Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དཔལ་ཆེན་རྟ་མགྲིན་ནག་པོ་ལས་ཤིན་ཏུ་དྲག་པོའི་སྦྱིན་སྲེག
   


 
previousདཔལ་ཆེན་རྟ་མགྲིན་ནག་པོ་ལས་ཤིན་ཏུ་དྲག་པོའི་སྦྱིན་སྲེགnext

དཔལ་ཆེན་རྟ་མགྲིན་ནག་པོ་ལས་ཤིན་ཏུ་དྲག་པོའི་སྦྱིན་སྲེག


CMR015_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཆེན་རྟ་མགྲིན་ནག་པོ་ལས༔ ཤིན་ཏུ་དྲག་པོའི་སྦྱིན་སྲེག་གི་བཞུགས་སོ༔


CMR015_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་དྲག་པོའི་མེ་ཧོམ་བླུགས་ཐབས་ནི༔ རང་གི་གཡས་སུ་གཞི་མ་ནག་པོའི་སྟེང་༔ གཡང་གཞིའི་སྟེང་དུ་ལིངྒ་བརྒྱ་རྩ་བརྒྱད༔ ཤ་དུམ་གཏོར་ཆུང་དེ་ཡི་གྲངས་དང་མཉམ༔ ཆང་དང་ཁྲག་བསྲེས་པ་བྷན་གང་༔ གྲོ་སྲན་བྲ་བོ་ལ་སོགས་འབྲུ་ནག་མང་པོ༔ ཚིལ་མར་བསྲེས་པ་རིལ་བུའམ་མར་ཁུ༔ ཚེར་མའི་ཡམ་ཤིང་གསུམ་ལྡན་བརྒྱ་རྩའམ་ལྔ་བཅུ་ཙམ༔ མདའ་དར་ནག་པོ་གཏོར་ཆུང་ཟུར་གསུམ་གཉིས༔ གཡོན་དུ་གཞུང་ལྟར་མཆོད་གཏོར་ཚོགས་མཆོད་བཤམས༔ རྣམ་ལྔ་ཆ་གཉིས་གཏོར་འབུལ་གཞུང་ལྟར་རོ༔ གཞུང་ལྟར་ལས་བྱང་ཚོགས་འཁོར་ཚར་རྗེས་སུ༔ ལྔ་སེར་དང་ནི་མཁའ་འགྲོ་རྒྱུ་ལྡོག་ལ༔ རང་ཉིད་གདོང་མི་ཐུག་པར་ཁ་རྒྱུས་ལ༔ མ་ཚར་བར་དུ་ངག་བཅད་དམ་པར་བྱ༔ སྔགས་ཆས་གྱོན་ལ་ཏིང་འཛིན་གསལ་བའི་


CMR015_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

ངང་༔ ན་མོ་དཀོན་མཆོག་གསུམ་དང་རྩ་བ་གསུམ་གྱི་བདེན་པས༔ གནོད་བྱེད་དགྲ་བགེགས་ཐམས་ཅད་གཟུགས་ལིང་འདི་ལ་ཁུག་ཅིག༔ ཛཧཱུྃ་བཾ་ཧོ༔ ཞེས་དགུག་གཞུག་དེ་བརྒྱ་རྩ་བྱའོ༔ ཕུར་པ་ཐོགས་ལ༔ ཧཱུྃ༔ བདག་ཉིད་དཔལ་ཆེན་ཧེ་རུ་ཀ༔ ཕྱག་གཡས་སོར་མོ་ཁྲག་འཐུང་ལྔ༔ གཡོན་སོར་ཀྲོ་ཏཱི་ཤྭ་རི་གཉིས་མེད་སྤྲུལ་སྲས་་ལ་ཡ༔ སྐུ་སྟོད་ཁྲོ་ཆེན་འབར་བའི་ཞལ༔ སྐེད་པ་ཆུ་སྲིན་རྔམ་ཞལ་ཅན༔ སྐུ་སྨད་ལྕགས་ཕུར་མེ་དཔུང་འབར༔ ཕྱར་བ་ཙམ་གྱིས་ཁམས་གསུམ་བསྔངས༔ བཏབ་ན་ལྷ་ཡང་རླག་པར་བྱེད༔ གཡས་སུ་འདྲིལ་


