Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྟ་གཟུངས་ཀྱི་ཆོ་ག་ཅང་ཤེས་ཆར་འབེབས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྟ་གཟུངས་ཀྱི་ཆོ་ག་ཅང་ཤེས་ཆར་འབེབས།next

རྟ་གཟུངས་ཀྱི་ཆོ་ག་ཅང་ཤེས་ཆར་འབེབས།


CMR016_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་གཟུངས་ཀྱི་ཆོ་ག་ཅང་ཤེས་ཆར་འབེབས་ཞེས་བྱ་བ་བཞུགས་སོ།།


CMR016_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་བཛྲ་ཀྲོ་ཏ་ཧྱ་གྲི་ཝཱ་ཡ། བཅོམ་ལྡན་རྟ་མཆོག་དབང་གི་རྒྱལ་པོ་དང་། །བྱང་ཆུབ་སེམས་དཔའ་ཅང་ཤེས་ཉི་མའི་སྙིང་པོ་ལ་ཕྱག་འཚལ་ལོ། །འདིར་རྟ་མགྲིན་གྱི་རྒྱུད་དང་སྒྲུབ་ཐབས་དུ་མ་ནས་འབྱུང་བ་དང་། མགོན་པོ་བེར་གྱི་གཞུང་ནས་དཔལ་རབ་འཆང་བ་གསུངས་པ་དང་། རྟ་གཟུངས་རིགས་མི་གཅིག་པ་ཉི་ཤུ་རྩ་ལྔ་ཙམ་མཐོང་བའི་དོན་བསྡུས་ཏེ། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་མཛད་པའི་སྒྲུབ་ཐབས་གཞུང་མན་ངག་དུ་མ་དང་བསྟུན་ཏེ། རྟ་ལྷའི་ཆོ་ག་རྒྱས་པར་བཀོད་པ་ནི། བཅས་རྣམས་མན་ངག་ལྟར་བྱས་ལ། མན་ངག་གཏོར་མ་ཡི་དམ་སྤྱི་གཏོར་རྟ་མགྲིན་ལ་བསྔོ། རིན་ཆེན་འབར་བ་ཆེ་བ་གཅིག་ལ་ཆུང་བ་བརྒྱད་ཀྱིས་བསྐོར་བ་རྟ་ལྷ་ལ་བསྔོ། ཟན་ལ་རྟ་ཡི་གཟུགས་


CMR016_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ནས་རྟ་ལ་དྲུད་པའི་ཆངས་བུ་དེ་དང་རྟའི་སྤུ་གླུད་དང་བཅས་པ་རྟ་གླུད་བསྔོས་ལ་ཕྱིར་དོར་རོ། །ཟན་གཙང་མ་ལ་ལིངྒ་བྱས་ལ་རྟ་འདྲེ་འགུགས་གཞུག་བྱས་ལ་བསྒྲལ་ནས་སྒོའམ་ལམ་གྱི་དཀྱིལ་དུ་དོང་ཅུང་ཟད་བྲུས་ནས་མནན། དེ་འདྲ་ཚར་ཅི་མང་བྱས་ལ། རྔོག་ཆགས་བསྲུང་བྱ་དམིགས་ཡུལ་འདི་ཐམས་ཅད་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པ་རྟ་མགྲིན་རྒྱལ་པོ་ལ་སྐྱབས་སུ་མཆིའོ། །བྱང་ཆུབ་སེམས་དཔའ་ཉི་མའི་སྙིང་


CMR016_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

པོ་མི་ལུས་རྟའི་དབུ་ལ་སྐྱབས་སུ་མཆིའོ། །འཕགས་པ་ཁྲོ་བོ་རེ་མན་ལ་སྐྱབས་སུ་མཆིའོ། །བྱང་ཆུབ་སེམས་དཔའ་རྣམ་ཐོས་སྲས་ལ་སྐྱབས་སུ་མཆིའོ། །དཔལ་མགོན་པོ་ནག་པོ་ལྟརྟ་ཡི་ལྷ་ལ་སྐྱབས་སུ་མཆིའོ། །གནོད་སྦྱིན་གྱི་རྒྱལ་པོ་ཁམས་གསུམ་དབང་སྒྱུར་བ་གང་བ་བཟང་པོ་དང་རྟ་བདག་ཀུ་བེ་ར་ལ་སོགས་པའི་རྟ་ལྷ་ཐམས་ཅད་ལ་སྐྱབས་སུ་མཆིའོ། །བསྲུང་བྱ་རྔོག་ཆགས་འདི་རྣམས་ཀྱིས་ཐོག་དྲངས་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དམ་པ་དང་མི་འབྲལ་བར་གྱུར་ཅིག །ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །ཨོཾ་སྭ་བྷ་ཝ་སོགས། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་སྣ་ཚོགས་པདྨ་དང་ཉི་མ་གནོད་བྱེད་བསྣོལ་བའི་གདན་ལ་རང་གི་རྣམ་པར་ཤེས་པའི་ངོ་བོ་ཡི་གེ་ཧཱི༔དམར་པོ་ལས་རྡོ་རྗེ་རྩེ་དགུ་པ་ཧཱིཝཡིས་མཚན་པ། དེ་ལས་འོད་ཟེར་འཕྲོས་གནོད་བྱེད་ཐམས་ཅད་ཚར་བཅད། འཁོར་འདས་ཀྱི་མཐུ་སྟོབས་བྱིན་རླབས་ཚུར་བསྡུས་ཧཱི༔ལ་ཐིམ། ཡོངས་སུ་གྱུར་པ་ལས་


CMR016_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

རང་ཉིད་འཕགས་པ་རྟ་མགྲིན་སྐུ་མདོག་དུས་མཐའི་མེ་ལྟར་འབར་བ་ཞལ་རབ་ཏུ་ཁྲོས་པའི་དབུ་སྐྲ་དམར་སེར་འབར་བའི་གསེབ་ནས་རྟ་མགོ་ལྗང་ཞུར་རྟ་སྐད་ནམ་མཁའི་དབྱིངས་སུ་འཚེར་བས་རྟ་འདྲེ་གནོད་བྱེད་བརྒྱལ་བར་བྱེད་པ། སྤྱན་གསུམ་སྡང་མིག་ཕྱོགས་བཅུར་བསྒྲད་པས་གནོད་བྱེད་སྐག་ཅིང་བསྔང་བར་བྱེད་པ། ཞལ་གདངས་ཤིང་འབར་བའི་མཆེ་བ་བཞི་རབ་ཏུ་གཙིགས་པ།་ལྗགས་འདྲིལ་ཞིང་འཇིགས་པའི་གད་མོ་ཧ་ཧ་ཧི་ཧིའི་སྒྲས་ཁམས་གསུམ་གཡོ་བར་བྱེད་པ། ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་དགུ་པ་ནམ་མཁར་གསོར་ཞིང་། གཡོན་པས་སྡིགས་མཛུབ་དང་བཅས་པས་རྡོ་རྗེའི་ཞགས་པ་བསྣམས་པ། ཞབས་གཡས་བསྐུམ་གཡོན་བརྐྱངས་བས་ཡེ་ཤེས་ཀྱི་མེ་འབར་བའི་ཀློང་ནས་འགྱིང་བ། ཐོད་སྐམ་གྱི་དབུ་རྒྱན་དང་ཐོད་རློན་གྱི་དོ་ཤལ་དང་སྟག་ལྤགས་ཀྱི་ཤམ་ཐབས་གླང་ཀོའི་སྟོད་གཡོགས་དང་རུས་པའི་རྒྱན་དྲུག་སྦྲུལ་གྱིས་བརྒྱན་པའོ། །དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཐུགས་ཀའི་དབུས་སུ་ཧྲཱིཿཡིག་དམར་པོ་དེ་ལས་འོད་ཟེར་འཕྲོས་པས། བདེ་ཆེན་དབང་དྲག་རོལ་པའི་དཀྱིལ་


