་ཐམས་ཅད་ཁ་འདར་སྙིང་འདར་བརྒྱལ་འབོག༔ མྱོས་ལྐུགས་རེངས་འདར་ཡེད་ཡེད༔ མིག་ཧྲིག་ཧྲིག༔ བཀའ་ཉན་ལས་བྱེད༔ བྲོ་བོར་དམ་ལས་མི་འདའ་བར་གྱུར༔ འགའ་ཞིག་རྒྱ་མཚོའི་འགྲམ་དུ་བྲོས་ཏེ༔ ཕྱིར་མི་ལྡོག་པའི་མཚམས་རྣམས་མཚོན་ཆའི་འཁོར་ལོ་དང་མེ་དཔུང་གིས་ཆོད་པར་སྒོམས༔ གཏོར་མ་ཐོགས་ལ་


CMR015_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་དང་བཅས་པས༔ ཧཱུྃ༔ དམ་ཚིག་ཆེན་པོའི་ཚུལ་བསྟན་པ༔ ཁྲོ་བོ་ཆེན་པོ་གཤེགས་སུ་གསོལ༔ སྤྲུལ་པའི་ཁྲོ་རྒྱལ་གཤེགས་ནས་ཀྱང་༔ རྟགས་དང་མཚན་མ་བསྟན་པ་དང་༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ གཏོར་མའི་དབང་བསྐུར་ལྷ་དང་གཉིས་སུ་མེད༔ རྟ་མཆོག་སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ མ་ལུས་ཡོངས་སུ་རྫོགས་པའི་དབང་བཞི་མཆོག༔ སྐལ་ལྡན་བུ་ལ་དབང་འདི་ཡོངས་རྫོགས་ནས༔ སྐུ་བཞི་ལྷུན་གྲུབ་ཕྲིན་ལས་རྣམ་བཞི་མཉམ༔ རྒྱ་ཆེན་རྒྱུན་མི་ཆད་པའི་དབང་ཐོབ་ཤོག༔ བཅོམ་ལྡན་འདས་ཆོས་སྐུ་སྣང་བ་མཐའ་ཡས༔ ལོངས་སྐུ་ཐུགས་རྗེ་ཆེན་པོ༔ སྤྲུལ་སྐུ་པདྨ་འབྱུང་གནས༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ༔ མངའ་བདག་ཉང་རལ་ཅན༔ རིང་འཛིན་རཏྣ་གླིང་པ༔ རྗེ་མཐོང་བ་དོན་ལྡན་ཞབས་ལ་སོགས་པ༔ བཀའ་བབས་རིག་འཛིན་བརྒྱུད་པའི་བླ་མ་དམ་པ་རྣམས་དང་༔ ཁྱད་པར་ཁྲོ་བོ་རྟ་མགྲིན་ནག་པོ༔ ཡཀྵ་ནག་པོ༔ ཀླུ་འདུལ་ནག་པོ༔ གདོན་འདུལ་ནག་པོ༔ གཟའ་འདུལ་ནག་པོ༔ བགེགས་འདུལ་ནག་པོ༔ གདོན་འདུལ་ནག་པོ༔ སྲི་འདུལ་ནག་པོ༔ མ་ཧཱ་ཀཱ་ལ་རྟ་