CMR015_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

བས་ཕོ་རྒྱུད་འདུལ༔ གཡོན་དུ་འདྲིལ་བས་མོ་རྒྱུད་འདུལ༔ ཀླད་ལ་བསྐོར་བས་སྲུང་བར་བྱེད༔ སྐེད་ལ་བསྐོར་བས་ཟློག་པར་བྱེད༔ སྲས་མཆོག་བཛྲ་ཀཱི་ལ་ཡ༔ རྒྱལ་བ་ཀུན་གྱི་བྱིན་གྱིས་བརླབས༔ གདུག་པ་འདུལ་བ་རབ་བསྔགས་ཤིང་༔ ཁྲོ་རྒྱལ་ཀུན་གྱི་སྟོབས་འདུས་ཤིང་༔ གང་ལ་བཏབ་ཀྱང་རླག་པར་བྱེད༔ གནོད་བྱེད་དགྲ་བགེགས་ལས་ངན་ཁྱོད༔ ལུས་ཀྱི་སྟོབས་ནུས་བརླག་པའི་ཚེ༔ དཔྲལ་བའི་དཀྱིལ་དུ་ཀཱི་ལ་ཡ༔ ངག་གི་ནུས་པ་བཅོམ་པའི་ཕྱིར༔ ལྕེ་ཡི་དཀྱིལ་དུ་ཀཱི་ལ་ཡ༔ ཡིད་ཀྱི་གནོད་སེམས་རྒྱུན་གཅོད་ཕྱིར༔ སྙིང་གི་དཀྱིལ་དུ་ཀཱི་ལ་ཡ༔ སྤྲུལ་པའི་སྐྱེ་རྒྱུད་གཅོད་པའི་ཕྱིར༔ ལྟེ་བའི་དཀྱིལ་དུ་ཀཱི་ལ་ཡ༔ གནོད་འཚེའི་ལས་ངན་རྒྱུན་གཅོད་ཕྱིར༔ གསང་བའི་གནས་སུ་ཀཱི་ལ་ཡ༔ བསྙབ་དང་བཟུང་བ་རྒྱུན་གཅོད་ཕྱིར༔ ལག་པ་གཉིས་ལ་ཀཱི་ལ་ཡ༔ གནོད་བྱེད་འོང་བ་རྒྱུན་གཅོད་ཕྱིར༔ རྐང་པ་གཉིས་ལ་ཀཱི་ལ་ཡ༔ མཐོང་བའི་མིག་དུག་རྒྱུན་གཅོད་ཕྱིར༔ མིག་འབྲས་གཉིས་ལ་ཀཱི་ལ་ཡ༔ བླ་སྲོག་ཏྲི་ལ་ཀཱི་ལ་ཡ༔ གནོད་བྱེད་སྲོག་གི་རྒྱུན་བཅད་ནས༔ རྣམ་ཤེས་ཨ་


CMR015_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

ཡིག་དཀར་པོ་དེ༔ ཕུར་པའི་ཁོང་སེང་ནས་བརྒྱུད་ནས༔ བདེ་ཆེན་ཞིང་དུ་རྒྱང་གིས་སོང་༔ བླ་མེད་བྱང་ཆུབ་གོ་འཕང་ཐོབ༔ དགྲ་བགེགས་མཐུ་སྟོབས་གཟི་བརྗིད་རྣམས༔ ནྲྀཿཡིག་བཀྲག་མདངས་གཟི་བརྗིད་ཅན༔ བདག་ལ་ཐིམ་པས་ཚེ་བསོད་རྒྱས་དགྲ་བགེགས་བླ་སྲོག་ངོ་བོ་དེ༔ ཏྲི་ཡིག་འོད་ཟེར་དང་བཅས་པ༔ ཕུར་པའི་རྩེ་མོས་ནག་ཐུམ་བསད༔ ཐལ་བ་རྡུལ་དུ་བརླག་པར་མཛོད༔ རྩ་སྔགས་མཐར༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་གནོད་བྱེད་དགྲ་བགེགས་དམ་སྲི་འདྲེ་སྲིན་མཱ་ར་ཡ་ཕྲཊ༔ ཅེས་ཕུར་པས་བསྒྲལ༔ དེ་ནས་རལ་གྲི་ཐོགས་ལ༔ ཧཱུྃ༔ ཁྲོ་རྒྱལ་འཇམ་དཔལ་གཤིན་རྗེའི་གཤེད༔ ཐུགས་ཀྱི་ངོ་བོ་རལ་གྲིའི་གཟུགས༔ ཡུ་བ་ཨོཾ་དང་ཆང་ཟུང་ཧཱུྃ༔ སྙིང་རྩ་ཧཱུྃ་དང་རྐེད་པ་ཧི༔ རྩེ་མོ་ཨཱཡིག་ངོ་བོ་སྟེ༔ ཤེས་རབ་ཆེན་པོའི་མེ་འོད་འཕྲོས༔ འཁོར་བའི་སྐྱེ་རྒྱུད་མ་རིག་གཅོད༔ དུག་ལྔ་ཡེ་ཤེས་ལྔ་རུ་གཅོད༔ ང་བདག་ཆོས་ཀྱི་དབྱིངས་སུ་གཅོད༔ བཏབ་ནས་ཁམས་གསུམ་རླག་པར་བྱེད༔ འབྱུང་པོ་ཕོ་གཏུབ་གཡས་སུ་གཏུབ༔ འབྱུང་པོ་མོ་གཏུབ་གཡོན་དུ་གཏུབ༔ གནོད་བྱེད་རྒྱལ་བསེན་མགོ་ལུས་གཏུབ༔ ཨོཾ་ཡ་མཱནྟ་ཀ་བཛྲ་


