Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དགོངས་གཏེར་རྟ་མགྲིན་ལྗང་གུའི་དབང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདགོངས་གཏེར་རྟ་མགྲིན་ལྗང་གུའི་དབང་།next

དགོངས་གཏེར་རྟ་མགྲིན་ལྗང་གུའི་དབང་།


CMR016_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་གཏེར་རྟ་མགྲིན་ལྗང་གུའི་དབང་བཞུགས་སོ༔


CMR016_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

རཏྣ་གུ་རུ་ནི་མོ༔ དགོངས་གཏེར་རྟ་མགྲིན་ལྗང་གུའི་ཟིན་བྲིས་བྲི༔ ཆོས་བདག་སྲུང་མས་བཀའ་ཡི་གནང་བ་སྩོལཿ ཚེ་རྟ་མགོ་འབྲེལ་ཚུལ་དུ་འདི་བསྐུལ་ན༔ ཟན་བུམ་སྟེང་དུ་མར་གྱི་རྟ་མགོ་ནི༔ ནོར་བུས་མཚན་པ་བྱས་པས་འཐུས་པ་ཡིན༔ ལོགས་སུ་བྱེད་ན་རྗེས་གནང་གཏོར་མ་ལ༔ སྐུའམ་ནོར་བུས་མཚན་པའི་རྟ་མགོ་བཙུགས༔ བུམ་པ་མཆོད་གཏོར་ལ་སོགས་སྤྱི་ལྟར་བཤམས༔ དྲན་རྫོགས་དམ་ཡེ་དབྱེར་མེད་ལྷ་བསྐྱེད་དེ༔ སྐྱབས་སེམས་དེ་ནང་སྤྱི་འཚམས་སོང་བས་འཐུས༔ བདག་ཉིད་དང་བུམ་པའི་ནང་དང་གཏོར་མའི་རྩེར༔ རྟ་མགྲིན་སྐུ་མདོག་ལྗང་གུ་ཕྱག་གཉིས་གྲི་ཐོད་འཛིན་པ༔ ཁྲོ་བོའི་ཆས་ཐམས་ཅད་ཀྱིས་བརྒྱན་པ༔ དབུ་གཙུག་རྟ་མགོས་མཚན་པ༔


CMR016_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་གནས་གསུམ་ཡི་གེ་གསུམ་དང་ཐུགས་ཀར་ཉི་སྟེང་ཧི༔ཡིག་ལྗང་གུའི་མཐར་སྔགས་ཕྲེང་གཡས་སུ་འཁོར་བ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས༔ སངས་རྒྱས་ཀྱི་ཞིང་ཐམས་ཅད་ནས་རྟ་མགྲིན་ལྗང་གུ་ཆར་བཞིན་བབ་ནས་བདག་མདུན་བུམ་ལྷ་སོ་སོར་ཐིམ་པས་ཡེ་ཤེས་གཞུག་པ་དང་དབང་བསྐུར་བ་དུས་གཅིག་ཏུ་བྱས༔ བུམ་ལྷའི་སྐུ་ལས་བདུད་རྩིའི་རྒྱུན་བབ་བུམ་པ་གང་བར་གྱུར༔ ཨོཾ་བྱ་ཤྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཅེས་བརྒྱ་རྩ་ལས་མི་ཉུང་བ་བཟླས་སོ༔ ཨ་བྷཾ་སོགས། ཁྲོ་བོའི་རྒྱལ་པོ་རྟ་མཆོག་དཔལ༔ རྟ་སྐད་དྲག་པོ་བསྒྲགས་པ་ཡིས༔ གདུག་པ་


CMR016_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལུས་འདུལ་མཛད་པ༔ ཁྲོ་བོའི་རྒྱལ་ལ་ཕྱག་འཚལ་བསྟོད༔ དེ་ནས་སློབ་མ་འདུས་ཏེ་ཁྲུས་བྱས་མཎྜལ་ཕུལ་ནས༔ འོ་ན་ད་ལམ་ཁྱེད་རྣམས་ལ་རྟ་མགྲིན་ལྗང་གུའི་དབང་ཞིག་བསྐུར་བ་ཡིན་ཏེ༔ དེ་ཡང་བཅོམ་ལྡན་འདས་བདེ་བ་ཆེན་པོ་པདྨ་གར་གྱི་དབང་ཕྱུག་དེ་ཉིད་འོག་མིན་གྱི་གནས་ན་བཞུགས་པའི་ཚེ༔ དྲེགས་བྱེད་སྣ་ཚོགས་སྤྲུལ་ཞེས་བྱ་བ་མ་རུངས་པ་ཞིག་གིས་སེམས་ཅན་ཐམས་ཅད་ལ་གནོད་པ་བྱས་པས༔ དཔལ་རྟ་མཆོག་རོལ་པའི་དཀྱིལ་འཁོར་དུ་སྤྲུལ་ནས་བཏུལ༔ རྟ་མགྲིན་གྱི་དཀྱིལ་འཁོར་རྒྱས་པའི་རྒྱུད་གསུངས༔ དེར་བདུད་ཀྱི་རྒྱལ་པོ་མྱ་ངན་སྐྱེས་ཏེ༔ དུག་ལྔ་རབ་ཏུ་འབར་ཏེ་ཁྲོས་ནས་རང་གིས་དྲག་སྔགས་བརྗོད་ཅིང་འཇིག་རྟེན་གསུམ་འཁྲུགས་པར་བྱེད༔ མི་ནད་དང་མུ་གེ་དང་འཁྲུག་པ་དང་མཚོན་ཆའི་ཆར་དང་༔ ལོ་ཏོག་ཐམས་ཅད་འཇོམས༔ འབྱུང་པོ་ཐམས་ཅད་འཇིགས་གཟུགས་དང་ཉེས་པ་སྣ་ཚོགས་རྒྱུན་མི་ཆད་པར་བཏང་༔ ས་གཞི་ཐམས་ཅད་མེ་རུ་འབར་བ་དང་༔ ཆུས་གང་བ་དང་༔ དུག་དང་དབྱིག་དུག་ལ་སོགས་པའི་ནད་ནི་རླུང་ལྟར་འཚུབས༔ མཐོ་རིས་དང་ཐར་པའི་ལམ་ལ་བར་དུ་གཅོད༔ མི་རྣམས་ཀྱི་སེམས་ནི་