CMR015_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

གདོང་ཅན༔ སྐུ་ཡི་རྟ་མགྲིན༔ གསུང་གི་རྟ་མགྲིན༔ ཐུགས་ཀྱི་རྟ་མགྲིན༔ ཡོན་ཏན་གྱི་རྟ་མགྲིམ༔ ཕྲིན་ལས་ཀྱི་རྟ་མགྲིན་གཡས་སུ་ཡཀྴ་མེ་དབལ༔ གཡོན་དུ་གནོད་སྦྱིན་ནག་པོ་ལྕགས་རལ་ཅན༔ སྟེང་དུ་སྲིད་པའི་བྱ་ཁྱུང་༔ མདུན་དུ་གནམ་ལྕགས་ཀྱི་སྡིག་རྒོད་འཁོར་དང་བཅས་པས་རྡོ་རྗེའི་སློབ་མ་འདི་རྣམས་ལ་བྱིན་གྱིས་བརླབས་པ་དང་དབང་བསྐུར་བར་མཛད་དུ་གསོལ༔ གཟའ་ཀླུ་རྒྱལ་བསེན་སྡེ་བརྒྱད་དམ་སྲིའི་གནོད་པས་མི་ཚུགས་པར་སྲུངས་ཤིག༔ གག་ལྷོག་གཟེར་གསུམ་སྨྱོ་འབོག་བརྒྱལ་ནད༔ མཛེ་ཤུ་བ་ཞ་གྲུམ་གྱིས་གནོད་པ་ཐམས་ཅད་ཞི་བར་མཛོད་ཅིག༔ དུས་ད་ནས་བཟུང་སྟེ་ཚེ་རབས་ཐམས་ཅད་དུ་ལྷག་པའི་ལྷར་མཛད་ནས་རྗེས་སུ་འཛིན་པར་མཛོད་ཅིག༔ རཏྣ་ལུགས་ཡིན་ན་དེའི་སྔགས་རིང་བྱའོ༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲི་ཝ་ཧཱུྃ་ཕཊ༔ ཡཀྵ་ནག་པོ་ནི་ཏྲི་ཧུར་ཤྲཱི་ཛཿ གནོད་བྱེད་བྱེད་མ་མཱ་ར་ཡ་སྲོག་ལ་རྦད་རྦད༔ སྙིང་ལ་རྦད་རྦད༔ རྩ་ལ་རྦད་ཅད༔ ཁྲག་ལ་རྦད་རྦད༔ ཤ་ལ་རྦད་རྦད༔ རུས་ལ་རྦད་རྦདི༔ ཀླད་པ་ལ་བོད་རྦད༔ ཡིད་ལ་རྦད་རྦད༔ ཙིཏྟ་ཟུང་ཟུང༔ ཙིཏྟ་སྨུག་སྨུག༔ ཙིརྟ་ཕྱུང་ཕྱུང་༔ ཙིཏྟ་


CMR015_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

གཏུབ་གཏུབ༔ ཙིཏྟ་མྱོག་མྱོག༔ ཙིཏྟ་ཐུམ་ཧྲིལ༔ ཡཱ་ཡཱ་བྷོ་བྷྱོ༔ སྲོག་རྩ་ཆོད་ཆོད༔ སྙིང་རྩ་ཕྱུང་བྱུང་༔ ཁཾ་ཁཾ་ལཾ་ལཾ༔ ཚལ་པ་རྦད་རྦད༔ དུ་བུར་རྦུད་རྦུད༔ ཐུ་མྱོག༔ བཻ་རིལ༔ མཱ་ར་ཡ་རྦད་སོད༔ རཾ་རཾ་ཛྭ་ལ་རཾ༔ ཨུཙཱ་ཏ་ཡ་ཕཊ༔ ཅེས་སློབ་མ་དམ་ཚིག་ཅན་གལ་ཆེན་ཡིན་ན༔ དབང་ལྷ་ལྔ་སློབ་མ་ལ་ཐིམ་པར་བསྒོམས༔ དམ་ཚིག་ཅན་མིན་པ་དང་རྗེས་ཝིག་ཏུ་ཡིན་ན་མི་བསྟིམ་མོ༔ དེ་ལྟར་དབང་བསྐུར་ནས༔ ཁྱེད་རང་ཐ་མལ་པའི་ལུས་དེ་གནས་འགྱུར་ནས༔ རྟ་མགྲིན་ནག་པོའི་སྐུར་ལམ་གྱིས་གྱུར་པ་ལ༔ དབང་ལྷ་རིགས་ལྔའི་ལྷ་ཚོགས་སྐད་ཅིག་ནམ་མཁར་བྱོན་ནས༔ བུམ་པས་དབང་བསྐུར་བར་སྒོམས་ཤིག༔ བུམ་པ་ཐོགས་ལ༔ ཧཱུྃ༔ དམ་ཚིག་ཆེན་པོའི་ཚུལ་བསྟན་པ༔ ཁྲོ་བོ་ཆེན་པོ་གཤེགས་སུ་གསོལ༔ སྤྲུལ་པའི་ཁྲོ་རྒྱལ་གཤེགས་ནས་ཀྱང་༔ རྟགས་དང་མཚན་མ་བསྟན་པ་དང་༔ དངོས་གྲུབ་དམ་པ་བསྩལ་དུ་གསོལ༔ བུམ་པའི་དབང་བསྐུར་གཞལ་ཡས་ཆེན་པོ་མཆོག༔ རྟ་མཆོག་སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ མ་ལུས་ཡོངས་སུ་རྫོགས་པའི་དབང་བཞི་མཆོག༔ སྐལ་ལྡན་བུ་ལ་དུས་འདིར་ཡོངས་རྫོགས་ནས༔ སྐུ་


