Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྟ་མགྲིན་ཡང་ཕྱུང་ནག་པོའི་སྡེ་བརྒྱད་བསྐང་བ་ལས་བཞི་ལྷུན་གྲུབ།
   
   
   
   
   


 
previousརྟ་མགྲིན་ཡང་ཕྱུང་ནག་པོའི་སྡེ་བརྒྱད་བསྐང་བ་ལས་བཞི་ལྷུན་གྲུབ།next

རྟ་མགྲིན་ཡང་ཕྱུང་ནག་པོའི་སྡེ་བརྒྱད་བསྐང་བ་ལས་བཞི་ལྷུན་གྲུབ།


CMR015_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་མགྲིན་ཡང་ཕྱུང་ནག་པོའི་སྡེ་བརྒྱད་བསྐང་བ་ལས་བཞི་ལྷུན་གྲུབ་བཞུགས་སོ།།


CMR015_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

རང་ཉིད་དབང་ཆེན་རྟ་མགྲིན་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་བཀའི་སྲུང་མ་སྡེ་བརྒྱད་ཀྱི་ཚོགས་དཔག་ཏུ་མེད་པ་སྐད་ཅིག་གིས་མཆོད་པའི་གནས་འདིར་སྤྱན་དྲངས་པར་གྱུར། ཨཿཡམཿདུཿརུཙཿཤཿནཿབཛྲ་ས་མ་ཡ་ཛ་ཛཿ ཨ༔ ལྷ་ཡི་རྒྱལ་པོ་ཆེན་པོ་ནི། །སྐུ་མདོག་དཀར་ལ་འོད་ཟེར་འབར། །སྐུ་ལ་དར་དཀར་བེར་ཆེན་གསོལ། །ཕྱག་གཡས་ཤེལ་གྱི་རལ་གྲི་ཕྱར། །གཡོན་པས་རང་མདོག་མདུང་དར་འཛིན། །ཆིབས་སུ་ལྷ་གཡག་དཀར་པོ་བཅིབ། །དངོས་སུ་ཡར་ལྷ་ཤམ་པོ་སྟེ། །ལྷ་འཁོར་དཀར་པོ་འབུམ་དང་བཅས། །འདིར་གཤེགས་


CMR015_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པ་དམ་པ་བཞེས། །གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་། །བྱད་ཁ་ཕུར་ཁ་དགྲ་ལ་ཟློག །སློབ་དཔོན་པདྨའི་བཀའ་བཞིན་དུ། །ཕྲིན་ལས་རྣམ་བཞི་མྱུར་དུ་སྒྲུབས། །གཤིན་རྗེའི་རྒྱལ་པོ་ཆེན་པོ་ནི། །སྐུ་མདོག་མཐིང་ནག་འོད་ཟེར་འབར། །སྟག་ལྤགས་རློན་པའི་ན་བཟའ་གསོལ། །གཡས་པས་བེ་ཅོན་མཁའ་ལ་འཕྱར། །གཡོས་པས་ཐོད་ཁྲག་ཐུགས་ཀར་འཛིན། །ཆིབས་སུ་མ་ཧེ་སྔོན་པོ་བཅིབ། །དངོས་སུ་ཡ་མ་རཱ་ཙ་སྟེ། །རང་འདྲའི་འབུམ་ཕྲག་འཁོར་གྱིས་བསྐོར། །འདིར་གཤེགས་མཆོད་པ་དམ་པ་བཞེས། །གསོལ་ལོ་


