Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ས་ནད་རྩ་འབུའི་བཅོས་དང་སྲུང་བ་ཟབ་མོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousས་ནད་རྩ་འབུའི་བཅོས་དང་སྲུང་བ་ཟབ་མོ།next

ས་ནད་རྩ་འབུའི་བཅོས་དང་སྲུང་བ་ཟབ་མོ།


CMR016_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ས་ནད་རྩ་འབུའི་བཅོས་དང་སྲུང་བ་ཟབ་མོ་བཞུགས་པའི་དབུའོ།།


CMR016_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཧ་ཡ་གྲྭ་ཝ་ཀཱ་ལ་ཡེ། བླ་མ་ཡི་དམ་དབྱེར་མེད་སྤྱན་རས་གཟིགས། །རྟ་མགྲིན་ནག་པོའི་ཞབས་ལ་ཕྱག་འཚལ་ནས། །སྙིགས་དུས་ནག་ཕྱོགས་ཀླུ་གཉན་ཁ་དར་ནས། །གཉན་ནད་ལྷོག་པ་སྤུན་དགུ་མེ་ལྟར་འབར། །འགྲོ་ལ་ཕན་ཕྱིར་དེ་ཉིད་སྲུང་བ་དང་། །གསོ་ཐབས་མན་ངག་འཐོར་བ་བསྡུས་ཏེ་བཀོད། །ཆོས་བདག་སྲུང་མས་བཀའ་གནང་བྱིན་གྱིས་རློབས། །གདོན་ནི་ཀླུ་གཉན་གདུག་པའི་ཁ་རླངས་ཏེ། །ངོ་བོ་སྲིན་བུའི་གཟུགས་ཅན་སྐུ་རྩེ་ཙམ། །དབྱེ་བ་མེ་ཆུ་རླུང་སོགས་དཀར་ནག་དགུ། །ནང་རྟགས་འདར་ཞིང་ཟུག་མེད་འབུར་རུ་བུད། །རིམ་པས་


CMR016_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

སྐང་ཞིང་མ་ལུས་བཟོད་བླག་མེད། །ནང་དུ་སོང་ན་སྐང་མེད་གློ་བུར་འཆི། །དེ་ནས་བཅོས་པའི་ཐབས་ནི་འདི་ལྟ་སྟེ། །མི་ཆེན་ཡུལ་དུ་ཕེབས་པ་ལ། །གསེར་ཞོ་གང་གི་ཇ་འདྲེན་བཏང་། །ཞེས་པ་སྐྱེར་པ་ཞུ་མཁན་ཁུ་བ་ཕོར་གང་བཏུང་། །འབུ་རུའི་རྩེ་ལ་སྦྲང་དང་ཀ་ར་བྱུགས། །འབུ་རུའི་རྒྱབ་ཀྱི་སོར་བ་བཞི་རྩ་འམ། །སྐང་པའི་མཐའ་ནས་རམ་དང་བཙག་དང་ནི། །བ་བླ་རྣམས་ཀྱི་འཇའ་ཡིས་རིམ་བཞིན་བསྐོར། །དེ་རྒྱབ་སྐྱང་པ་ཁྱི་ལུད་བྱུགས་པས་བསྐོར། །མིང་ཆེན་ཡོད་ན་ཆང་དང་འོ་མས་སྦྲུས། །སྐྱང་པ་ལ་ནི་འབྱར་བྱས་ཤིན་ཏུ་ཕན། །ཁྱུང་