CMR015_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ལྷུན་གྲུབ་ཕྲིན་ལས་རྣམ་བཞི་མཆོག༔ རྒྱ་ཆེན་རྒྱུན་མི་ཆད་པའི་དབང་ཐོབ་ཤོག༔ རྩ་སྔགས་དང་༔ ཅེས་སྔགས་ཀྱི་བཟླས་ལུང་འདི་བསྙེན་པ་མི་བྱེད་པ་ལ་མ་བྱས་ཀྱང་ཆོག༔ ཨེ་ཨཱ་རལླི་ཧཱུྃ་ཧཱུྃ་ཛཿ ས་མ་ཡ་སྟཱ༔ ཀཱ་ཡ་ཝཱཀྐ་ཙིཏྟ་ཨ་བྷི་ཥིཉྩ་ཨོཾ་ཨཱཧཱུྃ་ཧི༔ ཞེས་གནས་བཞིར་བཞག༔ བུམ་པའི་ཆུས་བྲན་ལ༔ བུམ་ཆུ་སྤྱི་བོར་བླུག་པས་རྟ་མགོས་མཚན་པས་རྟ་སྐད་ཐེངས་གསུམ་ཐོན་པར་སྒོམས༔ བུམ་ཆུ་བླུད་ནས༔ བུམ་ཆུ་ངག་ཏུ་བླུད་པས་ལུས་ནུས་པ་ཐོགས་པ་མེད་པར་སྒོམས༔ དེ་ནས་སྔགས་ཀྱི་བཟླས་ལུང་འདི་ནི་བསྙེན་པ་བྱེད་མིར་བྱ་ཡི༔ མི་བྱེད་པ་ལ་མ་བྱས་ཀྱང་རུང་༔ ད་སྔགས་ཀྱི་བཟླས་ལུང་གི་དོན་དུ༔ མེ་ཏོག་གི་ཕྲེང་བ་རེ་ཕུལ་བའི་མོས་པས་འདིའི་རྗེས་ཟློས་མཛོད༔ རྟ་མགྲིན་ནག་པོ་བདག་གིས་བཟུང་ལགས་ཀྱི༔ བདག་ལ་བྱིན་གྱིས་བརླབ་ཏུ་གསོལ༔ ལན་གསུམ་བརྗོད༔ སློབ་དཔོན་དང་མདུན་བསྐྱེད་ཡེ་ཤེས་སེམས་དཔའི་ཞལ་ནས༔ སྔགས་ཕྲེང་དམར་པོ་མེ་ཡི་རང་བཞིན་ཚ་ཚ་སི་ལི་ལི་བྱུང་ནས་སློབ་མའི་ཞལ་ནས་ཞུགས་པས་ལུས་ཐམས་ཅད་དམར་མེ་རེ་རེ་གང་ནས༔ ནད་གདོན་སྡིག་སྒྲིབ་ཐམས་ཅད་བསྲེགས་པར་སྒོམས་ལ་རྗེས་ཟློས་མཛོད༔ གཏེར་ཁ་གང་ཡིན་གྱི་སྙིང་པོ་