CMR016_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། རྒྱ་གྲི་ཝ་བཛྲ་ས་མ་ཡ་ཛཿ ཨནྡྷཾ་སོགས་ཀྱིས་མཆོད། ཁྲོ་བོའི་རྒྱལ་པོ་རྟ་མཆོག་དཔལ། །རྟ་སྐད་དྲག་པོ་བསྒྲགས་པ་ཡིས། །གདུག་པ་མ་ལུས་འདུལ་མཛད་པའི། །ཁྲོ་བོའི་རྒྱལ་ལ་ཕྱག་འཚལ་ལོ། །ཛཧཱུྃ་བཾ་ཧོ༔ དམ་ཚིག་པ་དང་དབྱེར་མེད་པར་གྱུར། སླར་ཡང་འོད་ཟེར་འཕྲོས་པས་འོད་དཔག་མེད་པས་གཙོ་བོར་གྱུར་པའི་རིགས་ལྔ་འཁོར་བཅས་སྤྱན་དྲངས། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ས་མཱ་ཛཿ ཨརྒྱུ་སོགས་ཀྱིས་མཆོད། བདག་ལ་མངོན་པར་དབང་བསྐུར་དུ་གསོལ། །ཞེས་གསོལ་བ་བཏབ་པས་བདུད་རྩི་བུམ་པས་སྤྱི་བོ་ནས་དབང་བསྐུར། ལུས་གང་དྲི་མ་དག་ཆུ་ལྷག་མ་ཡར་ལུད་པས་རྟ་དབུའི་རྩེ་མོར་འོད་དཔག་མེད་པས་དབུ་བརྒྱན་ཅིང་དབང་ལྷ་རྣམས་ཀྱང་རང་ཉིད་ལ་ཐིམ་པར་གྱུར། རང་གི་ཐུགས་ཀའི་ཉི་མའི་སྟེང་དུ་ཧཱུྃཡིག་དམར་པོའི་ནང་དུ་བསྲུང་བྱ་རྟ་རྣམས་ཚུད་ནས་ཡོད་པའི་ཧཱུྃཡིག་གི་མཐར་སྔགས་ཕྲེང་བྱུ་རུའི་ཕྲེང་བ་ལྟ་བུ་རང་སྒྲ་དང་བཅས་གཡས་སུ་འཁོར་བར་བསམ། ཨོཾ་ཧིཔདྨནྟ་ཀྲྀཏ་བཛྲ་ཀྲོ་ཏ་ཧྱ་གྲི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཅེས་བསྙེན་པ་ཅི་ནུས་བཟླ། དེ་ནས་སྲུང་འཁོར་བསྒོམ། རང་ཉིད་རྟ་མགྲིན་


CMR016_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་རྟ་སྐད་ལན་གཅིག་བཏོན་པས་རྟ་ལ་གནོད་པའི་བགེགས་ཐམས་ཅད་རང་དབང་མེད་པར་སྦྱར་མ་རླུང་གིས་དེད་པ་ལྟར་སྔངས་ཡེད་ཡེད་རང་གི་མདུན་དུ་འདུས། རྟ་སྐད་ལན་གཉིས་བཏོན་པས་དམ་ལ་བཏགས་ནས་ཕྱིན་ཆད་གནོད་པ་མི་བྱེད་པར་ཁས་བླངས་དམ་བཅས། རྟ་སྐད་ལན་གསུམ་བཏོན་པས་ད་རུང་གདུག་སེམས་འཆང་བ་རྣམས་བྱ་སྤུ་རླུང་གིས་ཁྱེར་བ་ལྟར་རྒྱ་མཚོ་ཆེན་པོའི་ཕར་འགྲམ་དུ་བསྐྲད། དེ་ནས་རང་གི་སྐུ་ལས་མེ་དཔུང་འཚུབ་ཅིང་འབར་བས་རྟ་ལ་གནོད་བྱེད་ཐམས་ཅད་བསྲེགས་ནས་མེའི་གུར་ཁང་ཁ་དོག་ལྔ་ལྡན་གཡས་ཕྱོགས་སུ་འཁྱིལ་ནས་འབར་བར་འགྱུར། དེ་ནས་རང་གི་སྐུ་ལས་འཕྲོས་པའི་འོད་ཟེར་ལས་བྱུང་བའི་མཚོན་ཆ་སྣ་ཚོགས་རྩེ་ཕྱིར་བསྟན་པའི་གུར། དེའི་ནང་དུ་དབྱུག་ཏོའི་གུར། དེའི་ནང་དུ་རལ་གྲིའི་གུར། དེའི་ནང་དུ་འཁོར་ལོ་ཁ་སྦྱོར་བ་གནམ་ལྕགས་ལས་གྲུབ་པ། རྩིབས་བྱེ་བ་འབུམ་སྡེ་རྣོ་ངར་དང་ལྡན་པ་གཡས་སུ་འཁོར་བའི་གུར། དེའི་ནང་དུ་རྡོ་རྗེའི་ས་གཞི། ར་བ། དྲྭ་བ། གུར་བླ་བྲེ། དེའི་ནང་དུ་རྟ་མགྲིན་དམར་པོ་རལ་གྲི་དང་སྡིགས་མཛུབ་ཅན་ཞལ་ཕྱིར་གྱུ་ནས་བཟློག་པའི་


CMR016_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

ལས་མཛད་པའི་གུར། དེའི་ནང་དུ་རྟ་མགྲིན་དམར་པོ་རྡོ་རྗེ་དང་ཞགས་པ་ཅན་ཞལ་ནང་དུ་རྒྱུ་ནས་སྲུང་བའི་གུར། དེའི་ནང་དུ་རང་གི་གཡས་གཡོན་དང་མདུན་རྣམས་སུ་གསེར་གྱི་ས་གཞི་དང་། གཡུའི་ནེའུ་སིང་ལ་སྨན་གྱི་ལྗང་བུ་འཁྲུངས་པ་ལ་བསྲུང་བྱའི་རྟ་རྣམས་འཁོད་པར་གྱུར། རང་གི་ཐུགས་ཀའི་ས་བོན་དང་སྔགས་ཕྲེང་ལས་འོད་ཟེར་དཀར་པོ་ཤི་སོས་ཀྱི་བདུད་རྩི་ལྟ་བུར་འཕྲོས། རྟ་རྣམས་ལ་ཕོག་པས་རྟའི་ནད་གདོན་སྡུག་བསྔལ་ཐམས་ཅད་སང་སང་དག །འོད་ཟེར་སེར་པོ་འཕྲོས་པས་རྟ་རྣམས་འཕེལ་ཞིང་རྒྱས། འོད་ཟེར་དམར་པོ་འཕྲོས་པས་འབྱུང་བའི་བཅུད་དང་ཚེ་བསོད་བསྡུས་ནས་རྟ་རྣམས་ལ་ཐིམ་པས་བཀྲག་མདངས་བཟེ་མགྱོགས་རྩལ་ཤུགས་དང་ལྡན། འོད་ཟེར་དམར་ནག་མེ་དཔུང་གི་རྣམ་པ་འཕྲོས། རྟ་ལ་གནོད་པའི་ནད་གདོན་ཐམས་ཅད་བྱ་སྒྲོ་མེ་ལ་སྲེག་པ་ལྟར་ཚར་བཅད་པར་གྱུར། འཕགས་པ་རྟ་མགྲིན་རྒྱལ་པོ་ཡིས། །རྐང་བཞིའི་རྟ་རྣམས་བསྐྱབ་ཏུ་གསོལ། །འཕགས་པ་རྟ་ལྷའི་རྒྱལ་པོ་ཡིས། །རྟ་རྣམས་ཀུན་ལ་བསྲུང་དུ་གསོལ། །ཨོཾ་བཛྲ་མ་ཧཱ་ཀྲོ་ཏ་བྷནྡྷ་ཧུ་གྲི་ཝ་ཧཱུྃ་ཕཊ། ཨོཾ་པདྨན་ཀྲྀཏ་ཧུ་ཤྲཱི་ཝ་བཛྲ་ཀྲོ་ཏ་ཧཱུྃ་ཕཊ། རྟ་


