Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
རྟ་མགྲིན་ནག་པོ་ལྕགས་རལ་ཅན་གྱི་ལྷ་ལྔའི་སྒྲུབ་ཐབས་ཀྱི་ཟིན་བྲིས་ཞལ་ཤེས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྟ་མགྲིན་ནག་པོ་ལྕགས་རལ་ཅན་གྱི་ལྷ་ལྔའི་སྒྲུབ་ཐབས་ཀྱི་ཟིན་བྲིས་ཞལ་ཤེས།next

རྟ་མགྲིན་ནག་པོ་ལྕགས་རལ་ཅན་གྱི་ལྷ་ལྔའི་སྒྲུབ་ཐབས་ཀྱི་ཟིན་བྲིས་ཞལ་ཤེས།


CMR016_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་མགྲིན་ནག་པོ་ལྕགས་རལ་ཅན་གྱི་ལྷ་ལྔའི་སྒྲུབ་ཐབས་ཀྱི་ཟིན་བྲིས་ཞལ་ཤེས་བཞུགས་སོ།།


CMR016_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་བཛྲ་ཀྲོ་དྷ་ཧྱ་གྷི་ཝ་ཡེ། དཀྱིལ་འཁོར་དབུས་སུ་ལྷ་ཚོམ་འདི་བཞག །དེའི་དབུས་སུ་སྡེ་རུའམ་གཏོར་འགུའི་ཡ་ག་ནང་དུ་ནས་བླུག །དེའི་སྟེང་དུ་བུམ་པ་ཆུ་གཙང་གིས་ཕྱེད་ཙམ་བཀང་། བུམ་རྫས་བཏབ། ཁ་རྒྱུན་བཙུགས། མགུལ་རྒྱན་མཐིང་ཁ་བཀྲམ་བུམ་པའི་སྟེང་དུ་ཨོཾ་བྱེད་པའམ། མཉྫིའི་སྟེང་དུ་གཏོར་མ་རིན་ཆེན་འབར་བ་རྟ་མགོས་མཚན་པ་བཞུག །སྟེང་དུ་མ་ཤོང་ན་བུམ་པའི་རྒྱབ་དེར་བཞག །གཏོར་མ་དེ་དང་པོ་ལན་གཅིག་བྲན་ནས་མི་བསྒུལ། གསོ་བྲན་མི་དགོས། བུམ་པའི་གཡས་སུ་བྷནྡྷ་ཆང་ཕུད་བདུད་རྩི་རིལ་བུ་བཏབ། བུམ་པའི་གཡོན་དུ་རཀྟ་བཤམས། དེའི་མཐར་མདུན་དེར་ཡོན་ཆབ་ཤར། གཡས་ཟུར་ཤར་ལྷོར་ཞབས་བསིལ། གཡས་ལྷོ་ཡིན་པས་ནས་ཏིང་གང་། རྒྱབ་ཟུར་ལྷོ་ནུབ་ཏུ་


CMR016_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ནང་དུ་སྤོས་བཙུགས། རྒྱབ་ཏུ་མར་མེ། རྒྱབ་ཟུར་ནུབ་བྱང་དྲི་ཆབ་ཇ་ཕུད་སྤོས་ཆུ། གཡོན་ངོས་སུ་ཞལ་ཟས། མདུན་གཡོན་ངོས་སུ་མཚམས་འཛིན་མེ་ཏོག་སྟེ་ནས་བཤམས། མཆོད་པ་དེ་རྣམས་རྒྱུན་དུ་བརྗེ་མི་དགོས། ཞག་ལྔ་དྲུག་པོ་གསོ། བརྗེ་ནི་མི་བརྗེ་སྒྲུབ་རྫས་ཡིན། དེ་ནས་དཀྱིལ་འཁོར་ཁ་བཀབ་ནས། ཟུར་བཞི་ལ་མདའ་བཞི་གྲི་བཞི་ཡང་བཙུགས། དེ་ནས་ཚོན་སྐུད་དྲ་བ་ཞི་ཁྲོ་ལྟར་བྱེད་ཚུར་ལ་གཏོར་སྒམ་ཕུགས་གཏོར་ཚང་མ་ཡོད་པ་དེའི་མཐའ་གཉིས། གར་བདེ་ལ་མཁའ་རི་སྨྱོ་ཁ་བཞག །ནུབ་ཀྱི་རྒྱུན་གཏོར་གྱི་གཏོར་བསྔོས་དུས་ཕུགས་གཏོར་ཚང་མ་གསོ་བ་སྔར་དང་འདྲ། ཐུན་མཚམས་ལ་བཞི་སྟེ། ཞོགས་པ། སྔ་དྲོ། ཉིན་ཕྱེད། དགོང་མོ་བཞི། རྟ་མགྲིན་མཆོད་བསྟོད་འདོན་དུས་ཕུགས་གཏོར་གྱི་ཡི་


