Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
དཔལ་ཁྲོ་བོ་རྟ་མགྲིན་ཡང་ཕྱུངས་ལས་རིམ་བདུན་མའི་ཞལ་ཤེས་བརྒྱད་པོ་ཐུགས་ལ་གབ་ཅེས་པའི་སྔོན་འགྲོ་དངོས་གཞི་རྗེས་ཀྱི་ལས་མཐའ་གབ་སྦས་ཕྱག་ལེན་མངོན་དུ་ཕྱུང་བ་འགྲིགས་ཆོག་ཏུ་བཀོད་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདཔལ་ཁྲོ་བོ་རྟ་མགྲིན་ཡང་ཕྱུངས་ལས་རིམ་བདུན་མའི་ཞལ་ཤེས་བརྒྱད་པོ་ཐུགས་ལ་གབ་ཅེས་པའི་སྔོན་འགྲོ་དངོས་གཞི་རྗེས་ཀྱི་ལས་མཐའ་གབ་སྦས་ཕྱག་ལེན་མངོན་དུ་ཕྱུང་བ་འགྲིགས་ཆོག་ཏུ་བཀོད་པ།next

དཔལ་ཁྲོ་བོ་རྟ་མགྲིན་ཡང་ཕྱུངས་ལས་རིམ་བདུན་མའི་ཞལ་ཤེས་བརྒྱད་པོ་ཐུགས་ལ་གབ་ཅེས་པའི་སྔོན་འགྲོ་དངོས་གཞི་རྗེས་ཀྱི་ལས་མཐའ་གབ་སྦས་ཕྱག་ལེན་མངོན་དུ་ཕྱུང་བ་འགྲིགས་ཆོག་ཏུ་བཀོད་པ།


CMR016_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཁྲོ་བོ་རྟ་མགྲིན་ཡང་ཕྱུངས་ལས་རིམ་བདུན་མའི་ཞལ་ཤེས་བརྒྱད་པོ་ཐུགས་ལ་གབ་ཅེས་པའི་སྔོན་འགྲོ་དངོས་གཞི་རྗེས་ཀྱི་ལས་མཐའ་གབ་སྦས་ཕྱག་ལེན་མངོན་དུ་ཕྱུང་བ་འགྲིགས་ཆོག་ཏུ་བཀོད་པ་བཞུགས་སོ། །


CMR016_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་བཛྲ་ཀྲོ་དྷ་ཧྱ་གྲི་ཝ་ཡེ། དབང་གི་བདག་ཉིད་པདྨ་ཧེ་རུ་ཀ །མ་རུངས་གདུག་པའི་ཚུལ་གྱིས་བསྟན་དགྲ་འདུལ། །སྙིང་རྗེ་བྱམས་པའི་ཚུལ་གྱིས་འགྲོ་རྣམས་སྐྱོང་། །དྲེགས་པའི་གཙོ་མཆོག་རྒྱལ་པོ་དེ་ལ་འདུད། །ཡང་ནས་ཡང་ཕྱུང་ཡིད་ཆེས་ཟབ་པ་ཡི། །གདམས་པ་གསེར་ཆོས་རྣོ་དབལ་སྤུ་གྲིའི་མཚོན། །ཡོངས་འཛིན་བཞི་ཡི་ངག་ལས་བརྒྱུད་པ་ཡི། །རྣོ་དབལ་མཚོན་ཆ་བསྟན་དོན་མ་གཏོགས་པའི། །རང་དོན་མཐུ་སྡིག་དམ་མེད་ལོག་སེམས་ཅན། །སྔགས་པའི་ཚུལ་འཆང་དེ་ལ་དཔེ་འདི་ཉིད། །ལག་ཏུ་མ་འགྲིམ་བཛྲ་ས་མ་ཡ། །གལ་ཏེ་སྤེལ་ན་དྲེགས་པ་


CMR016_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

སྡེ་བརྒྱད་ཀྱིས། །སྙིང་ཁྲག་ཞལ་དུ་བཞེས་ཤིག་ན་ར་ཀན། །སྙན་བརྒྱུད་ཡི་གེར་བཀོད་ལ་ཉེས་མཆིས་ན། །དཔའ་བོ་ལྷ་ལྔ་དྲེགས་པའི་ཚོགས་ལ་བཤགས། །བརྒྱུད་འཛིན་རིགས་ལྡན་ཀརྨ་ཡང་དག་ཁྱོད། །དཔེ་འདི་བརྡ་ཙམ་ཁ་རུ་མ་འདོན་ལ། །སངས་རྒྱས་བསྟན་པ་འཇིགས་པའི་དགྲ་བྱུང་ན། །དེ་ལ་འདི་འདྲའི་མན་ངག་གསེར་བས་དཀོན། །མང་དུ་སྤེལ་ན་ལས་ངན་སྡིག་པའི་རྒྱུ། །འཇིག་རྟེན་ཁམས་འདིར་མཐུ་བྱེད་སྡིག་པའི་ལས། །ན་རཀ་དམྱལ་བའི་གཏིང་རྡོར་འདུག་ཅེས་ཐོས། །སྔགས་པ་བྱ་བ་འདི་ཕྱིའི་དོན་ཡིན་ཕྱིར། །ཕལ་ཆེར་རུ་ཏྲར་གོལ་བ་