CMR015_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད༔ མེ་ཏོག་སྤྱི་བོར་བཞག༔ རྟ་མགྲིན་ནག་པོ་འདི་ལ་མྱུ་ལགས་ཀྱིས༔ འདི་ལ་འགོ་བར་མཛད་དུ་གསོལ༔ རྟ་མགྲིན་ནག་པོའི་བྱིན་རླབས་དང་༔ རིག་སྔགས་གསུང་གི་ནུས་པ་ཐམས་ཅད་རྡོ་རྗེའི་སློབ་མ་འདི་རྣམས་ལ་འཇུག་ཅིང་བརྟན་པར་གྱུར་ཅིག༔ ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ༔ མེ་ཏོག་འཐོར་ལ༔ འོ་དེས་རྡོ་རྗེའི་སློབ་མ་ཁྱེད་རྣམས་ལ་དཔལ་རྟ་མགྲིན་ནག་པོའི་དབང་བསྐུར་བ་ཐོབ་པ་ཡིན་པས༔ ད་ཕྱིན་ཆད་རྟ་མགྲིན་ནག་པོ་འདི་ཡི་དམ་གྱི་ལྷར་ཟུངས་ཤིག༔ འཆང་ཞིག༔ སྒོམས་ཤིག༔ སྒྲུབས་ཤིག༔ ཐོན་ཅིག༔ ལྷ་མ་སྲིན་སྡེ་བརྒྱད་དྲེགས་པ་ཅན་ཐམས་ཅད་དབང་དུ་བསྡུས་ཤིག༔ ཟིལ་གྱིས་ནོན་ཅིག༔ དམ་ལ་ཐོག་ཅིག༔ དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་ཆོད་ཅིག༔ རྗེས་ཟློས་མཛོད༔ གཙོ་བོས་ཇི་ལྟར་བཀའ་སྩལ་པ༔ སོགས། ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ༔ སོགས། ༈ ཉང་ལུགས་ཀྱི་བླ་མ་བརྒྱུད་པའི་རིམ་པ་ནི༔ ཉང་ཉི་མ་འོད་ཟེར༔ ཉང་སྲས་ཆེ་ཆུང་༔ སྨན་ལུང་མི་བསྐྱོད་རྡོ་རྗེ༔ བླ་མ་གཉན་སྲས༔ ཆོས་ཀྱི་བླ་མ་རིག་འཛིན་ཀུ་མ་ར་ཛཿ ཀློང་ཆེན་རབ་འབྱམས་པ༔ འོད་གསལ་རང་གྲོལ༔ རྡོ་རྗེ་རིག་འཛིན༔ བྱ་བཏང་བདེ་ཆེན་རང་


CMR015_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ༔ མཁས་གྲུབ་སངས་རྒྱས་བཀྲ་ཤིས་བླ་མ་དམ་པ་ཀུན་དགའ་དཔལ༔ གཏེར་སྟོན་རིན་ཆེན་རྒྱལ་མཚན༔ སྤྱན་ཚབ་མགོན་པོ་ཟླ་བ༔ མཉམ་མེད་དྷམཱ་རཱ་ཛཿ བྱང་བདག་བཀྲ་ཤིས་སྟོབས་རྒྱལ༔ ཀརྨ་དོན་ཡོད༔ རཱ་ག་ཨ་སྱ་ལའོ༔ གཞན་ཡང་ས་ལུགས་ནས་བརྒྱུད་པ༔ དགེ་ལུགས་ནས་བརྒྱུད་པ༔ ཀར་ལུགས་ནས་བརྒྱུད་པ་ཡང་ཐོབ་བོ༔ རཏ་ལུགས་ཀྱི་བརྒྱུད་པ་ནི༔ རཏྣ་གླིང་པ༔ ཚེ་དབང་གྲགས་པ། ཤཱཀྱ་བཀྲ་ཤིས། ཡང་ན་ཉེ་རྒྱུད། །ཚེ་དབང་གྲགས་པ། ལས་འཕྲོ་གླིང་པ༔ འཇིག་རྟེན་མགོན་པོ༔ སངས་རྒྱས་ཕུན་ཚོགས༔ ཀརྨ་དོན་ཡོད༔ རཱ་ག་ཨ་སྱ་ཉིད་ལའོ༔ ༈ ཡང་གཞན་ལྟར་ན། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། །སྤྲུལ་སྐུ་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། གཏེར་སྟོན་སངས་རྒྱས་གླིང་པ། སྲས་བླ་མ་ཡེ་ཤེས། ཀརྨ་པ་མཐོང་བ་དོན་ལྡན་ཞབས་ཏེ་རིང་བརྒྱུད་དོ། །ཉེ་བརྒྱུད་ནི། སློབ་དཔོན་པདྨ། མངའ་བདག་ཉང་རལ།་རཏྣ་གླིང་པ། མཐོང་བ་དོན་ལྡན། དཔལ་འབྱོར་དོན་གྲུབ། སངས་རྒྱས་མཉན་པ། མི་བསྐྱོད་རྡོ་རྗེ། དཀོན་མཆོག་འབངས། བཛྲ་ཤྭ་ར། དེས་བདག་རཱ་ག་ཨ་སྱ་ལའོ།། ༈ གལ་ཆེན་ཡིན་ན་ནད་པ་སོགས་ལ་དབང་བརྒྱ་རྩའམ༔ ལོ་གྲངས་སོགས་མང་དུ་བྱེད་ན༔ ཉིན་རེ་བཞིན་ད་ནངས་དང་པོ་ལ་གསོལ་འདེབས་དང་༔ སྐྱབས་སེམས་སོང་ནས་མདུན་དུ་དབང་ལྷ་བསྐྱེད་ནས་སྤྱན་འདྲེན་བཞུགས་གསོལ་གྱི་བར་ལན་གཅིག་བྱས་པས་འཐུས༔ དེ་


