Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
རྟ་མགྲིན་ཡང་ཆུང་ནག་པོའི་ཟིན་བྲིས་འདོན་འགྲིགས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
no previousརྟ་མགྲིན་ཡང་ཆུང་ནག་པོའི་ཟིན་བྲིས་འདོན་འགྲིགས།next

རྟ་མགྲིན་ཡང་ཆུང་ནག་པོའི་ཟིན་བྲིས་འདོན་འགྲིགས།


CMR016_Page_0001
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་མགྲིན་ཡང་ཆུང་ནག་པོའི་ཟིན་བྲིས་འདོན་འགྲིགས་ཡོད་དོ།། གུ་རུ་ཧ་ཡ་གྲྭ་ཝ་ལ་ན་མོ། རྟ་མགྲིན་ནག་པོ་ཡང་ཆུང་གཏོར་ཟློག་གི་འདོན་འགྲིགས་བརྗེད་ཐོ་བླ་མའི་ཞལ་ཤེས་ལྟར་ལ། དང་པོ་གོང་གཏོར་རྩ་གསུམ་སོགས་དང་། གཏོར་ཟློག་དང་གསོལ་ཁ་རྣམས་དཔེ་རིས་དང་ཟིན་བྲིས་མཐོང་བ་བརྒྱུད་པ་ལྟར་མཆོད་གཏོར་རྣམས་ལེགས་པར་གྲུབ་ནས། དངོས་གཞི་ལ་ཆབ་སྦྱངས་དང་། སྐྱབས་སེམས་སྔོན་འགྲོ་དཀར་བགེགས་སོགས་བཏང་། གུ་རུ་ཞི་དྲག་སོགས་ཡི་དམ་གང་རུང་གི་ལས་བྱང་བྱ། བདག་བསྐྱེད་རཏ་གླིང་གི་རྟ་ནག་ལྕགས་རལ་དང་། མདུན་བསྐྱེད་ཡང་ཆུང་གི་མདོས་བྲན། ཨོཾ་བཛྲ་ཀྲོ་ཏ་སོགས་ནས་བསྟོད་ཅིང་ཕྲིན་ལས་བཅོལ་བ་ཡན་སོགས། མཁའ་འགྲོ་ཆོས་སྐྱོང་སོགས། ཚོགས་བཤམས་ནས་བྱིན་རླབས་བྱ། མཆོད་པ་གཏོར་བསྔོས། བསྐང་ཐུང་། བསྐང་རྫས་བྱིན་རླབས་སྤྱི་ལྟར་བྱ། དེ་ནས་གསོལ་ཀ་འདོད་རྒུ་ལྷུན་གྲུབ་སོགས། སྡེ་བརྒྱད་གསོལ་ཀ་བྱ། ཡི་དམ་བསྐང་བ་དང་། རྒྱུད་བསྐང་། རཏ་གླིང་ལྕགས་རལ་བསྐང་བ་དང་། གཞུང་བཞིན་བསྐང་བ་བཤགས་པ། མངའ་གསོལ། བསྙེན་པ་བྱ། ༈ ཚོགས་ཐ་མ་དང་ལིངྒ་དང་གཏོར་ཆུང་གསེར་སྐྱེམས་བཤམས་ལ། དེ་ནས་སྨད་ལས་ནང་ནས་གསེར་སྐྱེམས་ཐོགས་ལ། ཨོཾ་ཨཱཿཧཱུྃ། བླ་མེད་སོགས་ནས་ཁཱ་ཧི། འོག་གི་བཟློག་པའི་མཇུག་གི་གཙོ་བོའི་བསྐུལ་པ། ཧཱུྃ། གྲུ་གསུམ་མཐིང་ནག་སོགས་ནས། ཕྲིན་ལས་མཛོད་བར། །


CMR016_Page_0002
[མ་དཔེ་གཟིགས་ན་འདིར་གནོན།]

གོང་གི་གསེར་སྐྱེམས་མཐའི། ཨོཾ་བཛྲ་ཀྲོ་ཏ་སོགས་ནས་བསྒྲལ་ལས་བསྟབ་པ་དང་། བཟློག་པ་རྣམས་དང་ཁྱུང་ཟློག །སྡེ་བརྒྱད་བསྐུལ་ཟློག །རྩང་ཟློག་རྣམས་བྱ། དེ་ནས་ཚོགས་ལ་རོལ་ཞིང་ལྷག་མ་བྱའོ།། ༈ ཞག་གྲངས་བཞག་ན་བཟློག་པ་ཚར་གྲངས་བྱ། ནུབ་རྣམས་སུ་ཡི་དམ་ལྟར་གྱི་གཏོར་འབུལ་སོགས་དང་། ཆད་མདོ་བརྟན་སྐྱོང་བྱའོ།། ༈ རྗེས་ཀྱི་ལས་རིམ་ནི། དང་པོ་ནང་སྒོ་ཕྱེ། ཕྱོགས་ཕྱོགས་དེ་ནི་ཕ་ཀི་སོགས་ནས་སྒོ་ཕྱེས་ཤིག༔ དངོས་གྲུབ་ནི། ཧྲཱིཿ འཇིགས་པ་བརྒྱད་སྐྱོབ་སོགས་དངོས་གྲུབ་བླང་། དེ་ནས། ན་མོ་རྩ་བརྒྱུད་སྦྱར། དཀོན་སྤྱི་བསྐུལ་པ་ལྕགས་རལ་བསྐུལ་པ། ཡང་ཆུང་སྡེ་བརྒྱད་བསྐུལ་པ་ཛཿཛའི་བར། དགྲ་ཆོས་དང་གསེར་སྐྱེམས་བྱ། ར་དགེ། ཡི་དམ་གྱི་ཚད་མདོ་བྱ། དཀར་གཏོར་ཟ་ལམ། ཕྱི་སྒོ་སྤྱི་ལྟར། བྲུབ་ཁུང་བསྐྱེད། འགུགས་གཞུག་བྱ། གཞུང་གི་ཟོར་དང་དམོད་སོགས་བྱ། གཏོར་མ་རྣམས་དགྲ་ཕྱོགས་སུ་ཟེའཕང་། བརྟན་སྐྱོང་། རྟ་བྲོ། ཕྱི་རྗེས་བཅད། ནང་དུ་ལོག་ནས་གཏང་རག་ཚོགས་མཆོད་ཡི་དམ་ལྟར་དུ་བྱ། ཚེ་དབང་ཚེ་འགུགས་བསྐུལ་པ་བྱ། མཆོད་བསྟོད་བཤགས་པ། གཤེགས་གསོལ། བསྡུ་རིམ། བསྔོ་བ། །སྨོན་ལམ། ཤིས་བརྗོད་རྒྱས་པར་བྱའོ། །མཐར་དོན་དམ་དམིགས་མེད་རྫོགས་པ་ཆེན་པོར་བཞག་པ་མ་གཏོགས་གཞན་དབང་དུ་མ་བཏང་བ་གནད་གལ་ཆེའོ། །ཞེས་རཱ་ག་ཨ་སྱས་སྦྱར་བའོ། །སརྦ་མངྒ་ལཾ།།


no previousརྟ་མགྲིན་ཡང་ཆུང་ནག་པོའི་ཟིན་བྲིས་འདོན་འགྲིགས།next