CMR016_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡི་དོན། །སངས་རྒྱས་བསྟན་དོན་དམིགས་ལ་མཐུ་བྱས་ཀྱང་། །རང་ལ་མི་སྒྲིབ་བསྟན་པའི་ཆགས་ཕྱིར་འགྲོ། །དཔེར་ན་བླ་མེད་དོན་གྱི་རྒྱུད་ལས་ཀྱང་། །དཀོན་མཆོག་གསུམ་ལ་གནོད་བྱེད་ལ། །བཟོད་པ་བསྒོམ་པར་མི་བྱའོ། །ཞེས་དང་། གསུངས་ཕྱིར་མུ་སྟེགས་ལུགས་ཀྱིས་བསྒྲལ་བ་ལ། །ལས་ཚོགས་མངོན་སྤྱོད་དྲག་པོའི་ཕྲིན་ལས་མཛད། །འཇིག་རྟེན་སྲུང་མ་ཁོ་ན་རྦད་དགོས་དང་། །མུ་སྟེགས་ལུགས་ཀྱི་ངན་སྔགས་རྐྱང་པ་ལ། །ལྷ་རྟགས་ཡིན་མིན་བདུད་ཀྱི་ཁར་བཟུར་ཏེ། །ཤི་བའི་དུས་ཀྱང་དེ་ཡི་འཁོར་དུ་འགྲོ། །དེ་བས་ཅུང་དྲག་ཡེ་ཤེས་ལྷ་འདི་ཉིད། །ཚེ་ལུང་ཁྲུས་ཀྱི་དགོངས་པ་དང་ལྡན་ན། །བསྒྲལ་ཡང་མི་གནོད་རྣམ་པར་ཤེས་པ་ཉིད། །མདུན་བསྐྱེད་ཐུགས་ཀར་བསྟིམས་པས་བྱང་ཆུབ་ལམ་། །སྔོན་ཚེ་ས་རི་པཎ་ཆེན་གྲགས་དབང་གིས། །ནུབ་ནས་ཧོར་དམག་བོད་དུ་འོང་བ་ལ། །གཤིན་རྗེ་འཇོམས་བྱེད་བརྫངས་ནས་བསྒྲལ་བའི་ཚེ། །ཧོར་དམག་ཁྲི་གཅིག་མངོན་དགའི་ཞིང་དུ་འཕངས། །ས་སྐྱའི་སྔགས་འཆང་པདྨ་རྣམ་རྒྱལ་གྱིས། །གཏེར་སྟོན་གུ་རུ་ཆོས་ཀྱི་དབང་ཕྱུག་ལ། །ཡང་བྱུང་དཔའ་བོའི་དབང་རྣམས་ཡོངས་རྫོགས་དང་། །དགྲ་ཆོས་


CMR016_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བརྟེན་འདི་ཡི་མན་ངག་བཅས། །མོ་ལུས་ཞུས་ནས་གསེར་ཞོ་གསུམ་པོ་ཕུལ། །ཕྱིས་སུ་གཙང་པ་རྒྱལ་པོ་སྡིག་སྤྱོད་ཅན། །བོད་དུ་འོང་ནས་གཙུག་ལག་བཤིག་བསམ་ཛ། །སྔགས་འཆང་པདྨ་རྣམ་རྒྱལ་དེ་ཉིད་ཀྱིས། །རྟ་མགྲིན་ཡང་ཕྱུང་འཕངས་བས་རྡུལ་དུ་བརླག །རྣམ་ཤེས་སྤར་ནས་སུམ་ཅུ་རྩ་གསུམ་འཕང་། །གཙང་པ་རྒྱལ་པོ་ལྷ་གནས་སྐྱེ་ཟེར་འདུག །མངའ་རིས་རྒྱལ་པོ་ལྷ་ཡི་གནས་སུ་སྐྱེས། །སེ་ར་རྒྱབ་རིའི་རི་ཁྲོད་ཕ་ཝཾ་ཁར། །འདུག་པ་དཔལ་འབྱོར་ལྷུན་གྲུབ་ཅེས་པ་དེས། །བཀའ་བརྒྱད་ཁྲོ་རོལ་དཔལ་དགུའི་སྒོ་ནས་བསྒྲུབ། །ཧོར་དམག་བཟློག་པས་རྣམ་ཤེས་མཁའ་སྤྱོད་དྲངས། །རྒྱལ་བློན་བཅུ་གསུམ་ཀུན་བཟང་ཞིང་དུ་དྲངས། །སྔོན་ཚེ་རང་ཉིད་དབུས་སུ་ཕྱིན་པའི་ཚེ། །བླ་མ་ཝ་ཕྲུག་པ་ཞེས་བྱ་བ་ལ། །རྟ་མགྲིན་ཡང་ཕྱུང་འདི་ཡི་མན་ངག་ཞུས། །འདི་ཡི་མན་ངག་བྱས་པས་བྱེད་མཁན་འགའ། །ཤི་བར་གྱུར་ཅིང་རྣམ་ཤེས་བདེ་ཆེན་དུ། །སོང་བར་ཡིད་ཡུལ་མཐོང་བས་ངེས་ཤེས་སྐྱེས། །དེ་དག་རང་དོན་ཞད་ཙམ་མ་ཡིན་པར། །སངས་རྒྱས་བསྟན་དོན་དམིགས་པའི་སྤྱོད་དོན་ཏེ། །གསང་སྔགས་རྡོ་རྗེ་ཐེག་པའི་དམ་ཚིག་གོ །


