Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྟ་གོད་བསྲུང་བའི་ཕྲིན་བཅོལ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྟ་གོད་བསྲུང་བའི་ཕྲིན་བཅོལ།next

རྟ་གོད་བསྲུང་བའི་ཕྲིན་བཅོལ།


CMR016_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་གོད་བསྲུང་བའི་ཕྲིན་ལས་བཅོལ་བ་ནི། ན་མོ་ཤཱཀྱ་མུ་ན་ཡེ། སྟོབས་བཅུའི་མངའ་བདག་བཅོམ་ལྡན་འདས། །བཅོམ་ལྡན་ཤཱཀྱ་ཐུབ་པ་ལ། །རྟ་རྣམས་སྐྱབས་སུ་མཆི་ལགས་སོ། །རྟ་ནད་ཀུན་ལས་བསྲུང་དུ་གསོལ། །སར་གནས་བྱང་ཆུབ་སེམས་དཔའ་ཆེ། །ཅང་ཤེས་ཉི་མའི་སྙིང་པོ་ལ། །རྟ་རྣམས་སྐྱབས་སུ་མཆི་ལགས་སོ། །རྟ་འདི་རྣམས་ལ་བསྐྱབ་ཏུ་གསོལ། །རྟ་མཆོག་རྒྱལ་པོ་ཧེ་རུ་ཀ །འཕགས་པ་རྟ་མགྲིན་རྒྱལ་པོ་ཡིས། །རྟ་འདི་རྣམས་ཀྱི་བར་ཆད་སོལ། །ཉི་མའི་སྲས་པོ་གཟི་བརྗིད་ཅན། །འཕགས་པ་རེ་མནྟ་ཁྱེད་ཀྱིས། །རྔོག་ཆགས་འདི་རྣམས་བསྲུང་བ་དང་། །སྐྱོབས་ཤིང་སྤེལ་བའི་ཕྲིན་ལས་མཛོད།་གནོད་སྦྱིན་རྒྱལ་པོ་ཀུ་བེ་ར། །སྔོན་གྱི་དམ་བཅའ་མ་ཡེལ་བར། །བདག་གི་རྔོག་ཆགས་འདི་རྣམས་ཀྱི། །སྲུང་སྐྱོབ་འཚོ་རྫི་མ་གཡེལ་ཅིག །སྐྱེས་བུ་བཛྲ་སཱ་དྷུ་ཁྱེད། །རང་གི་འོག་རྟ་གྲ་ཁལ་ལ། །འཚོ་རྫི་སྲུང་སྐྱོབ་མ་གཡེལ་ཅིག །རྟ་ནད་ནོར་ནད་ལ་སོགས་པ། །འཁོར་བའི་སྡུག་བསྔལ་ནད་དང་གདོན། །བདེན་པར་མ་གྲུབ་སྟོང་པ་ཉིད། །སྤྲོས་བྲལ་ཕྱག་རྒྱ་ཆེན་པོའི་ངང་། །སྐྱེ་འགགས་གནས་པའི་མཐའ་


CMR016_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

དང་བྲལ། །རོ་གཅིག་ཆོས་སྐུའི་ཀློང་དུ་ཐིམ། །སྟོང་ཉིད་ངང་དུ་ལམས་སེ་ལམ། །སྐྱེ་མེད་ངང་དུ་ཐ་ལ་ལ། །གང་ཤར་ངང་དུ་ངོ་བོ་སྟོང་། ཞེས་རྟ་ནད་ཀྱི་འཚེ་བ་བྱུང་དུས་སྨྲས་པ། དེར་རྟ་ཕྱུགས་ཀྱི་ནད་དང་ཐོག་སོགས་ཆོ་འཕྲུལ་ཅི་བྱུང་ཡང་ཉེས་སྐྱོན་མ་བྱུང་ཞིང་། དེ་ལྟར་རཱ་ག་ཨ་སྱས་སྨྲས་པའོ། །བཀྲ་ཤིས་ཞལ་དྲོ།། །།


previousརྟ་གོད་བསྲུང་བའི་ཕྲིན་བཅོལ།next