CMR016_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

ལྔའི་ཁོང་སྨན་བཏང་རྒྱུ་ཡོད་ན་བཟང་། །ཡང་ན་གླ་རྩི་ཆུ་ལ་སྦྱར་བ་བཏང་། །རྫས་སྨན་མེད་ཀྱང་སྔགས་དང་སྔགས་ཆུས་ཐུབ།་རང་ཉིད་བྲམ་ཟེ་འཇིགས་རུང་བ། །སྨིན་མ་སྨ་ར་དམར་སེར་ལ། །མེ་ཡི་ཚྭ་ཚྭ་འཕྲོ་བར་བསྒོམ། །སྔགས་ཚུ་ཁྲོ་ཆུ་ཁོལ་མ་བསྒོམ། །ལྷོག་པ་ལྡོག་བདག་འཁོར་དང་བཅས། །ཁྲོ་ཆུ་ཁོལ་མས་བསྲེགས་པར་བསྒོམ། །སྔགས་བཏབ་སྔགས་ཆུ་འཐུང་དང་བྱུགས། །དུད་འགྲོ་ཡིན་ན་སྔགས་ཆུ་འདེབས། །ཁོང་དུ་བཏང་བས་ཕན་པ་ཡིན། །ཨོཾ་རཀྵ་རཀྟ་བྱེ་མ་རཀྵ་སོད། དམར་ཡ་དམར་ཡ་ནག་པོ་ཐུམ་ཧྲིལ་ལེ་བསད་སོད་སྭཱ་ཧཱ། ལྡོག་རོ་བཤའ་དགོས་བྱུང་ན། །རང་ཉིད་ཁྱུང་ནག་འཇིགས་རུང་བ། །རྭ་མཆུ་སྡེར་མོ་སྒྲོ་ཀུན་ལས། །མེ་ལྕེ་རབ་འབར་ཚྭ་ཚྭ་འཕྲོ། །སྔགས་ཆུ་ཁྲོ་ཆུ་ཁོལ་མ་ཡིས། །ལྟོག་པ་ལྡོག་བདག་བསྲེགས་པར་བསྒོམ། །སྔགས་ཆུ་འཐུང་ཞིང་ལག་པ་བཀྲུ། །ལྷོག་རོ་ལ་ཡང་སྔགས་ཆུས་བྲན། །བཤའ་བའི་གྲི་རྣམས་ཐམས་ཅད་བསྔགས། །གྲི་དེ་ཁྱུང་གི་མཆུ་རུ་བསྒོམ། །ལྷོག་རོ་དེ་ནི་སྦྲུལ་དུ་བསྒོམ། །ཁྱུང་གིས་སྦྲུལ་ནི་ཟོས་པར་བསྒོམ། །དེ་ནས་ལྷོག་རོ་བཤའ་བྱས་ནས། །ཤ་རྣམས་ཁྲག་ཐིགས་མེད་པར་བཙོ། །དེ་


CMR016_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བཙོང་དང་ཟ་བར་རུང་། །རྔ་རྩེ་རྭ་རྩེ་རྨིག་པ་དང་། །མཆིན་མཚེར་བཙོ་གྲོད་རྣམས་ལ་གནས་པའི་ཕྱིར། །བསྲེགས་ནས་ས་ནི་གཙང་བ་ཡིན། །དོང་དུ་གལ་ཏེ་སྦྲ་ན་ནི། །དེ་སྟེང་མེ་ནི་འབུད་པར་བྱ། །དབུས་གཙང་མཁས་པས་བདག་ལ་གདམས། །ལག་ལེན་ཡོད་ཅིང་ངེས་ཤེས་གསུངས། ཨྠྀི། ཡང་ནི་གཉེན་དང་ལྷོག་པའི་སྔགས། །རང་ཉིད་ལྕགས་ཀྱི་ཕག་རྒོད་ནི། །ཤིན་ཏུ་འཇིགས་པ་རི་རབ་ཙམ། །ནད་བདག་ཐམས་ཅད་ཟ་བར་བསྒོམ། །སྔགས་བཏབ་སྔགས་ཆུ་བླུད་པར་བྱ། །འཇིགས་ཟིང་ཟིང་སོད། མེར་མེར་སོད། ལྷུག་ལྷུག་སོད། དེ་ནི་ཨོ་རྒྱན་གསུང་ཡིན་ཟབ།་་།ཨྠྀི། རང་ཉིད་ལྕགས་ཀྱི་ཕག་རྒོད་ནི། །ནད་དང་ནད་བདག་ཟ་བར་བསྒོམ། །ཨ་རྦད་སོད༔ ལྷོག་པ་སོད། པྲ་མ་སོད། སྔགས་དང་སྔགས་ཆུས་ལྷོག་རོ་སོས། །ལྷོག་རོ་ཁུར་དང་བཤའ་ཡང་ཕོད། །བྲམ་ཟེ་ཕྲུ་གུའི་མན་ངག་ཡིན། །ཨྠྀི། རང་ཉིད་ལྕགས་ཀྱི་ཕག་རྒོད་ནི། །མགོ་གསུམ་ཁ་ནི་མེ་ལྕེ་འབར། །སྣ་སྟེང་གསེར་གྱི་བྱ་ཁྱུང་ལྡིང་། །ཕག་རྒོད་ངར་ངར་ངུར་ངུར་བྱེད། །གཉན་དང་ལྷོག་པ་ཟ་བར་བསྒོམ། །ཨོཾ་དྷར་དྷི་སོད། ཨོཾ་