CMR016_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྱུར༔ འགྲོ་དྲུག་སྡུག་བསྔལ་ལ་བཀོད་དོ༔ དེར་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཐུགས་ཀ་ནས་ཁྲོ་བོ་རྟ་མགྲིན་གྱི་དཀྱིལ་འཁོར་དུ་སྤྲུལ་ནས་དམ་ལ་བཏགས་སོ༔ དེ་ནས་བསྐལ་པ་འདི་ལ་སངས་རྒྱས་འོད་སྲུངས་ཀྱི་བསྟན་པའི་མཇུག་ཏུ་བདུད་ཀྱི་རྒྱལ་པོ་མ་ཏྲཾ་རུ་ཏྲས་སེམས་ཅན་རྣམས་བསད་ཅིང་ཟོས་པས་བསྐལ་པ་སྟོངས་ལ་ཁད་པ་དང་༔ བཅོམ་ལྡན་འདས་ཀྱིས་རྟ་མགྲིན་གྱི་དཀྱིལ་འཁོར་དུ་སྤྲུལ༔ རྟ་མགྲིན་གྱི་རྟེའུ་སྔོན་པོར་སྤྲུལ་ནས་བདུད་ཀྱི་ཁོག་ཏུ་ཞུགས་ཏེ་བསྒྲལ༔ ལུས་འཕྲོག་པས་ཁྲོ་བོ་རྟ་མགྲིན་གྱི་སྐུར་གྱུར༔ སེམས་དམ་ལ་བཏགས་པས་བསྟན་སྲུང་མ་ཧཱ་ཀཱ་ལར་གྱུརཿ དེའི་ཚེ་རྟ་མཆོག་རོལ་པའི་རྒྱུད་གསུངསཿ ཕྱིས་སྤྲུལ་སྐུ་ཤཱཀྱ་ཐུབ་པས་རྟ་མགྲིན་རྟོགས་པ་བདུན་བརྒྱ་པ་སོགས་གསུངས༔ དེ་དག་ནི་རྟ་མགྲིན་གྱི་རིགས་དཔག་ཏུ་མེད་པ་གསུངས་པས་རྟ་མགྲིན་གྱི་རིགས་རྟ་མོག་རོའི་སྤུ་གྲངས་ཙམ་ཡོད་པར་གྲགས༔ ཁྱད་པར་རྒྱུད་སཾ་བུ་ཊི་ལས་རྟ་མགྲིན་ལྗང་གུ་ཞལ་བཞི་ཕྱག་བརྒྱད་པ་ཅིག་གསུངས༔ རྙིང་མ་སྤྱིའི་མཚམས་ལྷ་ལ་རྟ་མགྲིན་ལྗང་གུ་ཕྱག་གཉིས་པ་ཅིག་གསུངས༔ འདི་ནི་དགོངས་གཏེར་གྱི་ལུགས་ཡིན་ཏེ༔


CMR016_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་གཅིག་ནས་བཟུང་ལོ་གསུམ་ལ་གནམ་ཆོས་ཐུགས་ཀྱི་གཏེར་ཁ་པོ་ཏི་བཅུ་གསུམ་ཙམ་བྱུང་༔ དེ་ནས་དགོངས་གཏེར་ཐུགས་ཀྱི་ཀློང་གསལ་ཡང་དེ་ཙམ་ཅིག་དང་༔ དེ་ནས་ས་གཏེར་བརྒྱ་རྩ་འདོན་པའི་རྟེན་འབྲེལ་ཡོད༔ དགུང་ལོ་བཅུ་བདུན་པ་ལ་དགོངས་གཏེར་རྫོགས་ནས༔ དབང་སྣ་ཡ་ཟུང་ཞིག་ཕབ་པའི་ནང་ནས་འདི་བྱུང་བ་ཡིན༔ ཆོས་ཡང་དག་པར་སྡུད་པའི་མདོ་ལསཿ བྱང་ཆུབ་སེམས་དཔའ་བསམ་པ་དག་པ་ལ་ལ་ནི་རང་གི་ཡིད་ཀྱི་དཔྱོད་པ་ཉིད་ལས་གདམས་ངག་རྗེས་སུ་བསྟན་པ་ཐམས་ཅད་འབྱུང་ངོ་༔ ཞེས་གསུངས་པ་དང་མཐུན་ཏེ༔ བཀའ་མ་ལས་གཏེར་མ་ཟབ་གཏེར་མ་ལས་གནམ་ཆོས་ཟབ༔ གནམ་ཆོས་ལས་དགོངས་གཏེར་འདི་ཟབ་པ་ཡིན་ནོ༔ རྟ་མགྲིན་འདིའི་ཕན་ཡོན་ནི༔ རྟ་མཆོག་རོལ་པ་ཁྲོ་བོ་རྣམ་པར་རོལ་པའི་རྒྱུད་ཆེན་པོ་ལས༔ དབང་མཆོག་ཁྲོ་བོ་རྟ་མགྲིན་དང་༔ རྒྱུད་རྒྱལ་རིན་ཆེན་ཕུང་པོ་ལ༔ གང་གིས་མཐོང་ཙམ་མོས་པ་དེ༔ དེ་ནི་ནད་སོགས་འཇིགས་ལས་གྲོལ༔ གང་གིས་ཡི་དམ་ལྷར་བཟུང་བ༔ དེ་ནི་སྐྱེ་བ་བདུན་བརྒྱ་རུ༔ དམྱལ་བ་ལ་སོགས་སྤང་བ་སྟེ༔ རྒྱུན་དུ་ལུས་