CMR016_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་དགོས་ཆེད་བསྟན་པའི་ཞལ་གདམས་ཏེ། །འདི་ཡི་ཞལ་གདམས་མན་ངག་ཞུ་བའི་ཚེ། །གསེར་གྱི་མཎྜལ་རིན་ཆེན་ཡོན་དུ་ཕུལ། །རང་དོན་ཁོ་ནའི་སེམས་ཙམ་མ་ཡིན་པའི། །སྙིང་རྗེ་བྱང་ཆུབ་སེམས་ལ་རབ་གནས་པ། །གཞན་ལ་མི་སྤེལ་ཐ་ཚིག་ཞིག་གིས་བགགས། །དཔང་དུ་བཀའ་སྲུང་དྲེགས་པ་སྡེ་བརྒྱད་བཞག །མང་པོར་སྤེལ་ན་རང་མཚོན་མི་ལ་ཤོར། །རྣམ་སྨིན་སྡིག་པའི་ས་བོན་བསགས་པའི་ལས། །དམ་མེད་མ་ཤོར་ཁ་ཐམ་ས་མ་ཡ། །ཤིན་ཏུ་ཟབ་པའི་མན་ངག་གསེར་ཆོས་ཏེ། །མུ་སྟེགས་ལས་ཚོགས་ཀུན་དང་འདི་མ་བརྗེ་། །སྒྱུ་མའི་ནོར་དང་མ་བརྗེ་བཀའ་འདི་རྒྱུ། །སྙན་བརྒྱུད་ཐམས་ཅད་དབང་ཆེན་དྲེགས་པའི་གཙོ་བོ་པདྨ་དབང་གི་དཀྱིལ་འཁོར་དུ་ཞུགས་ཤིང་། བསྙེན་སྒྲུབ་དྲོད་རྟགས་ཐོན་ཅིང་སྡེ་བརྒྱད་བཀའ་གཏད་སྲོག་དབང་ཞུས་ནས། དམ་ཚིག་མིག་གི་འབྲས་བུ་ལྟར་སྲུང་བའི་རྣལ་འབྱོར་པས། བསྟན་དོན་སྤྱི་ལ་དམིགས་པའི་བྱ་བས་བསྒྲུབ་པར་བྱ་སྟེ། ཕྱག་ལེན་དངོས་་གཞི་བསྟན་པའི་ཆོ་ག་ནི། དེས་གཞུང་བསྲང་བ་ནི། པདྨ་རྒྱལ་པོ་ཉང་རལ་ནས། དབང་ཕྱུག་རྡོ་རྗེས་བསྩལ་བའི་ཕྱག་བཞེས་ཐུན་མོང་མ་ཡིན་པའི་ཕྱིར་དུ། བདག་གིས་ཞལ་ཤེས་


CMR016_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

སྙན་བརྒྱུད་བྱས་པ་ཡིན་ནའང་ཡི་གེར་བྲི་བར་མི་འཐད་ཀྱང་ཞུ་ནན་ཆེར་གཙོས་པས་བཀོད་པར་བྱ་སྟེ། ཤིན་ཏུ་བཀའ་རྒྱ་དམ་སྟེ་ཞལ་ཤེས་གཅིག་བརྒྱུད་བྱས་པས་རྡོ་རྗེའི་ཐ་ཚིག །ས་མ་ཡ། རྒྱ་རྒྱ་རྒྱ། ཨྠྀི། འདིའི་ལག་ལེན་བསྟན་པ་ནི། སྔོན་འགྲོ། དངོས་གཞི། རྗེས་ཀྱི་བྱ་བ། མཐའ་སྡུད་ལས་ཀྱི་རིམ་པ་གསུམ་ལས། དང་པོ་རྫས་དང་ལིངྒ་བྲི་བ་དང་། ཕྲིན་ལས་རང་གཞུང་བསྟན་པ་དང་གསུམ་མོ། །རྫས་ནི། ལིངྒ་བྲི་བའི་སྣག་ཚ། སྨྱུ་གུ། རྡ་རོ་དང་། དགྲ་མཁར་གྱི་རྒྱུ་དང་བཞི་ཡིན་ཏེ། ལིངྒ་བྲི་བ་ལ་དུག་ཤོག་ཅེས་པ་ནི། རྒྱ་ཤོག་ཤིང་ཤོག་སྔོན་བུ་གསུམ་མ་གཏོགས་པའི་ཤོག་བུ་རྙེད་རྒྱུ་མ་བྱུང་ན། རེ་ལྕགས་ལ་བླུག་པ་རབ། བྲི་བའི་ཚེ་ཁ་རས་ཀྱིས་བཀབ་ལ། ལག་པ་རས་ཀྱིས་གཅུད་ལ་དྲི་མ་དང་ཁ་རླངས་མ་ཤོར་བ་གནད་ཆེའོ། །ཁ་རླངས་དྲི་མ་ཤོར་ན་དགྲ་བོའི་བླ་དང་རང་གི་བླ་ནོར་འགྲོ་བར་གདའ་བས་མཐུ་ཕལ་ཆེར་རང་ལ་ལྡོག་ཟེར་བ་འོང་བར་གདའོ། །དེ་ནས་བྲི་བའི་ཚེ། རང་ཉིད་ཁྲོ་བོ་རྟ་མགྲིན་ནག་པོ་དྲག་ཏུ་ཁྲོས་པའི་ཕྱག་གཡས་སྨྱུ་གུ་དེ་ཡང་ལྕགས་ཀྱུ་རབ་ཏུ་འབར་བའི་དབྱིབས་ཅན་གྱིས་གར་གནས་པའི་དགྲ་བོ་ལམ་