CMR015_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

ཏིག་ན་ཀརྨ་གནོད་བྱེད་དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕྲཊ༔ ཅེས་ལིངྒ་ཐམས་ཅད་བསྒྲལ༔ དེ་ནས་བསྲེག་རྫས་དང་མེ་ཐབ་བདུད་རྩིས་བྲན་ལ༔ ཨོཾ་ཨ་མྲྀ་ཏེ་ཧཱུྃ༔ ཨོཾ་སྭ་བྷ་ཝ་སོགས། མེ་ཐབ་བསྲེག་རྫས་ཐམས་ཅད་མི་དམིགས་སྟོང་པའི་ངང་ལ༔ ལྕགས་དང་ཐོད་སྣོད་ནང་དུ་གནོད་བྱེད་དགྲ་བགེགས་རྒྱ་ཆེན་གྱིས༔ ཤ་ཁྲག་ལས་གྲུབ་པའི་བདུད་རྩིའི་རང་བཞིན་དུ་གྱུར༔ ཨོཾ་ཨཱཔཉྩ་ཨ་མྲྀ་ཏེ་ཧཱུྃ༔ པད་ཉི་རཾ་ལས་དྲག་པོའི་མེ་ལྷ་ནི༔ མདོག་ནག་ཞལ་གཅིག་ཨོཾ་གཅིགས་དྲང་སྲོང་ཆེ༔ ཕྱག་གཉིས་བགྲང་ཕྲེང་རིལ་བ་འཛིན་པ་ནི༔ ར་སྐྱེས་ཆིབས་ཤིང་ཐུགས་ཀར་རཾ་གྱིས་མཚན༔ དམ་ཚིག་པ་བསྐྱེད་མེ་རུ་སྦར༔ ཧཱུྃ༔ འཇིག་རྟེན་སྲིད་པའི་ཤར་ལྷོའི་ཕྱོགས་དག་ནས༔ གྲུབ་པའི་དྲང་སྲོང་མེ་ལྷ་གཟི་བརྗིད་ཅན༔ སྔོན་ཚེ་ཉིད་ཀྱིས་དམ་བཅས་མནའ་བོར་མ༔ མེ་ཡི་མཆོད་པ་སྦྱིན་བྱེད་མེ་ལ་གནས༔ ལྷ་རྣམས་ཞལ་དང་མེ་ནི་དབྱེར་མེད་པར༔ བྱིན་གྱིས་བརླབས་ནས་ལྷ་རྣམས་མཉེས་མཛད་པ༔ ཁྱེད་རྣམས་དམ་བཅའ་ཐུགས་དམ་དེ་ལ་གནས༔ དེང་འདིར་བདག་གིས་མེ་མཆོད་བརྩམ་ལགས་ཀྱི་དམ་ཚིག་དབང་གིས་མྱུར་དུ་འདིར་བྱོན་ལ༔ མེ་དཔུང་འདི་དང་དབྱེར་མེད་