CMR015_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་དོ་ཐུགས་དམ་བསྐང་། །བྱད་ཁ་ཕུར་ཁ་དགྲ་ལ་ཟློག །སློབ་དཔོན་པདྨའི་བཀའ་བཞིན་དུ། །ཕྲིན་ལས་རྣམ་བཞི་མྱུར་དུ་སྒྲུབས། །མ༔ མ་མོ་ཆེན་མོ་རེ་མ་ཏཱི། །སྐུ་མདོག་དཀར་ལ་འོད་ཟེར་འབར། །སྐུ་ལ་དར་དཀར་འཇོལ་བེར་གསོལ། །ཕྱག་གཡས་མདའ་དར་མཁའ་ལ་འཕྱར། །གཡོས་པས་དངུལ་དཀར་མེ་ལོང་འཛིན། །ཆིབས་སུ་གཡུ་འབྲུག་སྔོན་མོ་བཅིབ། །དངོས་སུ་སྲིད་པའི་རྒྱལ་མོ་སྟེ། །རང་འདྲའི་མ་མོ་འབུམ་གྱིས་བསྐོར། །འདིར་གཤེགས་མཆོད་པ་དམ་པ་བཞེས། །གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་། །བྱད་ཁ་ཕུར་ཁ་དགྲ་ལ་ཟློག །སློབ་དཔོན་པདྨའི་བཀའ་བཞིན་དུ། །ཕྲིན་ལས་རྣམ་བཞི་མྱུར་དུ་སྒྲུབས། །བདུད་ཀྱི་རྒྱལ་པོ་ཆེན་པོ་ནི། །སྐུ་མདོག་ནག་ལ་འོད་ཟེར་འབར། །སྐུ་ལ་དར་སྔོན་བེར་ཆེན་གསོལ། །གཡས་པས་ཁྲམ་ཤིང་མཁའ་ལ་འཕྱར། །གཡོན་པས་བདུད་ཞགས་ཁྱུགས་སེ་ཁྱུག །ཆིབས་སུ་རྟ་ནག་རྟིང་དཀར་བཅིབ། །དངོས་སུ་སྐོས་རྗེ་དྲང་དཀར་ཏེ། །རང་འདྲའི་བདུད་དམག་འབུམ་གྱིས་བསྐོར། །འདིར་གཤེགས་མཆོད་པ་དམ་པ་བཞེས། །གསོལ་ལོ་མཆོད་དོ་ཐུགས་


CMR015_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

དམ་བསྐང་། །བྱད་ཁ་ཕུར་ཁ་དགྲ་ལ་ཟློག །སློབ་དཔོན་པདྨའི་བཀའ་བཞིན་དུ། །ཕྲིན་ལས་རྣམ་བཞི་མྱུར་དུ་སྒྲུབས། །ར༔ དགྲ་བླའི་རྒྱལ་པོ་ཆེན་པོ་ནི། །སྐུ་མདོག་དམར་སེར་མི་ཤ་དཀར། །སྐུ་ལ་ཆོས་གོས་ཤམ་ཐབས་གསོལ། །དབུ་ལ་སག་ཞུ་ཁྲ་བོ་གསོལ། །ལྷུང་བཟེད་འཁར་གསིལ་ཕྱག་ན་བསྣམས། །ཆིབས་སུ་སེང་གེ་དཀར་མོ་བཅིབ། །དངོས་སུ་རྒྱལ་པོ་པེ་ཧར་ལ། །རང་འདྲའི་སེར་གཟུགས་འབུམ་གྱིས་བསྐོར། །འདིར་གཤེགས་མཆོད་པ་དམ་པ་བཞེས། །གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་། །བྱད་ཁ་ཕུར་ཁ་དགྲ་ལ་ཟློག །སློབ་དཔོན་པདྨའི་བཀའ་བཞིན་དུ། །ཕྲིན་ལས་རྣམ་བཞི་མྱུར་དུ་སྒྲུབས། །བཙན་གྱི་རྒྱལ་པོ་ཆེན་པོ་ནི། །སྐུ་མདོག་དམར་ལ་འོད་ཟེར་འབར། །སྐུ་ལ་བསེ་ཁྲབ་སེར་པོ་མནབས། །གཡས་གཡོན་མདའ་གཞུ་མདུང་དར་བསྣམས། །ཆིབས་སུ་ལྷ་རྟ་དམར་ཞུར་བཅིབ། །དངོས་སུ་ཡམ་ཤུད་དམར་པོ་སྟེ། །རང་འདྲའི་དམར་པོ་འབུམ་གྱིས་བསྐོར། །འདིར་གཤེགས་མཆོད་པ་དམ་པ་བཞེས། །གསོལ་ལོ་མཆོད་དོ་ཐུགས་