CMR015_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འདི་མན་ཆད་ལ་གྲངས་བཟུང་ངོ་༔ རྣམ་པ་བུམ་པ་དང་གཏོར་མ་མི་དམིགས་པ་ལས༔ ཁྲོ་བོ་རྟ་མགྲིན་ནག་པོ་འཁོར་བཞི་དང་བཅས་པ༔ འུར་འུར་ཐུག་ཐུག་ཆེམས་ཆེམས༔ རྟ་སྐད་ཐེངས་གསུམ་གྲག་པ་ཙེར་ཙེར་སྟོང་གསུམ་འུར་འུར་རྒྱ་མཚོ་ཁྱོམ་ཁྱོམ་རི་རབ་ལྡིག་ལྡིག་དྲག་ཤུལ་དང་ལྡན་པ༔ ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན་ནས་གོང་གི་ནུས་པ་ཡོངས་སུ་རྫོགས་པས༔ ཁྱེད་རང་རྣམས་ལ་དབང་བསྐུར་བས་ཀླུ་དང་ས་བདག་རྒྱལ་བསེན་དམ་སྲི་འབྱུང་པོ་སྡེ་བརྒྱད་ཐམས་ཅད་ཁ་འདར་སྙིང་འདར་བརྒྱལ་འབོག་མྱོས་ལྐུགས་རེངས་འདར་ཡེད་ཡེད་མིག་ཧྲིག་ཧྲིག༔ བཀའ་ཉན་ལས་བྱེད༔ དམ་ལས་མི་འདའ་བར་སྒོམས་ཤིག༔ འགའ་ཞིག་རྒྱ་མཚོའི་འགྲམ་དུ་བྲོས་ཏེ་ཕྱིར་མི་ལྡོག་པར་བར་མཚམས་མཚོན་ཆ་དང་མེ་དཔུང་གི་འཁོར་ལོས་ཆོད་པར་སྒོམས་ཤིག༔ ཅེས་གཏོར་མ་བཟུང་ལ་དབྱངས་དང་བཅས་པས༔ ཧཱུྃ༔ དམ་ཚིག་ཆེན་པོའི་ཚུལ་བསྟན་པ༔ ཁྲོ་བོ་ཆེན་པོ་གཤེགས་སུ་གསོལ༔ སྤྲུལ་པའི་ཁྲོ་རྒྱལ་གཤེགས་ནས་ཀྱང་༔ རྟགས་དང་མཚན་མ་བསྟན་པ་དང་༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ སྐུ་ཡི་སྒོ་ནས་དབང་མཆོག་བསྐུར༔ ལུས་ཀྱི་