CMR016_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་སྲུངས་ཤིག་རཀྵ་རཀྵ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་ཀྲོ་ཏ་ཧྱ་གྲི་ཝ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་ཀྲོ་ཏ་ཧྱ་གྲྭ་ཝ་མ་ཧཱ་ཀྲོ་ཏ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་པདྨནྟ་ཀྲྀཏ་བྱ་གི་ཝ་བཛྲ་ཀྲོ་ཏ་ཧཱུྃ་ཕཊ། ཨོཾ་ཧཱིཔདྨ་ཏ་ཀྲྀཏ་བཛྲ་ཀྲོ་ཏ་ཧྱ་གྲི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། རྟ་འདི་རྣམས་ལ་བསྲུང་དུ་གསོལ། བསྐྱབ་ཏུ་གསོལ། ཐུགས་རྗེའི་དབང་གིས་མངའ་མཛད་དུ་གསོལ། ཨོཾ་བཛྲ་ཀྲོ་ཏ་ཧྱ་གྲི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཨོཾ་ཨཱརྱ་ཀྲོ་ཏ་རེ་མནྟ་ཧ་ན་ཧ་ན་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། འཕགས་པ་གཞོན་ནུ་རེ་མནྟས་རྟ་འདི་རྣམས་ལ་བསྲུང་དུ་གསོལ། ཅེས་ལན་གསུམ་མམ་བདུན་ཙམ་བཟླ། དེ་ནས་ཐུན་མཚམས་སུ་གཏོར་མ་བྲན་ལ། ཨོཾ་ཧིཔདྨནྟ་ཀྲྀ་ཏ་ཧཱུྃ་ཕཊ། ཨོཾ་སྭ་བྷ་ཝ་སོགས། སྟོང་བའི་ངང་ལས་རླུང་མེ་ཐོད་སྐྱེད་སྟེང་། །ཨཱལས་བྷདྡྷ་དུམ་ཅིག་ཡངས་པའི་ནང་། །གཏོར་མ་ཤ་ལྔ་བདུད་རྩི་ཡེ་ཤེས་ལྔ། །ཞུ་ཞིང་ཁོལ་བས་ཟག་མེད་བདུད་རྩིར་གྱུར། །རང་གི་ཐུགས་ཀའི་ཧཱུྃལས་འོད་འཕྲོས་པས། །འཕགས་པ་རྟ་མགྲིན་རྒྱལ་པོ་སྤྱན་དྲངས་ནས། །མདུན་གྱི་ནམ་མཁར་བཞུགས་པའི་ལྗགས་ཀྱི་རྩེ། །འོད་ཀྱི་སྦུ་གུས་གཏོར་མ་གསོལ་བར་གྱུར། །ཨོཾ་ཧཱིཔདྨནྟ་ཀྲྀ་ཏ་བཛྲ་ཀྲོ་དྷ་ཧྱ་གྲི་ཝ་ཧུ་


CMR016_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

ལུ་ཧུ་ལུ་ཧཱུྃ་ཕཊ། ཨི་དམ་བ་ལིནྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། རྒྱ་གྲྭ་ཝ་ཨགྷཾ་སོགས། ཧཱུྃ༔ རྒྱལ་བ་ཀུན་གྱི་ཆོས་སྐུ་པདྨའི་གསུང་། །ཆོས་རྗེ་འོད་དཔག་མེད་པ་རྡོ་རྗེའི་ཆོས། །སྤྱན་རས་གཟིགས་དབང་ཧྲཱིཿལས་རྔམ་ཆེན་སྐུ། །རྟ་མགྲིན་རྟ་སྐད་བཞད་ལ་ཕྱག་འཚལ་བསྟོད། །མཆོད་སྦྱིན་གཏོར་མ་འབུལ་བ་འདི་བཞེས་ལ། །རྟ་ལ་གནོད་ཅིང་འཚེ་བའི་གདོན་བགེགས་ཀུན། །སྐད་ཅིག་ཙམ་གྱིས་ཐལ་བ་རྡུལ་དུ་རློག །གནོད་བྱེད་དགྲ་རྐུན་ཐམས་ཅད་བཟློག་ཏུ་གསོལ། །རྟ་ནད་སྡོམ་དང་ཇོ་འབྲས་མཚེར་ནད་དང་། །འཁྲུགས་ཆེན་ཚ་ལོང་གྲང་ལོང་སྲིན་འགག་དང་། །རྣག་ནད་སྐྲངས་འབུར་གློ་ནད་འཐེང་གྲུམ་དང་། །གཅོང་ནད་ལ་གར་འཚུབ་བཅུ་ལ་སོགས་པའི། །རྟ་ནད་ཐམས་ཅད་བཟློག་པའི་ཕྲིན་ལས་མཛོད། །རྟ་དྲེལ་རྔོག་ཆགས་བསྲུང་ཞིང་སྐྱོབ་པ་དང་། །རྔོག་ཆགས་ཚེ་སྲོག་བརྟན་པར་མཛད་དུ་གསོལ། །དེ་ནས་གླུད་བསྡུས་པ་ནི། ཟན་ལ་རྟ་གཟུགས་བྱས་ཆངས་བུས་བསྐོར་བ་བྲན་ལ་འདི་སྐད་དོ། །ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཨོཾ་སྭ་བྷ་སོགས། སྟོང་པའི་ངང་ལས་ཧ་ཡིག་ཡོངས་གྱུར་ལས། །རྟ་གླུད་རྟ་མཆོག་རབ་མཛེས་སྒ་སྲབ་ཅན། །འཚེར་སྐད་ལྷང་ལྷང་འདུར་


CMR016_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོས་ཆེམས་སེ་ཆེམ། །གཅིག་ལས་བརྒྱ་སྟོང་ཁྲི་འབུམ་དུ་མ་འཕྲོས། །གླུད་ཀྱི་ཆངས་བུ་འདོད་ཡོན་ལོངས་སྤྱོད་ལྡན། །བགེགས་དང་ལན་ཆགས་སྣང་སྲིད་ལྷ་འདྲེ་རྣམས། །རབ་ཏུ་མགུ་ཞིང་ཚིམ་པ་ཉིད་དུ་གྱུར། །ཧཱུྃ། རྟ་དྲེལ་རྔོག་ཆགས་ཀུན་ལ་གནོད་པ་ཡི། །བགེགས་དང་ལན་ཆགས་འབྱུང་པོ་བཙན་ས་དང་། །ཟ་རེ་འཐུང་སྐོམ་བྱེད་པའི་ལྷ་སྲིན་རྣམས། །བྱམས་པའི་སེམས་ཀྱིས་ཐམས་ཅད་འདིར་འདུས་ཤིག །བཛྲ་ཊཱ་ཀི་ཧཱུྃ་ཛཿ བདེར་གཤེགས་རིན་ཆེན་མང་དང་གཟུགས་མཛེས་དང་། །འབྱམས་ཀླས་འཇིགས་ཀུན་བྲལ་ལ་ཕྱག་འཚལ་ལོ། །འདོད་ཡོན་ལྔ་ལྡན་གླུད་ཀྱི་ཆངས་བུ་དང་། །འབྲུ་སྣ་ཕྱེ་མར་བདུད་རྩིའི་ཆབ་ཀྱིས་སྦྲུས། །རྟ་དྲེལ་རྔོག་ཆགས་གཟུགས་བརྙན་འབུར་དུ་དོད། །ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་ནས། །རྟ་མཆོག་ཁྲི་འབུམ་གཡུ་དྲེལ་བརྒྱ་དང་སྟོང་། །གསེར་སྒ་གཡུ་མཐུར་མུ་མེན་གོང་རྨེད་བཅས། །འདུར་འགྲོས་ཆེམ་ཆེམ་ལྷ་འདྲེའི་སྤྱན་ལམ་མཛེས། །འཚེར་སྐད་ལྷང་ལྷང་འབྱུང་པོའི་རྣ་བར་སྙན། །ཁ་རླངས་བུན་བུན་བགེགས་རིགས་སྣ་ལ་ཞིམ། །གླུད་ཀྱི་ཆངས་བུས་ལན་