CMR016_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ལྷར་འཆར་ཞིང་༔ ཞིང་ཁམས་དག་པའི་ས་ལ་རོལ༔ ཡི་གེ་རེ་རེ་འབུམ་བཟླས་ན༔ ཚེ་འདི་ཉིད་ལ་ཞལ་མཐོང་འགྱུརཿ གཏོར་མ་ཤས་ཅིག་བྱིན་པ་ཡང་༔ འཇིག་རྟེན་ས་ལ་དབང་བར་འགྱུར༔ སྔགས་ཙམ་ཡང་ཡང་བརྗོད་པ་ཡང་༔ དེ་ལ་ལྷ་སྲིན་འཚེ་བ་སྤང་༔ ཞེས་དང་༔ རྟ་མགྲིན་དྲེགས་པ་དབང་སྡུད་ཀྱི་རྒྱུད་ལསཿ འབྲས་བུ་ཐུན་མོང་གྲུབ་ཆེན་བརྒྱད༔ མཆོག་ལ་རིག་འཛིན་རྣམ་བཞི་དང་༔ སྐུ་གསུམ་སྐུ་བཞི་སྐུ་ལྔ་སོགསཿ ཕྱག་རྒྱ་ཆེན་པོ་མཆོག་འགྲུབ་བོ༔ ཞེས་དང་༔ རྟ་མགྲིན་ཡང་གསང་ཁྲོས་པའི་རྒྱུད་ལས་༔ ནམ་ཞིག་དུས་ཀྱི་ཐ་མ་ལ༔ སྔགས་པ་ནང་འགྲས་ཆོད་གཏོང་བྱེད༔ དེ་ཚེ་ཟབ་པའི་ཁྱད་འདོན་ན༔ ནད་དང་གདོན་རྣམས་སྲུང་བ་དང་༔ ཕྲིན་ལས་དམིགས་པ་གང་བྱེད་ཀྱང་༔ རང་ཉིད་རྟ་མགྲིན་སྐུར་གསལ་ནས༔ སུས་ཀྱང་ཚུགས་པར་མི་འགྱུར་ཏེ༔ སྟོང་པའི་གོ་ཆ་བླ་ན་མེད༔ འདི་ནི་སྲུང་བའི་རྒྱལ་པོ་ཡིན༔ ཞེས་དང་༔ ཨུ་རྒྱན་རིན་པོ་ཆེའི་ཞལ་ནས༔ དབང་རྫོ་གས་སྐྱེས་བུ་སུ་དང་སུས༔ མཐས་ཀྱང་སྲིད་པ་བར་དོ་ནས༔ བདེ་ཆེན་འབར་བའི་གཞལ་ཡས་སུ༔ ཡི་


CMR016_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ལྷ་ཡིས་འཁྲིད་པར་འགྱུར༔ ཞེས་དང་༔ རྟ་མགྲིན་རྣམ་པར་བཀོད་པའི་མདོ་ལསཿ དཔལ་རྟ་མགྲིན་འདིའི་མཚན་སྔགས་འབུ་སྲིན་ཡན་ཆད་སུའི་རྣ་བར་ལན་གཅིག་ཐོས་ན་ཡང་ངན་སོང་གི་སྐྱེ་སྒོ་ཆོད་ནས་བྱང་ཆུབ་སེམས་དཔར་འགྱུར་གསུངས་ན་དབང་ཐོབ་ན་ཕན་ཡོན་སྨོས་ཅི་དགོས༔ དེ་ལྟ་བུའི་དབང་ཟབ་མོ་ཞུ་བའི་ཕྱིར་རྗེས་ཟློས་མཛོད་དུས་གསུམ་སངས་རྒྱས་ཐམས་ཅད་དང་༔ ཁྱད་པར་རྟ་མགྲིན་ལྗང་གུ་ལ༔ གསོལ་བ་འདེབས་སོ་དབང་བསྐུར་སྩོལ༔ གསུམ། ད་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཞིང་སྡིག་པ་ཐམས་ཅད་བཤགས་སོ་སྙམ་པ་གྱིས་ལ་འདིའི་རྗེས་ཟློས་གྱིས་ཤིག༔ དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི༔ རྟ་མགྲིན་ལ་ཡང་བདག་སྐྱབས་མཆི༔ སྡིག་པ་མི་དགེ་སོ་སོར་བཤགས༔ འགྲོ་བའི་དགེ་ལ་རྗེས་ཡི་རང་༔ སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་༔ སངས་རྒྱས་ཆོས་དང་ཚོགས་མཆོད་ལ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ རང་གཞན་དོན་ནི་རབ་བསྒྲུབ་ཕྱིར༔ བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་པར་བགྱི༔ བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱི་ནས༔ སེམས་ཅན་ཐམས་ཅད་བདག་གིས་