CMR016_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

རོ་སོད། ཡོ་རྒོད་སོད། འབྲུ་ཟི་སོད། ནན་གྱི་སོད། ར་ཀྱིས་དྲི་སོད། མེ་ལྷོག་སོད། ཆུ་ལྷོག་སོད། ཐུམ་ཤིག་ཕཊ་སྭཱ་ཧཱ། བརྒྱ་རྩ་བརྒྱད་ཀྱིས་གཉན་རྣམས་འབྲོས། །སྟོང་ཚོ་བཟླས་ན་གག་པ་དང་། །ལྡོག་པའི་ནད་ནི་སོས་པར་བྱེད། །གག་ལྷོག་གཉིས་ལ་ཐེང་བས་ཆོག །སྔགས་ཆུ་འཐུང་ཞིང་ལག་པ་བཀྲུས། །ལྷོག་རོ་ཁུར་དང་བཤའ་ཡང་ཆོག །རྟ་མགྲིན་ནག་པོའི་གདམས་ངག་ཡིན། །རཏྣ་གླིང་པའི་གཏེར་ནས་བྱོན། །ཨྠྀི། །ལྷོག་སྔགས་ཅི་ལི་དགུ་སྐོར་འདི། །ངག་བཅད་ཁྲི་ཕྲག་གཅིག་བཟླས་ནས། །ལྷོག་པའི་ནད་ལ་སྔགས་ཆུ་བཏང་། །སྐྱེར་ཁུ་བླུད་ཅིང་འབུ་རུ་ལ། །གོང་ལྟར་འཇའ་རིས་ལ་སོགས་བྱ། །ལྷོག་རོ་རྒྱུད་པ་འབུད་ནས་ཕན། །ནོར་སྲུང་སྲུང་སྐུད་སྔགས་ལ་བཏགས། །རྟ་དྲེལ་ཆུ་བྱའི་བྱུང་ན་ཡང་། །སྣང་མཐའ་སྒྲོན་ཤིང་དུད་པ་འམ། །མེད་ན་སུར་ནག་དུད་པས་བསྲེགས། །སྔགས་ཆུ་བཏང་ཞིང་སྔགས་མང་བཏབ། །སྐྱེར་པའི་མདེའུ་མདའ་རྩེ་ལ། །མདེར་རྩེ་ཚོན་གང་བ་དེ་ན། །རྒྱུས་པས་དཀྲིས་ཏེ་ཟུག་ཚོད་བཟུང་། །ཞག་གསུམ་ལོན་ནས་སྐང་པ་ལ། །མདའ་དེ་བརྒྱབ་ལ་ཆུ་སེར་བཙག །གཞན་ཡང་ཐལ་གཉན་སྐང་པའི་