CMR016_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་བཀྲེས་སྐོམ་ཞི། །སྤུ་གླུད་མཛེས་འཇམ་ལྷ་འདྲེའི་སྐུ་ལུས་ཚིམ། །ཆུ་གཙང་བྲན་པས་ཡི་དྭགས་བཀྲེས་སྐོམ་ཞི། །འདི་འདྲའི་རྟ་གླུད་ཡ་མཚན་ལྡན་པ་འདི། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་རྣམས་ལ་སྦྱིན། །གདོན་རིགས་ཉི་ཁྲི་ཆིག་སྟོང་རྣམས་ལ་བསྔོ། །རྟ་འདྲེ་རྟིལ་སྲི་བསེན་མོ་རྣམས་ལ་སྦྱིན། །ཚེ་རབས་སྔོན་གྱི་ལན་ཆགས་རྣམས་ལ་བསྔོ། །བཙན་འདྲེ་ཡུལ་འདྲེ་སྒབ་འདྲེ་རྣམས་ལ་བསྔོ། །དམ་སྲི་གོད་འདྲེ་གྲི་བོ་རྣམས་ལ་བསྔོ། །ཐམས་ཅད་མ་ལུས་ངོམ་ཞིང་ཚིམ་གྱུར་ཅིག །ཨོཾ་ན་མ་སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམ་བྷ་ར་སམ་བྷ་ར་ཧཱུྃ། །གསུམ་མམ་བདུན་བཟླས། ཨནྡྷཾ་སོགས། ཧཱུྃ། ཉོན་ཅིག་བགེགས་དང་ལན་ཆགས་འབྱུང་པོའི་ཚོགས། །ཕྱྭ་དང་གཡང་ལ་རྐུ་བའི་བསེ་རག་དང་། །རྟ་དྲེལ་ནོར་ལ་གནོད་པའི་གོད་འདྲེ་དང་། །རྟ་ཕྱུགས་སྲིད་སྒབ་གཅོད་པའི་གོད་འདྲེ་རྣམས། །གླུད་དང་ཆངས་བུ་འདི་ཡིས་མགུ་བྱོས་ལ། །ཕྱིན་ཆད་གནོད་འཚེ་གདུག་སེམས་མ་འཆང་ཞིག །རང་གི་ལུས་ལ་གནོད་པའི་དཔེ་ལོངས་ལ། །ནམ་ཡང་ཕྱིན་ཆད་གནོད་པ་མ་བྱེད་ཅིག །ཧཱུྃ། བསླུ་མེད་དཀོན་མཆོག་གསུམ་དང་རྟ་མཆོག་


CMR016_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ། །རྡོ་རྗེ་རེ་མནྟ་ཡི་བདེན་པའི་མཐུས། །རྟ་དྲེལ་རྔོག་ཆགས་ལ་གནོད་བགེགས་ཀྱི་ཚོགས། །འདི་རུ་མ་འདུག་མྱུར་བར་གཞན་དུ་དེངས། །གལ་ཏེ་ང་ཡི་བཀའ་ལས་འདའ་གྱུར་ན། །དཔལ་ཆེན་ཁྲོ་རྒྱལ་རྟ་མཆོག་ཐུགས་ཁྲོས་ནས། །རྡུལ་ཕྲན་བཞིན་དུ་བརླག་པར་གདོན་མི་ཟ། །དེ་བས་མྱུར་བ་ཉིད་དུ་ཕྱིར་དེངས་ཤིག །ཨོཾ་ཧིཔདྨནྟ་ཀྲྀ་ཏ་བྱ་གྲི་ཝ་ཧུ་ལུ་ཧུ་ལུ་གནོད་བྱེད་རྟ་འདྲེ་རྟ་སྲི་ཐམས་ཅད་ཨུ་ཙ་ཏ་ཡ་ཧཱུྃ་ཕཊ། དེ་ནས་རོལ་མོ་དང་ཐུན་གྱིས་བྲབ། གུ་གུལ་བདུག །དེ་ནས་རྟ་ལྷའི་གཏོར་མ་བྲན་ལ། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་ཝ་སོགས། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་རང་གི་མདུན་དུ་གཡུའི་ནེའུ་སིང་གསེར་གྱི་བྱེ་མ་བརྡལ་བ། ཏཱ་ལའི་ཕྲེང་བས་བསྐོར་བའི་དབུས་སུ་བློ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་བརྩེགས་རིན་པོ་ཆེའི་དྲྭ་བ་དྲྭ་ཕྱེད་གཡེར་ཁ་དར་འཕན་གྱིས་བསྐོར་བའི་དབུས་སུ་སྣ་ཚོགས་པདྨ་དང་ཟླ་བའི་སྟེང་དུ་ཧ་ལས་རྟ་མཆོག་རྨ་བྱའི་མགྲིན་པ་ལྟར་སྔོ་ཞིང་ཆུ་རིས་དང་ལྡན་པ། ཞྭ་བཞི་ནག་པོ་རླུང་གི་ཤུགས་དང་ལྡན་པ་དར་ཟ་འོག་གི་སྟན་དང་གསེར་སྒ་གཡུ་མཐུར་ཅན། མཆོང་གི་གོང་རྨེད་དང་


CMR016_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་ཞུབ་དང་ལྡན་པའི་སྒོ་གོང་དུ་ཧཱུྃ་ཡིག་དམར་སེར་ལས་འོད་འཕྲོས་འཇིག་རྟེན་ཁམས་ཀྱི་གཏེར་བདག་ཐམས་ཅད་ཀྱི་ནུས་པ་བསྡུས་ཧཱུྃ་ལ་ཐིམ། ཡོངས་སུ་གྱུར་པ་ལས་དཔལ་འཕགས་པ་རྡོ་རྗེ་རེ་མནྟ་སྐུ་མདོག་དམར་སེར་འོད་ཟེར་འཕྲོ་བ། ཞལ་གཅིག་ཁྲོ་ལ་འཛུམ་པ། དབུ་ལ་དངུལ་གྱི་ལྕོག་ཞུ་ལ་བྱ་ཕོད་དཀར་པོ་དང་དར་གྱིས་བརྒྱན་པ་གསོལ་བ། སྐུ་ལ་དར་དམར་ལྗང་གི་བེར་དང་བསེ་ཁྲབ་སེར་པོ་ཞུ་ལུབས་སུ་མནབ་པ། ཕྱག་གཡས་རྡོ་རྗེ་རྩེ་ལྔ་པ་ནམ་མཁར་འཕྱར་ཞིང་གཡོན་པས་གཏེར་གྱི་ནེའུ་ལེ་རིན་ཆེན་སྣ་ཚོགས་སྐྱུགས་པ་བསྣམས་པ་གྲུ་མོ་གཡོན་ན་མདུང་དར་བ་དན་དམར་པོ་ཅན་འཕྱར་བ། ཞབས་གཉིས་རོལ་པའི་སྟབས་ཀྱིས་རྟ་མཆོག་གི་སྟེང་ན་འགྱིང་བ། དེའི་སྤྱི་གཙུག་ཏུ་བྱ་ཁྱུང་གཅིག་ལྡིང་ཕྲག་གོང་ན་ལྕགས་ཀྱི་བྱ་ཁྲི་གཉིས་འཇུམ་པ། རྒྱ་སྟག་དམར་པོ་གཉིས་མདུན་དུ་འགྲོ་ནས་རྟ་དྲེལ་སྲུང་བ། དུང་གི་སེང་གེ་རྒྱབ་ནས་འགྱིང་ཞིང་རལ་པ་སྤྲུག་པ། སྔོན་པོ་སྒབ་སེར་རོལ་དུ་ཁྲིད་པའོ། །དེའི་ཤར་དུ་ཧཱུྃ་ཡིག་དཀར་པོ་ལས་བྱུང་བའི་དཔལ་རབ་འཆང་བའི་མགོན་པོ་སྐུ་མདོག་དུང་ལྟར་དཀར་བ། ཞལ་གཅིག་སྤྱན་གསུམ་ཁྲོ་ཞིང་བཞད་