CMR016_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་དུ་བཀུག་ཅིང་ཡིག་འབྲུ་ལ་ཐིམ་པར་བསམ། སྨྱུ་གུ་ནི་རབ་གྲི་ལྕགས་ལས་བྱས་པ། མ་རྙེད་ན་ཚེར་མ་ཅན་གྱི་ཤིང་གང་རུང་ངམ་སྐྱེར་པ་ལ་བྱའོ། །སྣག་ཚ་ནི། དུག་ཁྲག་སྟེ། ཁྱི་ནག་དཀར་མཚན་མེད་པ་སྨྱོ་ནས་ཤི་བའི་ཁྲག་སྣག་ཚ་ལ་བཏབ། མ་རྙེད་ན་གྲི་ཁྲག །དྲེའུ་བྲ་ནག་དུག་གིས་ཤི་བའི་ཁྲག་དགོས། དབུས་གཙང་ཕྱོགས་སུ་སྔགས་པ་དགོན་སྡེ་སོགས་ཀྱི་རྒྱུན་དུ་འཚག་སྲོལ་ཡོད། དེ་རྣམས་གང་ཡང་མེད་ན་ཁྱི་ནག་གི་ཁྲག་ལ་དུག་སྣ་གང་རྙེད་བཏབ་པ་དེ་ཡིས་ཚབ་འོང་ངོ་། །རྡ་རོ་དགྲ་མཁར་བཅའ་བ་ནི། རྡ་རོ་ཞེས་པ་ནི། བཙའ་བའི་ལིངྒ་སྟེ་ཆེ་ཆུང་རྐང་གང་ལས་མི་ཆུང་བ་བག་ཟན་ལ་ལེགས་པར་བཅས་ཏེ། ཁ་ནང་དུ་བདུད་པོ་ང་ལོང་ཞེས་པ་བྲི། དཔྲལ་བའི་ནང་དུ་རུས་ཚན་བྲི། སྙིང་གའི་དཀྱིལ་དུ་རྨེའི་མིང་གང་ཤེས་ཁུག་ཅིག་ཅེས་པའི་བར་དུ་ཚྭ་ཛ་བྲིས། ཡན་ལག་བཞི་ལ་ཞ་བཞི་བྲིས། དཔུང་པ་གཉིས་ལ་ཧཱུྃ་བྲིས། པུས་མོ་གཉིས་ལ་ཐཾ་ཧོབྲིས། རྐང་ཞབས་གཉིས་སུ་ཡཾ་ཡཾ་བྲིས། འདོམས་སུ་ཆྒཻའི་དཔལ་འབྱོར་ནོར་རྫས་དང་བཅས་པ་བྲིས། རྒྱས་པར་བྱེད་ན་རྡ་རོ་ལ་མདའ་གཞུ་འདོམས་འོག་ཏུ་ཞོན་པའི་རྟ་སོགས་ཇི་ལྟ་བ་བཞིན་ཏུ་


CMR016_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

བྱས། དགྲ་མཁར་ནི། ཕུང་ཤིག་ཤོར་གསུམ་གྱི་ས་ལ་བཟོས་པའི་ཁང་པ་ཡུལ་དང་བཅས་པའི་དབྱིབས་བྱ་བ་རུང་བའི་ཕྱག་ལེན་ཏེ། རྡ་རོ་དང་དགྲ་མཁར་གནད་འགགས་མི་ཆེ་བས། མ་གྲུབ་ཀྱང་རུང་ལ། ཟན་ལིང་ཆེ་བ་གཅིག་གི་བྲང་དཀྱིལ་དུ་ཟན་ཀོང་གི་མར་མེ་ཆུང་བ་གཅིག་གམ་སྡོང་བུ་ཧྲཱིཿང་ངེ་བ་གཅིག་བཙུགས། དགྲ་ཆོས་སྐབས་སུ་ཁྲག་གིས་བསད་ནས། ལིངྒ་བསྒྲལ་བ་དེ་ལ་འཐུས་སོ། །གལ་ཆེ་བ་བྲིས་པའི་ལིངྒ་དེ་ཡིན་པས། །གོང་དུ་སྨོས་པའི་ཤོག་བུ། སྣག་ཚ། སྨྱུ་གུ་སོགས་འདུ་བྱས་ལ་དྲི་བ་ནི། །ཤོག་བུ་ཞེང་ཀ་མཐོ་གང་སོར་དོ་བྱེད་པ་ཡིན་པའི་ཕྱིར། ཕྱི་མཚམས་སུ་ཡོད་པའི་དབུས་སུ། ལིངྒ་དཔེའུ་ཆུང་ལྟར་ལ། གཟུགས་ཁམས་སྐྱེ་མཆེད་དོད་པར་བྲིས་ཏེ་སྙིང་གའི་དཀྱིལ་དུ་ཡི་གེ་ནི་ཁུག་ཛཿ བརྩེགས་མར་བྲིས་པའི་དཔུང་པ་གཡས་ཀྱི་ཐད་ནས་མགོ་བཟུང་ཡིག་མགོ་ནང་དུ་བསྟན་ལ། དམ་ཉམས་དགྲ་བོ་ཆེ་གེ་འདི་ཡི་བླ་སྲོག་རྣམ་པར་ཤེས་པ་གླིང་བཞི་སྲིད་པ་གསུམ་ལམ་རྒྱུད་ལྔ་གར་གནས་ཀྱང་གཟུགས་ལིངྒ་མིང་བྱང་བུ་འདི་ལ་ཁུག་ཅིག །ཕོབ་ཅིག་ཁུག་ཛ་འདུས་འདུས་ཛཿཧཱུྃ་བཾ་ཧོ༔ ཞེས་པ་བྲིས། དགྲ་བོ་མང་ན་མིང་ཀུན་དེར་བྲིས་