CMR015_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་མཛོད་ལ༔ གནོད་བྱེད་དགྲ་འདྲེའི་ཤ་ཁྲག་བསྲེག་རྫས་རྣམས༔ ཁྲོ་རྒྱལ་མགོན་པོ་རྣམས་ཀྱི་ཞལ་དུ་བསྟབ༔ དམ་བཅའ་བཞིན་དུ་ལས་མཛོད་དྲང་སྲོང་ཚེ༔ ཨག་ནེ་ཛཿཧཱུྃ་བཾ་ཧོ༔ཏིཥྛ་ལྷན༔ དབང་ལྷས་དབང་བསྐུར་དོན་གྲུབ་དབུ་བརྒྱན་གྱུར༔ ཉེར་སྤྱོད་ལྔ་དང་འདོད་པའི་ཡོན་ཏན་ལྔ༔ སྨན་གཏོར་རཀྟ་དགྲ་བགེགས་ཤ་ཁྲག་རུས༔ མེ་ལྷ་དྲང་སྲོང་འཁོར་དང་བཅས་ལ་འབུལ༔ བཞེས་ནས་དགྲ་བགེགས་འདུལ་བའི་ཕྲིན་ལས་མཛོད༔ ཨོཾ་ཨག་ན་ཡེ་ཨནྡྷཾ་པྲ་ཏཱིཙྪ་ཨཱཿཧཱུྃ༔ ཞེས་རེ་རེ་ནས་བྱའོ༔ མཆོད་པ་འབྲུ་སྣ་འབུལ༔ སྲེག་རྫ་ས་ཡམ་ཤིང་འབུལ་བ་ནི༔ ཨོཾ་ཨགྲྭ་ཡེ་བྷོ་དྷི་བྷིཀ་ཡེ་དགྲ་བགེགས་ཀྱི་གཟི་བརྗིད་མཱ་ར་ཡ་ཕཊ༔ ཅེས་གསུམ་མམ་བདུན་འབུལ༔ ཚིལ་མར་རྐང་སོགས་འབུལ་བ་ནི༔ ཨོཾ་ཨག་ཡེ་དམ་སྲི་ཆུང་སྲི་འབྱོར་པ་ཚྭ་ས་མཱ་ར་ཡ་ཕྲཊ༔ གོང་བཞིན་གསུམ་མམ་བདུན་ཕུལ་ལ༔ ལིངྒ་འབུལ་བ་ནི༔ ཨོཾ་ཨག་ཡེ་གནོད་བྱེད་དམ་སྲི་ཆུང་སྲི་མཱ་ར་ཡ་ཛྭ་ལ་རཾ་ཁཱ་ཧི་ཁཱ་ཧི༔ ཞེས་ལིངྒ་ཤ་དུམ་གཏོར་མ་གཡོན་གྱིས་བཟུང་༔ གཡས་བླུག་གཟར་གྱིས་ཁྲག་ཆང་བླུག་ལ་ལན་བདུན་འབུལ༔ དེ་ནས་གཏོར་ཆུང་བྲན་བསྟོད་པ་བྱ་བ་ནི༔ ཧཱུྃ༔ འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས༔ མེ་ལྷའི་


CMR015_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་ཌཱཀིའི་དབང་བསྐུར་ནས༔ ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་བསྲེགས༔ འཇིགས་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད༔ མེ་ལྷ་དེ་ཉིད་མེ་ཡི་རང་བཞིན་གྱུར། དེ་ནས་མེ་དཔུང་ལྷར་བསྐྱེད་པ་ནི༔ མེ་དཔུང་དབུས་སུ་གྲུ་གསུམ་གཉིས་བརྩེགས་སྟེང་༔ པད་ཉི་རོ་སྟེང་ཧཱུཾ་ཡིག་ཡོངས་གྱུར་ལས༔ ཁྲོ་རྒྱལ་ཡཀྴ་མེ་དབལ་སྐུ་མདོག་སྨུག༔ རབ་ཁྲོས་རྡོ་རྗེ་ཐོ་བ་མེ་ཞགས་བསྣམས༔ དུར་ཁྲོད་ཆས་རྫོགས་ཁམས་གསུམ་ཟིལ་གྱིས་གནོན༔ མགོན་པོ་ལ༔ ཕྱི་ཡི་ཟུར་གསུམ་སྟེང་དུ་ཧཱུྃ་ཡིག་ལས༔ དཔལ་ལྡན་མགོན་པོ་མ་ཧཱ་ཀཱ་ལ་དང་༔ རྡོ་རྗེ་ཁྲག་འཐུང་རྡོ་རྗེ་རོ་ལངས་ཏེ༔ སྐུ་གསུང་ཐུགས་ཀྱི་རང་བཞིན་མགོན་པོ་གསུམ༔ མཐིང་ནག་རབ་ཁྲོས་གྲི་གུག་ཐོད་ཁྲག་འཛིན༔ དུར་ཁྲོད་ཆས་རྫོགས་པད་ཉི་རོ་སྟེང་འགྱིང་༔ ལྷ་རྣམས་གནས་གསུམ་ཨོཾ་ཨཱཿཧཱུྃ་གསུམ་ལས༔ འོད་ཟེར་མཐིང་ནག་མེ་ཡི་རང་བཞིན་གྱིས༔ རང་འདྲའི་ཡེ་ཤེས་པ་རྣམས་སྤྱན་དྲངས་གྱུར༔ མདའ་དར་གཡབ་ཅིང་༔ ཧཱུྃ༔ རྣལ་འབྱོར་བདག་གིས་དད་པ་དམ་ཚིག་གིས༔ དགྲ་བགེགས་འདུལ་མཛད་ལྷ་ཁྱོད་སྤྱན་འདྲེན་ན༔ བྱང་ཕྱོགས་ལྕང་ལོ་ཅན་གྱི་ཕོ་བྲང་ནས༔ ཁྲོ་རྒྱལ་ཡཀྵ་