CMR016_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

མགྲོན་དུ་གཉེར༔ བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི༔ འགྲོ་ལ་ཕན་ཕྱིར་སངས་རྒྱས་མྱུར་ཐོབ་ཤོག༔ གསུམ་མམ་ཚིག་རྗེས་མ་གསུམ༔ ལས་བུམ་ཀུ་ཤས་སློབ་མ་བྲན་ཚུལ་བྱས་ལ༔ ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་ཁྱེད་རང་དབང་ཞུ་བ་པོ་རྣམས་དང་༔ གང་ལ་དབང་ཞུ་བའི་ཡུལ་མདུན་བསྐྱེད་དང་གཏོར་མ་སོ་སོར་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ཟེའུ་འབྲུར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃཡིག་མར་གད་ཀྱི་མདོག་ཅན་ལས་འོད་ཟེར་འཕྲོས༔ འཕགས་པ་མཆོད༔ སེམས་ཅན་གྱི་དོན་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས་དཔལ་ལས་ཀྱི་རིགས་ཀྱི་རྟ་མགྲིན་སྐུ་མདོག་མར་གད་ཀྱི་མདོག་ལྟར་ལྗང་བ༔ ཞལ་གཅིག༔ དམར་ལ་ཟླུམ་པའི་སྤྱན་གསུམ་བགེགས་ལ་སྡང་མིག་ཏུ་བགྲད་པས་སྐྲག་པར་བྱེད་པ༔ དབུ་སྐྲ་དམར་སེར་ནག་མེ་རླུང་གིས་བསྐྱོད་པ་ལྟར་གྱིས་གྱེན་དུ་འབར་བའི་གསེབ་ནས་རྟ་མགོ་ལྗང་ཞུར་རྡོག་མ་ལེ་བརྒན་མེ་ལྟར་འབར་ཞིང་རྟ་སྐད་དྲག་པོ་ནམ་མཁའི་དབྱིངས་སུ་འཚེར་བ༔ ཐོད་སྐམ་ལྔའི་དབུ་བརྒྱན་ལ་རིན་པོ་ཆེའི་རྩེ་བྲན་འོད་འབར་བ་ལྔས་བརྒྱན་པ༔ ཞལ་གདངས་ཤིང་ལྗགས་འདྲིལ་བ༔ ཟླ་བ་ཚེས་པ་


CMR016_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

ལྟ་བུའི་མཆེ་བ་བཞི་གཙིགས་པས་བདུད་བཞི་འཇོམས་པ༔ སྨ་ར་དང་སྨིན་མ་དམར་སེར་ལ་མེ་སྟག་གི་ཚྭ་ཚྭ་འཕྲོ་བ༔ ཕྱག་གཡས་སྣ་ཚོགས་རྡོ་རྗེས་ཡུ་བ་བྱས་པའི་གྲི་གུག་ནམ་། མཁའ་ལ་ཕྱར་བ༔ གཡོན་པས་བདུད་བཞིའི་ཁྲག་གིས་བཀང་བའི་ཐོད་པ་ཐུགས་ཀར་འཛིན་པ༔ སྐུ་ཆེ་ལ་ཡན་ལག་རགས་པ༔ ཞབས་གཡས་བསྐུམ་གཡོན་བརྐྱང་བའི་འདོར་སྟབས་ཀྱིས་པད་ཉི་དགྲ་བགེགས་མནན་པ༔ ཁྲག་གི་ཐིག་ལེ༔ ཞག་གི་ཟོ་རིས༔ ཐལ་ཆེན་གྱི་ཚོམ་བུ༔ རུས་པའི་རྒྱན་དྲུག༔ སྦྲུལ་གྱི་ཆུན་འཕྱང་༔ གླང་ཆེན་གྱི་ཀོ་བ༔ ཞིང་ཆེན་གྱི་གཡང་གཞི༔ སྟག་ལྤགས་ཀྱི་ཤམ་ཐབས་ཏེ་ཁྲོ་བོའི་ཆོས་ཐམས་ཅད་ཀྱིས་བརྒྱན་པ༔ བསྐལ་པའི་མེ་ཕུང་འབར་བའི་དབུས་ན་བཞུགས་པའི་དཔྲལ་བར་ཨོཾ་དཀར་པོ༔ མགྲིན་པ་ཨཱདམར་པོ༔ ཐུགས་ཀར་ཧཱུྃ་སྔོན་པོ༔ ཐུགས་ཀའི་དབུས་སུ་ཧྲཱིཿལྗང་གུ་དེ་ལས་འོད་ཟེར་འཕྲོས་པས་བདེ་ཆེན་དབང་དྲག་རོལ་པའི་གཞལ་ཡས་ནས་དཔལ་རྟ་མགྲིན་ལྗང་གུའི་སྐུ་ཆེ་བ་ལ་རི་རབ་ཙམ༔ ཆུང་བ་ལ་ཡུངས་ཀར་གྱི་འབྲུ་ཙམ་ཁ་བ་བུ་ཡུག་ལྟར་བྱོན་ནས་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པར་སྒོམས་ཤིག༔ སྤོས་རོལ་མོ་