CMR016_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་རུང་ངོ་། །དེ་ནས་ཕྱི་རིམ་བྲི་བའི་ཡིག་མགོ་ཕྱིར་བསྟན་པ་གཡོན་བསྐོར་དུ་བསྐོར་ཞིང་སྤྱི་བོ་ནས་བཟུང་སྟེ། དགྲ་བོ་རྗེའི་མགོ་དཔོན་སྡོང་ཟླ་ཐམས་ཅད་ཁུག་ཛ་ནན་མ་ཤོར་ཅིག ། །དཔུང་པ་གཡོན་ནས་རིམ་བཞིན་བྲིས་ཏེ། དམ་ཉམས་དགྲ་བོ་ཆེའི་བུ་མོ་མོ་རྒྱུད་དང་བཅས་པ་ཁུག་ནན་མ་ཤོར་ཅིག །རྐང་པ་གཡོན་པའི་ཐད་ནས་བཟུང་སྟེ་དམ་ཉམས་ཆེའི་ནོར་རྫས་ལོངས་སྤྱོད་བཀྲག་གཟི་མདངས་བྲན་གཡོག་སྒོ་ཁྱི་དང་བཅས་པ་ཁུག་ནན་མ་ཤོར་ཅིག །དེ་ནས་རྐང་པ་གཡས་ནས། དམ་ཉམས་རྗེའི་བུ་ཕོ་རྒྱུད་དང་བཅས་པ་ཁུག་ནན་མ་ཤོར་ཅིག །སྟེ་བྷ་ཡ་ནན་བྲིས། དཔུང་པ་གཡས་པའི་ཐད་དུ་ཡི་གེ་འདིའི་མཇུག་ཡོད་པ་བྱས་ལ། དེའི་ཕྱི་རིམ་ནས་ཡིག་མགོ་ཕྱིར་བསྟན་པ་སྤྱི་བོ་ནས་བཟུང་སྟེ་གཡས་བསྐོར་དུ་བླ་འགུགས་སྔགས་གང་ཤེས་བྲིས། གནད་ཆེ་བ་མིན་ན་མི་དགོས། དགྲ་བོའི་རྗེས་ས་ཟག་རྫས་དང་བཅས་པ་སོགས་ལེགས་པར་བྱུག །ནང་གི་ལིངྒའི་གནས་ཡིག་རྡ་རོའི་སྐབས་དེར་བྱའོ། །ཕྱི་རོལ་དུ་ཁྲམ་གྱི་མཚམས་སུ་ཛ་བྲིས་པས་བཀང་ལ། གྲངས་མེད་ཛ་ཁྲོ་གྱིས་བསྐོར། ལིང་ཆས་བྱ་བ་འོག་ཏུ་གསལ་ལོ། །དེ་ནས་མེ་ཆུ་རླུང་སོགས་ལ། དྲི་མ་སོང་


CMR016_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

དོགས་ཀྱིས་ལིང་ཁྲུས་བྱ་བ་རེག་པ་ལྟར་བྱས་ལ། དེ་དག་སྔོན་འགྲོའི་རིམ་པ་རྫ་ས་དང་ལིངྒ་བྲི་ཐབས་ཀྱི་རིམ་པའོ། །ཕྱག་ལེན་གཏན་ལ་ཕབ་པ་ཞལ་ཤེས་ཟེར་བའོ། །གསང་རྒྱ་ཁ་ཐཾ། ༈ དངོས་གཞི་ལས་རིམ་བདུན་མས་གཞུང་བསྲངས། མངའ་གསོལ། བསྐང་བ། བཟླས་པ་ཡན་འགྲུབ་ཚར་བར་བྱས་ཏེ། ཤི་ལྟེབ་ཅེས་པ་ནི། གོང་གི་ལིངྒ་གཡས་ནས་ཕར་ལྟེབ། སྤྱི་བོ་ནས་མར་ལྟེབ། མཇུག་ནས་ཡར་ལྟེབ་བྱ་བ་ཤི་ལྟེབས་སོ། །དེ་ལྕགས་ཁང་ངམ། བཟློག་པའི་འོག་ཏུ་ཧོམ་ཁུང་ནང་དུ་བཞག །དེ་ནས་གཞུང་ལྟར་གསེར་སྐྱེམས་བཏང་། དགུག་གཞུག་གི་སྐབས་སུ། རྒྱུན་དུ་བསྒྲལ་རྒྱུའི་ཟན་ལིང་དང་རྩ་བའི་བྲུབ་ཁུང་གི་ལིངྒ་ཆེ་བ་བྲིས་པ་ལ་དམིགས་ནས་བདེན་བདར་དྲག་ཏུ་བྱ། ལྷ་དབྱེ་དང་བླ་འགུགས་སྔགས་བརྒྱ་རྩེ་རྣམས་སྐབས་འདིར་བཟླ་བའི་ཚེ་མཆིལ་མ་ཁོང་དུ་མ་སོང་བར་བྱ། དེ་ནས་གཟུ་དཔང་དང་ལྷ་དབྱེ་བྱ། ཐུན་བྲབས་ཡན་ཆད་གཞུང་ལྟར་ལས། འདིའི་སྐབས་སུ་ཤིན་ཏུ་ཟབ་པའི་མན་ངག་གཅིག་ཡོད་པ་ཞལ་ལ་དྲིས་ཟེར་བ་ནི། རང་དང་མདུན་བསྐྱེད་རྟ་མགྲིན་དུ་གསལ་བའི་ཐུགས་ཀ་ནས་ཛདམར་ནག་གཉིས་འཕྲོས། དགྲ་