CMR015_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

མེ་དབལ་གཤེགས་སུ་གསོལ༔ བདེ་ཆེན་པདྨ་འབར་བའི་གཞལ་ཡས་ནས༔ ཁྲོ་རྒྱལ་རྟ་མགྲིན་ནག་པོ་གཤེགས་སུ་གསོལ༔ བསིལ་བ་ཚལ་གྱི་དུར་ཁྲོད་ཆེན་། པོ་ནས༔ དཔལ་ལྡན་མགོན་པོ་མཆེད་གསུམ་གཤེགས་སུ་གསོལ༔ གནོད་བྱེད་རྒྱལ་འགོང་ཐེའུ་རང་ཐམས་ཅད་ཡང་༔ རང་གནད་རང་ལ་འབེབས་ཕྱིར་འདིར་ཁུག་ཅིག། མགོན་པོ་ཁྲོ་རྒྱལ་འདིར་ནི་བྱོན་པ་ལེགས༔ གྲུ་གསུམ་མེ་དཔུང་ཀློང་དུ་བཞུགས་ནས་ཀྱང་༔ བདག་གིས་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྷི་ཝ་ཡཀྵ་མ་ཧཱ་ཀཱ་ལ་བཛྲ་ས་མཱ་ཡ་ཛ་ཛཿ ཛཿཧཱུྃ་བཾ་ཧོ༔ ཏིཥྛ་ལྷན༔ དབང་ལྷ་སྤྱན་དྲངས་དབང་བསྐུར་དྲི་མ་དག༔ དབང་རྟགས་རྡོ་རྗེ་རྩེ་ལྔས་དབུ་གཙུག་བརྒྱན༔ ཁྲག་གི་མཆོད་ཡོན་དུག་གི་ཞབས་བསིལ་དང་༔ དུག་གི་མེ་ཏོག་ཚིལ་ཆེན་བདུག་སྤོས་དང་༔ རྐང་ཆེན་མརྨེ་ཤ་ཁྲག་ཞལ་ཟས་དང་༔ ཐོད་པའི་རྔ་སྒྲ་སྨན་རཀ་གཏོར་མ་རྣམས༔ མཆོད་པར་འབུལ་ལོ་དགྲ་བགེགས་ཚར་ཆོད་ཅིག༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲི་ཝ་ཡཀྵ་མ་ཧཱ་ཀཱ་ལ་ཨགྷཾ་སརྦ་པཱུ་ཙ་པྲ་ཏིཙྪ་ཨཱཿཧཱུྃ༔ ཞེས་གོང་ལྟར་རེ་རེ་འབུལ༔ པཱཏྱཾ༔ པུཥྤེ༔ དྷཱུ་པེ༔ ཨཱ་ལོ་ཀེ༔


CMR015_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

གནྡྷེ༔ ནེ་ཝི་དྱ༔ ཤབྡ༔ དེ་ནས་བསྲེག་རྫས་འབུལ་བ་ནི༔ ཡམ་ཤིང་ལ་ཚིལ་བྱུག་པ་འབུལ༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྷི་ཝ་ཡཀྵ་མ་ཧཱ་ཀཱ་ལ་ཡ་བྷོ་དྷི་བྷིཀྵ་ཡེ་དགྲ་བགེགས་འདྲེ་གདོན་གྱི་གཟི་བརྗིད་མཱ་ར་ཡ་ཕྲཊ༔ ཅེས་བརྒྱ་རྩ་ཉེར་གཅིག་སོགས་འབུལ༔ དེ་ནས་ཞག་རྐང་སོགས་ཚིལ་མར་ཁུ་འབུལ་བ་ནི༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲི་ཝ་ཡཀ་མ་ཧཱ་ཀཱ་ལ་ཡ་ཨགྷ་ཡེ་གནོད་བྱེད་རྨང་པའི་འབྱོར་བ་མཱ་ར་ཡ་ཕཊ༔ ཅེས་གོང་བཞིན་འབུལ་ལོ་འབྲུ་ནག་འབུལ་བ་ནི༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲི་ཝ་ཡཀྵ་མ་ཧཱ་ཀཱ་ལ་ཡེ་བཛྲ་མ་ཧཱ་བྷ་ལ་ཡ་དགྲ་བགེགས་དམ་སྲིའི་སྟོབས་ནུས་པ་མཱ་ར་ཡ་ཕྲཊ༔ ཅེས་གོང་ལྟར་ཊྛོའབུལ་ལོ༔ དེ་ནས་ལིངྒ་གཏོར་ཆུང་ཤ་དུམ་གཡོན་དགང་གཟར་དུ་བཤམས༔ གཡས་བླུགས་གཟར་གྱིས་ཁྲག་ཆང་བླུགས་ནས་རེ་རེ་འབུལ་ལོ༔ ཡང་ཆང་གིས་ལིངྒ་ཐམས་ཅད་བྲན༔ ལག་པ་གཙང་མས་འཕང་ན་ཡང་དགང་གཟར་མི་དགོས༔ དེ་ལག་གི་འཕེན་ན་དྲག་ལས་ཆེ་བ་དེས་ཀྱང་རྩུབ་པར་བཤད༔ ཧཱུྃ༔ ཕྱེས་ཤིག་ཕྱེས་ཤིག་ཞལ་ཕྱེས་ཤིག༔ རྒྱ་གྲི་ཝ་ཞལ་ཕྱེས་ཤིག༔ ཡཀླུ་མེ་དབལ་ཞལ་ཕྱེས་ཤིག༔ རྡོ་རྗེ་རོ་ལངས་ཞལ་ཕྱེས་ཤིག༔ རྡོ་རྗེ་ཁྲག་འཐུང་ཞལ་ཕྱེས་ཤིག༔ མ་ཧཱ་ཀཱ་ལ་ཞལ་ཕྱེས་ཤིག༔ གནམ་ས་ཙམ་གྱི་ཞལ་གདངས་ལ་གངས་རི་ཙམ་གྱི་མཆེ་བ་གཙིགས༔ གློག་