CMR016_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

དབྱངས་དང་བཅས༔ ཧཱུྃ༔ རྟ་མགྲིན་ལྗང་གུའི་ལྷ་ཚོགས་མ་ལུས་རྣམས༔ གནས་འདིར་སྤྱན་འདྲེན་བྱིན་ཆེན་དབབ་ཏུ་གསོལ༔ སྐལ་ལྡན་དད་ལྡན་འདི་ལ་དབང་མཆོག་བསྐུར༔ ལོག་འདྲེན་ཚེ་ཡི་བར་ཆད་བསལ་དུ་གསོལ༔ ཨོཾ་རྒྱ་གྲི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ བཛྲ་ཨ་ཝེ་ཤ་ཡ་ཨ་ཨཱཿ གསུམ་མམ་བདུན་བརྗོད༔ རྡོ་རྗེ་མགོར་བཞག་ལ༔ ཡེ་ཤེས་པ་དེ་བརྟན་པར་གྱུར༔ ཏིཥྛ་བཛ྄༔ དབང་ལྷ་ཡེ་ཤེས་པ་དཔག་ཏུ་མེད་པ་སྤྱན་དྲངས༔ བཛྲ་ས་མཱ་ཛཿ སློབ་མ་འདི་རྣམས་ལ་དབང་བསྐུར་དུ་གསོལ༔ ཞེས་གསོལ་བ་བཏབ་པས་དབང་ལྷ་རྣམས་ཀྱིས་བུམ་པས་དབང་བསྐུར་བར་སྒོམས་ཤིག་བུམ་པའི་དབང་བསྐུར་གཞལ་ཡས་ཆེན་པོའི་མཆོག་སྐལ་ལྡན་རྣམས་ལ་དུས་འདིར་ཡོངས་རྫོགས་ནསཿ སྐུ་བཞི་ལྷུན་གྲུབ་ཕྲིན་ལས་རྣམ་བཞི་བརྙེསཿ རྒྱ་ཆེ་རྒྱུན་མི་ཆད་པའི་དབང་ཐོབ་ཤོག༔ ཨོཾ་ཧུ་གྲི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ༔ འོ་དེ་ལྟར་དབང་བསྐུར་བས་བདུད་རྩིའི་ཆུས་ལུས་གང་༔ སྡིག་སྒྲིབ་དག༔ ཆུའི་ལྷག་མ་སྤྱི་བོར་ལུད་པས་རྟ་དབུས་མཚན་ནས་རྟ་སྐད་ལན་གསུམ་ཐོན་པར་།


CMR016_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

སྒོམས༔ ཞེས་ཀུ་ཤས་བྲན༔ བུམ་ཆུ་ངག་ཏུ་བླུད་པས་ངག་ལ་ནུས་པ་ཐོགས་པ་མེད་པར་གྱུར༔ ཅེས་བུམ་ཆུ་བླུད༔ ད་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་དབང་ཞུ་བའི་ཕྱིར་རྗེས་ཟློས༔ དུས་གསུམ་སངས་རྒྱས་ཐམས་ཅད་དང་༔ ཁྱད་པར་རྟ་མགྲིན་ལྗང་གུ་ལ༔ གསོལ་བ་འདེབས་སོ་སྐུ་ལྔ་ཡི༔ དབང་དང་དངོས་གྲུབ་སྩལ་དུ་གསོལ༔ གསུམ། དེ་ལྟར་གསོལ་བ་བཏབ་པས་མདུན་བསྐྱེད་ཀྱི་དཔྲལ་བ་ནས་སྐུའི་རྟ་མགྲིན་སྐུ་མདོག་དུང་ལྟར་དཀར་བ་སྐུ་ཆུང་ལ་ཡན་ལག་དོད་པ་དཔག་ཏུ་མེད་པ་འཕྲོས༔ ཁྱེད་རང་གི་དཔྲལ་བ་ནས་ཞུགས༔ ལུས་ཀྱི་ནང་ཐམས་ཅད་ཁྲོ་བོ་དཀར་པོས་གང་བར་སྒོམས་ཤིག༔ ཧཱུྃ༔ དམ་ཚིག་ཆེན་པོའི་ཚུལ་བསྟན་པ༔ ཁྲོ་བོ་ཆེན་པོ་གཤེགས་སུ་གསོལ༔ སྤྲུལ་པའི་ཁྲོ་རྒྱལ་གཤེགས་ནས་ཀྱང་༔ རྟགས་དང་མཚན་མ་བསྟན་པ་དང་༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ སྐུ་ཡི་སྒོ་ནས་དབང་མཆོག་བསྐུར༔ ལུས་ཀྱི་ནད་གདོན་ཞི་བར་མཛོད༔ ཨོཾ་རྒྱ་ཤྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཀཱ་ཡ་ཨ་ཡིཉྩ་ཨོ༔ འདིར་ཡོད་ན་རྟ་མགྲིན་གྱི་སྐུ་ཁ་དོག་ལྔ་གནས་སོ་སོར་བཞག༔ མེད་ན་གཏོར་མ་བཞག་པས་འཐུསཿ མེ་ཏོག་འཐོར་ཞིང་༔ ཧྲཱིཿ རྒྱལ་བ་ཀུན་གྱི་