CMR016_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

རིགས། །སྔགས་དེ་སྔགས་ཁ་དྲོས་ནས་ནི། །ཐམས་ཅད་ཀུན་ལ་འདི་ཡིས་ཕན། །ཨོཾ་ཙི་ལི་སོད། ཙ་མ་ལི་སོད། ཙ་ཏི་སོད། ཚ་ཏི་སོད། ཆུ་ཏི་སོད། འབྲམ་ཏི་སོད། འབུམ་ཏི་ཧ་ར་སོད། ལྷོག་པ་དཀར་ནག་གཉིས་ཀྱི་དབལ་སོད། །ལག་ལེན་ཡོད་གསུང་སློབ་དཔོན་ནི། །སྔགས་རྒྱུན་ཅན་གྱི་གདམས་ངག་ཡིན། །ཨྠྀི། །ཡང་ལྷོག་པ་བཅོས་དང་སྲུང་བའི་ཐབས། །བྱ་སླ་ཕན་ཆེའི་གདམས་ངག་ཡོད། །མི་ཡི་ནོར་ཕྱུགས་གང་ན་ལ། །ལུས་ཀྱི་མགོ་མཇུག་ཕུ་མཆིལ་བཏབ། །སྔགས་ཆུ་ཁོང་དུ་བཏང་བས་ཕན། །དུད་འགྲོའི་སེམས་ཅན་ན་དོགས་ན། །སྔགས་ཆུ་བླུད་པས་མི་ནའོ། །ཤ་ལ་སྔགས་བཏབ་ཟོས་པ་ཡིས། །ཤ་ཡི་རྒྱུད་ནས་མི་འགོས་སོ།་ཨོཾ་མེ་ཏྲི་དུ་བས་སོད། །ཨོཾ་མེ་ཡ་མ་མེ་ཡ་མ་སོད། མགོ་གེ་མགོ་གེ་སོད། ཐོག་ཐོག་དབལ་སོད། སྔགས་དེ་མང་དུ་བཟླ་བར་བྱ། །དེ་རྣམས་སྔགས་གྲངས་ངེས་པ་མེད། །ཨྠྀི། །དེ་ནས་ལྷོག་སྲུང་འཁོར་ལོ་བཤད། །སྔགས་འབྲི་ཡི་གེ་དབུ་ཅན་ལ། །ཚེག་ནི་མེད་པ་ཕྲེང་གཅིག་བྲི། །ཁང་རྒན་དུད་པ་ཁུལ་མོའི་སྤུ། །ཁུལ་ཁའི་ས་ཚིག་གླ་རྩི་རྣམས། །རྫས་ཡིན་དེ་ལ་བྱུགས་


CMR016_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །ཅུང་ཟད་ཤོག་དྲིལ་གསེབ་ཏུ་བླུགས། །རང་སྔགས་སྟོང་གིས་ཤོག་དྲིལ་སྔགས། །རྟེན་འབྲེལ་སྙིང་པོས་རབ་གནས་བྱ། །ཤོག་དྲིལ་མཛུག་ནས་ཡར་ལ་དྲིལ། །ཕྱིང་པ་དཀར་པོས་གཡོགས་བྱས་ལ། །སྐུད་པ་སུམ་སྒྲིལ་ལུང་བྱས་ནས། །རྟ་ནོར་མགུལ་དུ་བཏགས་པས་སྲུང་། །ཨོཾ་གྲི་གསུ་ནན། ཀུ་རུ་ནན། ཅིར་ཡ་སོད། གཉིད་ཡ་སོད། ལྷོག་་ལྷོག་ཁུལ་ག་སོད། ཨ་ཞི་ཞི་མལ་མལ་སོད་སྭཱ་ཧཱ། འཆང་བ་པོ་ལ་ལྷོག་པའི་གནོད་པ་སྲུངས་ཤིག་རཀྵ་རཀྵ། དེ་ནི་ལྷོག་སྲུང་མན་ངག་གོ །འདི་ལྟར་མན་ངག་དུ་མ་རྣམས། །ཕྱོགས་གཅིག་བསྡུས་པའི་དགེ་བ་འདིས། །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །ཉེས་འགལ་མཆིས་ན་ལྷ་ལ་བཤགས། །ཆོས་འཕེལ་ཞེས་བྱས་བསྐུལ་བྱས་ནས། །སྔགས་པ་རྭ་ག་ཨ་སྱས་སྦྱར། །སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousས་ནད་རྩ་འབུའི་བཅོས་དང་སྲུང་བ་ཟབ་མོ།next