Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྟ་མགྲིན་ནག་པོ་ལྷ་ལྔའི་སྒོ་ནས་སེར་བ་བསྲུང་བའི་མན་ངག


 
previousརྟ་མགྲིན་ནག་པོ་ལྷ་ལྔའི་སྒོ་ནས་སེར་བ་བསྲུང་བའི་མན་ངགno next

རྟ་མགྲིན་ནག་པོ་ལྷ་ལྔའི་སྒོ་ནས་སེར་བ་བསྲུང་བའི་མན་ངག


CMR015_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་མགྲིན་ནག་པོ་ལྷ་ལྔའི་སྒོ་ནས་སེར་བ་བསྲུང་བའི་མན་ངག་བཞུགས་སོ༔


CMR015_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་རྒྱ་གྷི་ཝ་དེ་ཝ་པཉྩཡེ༔ ཀླུ་འདུལ་ལྷ་ལྔའི་ཞབས་ལ་ཕྱག་འཚལ་ནས༔ སེར་བའི་གདོང་བཟློག་མན་ངག་ཅུང་ཟད་བཀོད༔ ཆོས་བདག་སྲུང་མས་བཀའ་ཡི་གནང་བ་སྩོལ༔ རྒྱས་པར་སེར་བ་བསྲུང་ཚུལ་གཞན་དུ་གསལ༔ འདི་ནི་ཉེར་མཁོའི་དམིགས་རིམ་གདོང་བཟློག་སྟེ༔ དང་པོ་ད་ནངས་ནམ་མཁའ་བྱིན་རླབས་ནི༔ ཧྲཱིཿ རང་ཉིད་སྐད་ཅིག་རྟ་མགྲིན་ལྷ་ལྔ་གསལ༔ ནམ་མཁའི་དབུས་སུ་པདྨ་ཟླ་བའི་སྟེང་༔ ཆོས་སྐུ་སྣང་བ་མཐའ་ཡས་སྐུ་མདོག་དམར༔ མཚན་དཔེའི་རྒྱན་ལྡན་སྐྱིལ་ཀྲུང་མཉམ་གཞག་ཅན༔ ཆོས་གོས་གསུམ་མནབས་འོད་ཟེར་ནམ་མཁའ་གང་༔ བར་སྣང་པད་ཟླའི་སྟེང་དུ་སྤྱན་རིས་གཟིགས༔ དཀར་


CMR015_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཕྱག་བཞི་དང་པོ་ཐལ་མོ་སྦྱར༔ འོག་མ་གཉིས་ན་ཤེལ་ཕྲེང་པད་དཀར་འཛིན༔ ལོངས་སྤྱོད་རྫོགས་སྐུ་སྐྱིལ་མོ་ཀྲུང་གིས་བཞུགས༔ ཐུགས་ཀར་ཟླ་སྟེང་ཧྲིལ་ཡིག་དྲུག་བསྐོར༔ ཡེ་ནས་དམ་ཡེ་དབྱེར་མེད་སྐུ་རུ་གསལ༔ འོད་འཕྲོས་སྡེ་བརྒྱད་སེར་བདག་ཀུན་ལ་ཕོག༔ རང་དབང་མེད་པར་བྱམས་དང་སྙིང་རྗེ་སྐྱེས༔ ཨོཾ་ཧཱུྃཧཱུྃ་ཕཊ༔ ཅེས་དང་༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ སྔགས་དེ་གཉིས་ལ་ཕྲེང་བསྐོར་ཙམ་ཞིག་བཟླ༔ སེར་བདག་སྡེ་བརྒྱད་ཐམས་ཅད་འོད་དུ་ཞུ༔ ཐུགས་རྗེ་ཆེན་པོ་ལ་ཐིམ་དེ་ཡང་ནི༔ སྣང་བ་མཐའ་ཡས་ལ་ཐིམ་དེ་ཡང་ཡལ༔ སྡེ་བརྒྱད་སྣང་བ་མཐའ་ཡས་ཐུགས་ཀྱི་ཀློང་༔ སྐྱེ་མེད་ཆོས་སྐུའི་