CMR016_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

པ། དབུ་སྐྲའི་ཐོར་ཚུགས་ལ་རིན་པོ་ཆེའི་རྩེ་བྲན་ལྔས་བརྒྱན་པ། ཕྱག་གཡས་ཤེལ་གྱི་འཁོར་ལོ་དང་གཡོན་པས་རིན་པོ་ཆེའི་ཞགས་པ་བསྣམས་པ། དར་དཀར་པོའི་ན་བཟའི་སྟེང་དུ་དར་ནག་གི་འཇོལ་བེར་གསོལ་ཞིང་གཡུ་འབྲུག་སྔོན་པོ་ལ་ཆིབས་པ། མདུན་ན་ལྕགས་ཀྱི་བྱ་ཁྲ་ལྡིང་ཞིང་ཕྱི་ན་སྟག་གཟིག་མང་པོ་འགྲོ་བའོ། །ལྷོར་ཧཱུྃ་ཡིག་སེར་པོ་ལས་བྱུང་བའི་ཨཱརྱ་རེ་མནྟ་གསེར་བཙོ་མའི་མདོག་ཅན་དར་སེར་གྱི་བེར་དང་གསེར་གྱི་ཁྲབ་མི་ཞུབ་རྟ་ཞུབ་གསོལ་བ། ཕྱག་གཡས་ཤེལ་གྱི་རལ་གྲི་ཕྱར་བ་ལས་རིན་པོ་ཆེ་ཤེལ་གྱི་ཆར་འབེབས་པ། གཡོན་ནེའུ་ལེའི་རྐྱལ་པ་ནས་རིན་པོ་ཆེ་སྣ་ཚོགས་སྐྱུགས་པ། སྔོན་པོ་ཆུ་རིས་ཞྭ་བཞི་ནག་པོའི་སྟེང་ན་རྒྱལ་པོ་རོལ་པའི་སྟབས་ཀྱིས་བཞུགས་པའོ། །དེའི་ནུབ་ཏུ་ཧཱུྃ་ཡིག་དམར་པོ་ལ་གཞོན་ནུ་རེ་མནྟ་སྐུ་མདོག་བྱུ་རུ་ལྟ་བུ་སྒེག་ཅིང་མཛེས་པ། དབུ་ལ་བསེ་རྨོག་དམར་པོ་དང་སྐུ་ལ་བསེ་ཁྲབ་དམར་སེར་གསོལ་བ། ཕྱག་གཡས་མདའ་དར་དམར་པོ་བསྣམས་པས་རྟ་གཡང་སྡུད་ཅིང་གཡོན་པས་བསེ་སྒྲོམ་སྨུག་པོ་བསྣམས་པ། རྟ་རྣམས་སྤེལ་བར་མཛད་པ། སྔོན་པོ་ཆུ་རིས་ལ་ཆིབས་པའོ། །དེའི་


CMR016_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་དུ་ཧཱུྃ་ཡིག་དམར་ནག་ལས་ཁྲོ་བོ་ཆེན་པོ་རེ་མནྟ་སྐུ་མདོག་དམར་ནག་ཁྲག་གི་མདོག་ཅན་ཞལ་གདངས་ཤིང་མཆེ་བ་གཙིགས་པ། སྤྱན་གསུམ་རབ་ཏུ་བསྒྲད་ཅིང་ལྗགས་བརྐྱང་སྨ་ར་དང་སྨིན་མ་དམར་སེར་འབར་བ། རྡོ་རྗེའི་བསེ་ཁྲབ་དང་བསེ་རྨོག་མནབ་པ། འཁོར་གསུམ་རྐེད་ལ་བསྐོར་ཞིང་གྲུ་མོ་ན་མདུང་དར་འཕྱར་བ། ཕྱག་གཡས་ཀྱིས་བྱ་ཁྲ་འགྱེད་ཅིང་གཡོན་ལྕགས་ཀྱི་མདའ་གཞུ་བསྣམས་པ། ཅང་ཤེས་སྔོན་ནག་མཚལ་ནག་རྟིང་དཀར་རླུང་གི་གཤོག་ཅན་ཆིབས་པའོ། །ཤར་ལྷོ་མཚམས་སུ་པཾ་ཡིག་ལས་བྱུང་བའི་གང་བ་བཟང་པོ་སེར་པོ་བསེ་ཁྲབ་དང་བས་རྨོག་ཅན། ཕྱག་གཡས་དཔལ་དང་འབྱོར་པས་གང་བའི་བུམ་པ་དང་། གཡོན་པས་གཏེར་གྱི་ནེའུ་ལེ་བསྣམས་ཤིང་སྔོན་པོ་ཆུ་རིས་ལ་ཞོན་པའོ། །ལྷོ་ནུབ་ཏུ་བེ་ལས་བྱུང་བའི་རྣམ་ཐོས་སྲས་སེར་པོ་རིན་པོ་ཆེའི་པྲོག་ཞུ་དང་བསེ་ཁྲབ་གསོལ་ཞིང་སེང་གེ་ལ་ཆིབས་པ། རིན་པོ་ཆེའི་དབྱུག་ཏོ་དང་ནེའུ་ལེ་བསྣམས་པའོ། །ནུབ་བྱང་དུ་ཧཱུྃ་ལས་མགོན་པོ་ནག་པོ་རྟའི་ལྷ་སྐུ་མདོག་མཐིང་ནག་ཕྱག་གཉིས་སྤྱན་གསུམ་མཆེ་བ་བཞི་གཙིགས་པ། ཕྱག་གཡས་རྡོ་རྗེ་རྩེ་ལྔ་དང་མདུང་དར་ནག་པོ་འཕྱར་


CMR016_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

བས་རྟ་ལ་གནོད་བྱེད་ཐམས་ཅད་ཟློག་པར་བྱེད་པ། གཡོན་བུམ་པ་དང་ཞགས་པས་གནོད་བྱེད་འཆིང་ཞིང་རྟ་ནག་པོ་རྟིང་དཀར་ལ་ཆིབས་ནས་གླིང་བཞི་ཡུད་ཙམ་གྱིས་བསྐོར་ནས་ཉི་ཟླ་སྐར་ཆེན་གྱི་འོད་འཕྲོ་བའོ། །བྱང་ཤར་དུ་ཀུ་ལས་ཀུ་བེ་ར་ནག་པོ་ཞལ་གཅིག་ཕྱག་གཉིས་ཁྲོས་ཤིང་ཨཾ་གཙིགས་བསྡམས་པ། སྐུ་ལ་བསེ་ཁྲབ་དང་དབུ་ལ་བསེ་རྨོག་གསོལ་བ། ཕྱག་གཡས་རལ་གྲི་བསམ་གཅོད་འབར་བ་ཕྱར་བས་རྟ་ལ་གནོད་བྱེད་ཐམས་ཅད་ཚར་གཅོད་ཅིང་། གཡོན་པས་བསྲུང་བྱའི་རྟ་རྣམས་ཀྱི་སྲབ་མདའ་ལ་བཟུང་ནས་རྫི་བོ་མཛད་པ། ཆིབས་སུ་རྟ་ནག་པོ་རླུང་གཤོག་ལ་ཞོན་པའོ། །དེ་རྣམས་ཀྱི་ཕྱི་རོལ་དུ་རྟ་ལྷ་སྤྲུལ་པའི་འཁོར་ཚོགས་གནོད་སྦྱིན་རེ་མནྟ་སྐུ་ལ་བསེ་ཁྲབ་མི་ཞུབ་རྟ་ཞུབ་གསོལ་བ། དབུ་ལ་ལྕོག་ཞུ་དཀར་པོ་བྱ་ཕོད་ཀྱིས་བརྒྱན་པ། རྟ་སྔོན་པོ་ཆུ་རིས་ལ་ཆིབས་ནས་མཚོན་ཆ་སྣ་ཚོགས་ཐོགས་ཤིང་འཛམ་གླིང་ཁྱབ་པར་རྒྱུག་པ་ལྔ་བརྒྱས་བསྐོར་བའོ། །དེའི་ཕྱི་རོལ་དུ་རྟ་ལྷ་ཀུ་བེ་ར་ལ་སྤྲུལ་པའི་འཁོར་ཚོགས་འབུམ་སྡེས་བསྐོར་བའོ། །དེ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་