CMR016_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

བོའི་སྣ་བུག་དང་བཤང་ལམ་ནས་ཞུགས་སྙིང་གར་བསླེབས་པས་ལྕགས་སྲེག་གི་འཁོར་ལོ་རྩིབས་བཅུ་པའམ་དྲུག་པ་གཅིག་སྟེང་དུ་གཡས་སུ་སྒ་ར་ར་འཁོར་བ། འོག་ཏུ་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བཅུའམ་དྲུག་པ་གཡོན་དུ་ཀྱི་ལི་ལི་འཁོར་བའི་འཁོར་ལོ་ཆུང་ངུ་གཉིས་སྙིང་ནང་དུ་འཁོར་བས་དྲག་སྔགས་ཀྱི་ནུས་པ་དང་ཁོ་རང་གི་ངན་སེམས་ཀྱི་རྣམ་སྨིན་ལས། འཁོར་ལོ་གཉིས་ཇེ་ཆེར་སོང་བ་དྲག་ཏུ་འཁོར། སྙིང་ཁྲག་གཏོར་ཞིང་། སྙིང་རྩ་ཁྲག་རྩ་ཐམས་ཅད་ཧྲག་ཧྲག་བཅད་ནས་རྣམ་ཤེས་ཏིལ་མར་གྱི་མར་མེ་ལྟ་བུ་དེ་ནག་ཀེམས་སེ་བཏང་བར་བསམ། ཡང་རང་གི་སྙིང་ག་ནས་འོད་ཟེར་ལྕགས་ཀྱུའི་དབྱིབས་ཅན་འཕྲོས་པས་དགྲ་བོའི་བླ་སྲོག་རྣམ་ཤེས་ཀྱི་ངོ་བོ་ཧཱུྃ་སྔོན་པོ། ཨ་དམར་པོ་ནི་ལྗང་གུའི་རྣམ་པ་ཅན་དེ། ལྕགས་ཀྱུས་ཐག་ཐག་བླངས་ནས་རང་ལ་ཐིམ་པས་རང་ཉིད་གཟི་བརྗིད་མཐུ་སྟོབས་བཀྲག་མདངས་རྒྱས་པར་བསམས་ལ། ཡང་སྔར་གྱི་འཁོར་ལོ་གཉིས་དྲག་ཏུ་འཁོར་བས་ནང་ཁྲོལ་དོན་སྙིང་ཤ་ཁྲག་རུས་པ་དང་བཅས་པ་དམར་ཐ་ར་ར་གཏུབས་ནས་ཤ་ཁྲག་གི་རྒྱ་མཚོ་ཆེན་པོར་བསམ་ལ་བསད་སྔགས་བརྗོད་དོ། །ཡང་འདིའི་སྐབས་སུ་ཤིན་ཏུ་ཟབ་པའི་མན་ངག་གཅིག་ཡོད་པ་ཞལ་


CMR016_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དྲིས་ཞེས་པ་ནི། དགྲ་བོ་བསྒྲལ་བའི་ཤ་ཁྲག་རུས་གསུམ་བདུད་རྩིར་མི་བསྒྱུར་ཞིང་ཞལ་བསྟབ་སྐབས་ཀྱི་དམིགས་པ་དེ་ཡིན་ལ་ཞལ་གནམ་ས་ཙམ་གདངས་བའི་ནང་དུ་དགྲ་བོ་རྐང་མཐིལ་སྐྱ་ལྷག་ལྷག །ཤ་ཁྲག་དམར་ལྡིབ་ལྗིབ་གསོལ་བར་བསམ་པ་དེ་ཡིན། ཞལ་ཤེས་ནི་གང་ཟག་ཕལ་གྱིས་དཔེ་ཙམ་མཐོང་ནས་ངན་སེམས་འཆང་དོགས་ནས་སྦས་པའོ། །དེ་ནས་སྙན་གསན། བྱུང་ཁུངས། བཟློག་རབ། བཟློག་གཞུང་སྐབས་ཀྱི་དམིགས་པ་ཡན་ཚང་བར་བྱ། གནམ་ས་མཐའ་རུ་བསྐྲད་པའི་དམིགས་པ་མི་བྱ་བར་ཧོམ་ཁུང་ནང་གི་ལིངྒ་དེ་ལ་ལྕགས་སྲེག་ལ་ཁ་བ་བབས་པ་ལྟར་ཐིམ་པར་བསྒོམ་མོ། །བཟློག་སྔགས་འདོན་ཚེ། ཁོ་སྐྱོབ་བྱེད་ཀྱི་ལྷ་སྲུང་ཐམས་ཅད་བྱ་སྤུ་རླུང་གིས་གཏོར་བ་ལྟར་མཐའ་ཡི་རྒྱ་ལ། མཚོའི་ཕ་མཐར་བསྐྲད་པར་བསམས་ལ། རང་ཉིད་རྟ་མགྲིན་དུ་གསལ་བའི་ཕྱག་གཡས་ཟླ་བ། གཡོན་ཉི་མའི་དཀྱིལ་འཁོར་དུ་བསམ་པའི་ཉི་ཟླའི་ཆ་ལང་བར་དུ་དགྲ་བོ་ཐམས་ཅད་དམར་ཆལ་ཆལ་བཏང་བ། འཁོར་དྲེགས་པའི་ཚོགས་ཀྱིས་ཤ་ཁྲག་དམར་ལྗིབ་ལྗིབ་གསོལ་བར་བསམ་ཞིང་བཟློག་སྔགས་ཤམ་བུར། དམ་ཉམས་ཎི་མཱ་ར་ཡ་བཟློག་ཅིག །ཅེས་པའི་


CMR016_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་བརྒྱ་རྩ་བཟླས་ལ། ཐལ་རྡེབ་རེ་དང་། སྔགས་རེ་སྤྲད། དེ་ནི་ཤིན་ཏུ་ཟབ་པའི་སྔགས་དམིགས་དགྲ་བོ་སྙིང་འབྱིན་མ་ཞེས་པ་ཡིན་ནོ། །བདེ་རིམ་ལ་ནི། གཞུང་ལྟར་ལས་རིམ་བདུན་མ་འདི་ལ་ཞལ་ཤེས་གང་ཡང་མེད་དེ་ལྟར་རབ་ཞག་རེར་ཐུན་དྲུག་གམ། འབྲིང་བཞིའམ། ཐ་མ་གསུམ་ལས་ཉུང་མི་རུང་། ཞག་གྲངས་ནི་རྟགས་མ་ཐོན་ཚེ་སྒྲུབ་སྟེ་ཞག་ལྔ། བདུན་དགུ་གང་རུང་ནས་འབྱུང་ངོ་། །དགྲ་བོ་ཁུག་རྟགས་ནི། བཙོན་དུ་བཟུང་བ། ལྕགས་རྒྱབ་པ། ལིང་བཏབ་པ། མི་ནག་གིས་རང་ལ་སྙི་རྟ་བསད་པ་སོགས་རྟགས་བསམ་གྱིས་མི་ཁྱབ་པ་འབྱུང་ངོ་། །དེ་དག་དངོས་གཞི་སྒྲུབ་པའི་རྟགས་མངོན་བཅས། དགྲ་བོ་གནད་ལ་དབབ་པའི་མན་ངག་གོ། །ཨྠྀི། ས་མ་ཡ་རྒྱ་རྒྱ་རྒྱ༔ ཕྲིན་ལས་རྗེས་ཀྱི་བྱ་ཐབས་མཐའ་སྡུདོ་མནན་པའི་ལས་ཚོགས་དང་བཅས་པ་ནི། གཟའ། བིཏྟི། དབང་ཕྱུག་མ་སོགས་ཕྱི་ནང་གི་རྒྱུ་ལྡོག་ཐེབ་དང་སྤྱད་ལ། རྡ་རོ་དང་། ཡོད་ན་དགྲ་མཁར་རྣམས་བཤམས། མེད་ན་ཟན་ལིང་སྡོང་བུ་ཅན་བཤམས། གཏོར་ཆུང་། ཤ་དུམ། ལིང་ཆུང་བསྒྲགས་པ་བཅུ་གསུམ་བཤམས། སྔར་ལྟར་བསྒྲལ་