CMR016_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྐུ་པདྨའི་གསུང་༔ ཆོས་སྐུ་འོད་དཔག་མེད་པ་རྡོ་རྗེའི་ཆོས༔ སྤྱན་རས་གཟིགས་དབང་ཧྲཱིཿལས་རྔམས་ཆེན་སྐུ༔ རྟ་སྐད་བཞད་པ་སྐུ་ཡི་བཀྲ་ཤིས་ཤོག༔ འོ་དེས་སྐུའི་དབང་ཐོབ༔ ལུས་ཀྱི་སྒྲིབ་པ་དག༔ ལུས་ཀྱི་ནད་གདོན་ཞི༔ ལུས་ལ་སྐུ་རྡོ་རྗེའི་ས་བོན་ཐེབས་པའོ༔ ཡང་མདུན་བསྐྱེད་ཀྱི་མགྲིན་པ་ནས་གསུང་གི་རྟ་མགྲིན་སྐུ་མདོག་པདྨ་རཱ་ག་ལྟ་བུ་སྐུ་ཆུང་ལ་ཡན་ལག་དོད་པའི་ཚོགས་དཔག་ཏུ་མེད་པ་འཕྲོས༔ ཁྱེད་རང་གི་མགྲིན་པ་ནས་ཞུགས༔ ལུས་ཀྱི་ནང་ཐམས་ཅད་ཁྲོ་བོ་དམར་པོའི་ཚོགས་ཀྱིས་གང་བར་སྒོམས་ཤིག༔ ཧཱུྃ༔ དམ་ཚིག་ཆེན་པོའི་ཚུལ་བསྟན་པ༔ ཁྲོ་བོ་ཆེན་པོ་གཤེགས་སུ་གསོལ༔ སྤྲུལ་པའི་ཁྲོ་རྒྱལ་གཤེགས་ནས་ཀྱང་༔ རྟགས་དང་མཚན་མ་བསྟན་པ་དང་༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ གསུང་གི་སྒོ་ནས་དབང་མཆོག་བསྐུར༔ ངག་ལ་ནུས་པ་སྐྱེད་དུ་གསོལ༔ ཨོཾ་རྒྱ་གྲི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཝཱཀ་ཨ་བྷི་ཥིཉྩ་ཨཱཿ ཞེས་མགྲིན་པར་བཞག༔ དབང་ཆེན་ཀུན་འདུས་དབང་གི་རྒྱལ་པོ་ལྟར༔ དབང་གི་མདོག་ལྗང་བསྐལ་པའི་མེ་འབར་བ༔ དབང་ཆེན་རྔམས་པ་ཉི་མ་འབུམ་གྱི་གཟི༔ དབང་


CMR016_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་ལྷ་ཡི་གསུང་གི་བཀྲ་ཤིས་ཤོག༔ འོ་དེས་གསུང་གི་དབང་ཐོབ༔ ངག་གི་སྒྲིབ་པ་དག༔ ངག་ལ་གནོད་པའི་དིག་ལྷུགས་སོགས་ཞི༔ ངག་ལ་གསུང་རྡོ་རྗེའི་ས་བོན་ཐེབས་པའོ༔ ཡང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་ཐུགས་ཀྱི་རྟ་མགྲིན་སྐུ་མདོག་བཻཌཱུརྱ་ཞུན་མ་ལྟ་བུ་སྐུ་ཆུང་ལ་ཡན་ལག་དོད་པའི་ཚོགས་དཔག་ཏུ་མེད་པ་འཕྲོས༔ ཁྱེད་རང་རྣམས་ཀྱི་སྙིང་ག་ནས་ཞུགས་ལུས་ཀྱི་ནང་ཐམས་ཅད་ཁྲོ་བོས་སྔོན་པོས་གང་བར་སྒོམས་ཤིག༔ ཧཱུྃ༔ དམ་ཚིག་ཆེན་པོའི་ཚུལ་བསྟན་པ༔ ཁྲོ་བོ་ཆེན་པོ་གཤེགས་སུ་གསོལ༔ སྤྲུལ་པའི་ཁྲོ་རྒྱལ་གཤེགས་ནས་ཀྱང་༔ རྟགས་དང་མཚན་མ་བསྟན་པ་དང་༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཐུགས་ཀྱི་སྒོ་ནས་དབང་མཆོག་བསྐུར༔ ཡིད་ལ་བདེ་སྟོང་སྦྱར་དུ་གསོལ༔ ཨོཾ་རྒྱ་གྲི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་སྙིང་གར་བཞག༔ ཐུགས་རྗེ་ཞི་བའི་ངང་ལས་མ་གཡོས་ཀྱང་༔ མ་རུངས་གདུག་པའི་དགྲ་བགེགས་བསྒྲལ་བའི་ཕྱིར༔ ཞེ་སྡང་ཁྲོ་གཏུམ་དུས་མཐའི་མེ་ལྟར་འབར༔ རྔམས་བརྗིད་འགྱིང་བའི་ཐུགས་ཀྱི་བཀྲ་ཤིས་ཤོག༔ འོ་དེས་ཐུགས་ཀྱི་དབང་ཐོབ༔ སེམས་ཀྱི་སྒྲིབ་པ་