CMR016_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

དམ་དེ་གསོ་བྲན་བྱེད། དགོང་མོ་མཁའ་རི་སྨྱོ་ཁ་གཉིས་འདོན་རེས་བྱ། ནམ་འདོན་གསོ་བྲན་བྱེད། དེ་རྣམས་བཅའ་ཐབས་ཞལ་ཤེས་ཡིན། ། ༈ འདོན་ལུགས་ད་ནངས་སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་སོགས་སྐྱབས་འགྲོ་བསྡུས་པའམ། རྒྱལ་བ་རྒྱ་མཚོའི་སྐྱབས་འགྲོ་གང་རེད་འདོན། དེ་ནས་རང་དང་དཀྱིལ་འཁོར་དང་གཏོར་མ་རིན་ཆེན་འབར་བ་བུམ་པ་རྣམས་དབྱེར་མེད་དུ་རྟ་མགྲིན་གྱི་དཀྱིལ་འཁོར་བསྒོམ། རང་དབུས་སུ་རྟ་མགྲིན་ནག་པོ་བསྒོམ་རང་གི་ཕྱོགས་བཞིར་རྟ་མགྲིན་དཀར་སེར་དམར་ལྗང་བཞི་བསྒོམ། བདེ་བ་ཅན་ནས་རྟ་མགྲིན་མང་པོ་བྱོན་ནས་རང་ལ་ཐིམ་པར་བསྒོམ། གཞན་བསྒོམ་ལུགས་རྟ་མགྲིན་མངོན་རྟོགས་ནས་གསལ་བ་ལྟར་ཡིན། རང་གི་སྙིང་ཁའི་དབུས་སུ་ཉི་མའི་གདན་ལ་ཧིམཐིང་ནག་སྔགས་ཀྱིས་བསྐོར་བར་བསྒོམ། ཧྲཱིཿམགུལ་འཆུག་མེད་པ་ལ་སྔགས་དེས་ཀྱི་ལི་ལི་བྱེད་པར་བསྒོམ། དེ་ནས་ཧྲཱིཿདང་སྔགས་ཕྲེང་ལས་མེ་འབར་ནས་རང་གི་ལུས་ཐམས་ཅད་མེས་གང་ནས་ལུས་ལ་གནོད་པའི་ནད་ཐམས་ཅད་དང་། ལུས་ལ་ཞུགས་པའི་གདོན་ཐམས་ཅད་གཞོབ་ཐུལ་བསྲེགས་པར་བསྒོམ། ཚིག་པའི་རོ་མ་ཐམས་ཅད་ཐལ་ཚུབ་དང་དུད་པ་བཞིན་དུ་བ་སྤུའི་བུ་ག་ནས་ཕྱིར་ལུད་པར་བསྒོམ། བ་སྤུའི་ཁུང་ཐམས་ཅད་ནས་མེ་ལྕེ་དམར་སི་རི་རི་འབར་བར་བསྒོམ། ཡང་བཤུལ་ནས་ས་དང་བྲང་ནས་ཁུང་བུག་ཡོད་པར་བསྒོམ། དེའི་ཁུང་ནས་མེ་ལྕེ་དམར་ཀྱུ་རུ་རུ་ཕྱི་ནས་འབར་བར་བསྒོམ། ལུས་ཀྱི་ནད་ཐམས་ཅད་ལྕགས་སྲེག་རང་བཞིན་དམར་དུ་རེ་ཡོད་པར་བསྒོམ། རྐང་