CMR016_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ་མཐིང་སྔོན། ཐུགས་ཀའི་དབུས་སུ་རང་རང་གི་ས་བོན་གྱིས་མཚན་པ། དེ་ལས་འོད་ཟེར་འཕྲོས་པས་བསྒོམ་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། སྤོས་ཤུག་དུད་པ་བཏང་རྔ་རོལ་མོ་དབྱངས་དང་བཅས་པས། ཧཱུྃ། རི་རབ་ཆེན་པོ་རི་ཡི་རྩེ་མོ་ནས། །ཆོས་བཟང་ལྷ་ཡི་འདུན་ས་ཆེན་པོ་ན། །ལྷ་ཡི་སྲས་པོ་འཕགས་པ་རེ་མནྟ། ཐུགས་རྗེའི་དབང་གིས་གནས་འདིར་གཤེགས་སུ་གསོལ། །འོད་སྟོང་འབར་བ་ཉི་མའི་དཀྱིལ་འཁོར་ནས། །རླུང་རྟ་བདུན་གྱི་མངའ་བདག་རྫུ་འཕྲུལ་ཅན། །ཉི་མའི་སྲས་པོ་གཞོན་ནུ་རེ་མན། །མཆོད་ཅིང་བསྒྲུབ་པའི་གནས་འདིར་གཤེགས་སུ་གསོལ། །ལྷ་གནས་དགའ་བའི་ཚལ་དང་འདྲེས་པའི་ཚལ། །ཚལ་ཆེན་བཞི་དང་ཉི་མ་ཤར་ཕྱོགས་ནས། །ལྷ་རྣམས་ཡོངས་ཀྱི་སོ་པ་སྤྱན་རྣོན་པོ། །དཔལ་རབ་འཆང་བའི་མགོན་པོ་གཤེགས་སུ་གསོལ། །ལྷ་དམག་འབུམ་གྱི་ལམ་མཁན་ལམ་གྱི་ལྷ། །རྐང་བཞི་རྫོག་ཆགས་ཀུན་གྱི་བདག་པོ་སྟེ། །རྟ་སྲི་སྒྲོལ་མཛད་ཁྲོ་བོ་རེ་མནྟ། །ལམ་ལྷ་ཆེན་པོ་གནས་འདིར་གཤེགས་སུ་གསོལ། །ལྕང་ལོ་ཅན་དང་ཡར་འབྲོག་ཧ་བོའི་གངས། །རྣམ་པར་རྒྱལ་པའི་ཁང་བཟང་དམ་པ་ནས། །སྲིད་


CMR016_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་བདག་པོ་གནོད་སྦྱིན་གང་བ་བཟང་། །དཔལ་དང་འབྱོར་པ་སྤེལ་ཕྱིར་གཤེགས་སུ་གསོལ། །རི་རབ་བྱང་ཕྱོགས་གཉའ་ཤིང་འཛིན་གྱི་རྩེ། །རིན་ཆེན་ཕོ་བྲང་བདུན་བརྩེགས་མཛེས་པ་དང་། །བྱང་ཕྱོགས་རི་མཐོ་ས་གཙང་ཐམས་ཅད་ནས། །སེམས་དཔའ་རྣམ་མང་ཐོས་སྲས་གཤེགས་སུ་གསོལ། །བྱང་ཤར་རྩུབ་གྱུར་ཚལ་དང་བསིལ་བའི་ཚལ། །གདོང་དམར་བྲག་དང་རིན་ཆེན་ཆོས་བྲག་ནས། །རྟ་ཡི་སྲུང་མ་མ་ཧཱ་ཀཱ་ལ་ཆེ། །དམ་ཚིག་དབང་གིས་གནས་འདིར་གཤེགས་སུ་གསོལ། །བྱང་ཕྱོགས་འཇིག་རྟེན་གནོད་སྦྱིན་ཕོ་བྲང་དང་། །གླིང་བཞི་མུན་སེལ་ཟླ་བའི་དཀྱིལ་འཁོར་ནས། །ཟླ་བའི་སྲས་པོ་རྟ་བདག་ཀུ་བེ་ར། །རྟ་རྣམས་བསྲུང་ཕྱིར་གནས་འདིར་གཤེགས་སུ་གསོལ་། །ནོར་ལྷ་ཆེན་པོའི་བཀའ་ཉན་སྲུང་མའི་ཚོགས། །སྤྲུལ་པའི་རྟ་ལྷ་ལྔ་བརྒྱ་གནོད་སྦྱིན་འབུམ། །ནོར་ལྷ་བྱེ་བ་ས་ཡ་འབུམ་དང་བཅས། །མཆོད་པའི་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཨོཾ་ཨཱརྱ་རེ་མན་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿཛཿ ཧཱུྃ། རིན་ཆེན་ས་གཞི་གཡུ་ཡི་ནེའུ་སིང་བཀྲམ། །གསེར་གྱི་བྱེ་མ་བདུད་རྩིའི་རྫིང་བུས་


CMR016_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

གཏམ། །ཏཱ་ལའི་ཕྲེང་བས་ཡོངས་སུ་བསྐོར་བའི་དབུས། །རིན་ཆེན་ཁང་བརྩེགས་གསེར་གྱི་དྲ་བས་སྤྲས། །དར་གྱི་ལྡ་ལྡི་གཡེར་ཁ་མང་པོས་བརྒྱན། །དེ་དབུས་སྣ་ཚོགས་པདྨ་ཟླ་བའི་སྟེང་། །རླུང་གི་ཤུགས་ཅན་ཅང་ཤེས་སྔོན་པོའི་ཁྲི། །གཙོ་དང་འཁོར་དུ་འཚམས་པའི་གདན་ཁྲི་ལ། །འཕགས་པ་རྡོ་རྗེ་ཁྲོ་བོ་རེ་མནྟ། །འཁོར་དང་བཅས་པ་དགྱེས་ཤིང་བཞུགས་སུ་གསོལ། །ཨོཾ་ཨཱརྱ་རེ་མན་ས་པ་རི་ཝཱ་ར་ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཏིཥྛ་ལྷན། ཧཱུྃ། ཉི་མ་ཤར་རོ་དཔལ་ཤར་རོ། །དཔལ་རབ་འཆང་བའི་མགོན་པོ་སྟེ། །ལམ་གྱི་རྒྱལ་པོ་བདེ་མཛད་པ། །དགྲ་བླའི་མཆོག་སྟེ་ཉི་མའི་སྲས། །གཟི་ལྡན་ཁྱོད་ལ་ཕྱག་འཚལ་ལོ། །འགྲོ་བ་ཉམ་ཐག་དོན་སླད་དུ། །ཐུགས་རྗེའི་དབང་གིས་མགོན་མཛད་པ། །ལམ་གྱི་དགྲ་དང་འཇིགས་པ་སེལ། །ཁྱུ་མཆོག་རྟ་རྣམས་སྤེལ་མཛད་པ། །མངའ་མཛད་ཐུབ་དབང་ལྷ་ཡི་ལྷ། །ཐུགས་ཀྱི་ལྷ་ལ་ཕྱག་འཚལ་ལོ། །ཕྱག་འཚལ་གཞོན་ནུ་རེ་མན། །བདག་གིས་དུས་རྣམས་ཐམས་ཅད་དུ། །ལྷ་མཆོག་ཁྱོད་ལ་དད་པ་ཡིས། །གུས་པའི་སེམས་ཀྱིས་ཕྱག་འཚལ་ལོ། །ཨོཾ་ཨཱརྱ་རེ་མན་ཨ་ཏི་པཱུ་ཧོ༔ པྲ་


