Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྟ་ལྷའི་གསོལ་འདེབས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྟ་ལྷའི་གསོལ་འདེབས།next

རྟ་ལྷའི་གསོལ་འདེབས།


CMR016_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་དྷརྨཱ་པཱ་ལ་ཡེ། ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས། །རྒྱ་མཚོ་ལྔ་ཡི་དཀྱིལ་འཁོར་ནས། །འོག་ཕྱོགས་དམ་ཅན་རྒྱ་མཚོའི་གཙོ། །འཕགས་པ་སྤྱན་རས་གཟིགས་དབང་ཉིད། །ནག་པོ་ཆེན་པོ་འདུལ་བ་ལ། །མ་ཧཱ་ཀཱ་ལའི་སྐུར་སྟོན་པ། །ཡེ་ཤེས་ལས་དང་འཇིག་རྟེན་ཚུལ། །རྡོ་རྗེ་བེར་ཆེན་ཕྱག་འཚལ་བསྟོད། །དེ་ཉིད་ཕྱོགས་བཅུའི་དགྲ་བགེགས་འདུལ། །ཕྱོགས་བཅུར་བསྟན་པ་སྐྱོང་བའི་ཕྱིར། །ཕྱོགས་བཅུ་མགོན་པོའི་སྐུར་སྤྲུལ་པ། །ཕྱོགས་བཅུ་མགོན་པོར་ཕྱག་འཚལ་བསྟོད། །ཤར་ཕྱོགས་མགོན་པོ་དཔལ་རབ་འཆང་། །སྐུ་མདོག་དཀར་པོ་འབྲུག་ལ་ཆིབས། །ཕྱག་ན་ནོར་བུའི་ཞགས་པ་བསྣམས། །མགོ་བརྙན་བྱེ་བ་འབུམ་གྱིས་བསྐོར། །ཉི་མའི་སྲས་པོ་ཁྱེད་ལ་བསྟོད། །སྐུ་ལས་སྤྲུལ་པའི་མགོན་པོ་ནི། །སྐུ་མདོག་དཀར་པོ་ཁྱུང་ལ་བཅིབས། །གསུང་ལས་སྤྲུལ་པའི་མགོན་པོ་ནི། །སྐུ་མདོག་དམར་པོ་བྱ་ཁྲ་བཅིབས། །ཐུགས་ལས་སྤྲུལ་པའི་མགོན་པོ་ནི། །སྐུ་མདོག་མཐིང་དམར་སེང་གེ་བཅིབས། །ཡོན་ཏན་སྤྲུལ་པའི་མགོན་པོ་ནི། །སྐུ་མདོག་དམར་སེར་སྟག་ལ་བཅིབས། །ཕྲིན་ལས་སྤྲུལ་


CMR016_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མགོན་པོ་ནི། །སྐུ་མདོག་དམར་ནག་རྟ་སྔོན་བཅིབས། །ཀུན་ཀྱང་དབུ་ལ་ཤེལ་རྨོག་གསོལ། །གསེར་ཁྲབ་མི་ཞུབས་རྟ་ཞུབས་ཅན། །ཕྱག་གཡས་ཤེལ་གྱི་རལ་གྲི་ཕྱུར། །གཡོན་པས་གསེར་གྱི་འཁོར་ལོ་བསྣམས། །ནེའུ་ལེའི་རྐྱལ་པ་མཆན་དུ་བཅུག །མདུང་དར་དམར་པོ་ཕྲག་ལ་བཀལ། །སྟག་རལ་གཟིག་ཤུབས་སྐེད་ལ་བསྐོར། །ཟ་འོག་བེར་ཆེན་སྐུ་ལ་གསོལ། །དཔལ་ལྡན་ཨཅུ་རེ་མན། །ལམ་ལྷའི་རྒྱལ་པོ་དགྲ་བླའི་མཆོག །མགོན་པོ་རྟ་མང་ཞེས་སུ་གྲགས། །རང་འདྲའི་ལྔ་བརྒྱའི་འཁོར་དང་བཅས། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །བདག་དང་རྒྱུད་པར་བཅས་པ་ལ། །མགོན་པོ་ཁྱེད་ཀྱིས་གྲོགས་མཛོད་ཅིག །རྔོག་ཆགས་འཕེལ་ཞིང་རྒྱས་པ་དང་། །རྟ་། །ནད་ཐམས་ཅད་ཞི་བ་དང། །རྔོག་ཆགས་གོད་ཁ་བཟློག་པ་དང་། །ལམ་གྱི་དགྲ་རྐུན་བཟློག་པ་དང་། །རྟ་གཡང་དངོས་གྲུབ་སྡུད་པ་དང་། །དངོས་གྲུབ་རྒྱ་ཆེན་བསྩལ་དུ་གསོལ་། །ཅེས་པ་ནག་འདས་ཐང་དུ་ཉམས་རྨི་ལམ་གྱི་མཚམས་སུ། འཕགས་པ་རེ་མནྟ་སྐུའི་ཆིབས་པ་ཡིན་ལུགས་ལུང་བསྟན་འདྲ་བ་གཉིས་ཙམ་བྱུང་བས་བྲིས་སོ།། །།


previousརྟ་ལྷའི་གསོལ་འདེབས།next