CMR015_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

དམར་ཙམ་གྱི་ལྗགས་བརྐྱངས་ལ༔ དམ་སྲིའི་ཤ་ཁྲག་མཆོད་པར་བཞེས༔ ཞལ་ནས་མེ་དཔུང་ཆེར་འབར་བས༔ དམ་སྲི་དུག་ལྔའི་གདུག་རྩུབ་བསྲེགས༔ རྣམ་ཤེས་ཐུགས་དབུས་ཆོས་སྐུར་བསྟིམ༔ དགྲ་བགེགས་ལོག་འདྲེན་གནོད་བྱེད་དང་༔ དམ་སྲི་འབར་བའི་མེ་ལ་བསྲེགས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧེ་ཧེ་རཾ་རཾ༔ ཧེ་ཏྲི་རཾ་རཾ༔ ཀུ་ཀུ་རཾ་རཾ༔ མུ་མུ་རཾ་རཾ༔ ཆུང་སྲི་གནོད་བྱེད་རཾ་རཾ༔ ཧ་ཧ་རཾ་རཾ༔ ཡང་ཡང་རཾ་རཾ༔ ཁཾ་ཁཾ་རཾ་རཾ༔ སང་སང་རཾ་རཾ༔ ས་ག་རཾ་རཾ༔ ཀ་ཀ་རཾ་རཾ༔ ང་ང་རཾ་རཾ༔ ཨ་ཨ་རཾ་རཾ༔ ཆུང་སྲི་གནོད་བྱེད་མཱ་ར་ཡ་རཾ་རཾ༔ གནོད་བྱེད་དགྲ་འདྲེ་བྱད་གསུམ་རྒྱལ་འགོང་མཱ་ར་ཡ་ཛྭ་ལ་རཾ་རཾ༔ ཆུང་སྲི་དམ་སྲི་འགོང་འདྲེ་མཱ་ར་ཡ་ཛ་ལ་རཾ་རཾ༔ གསོན་འདྲེ་མོན་མོ་མཱ་ར་ཡ་ཛྭ་ལ་རཾ་རཾ༔ ཆུང་སྲི་མི་ལ་ཙཀྲ་མཱ་ར་ཡ་ཛྭ་ལ་རཾ་རཾ༔ ཞེས་ལན་གཅིག་བརྗོད༔ དེ་ནས་སྔགས་འདིས་ལིངྒ་ཤ་དུམ་གཏོར་ཆུང་སྤྲད་ལ་འབུལ༔ ཨོཾ་ཨཱཿཧཱུྃ་བཛྲ་ཀྲོ་ཏ་ཧྱ་གྲི་ཝ་ཧཱུྃ་ཕཊ༔ བཛྲ་ཧཱུཾ་ཡཀྵ་ཧཱུཾ་རཀྵ་ཧཱུྃ༔ ཨོཾ་མ་ཧཱ་ཀཱ་ལ་ཡ་ཧཱུྃ་ཕཊ༔ ཨོཾ་མཾ་དེ་སྲི་མཾ་མཾ་རཾ་རཾ་ཧེ་ཧེ་དགྲ་བགེགས་བྱད་མ་གནོད་བྱེད་རྒྱལ་བསེན་ཆུང་སྲི་མཱ་ར་ཡ་རཾ་རཾ་རཾ༔