CMR016_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

ཏི་ཛ་ཧོ༔ ཧཱུྃ། ཁྲོ་བོ་གཞོན་ནུ་རེ་མནྟ། །སྤྲུལ་པའི་འཁོར་དང་ཡང་གཡོག་བཅས། །གནོད་སྦྱིན་རྣམ་སྲས་གང་བ་བཟང་། །མ་ཧཱ་ཀཱ་ལ་ཀུ་བེ་ར། །ཁྱེད་རྣམས་སྔོན་གྱི་དམ་ཚིག་ཅན། །བཅོམ་ལྡན་ཤཱཀྱ་ཐུབ་པ་དང་། །རྟ་མགྲིན་གསང་བདག་པད་འབྱུང་གི། །སྤྱན་སྔར་རང་སྲོག་སྙིང་པོ་ཕུལ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །སངས་རྒྱས་བསྟན་པ་བསྲུང་བ་དང་། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །རྔོག་ཆགས་རྟ་དྲེལ་བསྲུང་བ་དང་། །སྤེལ་ཞིང་རྒྱས་པར་བྱ་བའི་ཕྱིར། །རང་རང་གཟུངས་སྔགས་ཕུལ་བ་ཡི། །དམ་ཚིག་གཉེན་པོ་དགྱེས་དགོངས་ལ། །བདག་གིས་བཅོལ་བའི་ཕྲིན་ལས་ནི། །མ་ཐོགས་མྱུར་དུ་གྲུབ་པར་མཛོད། །ཨོཾ་ཨཱརྱ་རེ་མན་ས་པ་རི་ཝཱ་ར་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ། ལྕེ་ལ་བདུད་རྩི་བྱིན་པར་བསམ། བུམ་ཆུའི་བདུད་རྩི་གཏོར། ཧཱུྃ། རྒྱལ་བ་རིགས་ལྔ་ཡེ་ཤེས་ལྔ་ཡི་དངོས། །དགོས་འདོད་ཀུན་འབྱུང་རིན་ཆེན་ཅོད་པན་མཆོག །དུས་གསུམ་རྒྱལ་བའི་དབང་བསྐུར་བླ་ན་མེད། །གཏེར་བདག་གནོད་སྦྱིན་རྣམས་ལ་འབུལ་བར་བགྱི། །ཨོཾ་རཏྭཱ་མུ་ཀུ་ཊཾ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་ཅོད་པན་གྱི་ཕྱག་རྒྱས་དབང་


CMR016_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུར་རོ། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཨོཾ་སྭ་བྷཱ༔ སྟོང་པའི་ངང་ལས་རིན་ཆེན་སྣོད་ནང་དུ། །ཉེར་སྤྱོད་འདོད་ཡོན་རིན་ཆེན་འབྲུ་སྨན་དང་། །རྟེན་རྫས་སྐོང་རྫས་སྒྲུབ་རྫས་མཆོད་པའི་རྫས། །རྒྱ་ཆེན་ཟད་མི་ཤེས་པ་ནམ་མཁའི་མཛོད། །ཟག་མེད་བདེ་བ་སྐྱེད་པ་ཉིད་དུ་གྱུར། །ཨོཾ་བཛྲ་སྤ་ར་ཎ་ཁཾ། ཧཱུྃ། འཕགས་མཆོག་རྡོ་རྗེ་ཁྲོ་བོ་རེ་མནྟ། །རིགས་བཞིའི་འཁོར་དང་ཁྲོ་བོ་རང་འདྲར་བཅས། །གང་བཟང་རྣམ་སྲས་མགོན་པོ་ཀུ་བེ་ར། །ཡང་འཁོར་ནོར་ལྷ་བྱེ་བའི་ཚོགས་བཅས་ལ། །ཡན་ལག་བརྒྱད་ལྡན་ཆབ་དང་བསིལ་བའི་ཆུ། །འདབ་བརྒྱད་ཁ་དོག་མཛེས་པ་པདྨའི་ཚོགས། །སྤོས་དཀར་ཨ་ག་རུ་དང་ཙནྡན་དང་། །འབྲུ་མར་རྩི་མར་རིན་ཆེན་ནོར་བུའི་འོད། །བཟང་ཤིང་དྲི་ཞིམ་ངད་ལྡན་གཙང་མའི་ཆབ། །རོ་མཆོག་བརྒྱ་ལྡན་ཞལ་ཟས་སྣ་ཚོགས་དང་། །རྔ་དང་དྲིལ་བུ་སིལ་ཉན་རོལ་མོའི་དབྱངས། །སྐུ་གཟུགས་ཅང་ཤེས་རྟོགས་བཀྲ་མཛེས་པའི་གཟུགས། །བསྟོད་དབྱངས་གཟུགས་ཀྱི་འཛབ་དབྱངས་སྙན་པའི་སྒྲ། །བཟང་ཤིང་ཟས་སྣ་སྤོས་དཀར་བསྲེག་པའི་དྲི། །དཀར་གསུམ་མངར་གསུམ་ཟས་ཕུད་ཚོགས་པའི་རོ། །སྣ་ཚོགས་


CMR016_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

དར་ཟབ་སྟག་རས་གཟིག་རས་དང་། །དངོས་འབྱོར་ཡིད་སྤྲུལ་མཆོད་པ་རྒྱ་མཚོ་འབུལ། །གཞན་ཡང་མཆོད་པའི་བྱེ་བྲག་འབུལ་བ་ནི། །དམིགས་རྟེན་རིས་སུ་བྲིས་དང་འབུར་དུ་བཏོད། །དཔག་མེད་དངོས་འདྲ་ནམ་མཁའ་གང་བར་སྤྲོས། །འཁོར་ལོ་ནོར་བུ་བཙུན་མོ་གླང་པོ་མཆོག །རྟ་མཆོག་དམག་དཔོན་བློན་པོ་རིན་པོ་ཆེ། །གདུགས་དང་དུང་དཀར་གསེར་ཉ་པད་མ་མཆོག །བུམ་པ་དཔལ་བེ་འཁོར་ལོ་རྒྱལ་མཚན་དང་། །མེ་ལོང་ལི་ཁྲི་དུང་དང་གི་ཝང་དང་། །དཱར་བ་ཞོ་དང་བིལ་བ་ཀུ་ཤ་དང་། །ཀྱི་ཡོ་བྱད་ཕུན་སུམ་ཚོགས་པ་རྒྱ་མཚོ་འབུལ། །སྨན་ལྔ་དྲི་ལྔ་འབྲུ་ལྔ་སྙིང་པོ་ལྔ། །རིན་ཆེན་ལྔ་དང་དར་ཚོན་སྣ་ལྔ་དང་། །མདའ་དང་མདུང་དང་བསེ་ཁྲབ་རྨོག་ཞུ་དང་། །དར་བེར་ལྗང་བཀྲ་ཅང་ཤེས་ཆུ་རིས་སོགས། །མཐུན་རྫས་རྣམ་པ་དུ་མ་འབུལ་བར་བགྱི། །ཨོཾ་ཨཱརྱ་རེ་མན་ས་པ་རི་ཝཱ་ར་ཨགྷཾ་སོགས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་ཝ་སོགས། ཧཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་ཨཱཿཧཱུྃ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་དཀར་གསུམ་མངར་གསུམ་འདོད་པའི་ཡོན་ཏན་ལྔ་དང་


CMR016_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པར་གྱུར་པ་ལ། རྟ་ལྷ་རྣམས་ཀྱི་ལྗགས་ལས་འོད་ཀྱི་སྨྱུ་གུ་བྱུང་སྟེ་གསོལ་བར་གྱུར། ཨོཾ་ཨ་ཀཱ་རོ་སོགས། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱསོགས། ཨོཾ་བཛྲ་ཀྲོ་ཏ་རེ་མན་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་བུདྡྷ་ཀྲོ་ཏ་རེ་མན་ཨི་དཾ༴ ཨོཾ་ཨཱརྱ་རེ་མནྟ་ཨི་དཾ༴ ཨོཾ་ཀུ་མཱ་ར་རེ་མན་ཨི་དཾ༴ ཨོཾ་མ་ཧཱ་ཀྲོ་ཏ་རེ་མནྟ་ཨི་དཾ༴ ཨོཾ་པུ་ཎ་བྷ་དྭ་ཡ་ཨི་དཾ༴ ཨོཾ་བཻ་ཤྲ་མ་ཎཱ་ཡ་ཨི་དཾ༴ ཨོཾ་མ་ཧཱ་ཀཱ་ལ་གྷོ་ར་དེ་ཝ་ཨི་དཾ༴ ཨོཾ་ཀུ་བེ་རཱ་ཡ་ཨི་དཾ༴ ཨོཾ་སརྦ་ཡགྷ་གྷོ་ར་དྷེ་ཝ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། དམ་རྫས་བདུད་རྩིའི་གཏོར་མ་རྒྱ་ཆེན་པོ་འདི་བསྔོ་ཞིང་འབུལ་བའི་གནས་སུ་གྱུར་པ་ནི། དཔལ་རྡོ་རྗེ་ཁྲོ་བོ་ཆེན་པོ་རེ་མན་སྐུ་གསུང་ཐུགས་འཁོར་དང་བཅས་པ། དཔལ་རབ་འཆང་བའི་མགོན་པོ། ལམ་ལྷ་ཆེན་པོ་འཕགས་པ་རེ་མནྟ། ཉི་མའི་སྲས་པོ་གཞོན་ནུ་རེ་མནྟ། ཁྲོ་བོ་ཆེན་པོ་རྟ་ལྷ་རེ་མན། རྡོ་རྗེ་གནོད་སྦྱིན་རྣམ་ཐོས་སྲས། དཔལ་འབྱོར་གང་བ་བཟང་པོ། རྟ་ལྷ་མགོན་པོ་ནག་པོ། རྟ་བདག་ཀུ་བེ་ར་ལ་སོགས་པ་རྟ་ལྷ་འཁོར་སྤྲུལ་པ་ཡང་སྤྲུལ་གཡོག་དང་བཅས་པ་རྣམས་ཀྱི་ཞལ་དུ་འབུལ་ལོ། །སྐུ་གསུང་ཐུགས་མཉེས་ཤིང་ཚིམས་ནས་སྤྱིར་