CMR016_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

དག༔ སེམས་ལ་ཐུགས་རྡོ་རྗེའི་ས་བོན་ཐེབས་པའོ༔ ཡང་མདུན་བསྐྱེད་ཀྱི་ལྟེ་བ་ནས་ཡོན་ཏན་གྱི་རྟ་མགྲིན་སྐུ་མདོག་གསེར་བཙོ་མ་ལྟ་བུ་སྐུ་ཆུང་ལ་ཡན་ལག་དོད་པའི་ཚོགས་དཔག་ཏུ་མེད་པ་འཕྲོས༔ ཁྱེད་རང་རྣམས་ཀྱི་ལྟེ་བ་ནས་ཞུགས༔ ལུས་ཀྱི་ནང་ཐམས་ཅད་ཁྲོ་བོ་སེར་པོའི་ཚོགས་དཔག་ཏུ་མེད་པས་གང་བར་སྒོམས་ཤིག་ཧཱུྃ༔ དམ་ཚིག་ཆེན་པོའི་ཚུལ་བསྟན་པ༔ ཁྲོ་བོ་ཆེན་པོ་གཤེགས་སུ་གསོལཿ སྤྲུལ་པའི་ཁྲོ་རྒྱལ་གཤེགས་ནས་ཀྱང་༔ རྟགས་དང་མཚན་མ་བསྟན་པ་དང་༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཡོན་ཏན་སྒོ་ནས་དབང་མཆོག་བསྐུརཿ མཐུ་སྟོབས་རྩལ་ཆེན་བསྐྱེད་དུ་གསོལ༔ ཨོཾ་རྒྱ་གྲི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ སརྦ་ཨ་བྷི་ཥིཉྩ་ཧི༔ མ་ཆགས་པདྨ་རིགས་ཀྱི་རྣམ་འཕྲུལ་གྱི༔ རྒྱལ་པོའི་ཚུལ་གྱིས་གདུག་པ་ཀུན་འདུལ་བ༔ དབང་ཆེན་བསྐལ་པའི་མེ་ལྟར་གཟི་བརྗིད་འབར༔ ཁྲོ་རྒྱལ་རྟ་མགྲིན་ཡོན་ཏན་བཀྲ་ཤིས་ཤོག༔ འོ་དེས་ཡོན་ཏན་གྱི་དབང་ཐོབ༔ བསགས་པ་ཆ་སྙོམས་ཀྱི་སྒྲིབ་པ་དག༔ ཚེ་བསོད་ནམས་ལ་བར་དུ་གཅོད་པ་ཞི༔ ཡོན་ཏན་ལྷུན་གྱིས་གྲུབ་པའི་ས་བོན་ཐེབས་


CMR016_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

པའོ༔ ཡང་མདུན་བསྐྱེད་ཀྱི་གསང་བ་ནས་ཕྲིན་ལས་ཀྱི་རྟ་མགྲིན་མར་གད་ཞུན་མའི་མདོག་ལྟ་བུ་དཔག་ཏུ་མེད་པ་འཕྲོས༔ ཁྱེད་རང་གི་གསང་བ་ནས་ཞུགས་༔ ལུས་ཀྱི་ནང་ཐམས་ཅད་ཁྲོ་བོ་ལྗང་གུའི་ཚོགས་ཀྱིས་གང་བར་སྒོམས་ཤིག༔ ཧཱུྃ༔ དམ་ཚིག་ཆེན་པོའི་ཚུལ་བསྟན་པ༔ ཁྲོ་བོ་ཆེན་པོ་གཤེགས་སུ་གསོལ༔ སྤྲུལ་པའི་ཁྲོ་རྒྱལ་གཤེགས་ནས་ཀྱང་༔ རྟགས་དང་མཚན་མ་བསྟན་པ་དང་༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལཿ ཕྲིན་ལས་སྒོ་ནས་དབང་མཆོག་བསྐུར༔ ནད་གདོན་བགེགས་རྣམས་ཚར་ཆོད་ཅིག༔ ཨོཾ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཀརྨ་ཨ་བྷི་ཥིཉྩཕཊ༔ ཧཱི༔ སྐྱེ་འགག་གཉིས་སུ་མེད་པའི་ངོ་བོ་ལས༔ ཆོས་ཉིད་མི་འགྱུར་རྟ་མཆོག་རོལ་བའི་སྐུ༔ གསུང་མཆོག་རྟ་སྐད་འཚེར་བས་འགྲོ་བ་འདུལ༔ དབྱེར་མེད་ལྷུན་གྲུབ་ཕྲིན་ལས་བཀྲ་ཤིས་ཤོག༔ འོ་དེས་ཕྲིན་ལས་ཀྱི་དབང་ཐོབ༔ ཤེས་བྱའི་སྒྲིབ་པ་དག༔ ཅི་ལྟར་བསམ་པའི་དོན་ལ་བར་དུ་གཅོད་པ་ཐམས་ཅད་ཞི༔ ཕྲིན་ལས་འགྲོ་བ་འདུལ་བའི་ས་བོན་ཐེབས་པའོ༔ དེ་ལྟར་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་ལྔ་ཐོབ་ནས༔ ད་གཏོར་མ་ལ་བརྟེན་ནས་


CMR016_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

བཀའ་བསྒོའི་དོན་དུ་གཏོར་མ་འདི་ཉིད་རྟ་མགྲིན་ལྗང་གུ་སྔར་སྨོས་མ་ཐག་པའི་མཚན་ཉིད་ཅན༔ སྟེང་གི་ཆ་ལ་བརྒྱུད་པའི་བླ་མ་དང་བཅས་པ་སྤྲིན་འཁྲིགས་པ་ལྟར་ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན་ནས་ངེད་ཀྱིས་གསོལ་བ་ཇི་ལྟར་བཏབ་པ་ལྟར་བྱིན་རླབས་དངོས་གྲུབ་ཐམས་ཅད་སྩོལ་ཏེ༔ འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པར་སྒོམས་ཤིག༔ ཧཱུྃ༔ དམ་ཚིག་ཆེན་པོའི་ཚུལ་བསྟན་པ༔ ཁྲོ་བོ་ཆེན་པོ་གཤེགས་སུ་གསོལ༔ སྤྲུལ་པའི་ཁྲོ་རྒྱལ་གཤེགས་ནས་ཀྱང་༔ རྟགས་དང་མཚན་མ་བསྟན་པ་དང་༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ གཏོར་མའི་དབང་བསྐུར་ལྷ་དང་གཉིས་སུ་མེད༔ རྟ་མཆོག་སྐུ་གསུང་ཐུགས་ཡོན་ཕྲིན་ལས་རྣམས༔ མ་ལུས་ཡོངས་སུ་རྫོགས་པའི་དབང་བཞི་མཆོག༔ སྐལ་ལྡན་འདི་ལ་དུས་འདིར་ཡོངས་རྫོགས་ཤོག༔ ཆོས་སྐུ་སྣང་བ་མཐའ་ཡས༔ ལོངས་སྐུ་ཐུགས་རྗེ་ཆེན་པོ༔ སྤྲུལ་སྐུ་པདྨ་འབྱུང་གནས༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ༔ ལོ་ཆེན་བཻ་རོ་ཙ་ན༔ ཤུད་བུ་དཔལ་གྱི་སེངྒེ༔ བདུད་འདུལ་རོལ་བ་རྩལ་ལ་སོགས་པ་རིག་འཛིན་བརྒྱུད་པའི་བླ་མ་རྣམས་དང་༔ ལས་ཀྱི་རིགས་ཀྱི་རྟ་མཆོག་