CMR015_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

ཀློང་དུ་སངས་རྒྱས་གྱུར༔ དེ་ནས་རང་སེམས་ངོ་བོ་ཡུད་ཙམ་བལ༔ དེ་ལྟར་རྒྱུན་དུ་བྱས་ན་ག་ནམ་ཡུལ་འཇམ༔ ཡང་ན་ནམ་འཕྲད་བྱས་པས་ཆོག་པ་ཡིན༔ དེ་ནས་སེར་སྤྲིན་བརྟག་ཅིང་གཏོར་བ་ནི༔ དུས་དང་དུས་མ་ཡིན་པའི་སེར་བ་གཉིས༔ ཚེས་བཞི་སྔ་དྲོའི་སྤྲིན་ནི་ཁམ་ནག་དང་༔ ཚེས་བརྒྱད་ཕུག་རོན་སྐ་དང་འདྲ་བའི་སྤྲིན༔ བཅུ་གཅིག་ར་མ་རྒྱ་མོའི་སྦོ་ཝ་འདྲ༔ བཅོ་ལྔ་ཁམ་ནག་ཐལ་བ་གནམ་གཏོར་འདྲ༔ བཅོ་བརྒྱད་རྟ་སྐྱའི་རྔ་མ་གྱེན་གཤེད་འདྲ༔ ཉི་ཤུ་སྤྲིན་ནི་དམར་པོའམ་ཁམ་སེར་ལ༔ འཚུབས་མ་འདྲ་བ་ཀོ་རོ་རོ་བྱེད་པ༔ དེ་དག་བྱུང་ན་དུས་ཀྱི་སེར་བ་འོང་༔ དུས་མིན་སྤྲིན་དམར་ཁམ་སེར་དུད་ཁ་དང་༔ སྡིག་པའི་རྭ་འདྲ་གཡག་རྔ་ལངས་འདྲ་དང་༔ ར་རྒྱའི་སྤོ་འདྲ་བྱ་ཁྱུང་གཤོག་པ་འདྲ་རལ་པ་བསིགས་འདྲ་ནག་པོ་མདུང་ཡུ་འདྲ༔ འདི་དག་སྔ་དྲོ་དགོང་མོ་ནམ་བྱུང་ཡང་༔ སེར་བ་འོང་བས་སེར་སྤྲིན་གཏོར་བ་ནི༔ ༈ ཧཱུྃ༔ སེར་སྤྲིན་དབུས་སུ་རྟ་མགྲིན་ལྷ་ལྔ་གསལ༔ སྐུ་ལས་ཡེ་ཤེས་མེ་དཔུང་ཆེར་འབར་བས༔ སེར་སྤྲིན་བསྲེགས་ཤིང་སེར་བ་ཆུ་རུ་བཞུས༔ སེར་བདག་ཐམས་ཅད་རྒྱ་མཚོའི་ཕར་འགྲམ་བྲོས༔ ཨོཾ་ཧྲཱིཿབཛྲ་ཀྲོ་དྷ་ཧྱ་གྷི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཨོཾ་ཏམ་པ་ལ་ཧཱུྃ་ཕཊ༔ ནཱ་ག་ཤ་ནཱ་ཐེད་ཐེད་སྭཱ་ཧཱ༔ ནཱ་ག་ཤི་ནཱ་ག་སྭཱ་ཧཱ༔ ཏྲི་མཱ་ར་ཡ་ན་སྭཱ་ཧཱ༔ ཞེས་པ་བརྒྱའམ་ཉེར་གཅིག་བདུན་སོགས་བརྗོད༔ རྟ་མགྲིན་ལྷ་ལྔ་འོད་ཞུ་སྤྲིན་


