Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྟ་མགྲིན་ནག་པོ་ལས། དྲེགས་པ་སྡེ་བརྒྱད་ཀྱི་རླུང་འཁོར་དྲེགས་པ་སྲོག་གི་འཁོར་ལོ་གབ་སྦས་སྤངས་བའི་སྙིང་ཁུ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྟ་མགྲིན་ནག་པོ་ལས། དྲེགས་པ་སྡེ་བརྒྱད་ཀྱི་རླུང་འཁོར་དྲེགས་པ་སྲོག་གི་འཁོར་ལོ་གབ་སྦས་སྤངས་བའི་སྙིང་ཁུ།next

རྟ་མགྲིན་ནག་པོ་ལས། དྲེགས་པ་སྡེ་བརྒྱད་ཀྱི་རླུང་འཁོར་དྲེགས་པ་སྲོག་གི་འཁོར་ལོ་གབ་སྦས་སྤངས་བའི་སྙིང་ཁུ།


CMR016_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་མགྲིན་ནག་པོ་ལས། དྲེགས་པ་སྡེ་བརྒྱད་ཀྱི་རླུང་འཁོར་དྲེགས་པ་སྲོག་གི་འཁོར་ལོ་གབ་སྦས་སྤངས་བའི་སྙིང་ཁུ་ཞེས་བྱ་བ་བཞུགས་སོ།


CMR016_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་རྒྱ་ཡ་ཤྲཱི་ཝ་ཧཱུྃ། དཔལ་རྟ་མགྲིན་ནག་པོ་ལ་ཕྱག་འཚལ་ལོ། །ཡང་ཕྱུང་ནག་པོ་ལས་ཕྱི་མ་མཚོན་ཆ་ལྟ་བུའི་མན་ངག་གསུངས་པ། དེ་ལ་ལིང་ག་བྲི་ཚུལ་ཕྱག་ལེན་ཤོག་གུ་ཤིན་ཏུ་གཙང་མ་རང་དང་རང་གི་གྲྭ་སློབ་ཁ་རླངས་དྲི་མ་མེད་པ་ལ་བྲི། སྣག་ཚ་བཟོ་བའི་སྦྱིན་ཡང་རང་གི་འཁོར་གྱིས་བཟོས་པ་མ་ཡིན་པའི་སྦྱིན་གཙང་མས་སྣག་ཚ་བཟོས་པའི་སྣོད་དང་འདུལ་ས་རྣམས་བཀྲུ་བཞར་ལེགས་པར་བྱས་ལ། །སྣག་ཚ་ལ་ཁ་རླངས་དྲི་མ་མ་སོང་བ་གལ་ཆེ་ཞིང་། བྲི་དུས་ལག་པ་དར་རམ་རས་གཙང་མས་ལྕིབས། རངགི་ཁ་རས་གཙང་མས་བསྟུམས་ནས་ཁ་རླངས་མི་


CMR016_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བར་བྱས། སྨྱུ་གུ་ཡང་མི་རུས་སམ་བྱ་རོག་གི་སྒོ་རྩ་བྱུང་ན་བཟང་། དོན་ལ་རང་གི་འཁོར་གྱི་དྲི་མ་ཁ་རླངས་སོང་ན་མཐུ་རང་ལ་ལྡོག་པས་དེའི་གནད་ལ་གཟབ། སྣག་ཚ་ནང་དུ་བཙན་དུག་དང་གྲི་ཁྲག་ཅུང་ཟད་བསྲེས་ན་ལེགས། མ་རྙེད་ཀྱང་ཐབས་མི་ཆག །རྒྱ་སྣག་གི་བྲི་མི་རུང་། ར་ཁྲག་དང་ཁྱི་ཁྲག་སོགས་ཀྱིས་བྲིས་ལ། རང་གི་རྟ་ནོར་སོགས་ཀྱིས་བྲི་མི་རུང་། བྲི་དུས་རང་ཁ་ལྷོར་གྱུ། གཟའ་སྐར་ངན་དུས་བྲིས་ན་ལེགས་། ལིང་གའི་ཡན་ལག་ཕྲ་བ་རྐང་ལག་ལྕགས་སྒྲོག་ཏུ་བཅུག་པ་བྲིས་པའི་སྤྱི་བོར་ནན། རྣ་བ་གཉིས་ལ་འོན་གཉིས། མིག་ལ་ལོང་གཉིས། །


