Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དཔལ་ཆེན་རྟ་མགྲིན་ནག་པོ་ལས་ཁྱུང་གི་ཟློག་པ།
   
   
   


 
previousདཔལ་ཆེན་རྟ་མགྲིན་ནག་པོ་ལས་ཁྱུང་གི་ཟློག་པ།next

དཔལ་ཆེན་རྟ་མགྲིན་ནག་པོ་ལས་ཁྱུང་གི་ཟློག་པ།


CMR015_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཆེན་རྟ་མགྲིན་ནག་པོ་ལས་ཁྱུང་གི་ཟློག་པ་བཞུགས་སོ༔ ཧཱུྃ༔ དབང་གི་རྒྱལ་པོ་ཁྲོ་བོའི་རྒྱལ༔ དབུ་ལ་ཁྱུང་ཆེན་འབར་བས་བརྒྱན༔ ཁྱོད་ལ་བཟློག་བསྒྱུར་ཕྲིན་ལས་བཅོལ༔ དམ་རྫས་གཏོར་མ་འདི་བཞེས་ལ༔ ཕོ་གདོན་གཤིན་རྗེའི་གནོད་པ་རྣམས༔ བཟློག་གོ་བྱ་ཁྱུང་རྒྱལ་པོས་ཟློག༔ མོ་གདོན་སྲིན་མོའི་གནོད་པ་རྣམས༔ བཟློག་གོ་བྱ་ཁྱུང་རྒྱལ་པོས་ཟློག༔ དུས་མིན་འཆི་བ་བཅོ་བརྒྱད་རྣམས༔ བཟློག་གོ་བྱ་ཁྱུང་རྒྱལ་པོས་ཟློག༔ འཆི་བདག་གཤིན་རྗེའི་ཕོ་ཉ་རྣམས༔ བཟློག་གོ་བྱ་ཁྱུང་རྒྱལ་པོས་ཟློག༔ དུས་ཀྱི་ཞགས་པས་བཅིངས་པ་རྣམས༔ བཟློག་གོ་བྱ་ཁྱུང་རྒྱལ་པོས་ཟློག༔ མོ་རྩིས་གབ་རྩེ་ངན་པ་རྣམས༔ བཟློག་གོ་བྱ་ཁྱུང་རྒྱལ་པོས་ཟློག༔ ཡམས་ནད་རིམས་ནད་དལ་ཡམས་རྣམས༔ བཟློག་གོ་བྱ་ཁྱུང་རྒྱལ་པོས་ཟློག༔ ཁྲག་ནད་རྒྱུ་གཟེར་མཁྲིས་ནད་རྣམས༔ བཟློག་གོ་བྱ་ཁྱུང་རྒྱལ་པོས་ཟློག༔ མ་མོའི་ཁ་རླངས་གདུག་རྩུབ་རྣམས༔ བཟློག་གོ་བྱ་ཁྱུང་རྒྱལ་པོས་ཟློག༔ བསེན་མོས་ཚེ་ལ་རྐུ་བ་རྣམས༔ བཟློག་གོ་བྱ་ཁྱུང་རྒྱལ་པོས་ཟློག༔ བཙན་གྱི་ཤྭ་རྡེལ་གཏོར་བ་ཡང་༔ བཟློག་གོ་བྱ་ཁྱུང་རྒྱལ་