CMR016_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

ལས་རྒྱས་པར་བྱ། ལིང་ཆུང་དང་གཏོར་ཆུང་གཉིས་བསྒྲགས་ལ་ཧོམ་ཁུང་དུ་བཅུག་པའི་ལིངྒ་དང་བཅས་པ་མདུན་དུ་བཤམས། དེ་ནས་གཙོ་བོ་རྣམས་ཀྱི་བསྐུལ་པ་རེ་དང་། གཏོར་ཆུང་ལིང་ཆུང་རེ་གཏོར་ཆེན་ནང་དུ་འབུལ། །དེ་ལྟར་གཙོ་འཁོར་ལྔ་རྫོགས་ནས། སྡེ་བརྒྱད་ལ་དེ་བཞིན་དུ་བསྐུལ་རེ་དང་གཏོར་ཆུང་ལིང་ཆུང་སྦྲག་པ་རེ་ཕུལ་ཏེ། བསྐུལ་པའི་མཐའ་ཡི་སྔགས་དེ་ཁ་བསྒྱུར་ཞལ་ཤེས་ནི། འདི་རྒྱུན་དུ་གཏོར་འབུལ་དགྲ་ལ་སྟོན་ཀྱང་ལེགས་ཏེ་ཟློག་པའི་ཐུན་མཚམས་ལ་གཏོར་ཆུང་ལ་བསྐུལ་པ་འདོན་དགོས་ལ། དང་པོ། རྒེ་ཨཾ་ཀུ་ཤ་ཛ་ཛསྦྱར་བ་འགུགས་སྔགས། བར་དུ། རྒེ་མཱ་ར་ཡ་བྷྱོསྦྱར་བ་ཆད་སྔགས། ཐ་མ། སྒྲའི་སྲོག་ལ་མཱ་ར་ཡ་རྦད་རྦད་སྦྱར་བ་བསད་སྔགས་ཡིན། ཁ་སྒྱུར་སྔགས་ཀྱི་ཞལ་ཤེས་སོ། །འདི་སྐབས་མཱ་ར་ཡ། རྦད་རྦད་སྦྱར་རྒྱུ་ཡིན། དེ་ཚེ་དམིགས་པའི་རིམ་པ་ནི། རང་རྟ་མགྲིན་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་གཙོ་བོ་ལ་ཕོག །མདུན་བསྐྱེད་གཙོ་བོའི་ཐུགས་ཀ་ནས་འོད་ཟེར་ཚ་ལ་རྩུབ་པ་ཚུར་བྱུང་ནས། འཁོར་སྡེ་བརྒྱད་ལ་ཕོག་པས། གླང་པོ་ཆེ་ལ་སྦྲང་སྨྱོན་བླུད་པའམ། མི་རྒོད་ཆང་གིས་


CMR016_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

བཟི་བ་ལྟར་དྲག་ཏུ་ཁྲོས་ཏེ། ཁྲོ་རྔམས་བརྗིད་ཚུལ་གཏུམ་པའི་ང་རོ་དང་ཞེ་སྡང་དང་ལྡན་པའི་བ་སྤུའི་གསེབ་ནས་རང་འདྲ་བའི་སྤྲུལ་པ་ཡང་སྤྲུལ་དཔག་ཏུ་མེད་པ་འཕྲོས། མཚོན་ཆ་སྣ་ཚོགས་ཀྱི་ཆར་དང་། ནད་དུག་གི་ཐོག་སེར་བབས་པས་དམ་ཉམས་དགྲ་བོའི་ལུས་ངག་ཡིད་གསུམ་ཐལ་བ་རྡུལ་དུ་བརླག །རྗེས་མེད་ཐལ་བ་བུན་བུན་སོང་བར་བསམ་ཞིང་། དྲག་ཏུ་བསྐུལ། དེ་ནི་ཤིན་ཏུ་དྲག་དམིགས་ཏེ་ཞལ་ཤེས་ཡི་གེར་བྲིས་པས། དགྲ་བོ་ཐར་མེད་ཞལ་གདམས་པའོ། །འདི་སྐབས་བྲང་བརྡུང་འོ་དོད་འབོད་པ་བརྡ་འཆམ་བྱ། །ཨྠྀི། དེ་ནས་གཞུང་ལྟར་དགྲ་ཆོས་བྱ་སྟེ། དགྲ་ཡི་མདའ་གྲི་མདུང་སོགས་བཙག །དགྲ་མཁར་བཤིག །རྡ་རོ་བསྒྲལ་བ་སོགས་བྱ་རྒྱུ་ཡིན་ཀྱང་། རྡ་རོ་དགྲ་མཁར་མེད་ན། །བྲུབ་གཞན་དུ་ཡོད་པའི་ལིངྒ་དང་། ཟན་ལིང་སྡོང་བུ་ཅན་ལ་ཕྱག་ལེན་སྔགས་དམིགས་ཇི་ལྟ་བ་བཞིན་དུ་བྱ། སྡོང་བུ་མར་མེ་ཟན་ཀོང་ཁྲག་གིས་གཏམས་པ། གཞུང་གི་ཚིག་རིས་ལས་འབྱུང་བ་ལྟར་བྱ། དེ་ཡན་གལ་ཆེ་ན་ཉིན་རེ་བཞིན་དགོང་ཁའི་ལས་མཐའ་གཅིག་ལ་བརྟེན་ནོ། ༈ །དེ་ནས་འཕང་བ་ནི། གསེར་སྐྱེམས་སྒོ་དབྱེ་སོགས་བྱས་ལ། གོང་ལྟར་རྒྱུ་