CMR016_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ལ་བདུད་པོ་ང་ལོང་། སྐེ་ལ་སྐེམ། དཔུང་མགོ་གཉིས་ལ་ཛཿ གཡོན་ལ་ཧཱུྃ། པུས་མོ་གཡོན་ལ་ཐཾ།་གཡས་ལ་ཧོ་བྲིས། དཔུང་པ་གཉིས་ལ་ཆག །ངར་གདོང་གཉིས་ལ་ཞ་གཉིས། རྐང་ཞབས་ཡཾ་བྲིས། དཔྲལ་བར་དེའི་རུས་པ་རུས་ཕྲན་གང་ཡིན་དེ་བྲི་སྟེ། དཔེར་ན་སྡོང་ཡིན་ན་སྡོང་ཟེར་བ་བྲི། དེ་བཞིན་དུ་དབྲ་འབྲུ་སྒ་སྒོ་བལ་ཟླ་ཤེས་སམ། དེ་མི་ཤེས་ན་མི་ཉག་ངོ་ཁྲོ་ཞེས་སོགས་རུས་ཕྲན་གང་ཡིན་དེ་བྲི། རུས་མི་ཤེས་ན་ཡི་གེ་ཛཟེར་བ་བྲི། འབྲུ་ཡིན་ན་རྐྱང་། དབྲ་ཡིན་ན་གཡག །སྒོ་ཡིན་ན་ར་བྲི་བ་ནི་མན་ངག་གཞན་ལ་མེད་པ་ཡིན། འདི་ཡི་གེ་ལ་འགོད་པ་མེད་དོ། །བླ་དག་ནི་དགྲ་བོ་གང་ཡིན་དེ་ཡི་མ་ཡིན། མིང་རུས་བྲི་བ་ཡིན་ནོ། །མིང་དང་མིང་འདྲ་ལྷ་འདྲེས་ནོར་དོགས་པས། ལིང་གའི་བླ་དེ་ལ་མ་འདི་ཞེས་བྱ་བའི་བུ་འདི་ཁུག་ཟེར་བ་བྲི། ལིང་གའི་སྙིང་གར་ནྲྀ་འོག་ཏུ་ཁུག །སྟེང་དུ་ནན་ཟེར་བ་བྲིས། གཡས་གཡོན་ཛ་ཁ་སྤྲོད་དྲི། ཛྫབྦྷ ཛ་ཁ་བརྒྱད་འདི་བྲིས་ན་ཟབ་པ་ཡིན། ལིང་གའི་ལྟོ་བ་གཡོན་ངོས་ནས་ཡིག་མགོ་ཕྱིར་བསྟན་ལ་སྔགས་འཇུག་ནང་དུ་བཅུག་ལ་བྲིས། སྡེ་བརྒྱད་སོ་སོའི་བར་དུ་ལྟེམ་རྒྱུ་ལིང་ག་ཐམས་ཅད་གཅིག་གོ །དཔེར་ན་ལྷ་