CMR015_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

པོས་ཟློག༔ རྟ་ནད་མཚེར་རྩུབ་ཐམས་ཅད་རྣམས༔ བཟློག་གོ་བྱ་ཁྱུང་རྒྱལ་པོས་ཟློག༔ ཀླུ་གཉན་ས་བདག་གནོད་པ་ཡང་༔ བཟློག་གོ་བྱ་ཁྱུང་རྒྱལ་པོས་ཟློག༔ ཞྭ་གྲུམ་རྐང་འབམ་མཛེ་རིགས་རྣམས༔ བཟློག་གོ་བྱ་ཁྱུང་རྒྱལ་པོས་ཟློག༔ དམུ་ཆུ་ལྷོག་པ་གཉན་རྒོད་རྣམས༔ བཟློག་གོ་བྱ་ཁྱུང་རྒྱལ་པོས་ཟློག༔ གཏད་ཁྲམ་བསམ་ངན་དུག་སྦྱོར་རྣམས༔ བཟློག་གོ་བྱ་ཁྱུང་རྒྱལ་པོས་ཟློག༔ ཁ་རླངས་མཆེ་དུག་མཐོང་དུག་རྣམས༔ བཟློག་གོ་བྱ་ཁྱུང་རྒྱལ་པོས་ཟློག༔ ལྷ་ཡི་དལ་ནད་འབེབས་པ་ཡང་༔ བཟློག་གོ་བྱ་ཁྱུང་རྒྱལ་པོས་ཟློག༔ མྱོས་ཤིང་འཐིབས་པའི་ནད་རྣམས་ཀྱང་༔ བཟློག་གོ་བྱ་ཁྱུང་རྒྱལ་པོས་ཟློག༔ ལྷ་ཡི་རྩུབ་རིམས་ཐམས་ཅད་ཀྱང་༔ བཟློག་གོ་བྱ་ཁྱུང་རྒྱལ་པོས་ཟློག༔ གནམ་ལྕགས་ཐོག་དང་སེར་བ་ཡང་༔ བཟློག་གོ་བྱ་ཁྱུང་རྒྱལ་པོས་ཟློག༔ ལྷ་ཡི་བཀའ་ཆད་འབབས་པ་ཡང་༔ བཟློག་གོ་བྱ་ཁྱུང་རྒྱལ་པོས་ཟློག༔ ལྷ་མ་ཡིན་གྱི་རྒྱུག་འཐབ་ཀྱང་༔ བཟློག་གོ་བྱ་ཁྱུང་རྒྱལ་པོས་ཟློག༔ བར་གདོན་གཉན་གྱི་གནོད་པ་ཡང་༔ བཟློག་གོ་བྱ་ཁྱུང་རྒྱལ་པོས་ཟློག༔ གཉན་ནད་གག་ལྷོག་གཟེར་གསུམ་ཡང་༔ བཟློག་གོ་


CMR015_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་ཁྱུང་རྒྱལ་པོས་ཟློག༔ གཉན་ཚད་གཉན་རིམས་ལྷོག་རྒོད་རྣམས༔ བཟློག་གོ་བྱ་ཁྱུང་རྒྱལ་པོས་ཟློག༔ ཚེར་ལྷོག་མཐིང་ནག་མེ་དབལ་རྣམས༔ བཟློག་གོ་བྱ་ཁྱུང་རྒྱལ་པོས་ཟློག༔ སྐྱང་ལྷོག་བྱིས་པ་ཉ་གས་རྣམས༔ བཟློག་གོ་བྱ་ཁྱུང་རྒྱལ་པོས་ཟློག༔ འོག་གདོན་ཀླུ་ཡི་གནོད་པ་རྣམས༔ བཟློག་གོ་བྱ་ཁྱུང་རྒྱལ་པོས་ཟློག༔ ཀླུ་རིགས་ཡོངས་ཀྱི་གནོད་པ་རྣམས༔ བཟློག་གོ་བྱ་ཁྱུང་རྒྱལ་པོས་ཟློག༔ ཀླུ་ནད་མཛེ་རིགས་བཅོ་བརྒྱད་རྣམས༔ བཟློག་གོ་བྱ་ཁྱུང་རྒྱལ་པོས་ཟློག༔ འབྲས་དང་དམུ་ཆུ་མིད་ཀྱུས་རྣམས༔ བཟློག་གོ་བྱ་ཁྱུང་རྒྱལ་པོས་ཟློག༔ སྦྱར་དང་གྱུར་པའི་དུག་རྣམས་ཀྱང་༔ བཟློག་གོ་བྱ་ཁྱུང་རྒྱལ་པོས་ཟློག༔ བཙའ་སད་སེར་གསུམ་མུ་གེ་རྣམས༔ བཟློག་གོ་བྱ་ཁྱུང་རྒྱལ་པོས་ཟློག༔ ས་གཡོས་གཤའ་སྡུད་ཡུལ་བུད་རྣམས༔ བཟློག་གོ་བྱ་ཁྱུང་རྒྱལ་པོས་ཟློག༔ ནང་འཁྲུག་མཚོན་གྱི་ཕུང་སྲི་རྣམས༔ བཟློག་གོ་བྱ་ཁྱུང་རྒྱལ་པོས་ཟློག༔ ཧཱུྃ༔ ཡེ་ཤེས་ཁྱུང་གིས་ནམ་མཁའ་གང་༔ ལས་ཀྱི་ཁྱུང་གིས་བར་སྣང་གང་༔ སྤྲུལ་པའི་ཁྱུང་གིས་ས་གཞི་གང་༔ ཡང་སྤྲུལ་ཁྱུང་ཆེན་སེར་ལྟར་འབེབས༔ འུར་