CMR015_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བརྒྱའམ་ཉེར་གཅིག་འབུལ༔ ཞེས་སྐབས་འདིར་ནད་པ་གདོན་ཆེན་སོགས་ལ་མེ་ཞགས་བརྒྱབ་པར་བྱ་བ་ནི༔ མཚམས་གཅོད་ཚིག་དང་དྲག་སྔགས་སུམྦྷ་ནི་སོགས་བརྗོད་ལ་བརྒྱབ༔ མེ་ཞགས་མ་རྒྱབ་ན་ཡང་ཆོག་པ་ཡིན༔ དེ་ནས་གཏོར་མ་ཟུར་གསུམ་ཆེ་བ་བྲན་ལ༔ ཨ་ཡིག་ལས་བྱུང་བྷནྡྷའི་སྣོད་བཅུད་དུ༔ གཏོར་མ་ཤ་ལྔ་ཡེ་ཤེས་བདུད་རྩི་ལྔ༔ རི་རབ་འཕངས་མཐོ་རྒྱ་མཚོ་གཏིང་ལྡན་པ༔ ཟག་མེད་བདུད་རྩི་ཟད་མེད་བདུད་རྩི་འདི༔ ཁྲོ་བོ་མེ་དབལ་མགོན་པོའི་ཚོགས་ལ་འབུལ༔ བདག་དང་ཡོན་བདག་འདི་ལ་གནོད་བྱེད་པའི༔ དམ་སྲི་ཆུང་སྲི་རྒབ་འདྲེ་རྨོང་འདྲེ་རྣམས༔ བསད་དང་མནན་དང་བསད་དང་གཟེར་བུ་དང་དྲག་པོ་ལས་ཀྱིས་ཚར་གཅོད་ཕྲིན་ལས་མཛོད༔ ཨོཾ་ཨཱཿཧཱུྃ་བཛྲ་ཀྲོ་ཏ་ཧྱ་གྲྭ་ཝ་ཡཀྴ་མ་ཧཱ་ཀཱ་ལ་ཨི་དཾ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་གཏོར་མ་མེར་འབུལ༔ ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ མཐུ་སྟོབས་བདག་པོས་དབང་བསྐུར་བ༔ གསང་བའི་བདག་པོ་གོས་སྔོན་ཅན༔ དེ་ཡི་ཕྲིན་ལས་སྤྲུལ་པ་ནི༔ ཁྲོ་བོ་གནོད་སྦྱིན་མེ་ཡི་དབལ༔ སྨུག་ནག་ཁྲོ་གཏུམ་མེ་ལྟར་འབར༔ དམ་འདས་ལྷ་སྲིན་གསོད་ལ་དགའ༔ ཕྱག་གཡས་དམ་ཚིག་རྡོ་རྗེ་གསོར༔ གཡོན་པས་ཐོ་བ་མེ་


CMR015_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

ཞགས་བསྣམས༔ ཕྱོགས་བཅུ་ཁྲོ་རྒྱལ་ཐམས་ཅད་ཀྱིས༔ འབྱུང་པོའི་སྙིང་ཁྲག་འཐུང་བའི་ཕྱིར༔ ཁྱོད་ལ་དབང་བསྐུར་མཐུ་སྟོབས་བྱིན༔ ཡཀླུ་མེ་དབལ་ཁྱོད་ལ་བསྟོད༔ བཛྲ་ཡཀྵ་ཁྱོད་ལ་བསྟོད༔ ཀྲོ་དྷ་ཡཀྴ་ཁྱོད་ལ་བསྟོད༔ དགྲ་བགེགས་འདུལ་མཛད་ཕྲིན་ལས་མཛོད༔ ཧཱུྃ༔ དཔལ་ལྡན་ཡེ་ཤེས་མགོན་པོ་ལ༔ སྐུ་གསུང་ཐུགས་ཀྱི་ངོ་བོ་ཡིན༔ མ་ཧཱ་ཀཱ་ལ་མཆེད་གསུམ་ནི༔ མདོག་ནག་གཟུགས་ཐུང་ལྟོ་བ་འཕྱང་༔ ཉ་གྲི་ཐོད་པ་ལག་ན་ཐོགས༔ དུར་ཁྲོད་ཆས་གསོལ་རོ་སྟེང་འགྱིང་༔ སངས་རྒྱས་བསྟན་པ་བསྲུང་བ་དང་༔ དམ་སྲི་འདྲེ་གདོན་འདུལ་ལོ་ཞེས༔ ཉིད་ཀྱིས་ཁས་བླངས་དམ་བཅས་པ༔ མ་ཧཱ་ཀཱ་ལ་ཁྱོད་ལ་བསྟོད༔ རྡོ་རྗེ་རོ་ལངས་ཁྱོད་ལ་བསྟོད༔ རྣལ་འབྱོར་དགྲ་བླ་ཁྱོད་ལ་བསྟོད༔ གཙུག་ལག་ཁང་སྲུང་ཁྱོད་ལ་བསྟོད༔ སངས་རྒྱས་བསྟན་སྲུང་ཁྱོད་ལ་བསྟོད༔ དམ་སྲི་འདུལ་བའི་ཕྲིན་ལས་མཛོད༔ མེ་ཞགས་འདི་རུ་བྱས་ཀྱང་འགལ་བ་མེད༔ དེ་ནས་འབྲུ་ནག་ལ་སོགས་འབྲུ་སྣ་ལྷག་མ་བཏབ་ལ༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲི་ཝ་ཡཀྴ་མ་ཧཱ་ཀཱ་ལ་ཨགྷཾ་པྲ་ཏཱིཙྪ་ཨཱཿཧཱུྃ༔ སོགས་ཤབྡའི་བར་བརྗོད༔ དེ་ནས་ལྷག་མ་གཏོར་མ་གཅིག་