CMR016_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

གཤིན་རྗེ་གཉིས་ཀྱི་བར་དུ་ལིང་ག་འཇོག་རྒྱུ་ལ། ཨ་དེ་ཝ་དགྲ་བོ་ཨངྐུ་ཤ་ཛཿ ཡ་མ་རཀྵ་ཨང་ཀུ་ཤ་ཛཿ གཞུང་དུ་ཡོད་པ་ལྟར་བླ་འགུགས་སྔགས་དགྲ་བོའི་བླ་ཤ་རེ་མ་ཏི་སོགས་ནས། ཐཾ་ཧོབར་དང་། དགྲ་བོ་འདི་ཞེས་བྱའམ་དགྲ་དུ་ཡོད་མིང་རུས་རྣམ་པར་ཤེས་པ་ཁུག་ཅེས་བྲིས་སོ། །དེ་བཞིན་མ་མོ་བདུད་སོགས་ལིང་ག་ཁྱད་མེད་ཀྱང་། མ་མོ་ཏྲག་རིཀ་ཨང་གུ་ཤ་ཛཿ དུ་བདུད་ཕྲ་མ་རཀྵ་ཨང་གུ་ཤ་ཛཿ བླ་འགུགས་བཏགས་པ་སྤེལ་ཚིག་བཅས་པ་གོང་དུ་འགྲེས། ལིང་ག་ཐམས་ཅད་ཕྱི་ནས་བྲིས། ལིང་གའི་ཕྱི་རིམ་ནས་རྐང་འོག་ངོས་ནས་ཡིག་མགོ་ཕྱིར་བསྟན་སྔགས་མཇུག་ནང་འོང་བར་བྱས་ཏེ་ཨོཾ་མ་ཧཱ་དེ་ཝ་ཏི་ཛ་ཏི་སོགས་ནས། གཞུང་ལྟར་ར་ཙ་ནན།་ཐི་ལེ་ནན་ཡན་གྱི་བསྐོར། ལིང་གའི་དཔྲལ་བར། ཁྲམ་འདི་འདྲ་བྲིས། སྟེང་འོག་ལྷ་གཉིས་སྡེ་བརྒྱད་སོ་སོ་གང་ཡིན་ཁྲམ་སྔགས་གཉིས་བྲི། དེ་བཞིན་ལིང་གའི་ཕྱི་ནས། ཁྲམ་བརྒྱད་དང་། ཁྲིམ་སྔགས་གཉིས་སྦྲེལ་ལ་སྤེལ་མར་བྲི། བྲི་ཚར་ནས་བྲི་མཁན་ཁ་རླངས་དྲི་མ་དག་པར་བྱ་ཕྱིར་ལིང་ཁྲུས་སྤྱི་ལྟར་བྱས་ལ། མེ་ཁ་ལ་ལན་གསུམ་གཡུག །རླུང་ཁ་ན་ལན་གསུམ། དེ་ནས་སྐུད་པས་ལེགས་


CMR016_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

པར་དཀྲིས་ལ། སརྦ་ཆད་ཀ་ཤི་ཆད་ཀ་ཤི །སྔགས་དེ་ལ་ཕྲེང་སྐོར་འདོན། མཆིག་གི་མིང་ནང་ནས་ལན་གསུམ་དྲངས། མཐུ་མི་འབྱམས་པའི་མན་ངག་རང་གི་བརླ་གཡས་ལ་གཡས་བསྐོར་ལན་གསུམ་བསྐོར། མཐུ་རང་ལ་ལྡོག་མི་སྲིད། སྒོ་ཐེམ་འོག་ནས་ལན་གསུམ་འདྲེན། འདྲེན་ལུགས་རང་སྒོ་ཐེམ་སྟེང་དུ་འདུག །རང་ངོས་ནས་འདྲེན་འཁོར་ལ་གནོད་མི་སྲིད། དགྲ་བོ་ཚེ་ཟད་བརྒྱག་ཆད་པའི་མན་ངག །སྟེང་འོག་ལྷ་གཟུགས་ཀྱི་སྔགས་རྣམས་སྟེང་མ་སྔགས་མགོ་ནང་བསྟན། འོག་མ་ཕྱིར་བསྟན། གཉིས་ཀའི་སྔགས་མཇུག་ནང་དུ་འོང་བར་བྱས། རླུང་འཁོར་གཡོན་དུ་འཁོར་བར་བྱས། གུར་དྲག་དྲེགས་པའི་སྲོག་དབང་ལེགས་པར་ཐོབ་དགོས། རྟ་མགྲིན་ཡོང་ཕྱུང་གི་བསྙེན་སྒྲུབ་ཚད་དང་མི་ལྡན་པས་འདི་ཉིད་ལག་ལེན་མི་རུང་བས། གཏད་ཁྲམ་གནད་སོགས་མ་ལུས་པ་འདི་བཀོད་པས། དྲག་སྔགས་གནད་དམ་པ་ཡིན་པས། གང་ཡིན་ཡིན་སྤེལ་ན་དུག་བཙོང་པ་དང་འདྲ། ཆིག་བརྒྱུད་མ་གཏོགས་སྤེལ་ན་དྲེགས་པ་སྡེ་བརྒྱད་ཀྱིས་སྲོག་རྩ་ཆོད་ཅིག །ཀརྨ་རཱ་ག་ཨ་སྱས་བྲིས།། །།


previousརྟ་མགྲིན་ནག་པོ་ལས། དྲེགས་པ་སྡེ་བརྒྱད་ཀྱི་རླུང་འཁོར་དྲེགས་པ་སྲོག་གི་འཁོར་ལོ་གབ་སྦས་སྤངས་བའི་སྙིང་ཁུ།next