Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྟ་དྲེལ་ཉེར་འཚེ་ཞི་བའི་གསོལ་འདེབས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྟ་དྲེལ་ཉེར་འཚེ་ཞི་བའི་གསོལ་འདེབས།next

རྟ་དྲེལ་ཉེར་འཚེ་ཞི་བའི་གསོལ་འདེབས།


CMR016_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་དྲེལ་ཉེར་འཚེ་ཞི་བའི་གསོལ་འདེབས་བཞུགས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། བཅོམ་ལྡན་ཤཱཀྱའི་རྒྱལ་པོ་དང་། །སེམས་དཔའ་ཅང་ཤེས་ཉི་མ་ལ། །རྔོག་ཆགས་འདི་རྣམས་སྐྱབས་སུ་མཆི། །དུད་འགྲོའི་ནང་ནས་ཐོབ་དཀའི་ལུས། །དུས་མིན་འཆི་བ་མེད་པར་མཛོད། །འཕགས་པ་རྟ་མགྲིན་རྒྱལ་པོ་ཡིས། །བསྲུང་བྱའི་རྟ་རྣམས་བསྲུང་དུ་གསོལ། །རྟ་བགེགས་གནོད་པ་ཚར་ཆོད་ཅིག །སྲིད་པའི་རྟ་ལྷ་རེ་མནྟ། །རྔོག་ཆགས་རྟ་དྲེལ་འདི་རྣམས་ལ། །བྱིན་རླབས་སྲུང་སྐྱོབ་འཕེལ་རྒྱས་མཛོད། །དམ་བཅས་ཐུགས་དམ་དུས་ལ་བབས། །སྲིད་པའི་རྟ་རྫི་ཀུ་ཝེ་ར། །བསྲུང་བྱའི་རྟ་རྣམས་འཚོ་སྐྱོང་མཛོད། །རལ་གྲི་བསམ་གཅོད་འབར་བ་ཡིས། །རྟ་ལ་གནོད་བྱེད་ཚར་གཅོད་ཅིག །ཡེ་ཤེས་ལས་དང་འཇིག་རྟེན་གྱི། །རྟ་ལྷ་ཀུན་གྱི་བདེན་པའི་མཐུས། །རྟ་ཡི་གོད་ཁ་ཞི་གྱུར་ཅིག །ལས་མཁན་སྤུ་གྲི་མཆེད་གསུམ་པོ། །སྔོན་ཚེ་པདྨ་འབྱུང་གནས་ཀྱིས། །ལས་ཚོགས་བརྒྱད་ཀྱི་དབང་བསྐུར་བས། །དམ་ཚིག་དུས་བབ་རྟ་གོད་ཆོད། །དམ་ལ་མ་འདའ་ས་མ་ཡཱ། །ཞེས་པ་འདི་ཡུལ་ཕྱོགས་སུ་རྟ་ནད་གདུག་པ་ཅན་དར་འདུག་པས། ༧ ཨ་རཱ་གས་བྲིས།


CMR016_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousརྟ་དྲེལ་ཉེར་འཚེ་ཞི་བའི་གསོལ་འདེབས།next