Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
ལས་རིམ་བདུན་མའི་གཏོར་ཟློག་བཅའ་ཐབས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལས་རིམ་བདུན་མའི་གཏོར་ཟློག་བཅའ་ཐབས།next

ལས་རིམ་བདུན་མའི་གཏོར་ཟློག་བཅའ་ཐབས།


CMR016_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གྱ་གྷི་ཝ་ཡེ། ལས་རིམ་བདུན་པའི་བཅའ་ཐབས་ནི། །ལྕགས་སྣོད་གཙང་མ་ཕུབ་མས་བཀང་། །དེ་སྟེང་འཇིམ་པའི་ཞ་ལ་བྱུགས། །དེ་སྟེང་འཁོར་ལོ་རྩིབས་བརྒྱད་བྲི། །དེ་སྟེང་གྲུ་བཞི་ཟུར་མདུན་བསྟན། །དེ་སྟེང་འཇིམ་པ་གྲུ་གསུམ་བཞག །དེ་དག་སོ་སོར་གྲུ་གསུམ་བྲུ། །ཐམས་ཅད་ནག་པོ་ནང་ནི་དམར། །གྲུ་གསུམ་རེ་ནང་ལིང་ཆུང་བཞག །དེ་སྟེང་དབུས་སུ་དམར་གཏོར་ཏེ། །རྩེ་ལ་མར་གྱི་མེ་རི་དང་། །ཟུར་ལ་རྩང་ཆུང་ཉེར་གཅིག་བཙུགས། །དེ་རྒྱབ་དེ་ཡི་སུམ་གཉིས་ཙམ། །སླེབས་པའི་འཁོར་བཞི་དམར་གཏོར་རེ། །མར་རྒྱན་མི་བྱ་རྩང་བདུན་རེ། །དེ་རྒྱབ་སྡེ་བརྒྱད་བཤོས་བུ་འམ། །ཡང་ན་དམར་གཏོར་ཆུང་ཆུང་བརྒྱད། །བཤོས་བུ་བྱེད་ན་མར་ཡང་བརྒྱན། །དམར་གཏོར་བྱེད་ན་མར་མི་བརྒྱན། །རེ་རེར་རྩང་ཐུར་གསུམ་རེ་སྟེ། །དེ་ལྟར་གཙོ་འཁོར་བཅུ་གསུམ་ལ། །ཡོད་ན་སོ་སོའི་ཙཀྲི་དང་། །ཤ་དང་ལིང་གས་བརྒྱན་པར་བྱ། །དེ་རྒྱབ་རྩང་རིང་ཉེར་བརྒྱད་ནི། །རྒྱ་གྲམ་སྲིན་མོ་འགྲོས་སུ་བཙུགས། །ཕྱོགས་བཞིར་རྩང་ཐུང་ཟླུམ་པོ་དང་། །གྲུ་བཞི་ཟླ་གམ་གྲུ་གསུམ་བཞི། །སྒོ་རྩང་བཞི་པོ་བསླང་སྟེ་བཙུགས། །སྔོ་


CMR016_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

དམར་སྐུད་པས་དཀྲིས་པ་ལ། །ཡོད་ན་རྩང་རྒྱན་བརྒྱད་ཀྱང་བརྒྱན། །རས་སམ་ཤོག་བུ་གང་ཡོད་འདྲ། །མདུན་ལ་རྩང་བསྟོད་སེམས་ཅན་གཟུགས། །རྒྱབ་ན་བཟློག་སྔགས་བྲི་བའོ། །རྩང་རྩེར་ཤ་དུམ་ལིང་གས་བརྒྱན། །ཡང་ན་སྟག་མའི་ལོ་མ་ལ། །ལིང་བྲིས་བརྒྱན་པ་སྟག་ལིང་ཟེར། །དར་གདུགས་ནག་པོ་ཡོད་ན་རབ། །མེད་ན་མདའ་དར་ནག་པོ་བཙུགས།་བཟློག་མདོས་རང་གི་སྙིང་ཁ་ལས། །མཐོ་ན་རང་ལ་ལྡོག་པར་གསུངས། །གཤེད་འདུལ་ལ་སོགས་ཡིན་ན་ནི། །གཏོར་ཟློག་ཞབས་སུ་ཧོམ་ཁུང་བྱ། །བདེ་རིམ་ལ་ནི་མི་དགོས་སོ། །རྩང་པ་ཁྲ་འབོས་བསྐུལ་བྱས་ནས། །རཱ་ག་ཨ་སྱས་འཕྲལ་དུ་བྲིས།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousལས་རིམ་བདུན་མའི་གཏོར་ཟློག་བཅའ་ཐབས།next