CMR015_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཐིམ༔ སྤྲིན་ལས་བདུད་རྩིའི་ཆར་རྒྱུན་འབེབས་པར་གྱུར༔ དེ་ལྟར་བསྒོམས་པས་སེར་བ་ཞུ་བར་འགྱུར༔ དེས་ཀྱང་མ་ཕན་སེར་བ་བཅས་བྱུང་ན༔ ཧཱུྃ༔ རང་ཉིད་རྟ་མགྲིན་ནག་པོར་གསལ་བ་ཡི༔ ཐུགས་དབུས་ཧྲུནང་ཡུལ་ཁམས་ཞིང་རྣམས་ཚུད༔ རང་གི་ཕྱོགས་བཞི་རྟ་མགྲིན་རིགས་བཞི་ཡི༔ ཞལ་ཕྱིར་གཟིགས་ནས་ཕྱོགས་བཞིའི་སེར་བ་སྲུང་༔ སྐུ་ལས་མེ་རླུང་ཁྲོ་བོའི་དམག་དཔུང་འཕྲོས༔ སེར་བདག་ཐམས་ཅད་རྒྱ་མཚོའི་ཕ་རོལ་དེར༔ ཕྱོགས་མཚམས་སྟེང་འོག་རྡོ་རྗེའི་གུར་དུ་གྱུར༔ ཨོཾ་ཧྲཱིཿབཛྲ་ཀྲོ་དྷ་ཧྱ་གྷི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཆར་ནི་ཆུར་ནི་སྭཱ་ཧཱ༔ ཞེས་སྔགས་ཕུས་གདབ༔ སྡིགས་མཛུབ་སེར་ལམ་བསྟན༔ སེར་བ་སེར་བྱེད་དང་བཅས་པ་གཡས་སུ་བྱོལ་ཅིག༔ གཡོན་དུ་བཟུར་ཅིག༔ སྤང་རི་ལ་རྒྱོབས༔ ནགས་རི་ལ་རྒྱོབས༔ གཡའ་རི་ལ་རྒྱོབས༔ བྲག་རི་ལ་རྒྱོབས༔ ཞེས་བརྗོད༔ ཞིང་མེད་ས་རུ་སེར་བའི་ལམ་བསྟན་ན༔ དེ་ལྟར་བྱས་པས་ཐུབ་པར་སླ་བ་ཡིན་དེས་ཀྱང་མ་ཐུབ་པར་སེར་རྐང་བཙུགས་བྱུང་ན༔ ཧཱུྃ༔ རང་ཉིད་རྟ་མགྲིན་ནག་པོ་རབ་ཏུ་ཁྲོས༔ ཕྱག་གཡས་རལ་གྲི་རྣོ་ངར་མེ་འབར་བ༔ གཡུགས་པས་སེར་རྐང་དེ་ཉིད་དུམ་བུར་གཏུབས༔


CMR015_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

སེར་བ་སེར་བྱེད་གཏུབ་ཅིང་བསྲེགས་པར་གྱུར༔ རལ་གྲིའི་རྩེ་ལས་མེ་ཡི་འཁོར་ལོ་འཕྲོས༔ སེར་སྤྲིན་དཀྱིལ་དུ་བརྒྱབས་པས་གཏོར་བར་འགྱུར༔ ཨོཾ་ཧྲཱིཿབཛྲ་ཀྲོ་དྷ་ཧྱ་གྷི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ནཱ་ག་རཀཱ་ནག་པོ་ཏི་པ་ཙ་མཱ་ར་ཡ་ཧཱུཾ་ཕཊ༔ ཡཀྴ་ཀཱ་ལ་ཆེན་པོ་སེར་བ་སེར་བྱེད་དང་བཅས་པའི་སྲོག་རྩ་ལ་རྦད་རྦད༔ སྙིང་ལ་རྦད་རྦད༔ ཤ་ལ་རྦད་ཟཔ༔ ཁྲག་ལ་རྦད་རྦད༔ རུས་པ་ལ་རྦད་རྦད༔ པགས་པ་ལ་རྦད་རྦད༔ ཀླད་པ་ལ་རྦད་རྦད༔ ཡིད་ལ་རྦད་རྦད༔ སེར་བ་སེར་བྱེད་སྣ་འདྲེན་བཅས་པ་ཙིཏྟ་ཟུང་ཟུང་༔ ཙིཏྟ་སྨུག་རླུག༔ ཙིཏྟ་ཕྱུང་ཕྱུང་༔ ཙིཏྟ་གཏུབ་གཏུབ༔ ཙིཏྟ་མྱོག་མྱོག༔ ཙིཏྟ་ཐུམ་ཐུམ༔ རིལ་རིལ༔ རྦད་རྦད༔ ཡ་ཡ༔ བྷོ་བྷྱོ༔ སེར་བ་སེར་བྱེད་སྣ་འདྲེན་བཅས་པའི་སྲོག་རྩ་ཆོད་ཆོད༔ སྙིང་རྩ་ཕྱུང་ཕྱུང་༔ གཏུབ་གཏུབ༔ ཁཾ་ཁཾ༔ ལཾ་ལཾ༔ རྦད་རྦད༔ དུམ་བུ་སྤྱད་སྤྱད༔ ནཱ་ག་རཱ་ཛ་མཱ་ར་ཡ་རྦད་སོད༔ མྱོག་ཐཾ་རིལ་མཱ་ར་ཡ་རྦད་ཡ༔ ཞེས་བརྗོད་ཅིང་ཤིང་རལ་གྲི་གཡུགས་ཤིང་ཐུན་ཡང་འཕེན༔ རལ་གྲི་མེད་ན་ལག་པ་གཡས་རལ་གྲིའི་ཚུལ་དུ་གཡུགས་པས་ཆོད་པའོ༔ ཡང་ན་དམིགས་པ་འདི་འདྲ་སྔགས་དུས་བསྒོམ༔ རང་ཉིད་རྟ་མགྲིན་ལྷ་