CMR015_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

ནད་གདོན་ཞི་བར་མཛོད༔ གསུང་གི་སྒོ་ནས་དབང་མཆོག་བསྐུར༔ ངག་ལ་ནུས་པ་བསྐྱེད་དུ་གསོལ༔ ཐུགས་ཀྱི་སྒོ་ནས་དབང་མཆོག་བསྐུར༔ ཡིད་ལ་བདེ་སྟོང་སྦྱར་དུ་གསོལ༔ ཡོན་ཏན་སྒོ་ནས་དབང་མཆོག་བསྐུར༔ མཐུ་སྟོབས་ནུས་རྩལ་བསྐྱེད་དུ་གསོལ༔ ཕྲིན་ལས་སྒོ་ནས་དབང་མཆོག་བསྐུར༔ ནད་གདོན་བགེགས་ཚོགས་ཚར་ཆོད་ཅིག༔ བུམ་པའི་དབང་བསྐུར་གཞལ་ཡས་ཆེན་པོ་མཆོག༔ གཏོར་མའི་དབང་བསྐུར་ལྷ་དང་གཉིས་སུ་མེད༔ རྟ་མཆོག་སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ མ་ལུས་ཡོངས་སུ་རྫོགས་པའི་དབང་བཞི་མཆོག༔ སྐལ་ལྡན་བུ་ལ་དུས་འདིར་ཡོངས་རྫོགས་ནས་སྐུ་བཞི་ལྷུན་གྲུབ་ཕྲིན་ལས་རྣམ་བཞི་བརྙེས༔ རྒྱ་ཆེན་རྒྱུན་མི་ཆད་པའི་དབང་ཐོབ་ཤོག༔ སྐུ་ལས་ཁྲོ་ཆུང་དཀར་སེར་དམར་ལྗང་གི་ཆར་བབས་ནས་ཐིམ་པར་བསྒོམ་ཞིང་༔ རྩ་སྔགས་གང་ཡིན་ལ་ཤམ་བུ་སྔགས་འདི་སྦྱར༔ ཨོཾ་ཨེ་ཨཱ་རལླི་ཧཱུྃ་ཧཱུྃ་ཛཿ ས་མ་ཡ་སྟི༔ དཔྲལ་བར། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ མགྲིན་པར། ཝཱཀྐ་ཨ་བྷི་ཥིཉྩ་ཨཱཿ སྙིང་གར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ལྟེ་བར། སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ བུམ་པ་སྤྱི་བོར་བཞག༔ བུམ་ཆུ་སྤྱི་བོར་བླུགས་པས་རྟ་མགོས་མཚན་པར་གྱུར་ནས་རྟ་


CMR015_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ཐེངས་གསུམ་བཏོན་པར་སྒོམས༔ བུམ་ཆུ་བླུད་ཅིང་༔ ངག་ཏུ་ནུས་པ་ཐོགས་པ་མེད་པར་སྒོམས༔ དེ་ལྟར་དངོས་གཞི་དེ་ལ་གྲངས་བཟུང་ནས་བཅུའམ་བཅོ་ལྔ་ཙམ་རེ་ཝིག༔ གྲོལ་རན་པ་དང་༔ དེས་རྟ་མགྲིན་ནག་པོའི་དབང་བསྐུར་བ། གྲངས་ཁ་འདི་ཞེས་བྱ་བ་སོང་བས༔ ཡི་དམ་དུ་འཛིན་པའི་མོས་པ་མཛོད༔ གཙོ་བོས་ཇི་ལྟར་སོགས་མཎྜལ་ཕུལ། དེ་ལྟར་བརྒྱ་རྩ་བསྐུར་ན་གདོན་ཅན་ལ་ཤིན་ཏུ་ཕན་པར་ངེས་ལ། དེ་ཡང་རཏ་ལུགས་གཉན་དྲག་ཅིང་། ཉང་ལུགས་ལ་སྦྱར་ན་འཕྲག་ཡང་ངོ་། །ཞེས་པ་འདི་རྟ་མགྲིན་ནག་པོ་ལ་རྩེ་གཅིག་ཏུ་ཡི་དམ་དུ་བྱེད་པའི་སྔགས་འཆང་རཱ་ག་ཨ་སྱས་བསྒྲིགས་པ་གཏེར་ཁ་གོང་འོག་གཉིས་ཁོ་ནའི་ཚིག་བསྒྲིགས་པ་ཡིན་པས༔ བྱིན་རླབས་ཆེ་ཞིང་གཏེར་ཁ་གོང་འོག་གི་སྲོག་དབང་ནི་མི་འདྲ་འཕྲག་ཡངས་ཤིང་བལྟས་ཆོག་ཏུ་བཀོད་པ་ལ་ཕན་ཆེའོ༔ འདི་ལ་ཉེས་པ་གང་མཆིས་ལྷ་དང་སྲུང་མའི་ཚོགས་ལ་བཤགས༔ དགེ་བས་སེམས་ཅན་ཐམས་ཅད་ལ་ཕན་ཐོགས་རྒྱ་ཆེན་པོ་དང་བཅས༔ དབང་ཆེན་གྱི་ཕྲིན་ལས་མི་ནུབ་པའི་རྒྱལ་མཚན་དུ་གྱུར་ཅིག༔ སརྦ་མངྒ་ལཾ། བཀྲ་ཤིས། དགེའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR015_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousཉང་ལུགས་ཀྱི་གཏོར་དབང་བྱིན་རླབས་ཁྲོ་ཆུང་ཆར་འབེབས།next