CMR015_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ་ཆེམ་སྒྲ་ཐུག་ཆོམ་འབར༔ བྱད་མ་ལྷ་སྲུང་གཡུལ་ངོ་ཟློག༔ བན་བོན་མུ་སྟེགས་བྱེད་ཁ་ཟློག༔ ཡེ་ཤེས་འཇིག་རྟེན་སྲུང་མ་ཡི༔ བྱད་ཁ་རྦོད་གཏོང་དགྲ་ལ་ཟློག༔ གཏད་སེལ་ཕུང་ཤིག་དགྲ་ལ་ཟློག༔ རླུང་འཁོར་ཕྲ་མེན་ངག་མནན་ཟློག༔ ཟོར་ཁ་གཏོར་ཁ་ཟོད་གཏོང་ཟློག༔ དགྲ་སྣ་དམག་སྣ་ཇག་སྣ་ཟློག༔ མ་ཉེས་ཁ་ཡོག་ཕོག་པ་ཟློག༔ མི་ཁ་བྲ་མཆུ་ཐམས་ཅད་ཟློག༔ རྨི་ལྟས་མཚན་ལྟས་ངན་པ་ཟློག༔ ལྟས་ངན་བརྒྱད་ཅུ་རྩ་གཅིག་ཟློག༔ ཡེ་འདྲོགས་སུམ་བརྒྱ་དྲུག་ཅུ་ཟློག༔ ལོ་སྐག་ཟླ་སྐག་ཞག་སྐག་ཟློག༔ ཟ་སྐག་དུས་ཚོད་སྐག་ཆེན་ཟློག༔ སྲོག་ལུས་དབང་ཐང་རླུང་རྟ་ལ༔ དགྲ་དར་ངན་པ་ཐམས་ཅད་ཟློག༔ བདག་དང་རྒྱུ་སྦྱོར་ཡོན་བདག་ལ༔ གནོད་པར་བྱེད་པའི་དགྲ་བགེགས་རྣམས༔ བྱ་ཁྱུང་རྒྱལ་པོས་རྡུལ་དུ་རློགས༔ ཤ་ཟོ་ཁྲག་འཐུང་རུས་པ་མུར༔ རྭ་ཡིས་རྡུང་ལ་གཤོག་པས་གཡོབ༔ སྡེར་མོས་འབྲད་ཅིང་མཆུ་ཡིས་གཏུབ། བཟློག་གོ་བྱ་ཁྱུང་རྒྱལ་པོས་ཟློག༔ བསྒྱུར་རོ་དགྲ་དང་བགེགས་ལ་བསྒྱུར༔ དམ་རྫས་གཏོར་མ་འདི་བཞེས་ལ༔ བཟློག་བསྒྱུར་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་བྱ་ཁྱུང་བཟློག་


CMR015_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཁ་འཕང་འདི་རཱ་ག་ཨ་སྱས་སྦྱར་བའོ༔ ཡི་གེ་པ་ནི་དགེ་སློང་སྦྱིན་པས་བྱས༔ དགེ་བས་བར་ཆད་བདུད་ལས་རྒྱལ་བར་ཤོག༔ མངྒ་ལཾ། ཨོཾ་བཛྲ་ཀྲོ་ཏ་ཧྱ་གྷཾ་ཝ་ཧཱུྃ་ཕཊ༔ ཐུ་ཛཿ དགྲ་བགེགས་བྱད་མ་གནོད་བྱེད་ཐམས་ཅད་མཱ་ར་ཡ་ཟློག་ཅིག །སྒྱུར་ཅིག༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR015_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousདཔལ་ཆེན་རྟ་མགྲིན་ནག་པོ་ལས་ཁྱུང་གི་ཟློག་པ།next