CMR016_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

ལག་ན་ན་ཡང་རྐང་སྟོང་པར་རག་དུང་ལྟ་བུའི་ནང་ནས་མེ་ལྕེ་དམར་རྒྱང་རྒྱང་ཕྱིར་འབར་བ། ཁུལ་ཤིན་ནང་དུ་མེ་འབར་བ་ལྟར་བསྒོམ། མེ་འབར་བའི་འུར་སྒྲ་དེ་ཡང་སྔགས་ཀྱི་སྒྲ་འུ་རུ་རུ་གྲག་པར་བསྒོམ། དེ་ཡང་དོན་ལ་རྟ་མགྲིན་ཡིན་པར་བསྒོམ། ཡང་སྐབས་སུ་རང་ལ་གནོད་པའི་གདོན་དེ་ལ་སྙིང་རྗེ་བྷེ། གདོན་འདི་ང་ཡི་སྐྱེ་བ་མང་པོའི་ཕ་མ་ཡིན་སྙིང་རེ་རྗེ་བསམ། ཡང་སྐབས་སུ་སེམས་ངོ་ལ་བལྟ། དམིགས་པ་དང་སྙིང་རྗེ་སེམས་ངོ་གསུམ་རེས་མོས་བསྒོམ། ཨོཾ་ཧྲཱིཿབཛྲ་ཀྲོ་དྷ་ཧྱ་གྷི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ སྔགས་འདི་འདོན་གཞན་སྔགས་རིང་ཚོ་གཅིག་ཀྱང་མི་འདོན། སྔགས་འདི་ལ་བྱེ་བ་གཅིག་ཐོན་པ་དང་། ནཱ་ག་རཀྟ་ནག་པོ་ཏི་པ་ཙ་མཱ་ར་ཡ་ཧཱུྃ་ཕཊ༔ འདི་འབུམ་ཚོ་བདུན་ཐོན་ན་རབ། ཐ་ན་ཡང་འབུམ་ཚོ་བདུན་གསུམ་ཐོན་པ་གལ་ཆེ། ད་ནངས་མངོན་རྟོགས་ཚར་གཅིག་བྱེད་བསྙེན་པ་ཅི་ཐོན་བྱེད། ཉི་དྲོས་གཏོར་མ་གསོ་ནས། ཧྲཱིཿ བདེ་ཆེན་དབང་དྲག་རོལ་པའི་ཕོ་བྲང་ནས༔ སོགས་དང་། དབང་དང་དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ༔ ཟེར་བའི་བར་དབྱངས་དང་བཅས་ནས་འདོན་པའི་ཚེ། བདེ་བ་ཅན་ནས་རྟ་མགྲིན་ནག་པོ་ལྷ་ལྔ་མངོན་སུམ་དུ་བྱོན་ནས་ནམ་མཁའ་ལ་བཞུགས་པར་བསྒོམ། ཧཱུྃ། སྲིད་གསུམ་ཡེ་ནས་གཏོར་གཞོང་དུ༔ ཟེར་བ་ནས། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ བར་འདོན་ཚེ་གཏོར་མ་ནང་མཆོད་རཀྟ་མེ་ཏོག་


CMR016_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

སྤོས་མར་མེ་དྲི་ཆབ་ལྷ་བཤོས་རོལ་མོ་སོགས་དངོས་སུ་ཅུང་ཟད་བཤམས་པ་དེ་དང་། ནམ་མཁའ་གང་བར་སྤྲུལ་པ་དང་སངས་རྒྱས་ཀྱི་ཞིང་ཐམས་ཅད་ནས་མཆོད་པ་བཟང་པོ་ཡོད་ཚད་རང་གི་བློས་རྟ་མགྲིན་ལྷ་ལྔ་ལ་ཕུལ་བས་གསོལ་ཞིང་མཉེས་པར་བསམ། ཧཱུྃ༔ བདེ་ཆེན་དབང་དྲག་རོལ་པའི་དཀྱིལ་འཁོར་ནསཿ ཞེས་པ་ནས། ཕྲིན་ལས་འགྲུབ་པར་མཛོད༔ ཀྱི་བར་འདོན་དུས་དང་པོ་རྟ་མགྲིན་ལ་བསྟོད་པས་ཐུགས་དགྱེས་རྗེས་ནས་རང་ལ་གནོད་པའི་གནོད་བྱེད་ཐམས་ཅད་འདུལ་བའི་ཕྲིན་ལས་བཅོལ་བས་སྐུ་ལས་མེ་དཔུང་རང་འདྲ་བའི་རྟ་མགྲིན་ཆུང་ཆུང་མང་པོས་འཇིག་རྟེན་ཁྱབ་ནས་གདོན་ཐམས་ཅད་བསད་ཅིང་ཟོས་ལྷག་མ་མེས་བསྲེགས་ནས་གཅིག་ཀྱང་མེད་པར་བྱས། མེ་དང་ཁྲོ་ཆུང་ཚོ་ཚུར་འདུས་ནས་མདུན་གྱི་རྟ་མགྲིན་ལྷ་ལྔ་ལ་ཐིམ། རྟ་མགྲིན་ལྷ་ལྔ་རང་ལ་ཐིམ་པར་བསམ། དེ་ཐུན་གཅིག །ཡང་ཉི་དྲོས་མངོན་རྟོགས་འདོན། ཉིན་ཕྱེད་བར་སྔགས་བཟླས། ཧཱུྃ༔ བདེ་ཆེན་དབང་དྲག་རོལ་པ་ནས་སྤྱན་འདྲེན་མཆོད་བསྟོད་བྱེད། མདུན་གྱི་ལྷ་ལྔ་རང་ལ་བསྟིམ། ཡང་མངོན་རྟོགས་འདོན། དགོང་ཆེན་བར་སྔགས། ཉི་མ་ཐལ་སྨིག་སྲོད་བར་བསྙེན་པ་བྱེད། ཉི་མ་ཐལ་ཡག་རེད་ཛ་གཏོར་མ་ཐམས་ཅད་གསོ༔ ཧཱུྃ༔ བདེ་ཆེན་སོགས་རྟ་མགྲིན་མཆོད་རྒྱུན་དུས་མཁའ་རི་སྨྱོ་ཁ་སོགས་འདོན། བླ་མ་གཏོར་མ་གསོས་ལ་བཞག །ཡང་མངོན་རྟོགས་བཏོན་ནས་སྲིད་བར་བསྙེན་པ་བྱེད། སྲོད་རེད་ཛ་དཀྱིལ་འཁོར་འོད་དུ་ཞུ་རང་ལ་