CMR015_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

ལྔའི་སྤྱི་བོ་རུ༔ བྱ་ཁྱུང་རིགས་ལྔ་གཤོག་པས་ནམ་མཁའ་ཁྱབ༔ རང་ཉིད་རྟ་མགྲིན་ཞལ་ནས་མེ་ཆེན་འབར༔ སེར་བདག་བསྲེགས་ཤིང་སེར་བ་ཆུ་རུ་བཞུས༔ ཤངས་ནས་རླུང་འཚུབ་སེར་སྤྲིན་ཐམས་ཅད་གཏོར༔ ཅེས་བསྒོམ་བསྔགས་ན་རལ་གྲི་མི་དགོས་སོ༔ འབྲུག་སྒྲ་ཟེར་ལྡང་ཟི་ར་ཁོལ་བྱུང་དུས༔ ཐོག་མདའ་འོང་དོགས་ཐོག་སྲུང་འདི་ལྟར་བསྒོམ༔ ཧཱུྃ༔ རང་ཉིད་རྟ་མགྲིན་སྤྱི་གཙུག་ནམ་མཁའ་ལ༔ གསེར་གྱི་འཁོར་ལོ་རྩིབས་སྟོང་གུར་ལྟར་ཕུབ༔ ལྟེ་བར་རྒྱལ་བ་ཤཱཀྱ་ཐུབ་པ་དང་༔ འདབ་མ་སྟོང་ལ་བསྐལ་བཟང་སངས་རྒྱས་སྟོང་༔ རང་གི་ཞབས་འོག་གཡུ་ཡི་གྲོད་པ་མནན༔ ཕྱོགས་མཚམས་རྡོ་རྗེའི་ར་བ་གུར་དུ་གྱུར༔ ནི་ནཱ་ག་ཛ་མུན་ཏི་ཨཱཿ སྔགས་འདི་བདུན་ནམ་ཉེར་གཅིག་ཙམ་གྱིས་ཆོག༔ ཐོག་སྲུང་རྒྱལ་པོ་དྲན་པས་ཆོག་པ་ཡིན༔ གདོང་བཟློག་བྱས་པས་སེར་བ་མ་ཐུབ་ན༔ རང་ཉིད་རྟ་མགྲིན་ཤིན་ཏུ་ཁྲོས་པ་ཡི༔ ཞབས་འོག་ཀླུ་བདུད་ནག་པོ་མགོ་དགུ་མནན༔ ཀླུ་བདུད་ཁ་ནས་དུག་གི་ན་བུན་དང་༔ ནད་ཀྱི་རླངས་པ་མཚོན་ཆའི་བུ་ཡུག་འཕྲོས༔ སེར་བ་སེར་བདག་ཐམས་ཅད་རྡུལ་དུ་བརླགས༔ སེར་སྤྲིན་དེ་ཉིད་གཟའ་བདུད་མགོ་དགུ་པ༔ ཁོག་པའི་ནང་དུ་སེར་བ་