CMR016_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

ལྡོག་རྩིས་ལ། རྒྱང་བསྲིངས་ལ་ཁྱེར་ཏེ་དགྲ་བོའི་ཕྱོགས་ལ་ལིངྒ་བཞག །བརྒྱབ་ཚེ་དམིགས་པ་ནི། གཞུང་ཚིག་ལྟར་ནད་དུག་མཚོན་ཆའི་ཐོག་སེར་གྱིས་དགྲ་བོ་བརླག་པར་བསམ་ལ་ཟོར་རྣམས་བརྒྱོབ། དེ་ནས་ཆོས་སྐྱོང་བཀའ་སྲུང་གང་ཡོད་ཀྱི་གཏོར་མ་འཕངས། དེ་ནས་དྲེགས་པ་གོ་ལྡོག་ལ་བསྐུལ་རེ་དང་བཟློག་པའི་མཐའ་ཡི་རང་རང་གི་གཏོར་མ་མ་ནོར་བར་འཕངས། གཙོ་བོ་ལྔ་ཡང་མཇུག་ནས་གོ་ལྡོག །གཙོ་བོ་རྗེས་སུ་ཡོད་པ་བྱས་ལ་གཏོར་ཆེན་ལག་ཏུ་ཐོགས་ལ་སྐད་ཅིག་གིས་མདུན་གྱི་མེ་ཧོམ་དེ་ཉིད་རྟ་མགྲིན་རི་རབ་ཙམ་གྱི་ཞལ་གནམ་ས་ཙམ་གདངས་པའི་ནང་དུ་གཏོར་མ་བསྐྱེད་པའི་ལྷ་ཚོགས་ཐམས་ཅད་དེར་དབྱེར་མེད་དུ་སྐད་ཅིག་གསལ་བཏབ་ལ། གཏོར་མ་དགྲ་བོའི་ཤ་ཁྲག་ཏུ་དམིགས་ལ། ཞལ་བསྟབ་སྐབས་ཀྱི་དམིགས་པ་ལྟར་བྱས་ལ་བཞེས་བཀྱག །དར་ནག་གདབ། བཟློག་སྔགས་དམོད་པ་གང་ཤེས་བྱ། དེ་ནས་བྲོ་བརྡུང་སྒབ་འདྲེ་མནན། དེ་ནས་གོང་གི་གཏོར་མ་བསྲེགས་པའི་ཐལ་བ་དང་། བྲུབ་ཁུང་གི་ལིངྒ་གཉིས་གཏད་ཁྲམ་བྱེད་ན། གཞན་ལས་ཤེས་པ་ལྟར་བྱེད་པ་ནི། དགྲ་བོ་ཚེ་དང་ལྡན་ཡང་ཞག་བདུན་ལ་བརླག་པའི་མན་ངག་


CMR016_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་ཤེས་མནན་བསྲེག་འཕང་གསུམ་བྱ་བའི་ཕྱག་ལེན་འདི། བླ་མ་ཡང་དག་གིས་གསེར་གྱི་མཎྜལ་དང་བཅས་ནས་ནན་ཆེར་བྱས་ལ། གལ་ཆེན་གཅིག་བརྒྱུད་མ་གཏོགས་གཞན་ལ་མི་སྤེལ་བའི་བཀའ་རྒྱས་བསྡམས་ཏེ་སྔགས་ནག་རཱ་ག་ཨ་སྱས་བྲིས་པ། དཔེ་འདི་བཀའ་སྲུང་དྲེགས་པ་སྡེ་བརྒྱད་ཀྱིས་སྲུངས་ཤིག །ས་མ་ཡ། དཔེ་འདི་བྲིས་པའི་བསྟན་འཛིན་སྐྱེས་བུ་ཡི། །སངས་རྒྱས་བསྟན་པའི་སྤྱི་དགྲ་མི་འབྱུང་ཞིང་། །འདི་ཕྱིར་མི་སྒྲིབ་མངོན་དགའི་ཞིང་མཆོག་ནས། །སྤྲུལ་པས་ཕྱོགས་བཅུར་འགྲོ་དོན་བྱེད་པར་ཤོག །ས་མ་ཡ། རྒྱ་རྒྱ་རྒྱ་མངྒ་ལཾ།། །། ༧ ཁམས་སྟོད་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousདཔལ་ཁྲོ་བོ་རྟ་མགྲིན་ཡང་ཕྱུངས་ལས་རིམ་བདུན་མའི་ཞལ་ཤེས་བརྒྱད་པོ་ཐུགས་ལ་གབ་ཅེས་པའི་སྔོན་འགྲོ་དངོས་གཞི་རྗེས་ཀྱི་ལས་མཐའ་གབ་སྦས་ཕྱག་ལེན་མངོན་དུ་ཕྱུང་བ་འགྲིགས་ཆོག་ཏུ་བཀོད་པ།next