CMR015_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

དམ་བསྐང་། །བྱད་ཁ་ཕུར་ཁ་དགྲ་ལ་ཟློག །སློབ་དཔོན་པདྨའི་བཀའ་བཞིན་དུ། །ཕྲིན་ལས་རྣམ་བཞི་མྱུར་དུ་སྒྲུབས། །གནོད་སྦྱིན་རྒྱལ་པོ་ཆེན་པོ་ནི། སྐུ་མདོག་ལྗང་ལ་འོད་ཟེར་འབར། སྐུ་ལ་སྟག་ལྤགས་རློན་པ་མནབས། །ཕྱག་གཡས་རལ་གྲི་མཁའ་ལ་འཕྱར། །གཡོན་པས་ཡིད་བཞིན་ནོར་བུ་འཛིན། །ཆིབས་སུ་རྒྱ་སྟག་དམར་པོ་བཅིབ། །དངོས་སུ་གང་བ་བཟང་པོ་སྟེ། །ཚོང་དཔོན་ཆ་ལུགས་འབུམ་གྱིས་བསྐོར། །འདིར་གཤེགས་མཆོད་པ་དམ་པ་བཞེས། །གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་། །བྱད་ཁ་ཕུར་ཁ་དགྲ་ལ་ཟློག །སློབ་དཔོན་པདྨའི་བཀའ་བཞིན་དུ། །ཕྲིན་ལས་རྣམ་བཞི་མྱུར་དུ་སྒྲུབས། །ཀླུ་ཡི་རྒྱལ་པོ་ཆེན་པོ་ནི། །སྐུ་མདོག་དུད་ཁ་སྦྲུལ་མཇུག་ཅན། །སྦྲུལ་མགོ་བདུན་དང་དར་གྱིས་བརྒྱན། །ཕྱག་གཡས་འཁོར་ལོ་གཡོན་ཞགས་པ།་།ཀླུ་རྟ་སྔོན་པོ་ཆིབས་སུ་ཆིབས། །དངོས་སུ་མཁར་ནག་སྨྱོ་ཁ་སྟེ། །།རང་འདྲའི་ཀླུ་བདུད་འབུམ་གྱིས་བསྐོར། །འདིར་གཤེགས་མཆོད་པ་དམ་པ་བཞེས། །གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་། །བྱད་ཁ་ཕུར་ཁ་དགྲ་ལ་ཟློག །སློབ་དཔོན་པདྨའི་བཀའ་བཞིན་དུ། །ཁས་བླངས་དམ་བཅས་


CMR015_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བསྒོས་ལྟར། །ཕྲིན་ལས་རྣམ་བཞི་མྱུར་དུ་སྒྲུབས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །སྡེ་བརྒྱད་བཤོས་བུའི་མཐར་དཀར་གསུམ་མངར་གསུམ་བཀྲ་ཤིས་རྫས་་རྟགས་རྒྱལ་སྲིད་སྣ་བདུན་མཆོད་རྫས་གང་འབྱོར་བཤམས། སྡེ་བརྒྱད་ཀྱི་ཆོ་འཕྲུལ་དང་བྱད་ཁ་སྡང་ན་འདི་ལ་བརྩོན་པར་གྱིས། རྟ་མགྲིན་ཡང་ཕྱུང་ནག་པོའི་ཟུར་འགེབ་སྡེ་བརྒྱད་བསྐང་བ་འདི། སྔགས་འཆང་རཱ་ག་ཨ་སྱས་སྨྲས་པ་ཡི་གེ་པ་ནི་དགེ་བཱིརྱའོ། །བཀྲ་ཤིས། དགེའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR015_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousརྟ་མགྲིན་ཡང་ཕྱུང་ནག་པོའི་སྡེ་བརྒྱད་བསྐང་བ་ལས་བཞི་ལྷུན་གྲུབ།next