CMR016_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

ཧེ་རུ་ཀ༔ འཁོར་སྤྲུལ་པ་ཡང་སྤྲུལ་དང་བཅས་པས་བྱིན་གྱིས་བརླབས་པ་དང་དབང་བསྐུར་བར་མཛད་དུ་གསོལ༔ ཕོ་གདོན་མོ་གདོན་ཀླུ་གདོན་ལ་སོགས་པ་ལྷ་སྲིན་སྡེ་བརྒྱད་ཀྱི་གནོད་པས་མི་ཚུགས་པར་སྲུངས་ཤིག༔ གག་ལྷོག་གཟེར་གསུམ་ཡམས་ནད་རིམས་ནད་ལ་སོགས་པ་ནད་རིགས་བཞི་བརྒྱ་རྩ་བཞིའི་གནོད་པ་ཐམས་ཅད་ཞི་བར་མཛོད་ཅིག༔ བསོད་ནམས་དབང་ཐང་རླུང་རྟ་ཐམས་ཅད་དར་ཞིང་རྒྱས་པར་མཛོད་ཅིག༔ ཡིད་ལ་འདོད་པའི་དངོས་གྲུབ་ཐམས་ཅད་དབང་དུ་འདུ་པར་མཛོད་ཅིག༔ འཁོར་བ་དང་ངན་སོང་གི་སྡུག་བསྔལ་ཐམས་ཅད་ལས་སྐྱོབ་པར་མཛད་དུ་གསོལཿ ཨོཾ་བྱ་གི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཧཱུྃ་བྱ་ཤྲཱི་ཝ་ཧུཾ་ཧཱུྃ་ཀཱ་ཡ་ཝཱཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ད་ཁྱེད་རང་གི་ངེད་ལ་མེ་ཏོག་ལྗང་གུའི་ཕྲེང་བ་གཅིག་ཕུལ་བའི་མོས་པས་རྗེས་ཟློས་གྱིས༔ བཅོམ་ལྡན་བདག་གིས་བཟུང་ལགས་ཀྱིས༔ བདག་ལ་འགོ་བར་མཛད་དུ་གསོལཿ དེ་ལྟར་གསོལ་བ་བཏབ་པས་སློབ་དཔོན་གྱི་ཐུགས་ཀ་ནས་སྔགས་ཕྲེང་འཕྲོས༔ ཁྱེར་རང་གི་ཞལ་དུ་ཞུགས༔ ཐུགས་ཀར་གཡས་སུ་འཁོད་པའི་མོས་པས་རྗེས་ཟློས་ལན་གསུམ་མཛོད༔ ཨོཾ་རྒྱ་གྲི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་


CMR016_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

ཕཊ༔ དེ་ནས་སྔགས་ཕྲེང་དེ་ཉིད་མེ་ཏོག་གི་ཕྲེང་བར་གྱུར་ནས་སྤྱི་བོར་བཞག་པའི་མོས་པ་མཛོདཿ བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིསཿ འདི་ལ་འགོ་བར་མཛད་དུ་གསོལ༔ ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ༔ འོ་དེས་དགོངས་གཏེར་རྟ་མགྲིན་ལྗང་གུའི་དབང་རྒྱས་པར་ཐོབ་པ་ཡིན་པས་འདི་ཉིད་ཡི་དམ་དུ་བཟུང་བའི་མོས་པས་རྗེས་ཟློས༔ གཙོ་བོས་ཇི་ལྟར་བཀའ་སྩལ་བ༔ དེ་དག་ཐམས་ཅད་བདག་གིས་བགྱི༔ ད་གཏང་རག་གི་ཚུལ་དུ་མཎྜལ་ཕུལ༔ ས་གཞི་སྤོས་ཆུས་སོགས། ཞེས་པ་གཏེར་བློན་རཱ་ག་ཨ་སྱས་བསྒྲིགས་པ་ལ་ཉེས་འགལ་མཆིས་ན་ལྷ་ལ་བཤགས་ཤིང་༔ དགེ་བས་འགྲོ་དོན་དཔག་ཏུ་མེད་པར་གྱུར་ཅིག ཡི་གེ་པ་ནི་ཉེ་གནས་ཀུན་དགས་བགྱིས་སོ༔ མངྒ་ལཾ། །༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR016_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousདགོངས་གཏེར་རྟ་མགྲིན་ལྗང་གུའི་དབང་།next