CMR015_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

སེར་བདག་ཚུད༔ རང་ཉིད་རྟ་མགྲིན་ཁྲོས་པས་ཕྱག་གཡས་ཀྱིས༔ རཱ་ཧུ་ལ་ཡི་སྤྲུལ་འཇུག་ནས་བཟུང་སྟེ༔ ས་ལ་བརྡབས་ཏེ་ཞབས་ཀྱི་འོག་ཏུ་མནན༔ རྟ་མགྲིན་བྲོ་བརྡུང་སྡེ་བརྒྱད་འདམ་ལྟར་བསྣག༔ བཀའ་ཉན་གསུང་སྡོད་སྲོག་སྙིང་ཕུལ་བར་གྱུར༔ རང་ཉིད་ང་རྒྱལ་བསྐྱེད་ཅིང་སྔགས་རིང་བཟླས༔ བརྡེབ་འཁོར་ཡོད་ན་རབ་ཡིན་མེད་ན་ཡང་༔ དམིགས་པ་བྱེད་ཅིང་གོས་མཐུ་ས་ལ་བརྡབ༔ དེ་ཡིས་སེར་བ་མི་ཐུབ་སྲིད་མི་འགྱུར༔ ཤིན་ཏུ་གཉེན་ཅིང་སྡིག་ཀྱང་ཆེ་བའི་ཕྱིར༔ གག་ཐུག་ལན་རེ་མ་གཏོགས་བྱ་མི་རུང་༔ ཕལ་ཆེར་དམིགས་པ་གོང་མ་རྣམས་ཀྱིས་ཆོག༔ སེར་བ་ཡལ་རྗེས་ལྷ་འདྲེ་གསོ་བ་ནི༔ ༈ བདག་གི་འཁོར་དང་བདག་ལས་སྤྲུལ་པ་ཡིས༔ མེ་རི་ཁྲོ་བོ་ཐམས་ཅད་རང་ལ་ཐིམ༔ རང་ཉིད་རྟ་མགྲིན་གནས་འགྱུར་སྤྱན་རས་གཟིགས༔ སྐུ་སྟོད་ནམ་མཁའ་སྐུ་སྨད་བར་སྣང་ཁྱབ༔ ཞི་འཛུམ་དར་དང་རིན་ཆེན་དུ་མས་བརྒྱན༔ ཞབས་གཉིས་སྐྱིལ་ཀྲུང་ཕྱག་གཡོན་པདྨ་འཛིན༔ ཕྱག་གཡས་མཆོག་སྦྱིན་མཐིལ་ནས་ཧྲཱིཿཡིག་ལས༔ བདུད་རྩིའི་ཆུ་རྒྱུན་གང་གཱའི་རྒྱུན་བཞིན་བབ༔ སྡེ་བརྒྱད་སེར་བདག་རྣམས་ཀྱིས་འཐུངས་བས་ཚིམས༔ ཁྲུས་བྱས་སྨྲས་འགྲམ་སྡུག་བསྔལ་ཐམས་ཅད་ཞི༔ བྱམས་དང་སྙིང་རྗེའི་


CMR015_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་བསྐྱེད་དགའ་ཞིང་ཚིམས༔ ཡིག་དྲུག་འདོན་ཅིང་རང་གནས་སོང་བར་གྱུར༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ དམིགས་པ་མ་ཟིན་བར་དུ་ཡིག་དྲུག་འདོན༔ རང་ཉིད་ཐུགས་རྗེ་ཆེན་པོ་འོད་དུ་ཞུ༔ མེ་ལོང་ཧས་བཏབ་བཞིན་དུ་སྟོང་པར་ཡལ༔ རང་སེམས་སྟོང་ཉིད་འོད་གསལ་རྗེན་པར་བུད༔ འདི་ལྟར་སེར་བ་བཟློག་པའི་དགེ་བ་འདིས༔ དབུ་ནག་མི་ལ་ཟང་ཟིང་སྦྱིན་པར་ཤོག༔ འབུ་སྲིན་རྣམས་ལ་སྐྱབས་ཀྱི་སྦྱིན་པར་ཤོག༔ ལྷ་འདྲེ་རྣམས་ལ་ཆོས་ཀྱི་སྦྱིན་པར་ཤོག་ཀུན་ཀྱང་བླ་མེད་བྱང་ཆུབ་ཐོབ་གྱུར་ཅིག༔ དེ་ལྟར་བྱས་པས་ལྷ་འདྲེ་འཁོན་སེམས་ཞི༔ སྒྲིབ་པར་མི་འགྱུར་བྱང་ཆུབ་ལམ་དུ་འགྲོ༔ སྔགས་འཆང་ར་ལོད་ཅེས་བྱས་བསྐུལ་བྱས་ནས༔ ༧ རཱ་ག་ཨ་སྱ་ཞེས་བྱས་ཡི་གེར་བཀོད༔ ཉེས་འགལ་མཆིས་ན་རྟ་མགྲིན་ཉིད་ལ་བཤགས༔ དགེ་བས་འཇིག་རྟེན་བདེ་ཞིང་ལོ་ལེགས་ཤོག༔ སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousརྟ་མགྲིན་ནག་པོ་ལྷ་ལྔའི་སྒོ་ནས་སེར་བ་བསྲུང་བའི་མན་ངགno next