CMR015_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

བྲན་ལ༔ ཧཱུྃ༔ ཡཀྴ་མེ་དབལ་ལྷ་སྲིན་གཤེད༔ བྱ་ཀྲི་ཝ་རུ་ཊའི་བདུད༔ མ་ཧཱ་ཀཱ་ལ་བསྟན་དགྲ་འདུལ་མཐུ་དང་ནུས་པ་བསམ་མི་ཁྱབ༔ མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ༔ རྒྱས་པར་སོ་སོའི་སྐབས་སུ་ཤེས༔ འགལ་འཁྲུལ་ལྷག་ཆད་བཟོད་པར་གསོལ༔ ཡེ་ཤེས་ལྷ་ཉིད་རང་གནས་གཤེགས༔ དམ་ཚིག་རང་ཐིམ་མི་དམིགས་གྱུར༔ ཨོཾ་ཀྲོ་ཏ་ཀཱ་ལ་བཛྲ་མུཿ མེ་ལྷ་མེ་ཡི་ཀློང་ནས་བཞེངས༔ བཀའ་དྲིན་ཆེན་པོའི་དྲང་སྲོང་ཆེ༔ དམ་ཚིག་བདུད་རྩིའི་གཏོར་མ་དང་༔ གཏང་རག་མཆོད་པ་བཞེས་སུ་གསོལ༔ ཨོཾ་ཨསྠཱ་ཡེ་རྗེ༔ ཨི་དཾ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ གཏོར་མ་འབུལ་ལོ༔ རྒྱས་པར་སྤྲོ་ན་བསྲེག་རྫས་གོང་ལྟར་གསུམ་རེ་ཕུལ༔ མཐར་ཨནྡྷཾ་སོགས་ཀྱིས་མཆོད༔ ཚངས་པའི་སྲས་པོ་མཐུ་བོ་ཆེ༔ རིག་སྔགས་ཀུན་གྱིས་སྡོང་གྲོགས་མཛོད༔ ཨགེ་རཱ་ཛ་ཁྱོད་ལ་བསྟོད༔ མེ་སྟེ་བསྲེག་བྱ་ཟ་བའི་ལྷ༔ འབྱུང་པོའི་རྒྱལ་པོ་གདོན་གྱི་བདག༔ ཤར་ལྷོ་མེ་ལྷའི་ཚོགས་བཅས་ལ༔ མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ༔ འགལ་བ་བྱུང་ན་བཟོད་པར་གསོལ༔ ཤར་ལྷོའི་ཕྱོགས་སུ་བཛྲ་མུཿ མེ་ལྷ་ཡེ་ཤེས་རང་གནས་གཤེགས༔ དམ་ཚིག་མི་དམིགས་སྟོང་ཉིད་གྱུར༔


CMR015_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་སོ་སོའི་གཞུང་ལྟར་ལྷག་མ་ཆད་མདོ་བརྟེན་སྐྱོང་གཏོར་བྲོ་བསྔོ་བ་སྨོན་ལམ་གཞུང་ལྟར་རོ༔ དྲག་སྒྲུབ་ཀུན་ལ་སྦྱར་ཆོག་པ༔ སྔགས་ནག་འདི་ཚུལ་ཆེར་གོམས་པ༔ རཱ་ག་ཨ་སྱ་ཞེས་བྱས་གསུངས༔ ཁྲོ་རྒྱལ་རྣམས་ལ་བཤགས༔ དགེ་བས་སྒྲུབ་པའི་མཐའ་བཙལ་ནས༔ ནམ་ཞིག་འཕོས་ཚེ་འབྲས་སྨིན་ཤོག༔ བཀྲ་ཤིས་ཤོག། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR015_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousདཔལ་ཆེན་རྟ་མགྲིན་ནག་པོ་ལས་ཤིན་ཏུ་དྲག་པོའི་སྦྱིན་སྲེགnext