CMR016_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

ཐིམ། རང་ཧྲཱིཿལ་ཐིམ་ཧྲཱིཿའོད་དུ་ཡལ་ནས་སྟོང་བར་བསྒོམས་ནས་སེམས་ངོ་བསྲུང་། དགེ་བ་འདི་ཡིས་མྱུར་དུ་བདག །རྟ་མགྲིན་ནག་པོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་བསྔོ་བ་བྱེད། དེ་ནས་པདྨ་འོད་འབར་སོགས་བློ་ནས་འདོན། བཛྲ་གུ་རུ། འཇམ་དབྱངས། ཛཾ་ལྷ་སོགས་ཚེ་སྒྲུབ་སོགས་བསྙེན་པ་ཆག་མེད་ཕྲེང་སྐོར་རེ་ཅི་ཐོན་བྱེད། གཉིད་མ་བྱུང་ན་ཀུན་རིག་སོགས་སྔར་བཟུང་བ་རྣམས་ལྡེབ་ངོས་ཙམ་རེ་གཤར། ཡང་ཕྱིར་ནངས་སྔར་ལྟར་ཐུན་བཟུང་། རང་གི་སྤྱན་ཡ་སོགས་ལ་སྲུང་འཁོར་སྒོམ་འདོད་ན། རང་རྟ་མགྲིན་དཀྱིལ་འཁོར་བསྒོམ་པའི་ཕ་ཟེད་ནས། རྟ་མགྲིན་དཀར་པོ་ཚུར་གཟིགས་ནས་བསྲུང་བའི་གུར། དེ་རྒྱབ་རྟ་མགྲིན་ནག་པོ་ཞལ་ཕར་གྱུ་ནས་གནོད་བྱེད་བཟློག་པའི་གུར། དེ་རྒྱབ་རྡོ་རྗེའི་གུར། དེ་རྒྱབ་འཁོར་ལོའི་གུར། །དེ་རྒྱབ་རལ་གྲིའི་གུར། དེ་རྒྱབ་རྡོ་རྗེ་རྒྱ་གྲམ་གྱི་གུར། དེ་རྒྱབ་ཕུར་པའི་གུར། དེ་རྒྱབ་མཚོན་ཆ་སྣ་ཚོགས་རྩེ་མོ་ཕྱིར་བསྟན་པར་གུར་དྲག་ཏུ་འཁོར་བས་གནོད་བྱེད་མྱག་ལ་གཏུབ། དེ་རྒྱབ་ཡེ་ཤེས་མེ་དཔུང་གི་གུར་འུར་སྒྲ་དང་བཅས་པ་བྷེ། རང་གི་མི་ནོར་ཐམས་ཅད་་་་་་་་་་་་་་་་་་འཇུག་མ་ཚང་།


CMR016_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousརྟ་མགྲིན་ནག་པོ་ལྕགས་རལ་ཅན་གྱི་ལྷ་ལྔའི་སྒྲུབ་ཐབས་ཀྱི་ཟིན་བྲིས་ཞལ་ཤེས།next