CMR016_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀྱི་བསྟན་པ་དར་བ་དང་། ཁྱད་པར་དུ་བདག་གི་རྟ་རྣམས་བསྲུང་ཞིང་བསྐྱབ་པ་དང་། སྡོམ་ལྷད་གྲང་བ་འཐེང་གྲུམ་ལ་སོགས་པའི་རྟ་ནད་ཐམས་ཅད་རབ་ཏུ་ཞི་བ་དང་། ལམ་གྱི་དགྲ་དང་གློ་བུར་གྱི་དགྲ་རྐུན་ཐམས་ཅད་བཟློག་པ་དང་། བདག་གི་རྟ་དྲེལ་རྔོག་ཆགས་ཐམས་ཅད་འཕེལ་ཞིང་རྒྱས་པ་དང་། ཚེ་བསོད་བརྟན་པའི་ཕྲིན་ལས་མཛོད་ཅིག །ཧཱུྃ། འཕགས་མཆོག་བྱང་ཆུབ་སེམས་དཔའ་རེ་མནྟ། །འགྲོ་བ་རྐང་འཁྱམས་ངལ་བ་སྐྱོབ་པའི་ཕྱིར། །རྟ་ལྷར་སྤྲུལ་ནས་རྔོག་ཆགས་འཕེལ་མཛད་པ། །རྡོ་རྗེ་རེ་མན་ལ་ཕྱག་འཚལ་བསྟོད། །གླིང་བཞིའི་མུན་པ་མ་ལུས་སེལ་བའི་ཕྱིར། །རྫུ་འཕྲུལ་རླུང་གི་རྟ་བདུད་རབ་སྐྱོད་པ། །ཉི་མའི་དཀྱིལ་འཁོར་མཁའ་ལ་སྤྲིན་བཞིན་དུ། །གཞོན་ནུ་རེ་མནྟ་ལ་ཕྱག་འཚལ་བསྟོད། །ལྷ་ཆེན་ཉི་མའི་སྲས་སུ་སྐུ་འཁྲུངས་ཤིང་། །དགུང་སྔོན་དབུས་ནས་གླིང་བཞི་ཁྱབ་པར་རྒྱུག །ཉི་མའི་གཞལ་ཡས་རླུང་རྟ་བདུན་གྱི་བདག །ཉི་མའི་སྲས་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །སྔོན་ཚེ་ལྷ་དང་ལྷ་མིན་འཐབ་པའི་ཚེ། །ལྷ་དམག་བྱེ་བ་འབུམ་གྱི་ལས་མཁན་མཛད། །ཁྱོད་སྔགས་དྲན་


CMR016_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

པས་ལམ་གྱི་འཇིགས་པ་སེལ། །ལམ་ལྷ་ཆེན་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །ཐུབ་དབང་དྲུང་དུ་རང་སྲོག་གཟུངས་སྔགས་ཕུལ། །འགྲོ་བའི་ཕོངས་པ་སེལ་བར་དམ་བཅས་པའི་། །ནོར་ལྷ་ཆེན་པོ་ཨཱརྱ་རེ་མནྟ། །རྔོག་ཆགས་སྤེལ་མཛད་ཁྱོད་ལ་ཕྱག་འཚལ་བསྟོད། །རྒྱལ་བའི་བསྟན་དང་རྔོག་ཆགས་རྟ་རྣམས་ལ། །གནོད་པའི་དགྲ་བགེགས་འབྱུང་པོ་ལམ་གྱི་དགྲ། །རྡུལ་དུ་བརླག་ཕྱིར་རབ་ཁྲོས་གཏུམ་པོའི་སྐུ། །ཁྲོ་བོ་རེ་མནྟ་ལ་ཕྱལ་འཚལ་བསྟོད། །སུམ་རྩེན་ཆོས་བཟང་ལྷ་ཡི་འདུན་ས་ན། །ལྷ་མིན་གདུག་པའི་བར་ཆད་བསལ་བའི་ཕྱིར། །སོ་དང་བྱ་ར་མཛད་པ་ལྷ་ཡི་དཔལ། །དཔལ་རབ་འཆང་བའི་མགོན་པོ་ཁྱོད་ལ་བསྟོད། །རྣམ་པར་རྒྱལ་བའི་ཁང་བཟང་དམ་པ་ནས། །ཁམས་གསུམ་དབང་བསྒྱུར་དཔལ་དང་འབྱོར་པའིདཔལ། །ཐུགས་དམ་སྲོག་སྙིང་དངོས་གྲུབ་སྟེར་མཛད་པའི། །གནོད་སྦྱིན་གང་བ་བཟང་པོར་ཕྱག་འཚལ་བསྟོད། །བྱང་ཆུབ་སེམས་དཔའ་གསེར་འདྲ་སེང་གེ་ཞོན། །མི་འཇིགས་སྐྱོབ་ཕྱིར་རིན་ཆེན་དབྱུག་ཏོ་འཛིན། །ནོར་རྣམས་སྤེལ་ཕྱིར་ཕྱག་གཡོན་ནེའུ་ལེ་བསྣམས། །རྟ་ནོར་སྤེལ་མཛད་རྣམ་ཐོས་སྲས་ལ་


CMR016_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད། །རྣལ་འབྱོར་དགྲ་ལྷ་དུག་གསུམ་ནད་ཀྱི་སྨན། །རིག་འཛིན་སྲོག་ཤིང་ལྷ་ཡི་སྡེ་དཔོན་མཆོག །རྟ་ལྷ་མགོན་པོ་རྟ་ནག་རྟིང་དཀར་ཆིབས། །ཉི་ཟླ་སྐར་ཆེན་འོད་ཟེར་འཕྲོ་ལ་བསྟོད། །གནོད་སྦྱིན་སྡེ་དཔོན་རྟ་བདག་ཀུ་བེ་ར། །མཐིང་ནག་རལ་གྲི་འབར་བས་གནོད་སྦྱིན་སྡིགས། །ཕྱག་གཡོན་སྲབ་མདའ་འཛིན་པས་རྫི་བོ་མཛད། །རྟ་ཡི་སྲུང་མ་ཁྱོད་ལ་ཕྱག་འཚལ་བསྟོད། །སྤྲུལ་པའི་རྟ་ལྷ་ཨཱརྱ་རེ་མནྟ། །ལྔ་བརྒྱའི་གྲངས་ལྡན་རྟ་སྔོན་གསེར་ཞུབ་ཅན། །ཡང་འཁོར་གནོད་སྦྱིན་ནོར་ལྷ་བྱེ་བ་འབུམ། །མ་ལུས་འཁོར་དང་བཅས་ལ་བདག་བསྟོད་དོ། །ཅེས་བསྟོད། རང་ཉིད་རྟ་མགྲིན་གྱི་ཐུགས་ཀ་ནས་ཧྲཱིཿལ་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་ཁ་དོག་སྣ་ཚོགས་འཕྲོས། མདུན་བསྐྱེད་རྣམས་ཀྱི་ཐུགས་ཀར་རང་སྔགས་ཀྱིས་བསྐོར་བ་ལ་ཕོག །ཐུགས་དམ་གྱི་རྒྱུད་བསྐུལ་ནས་དངོས་གྲུབ་ཐམས་ཅད་འོད་ཟེར་གྱི་ཚུལ་དུ་རང་ལ་ཐིམ་པ་དང་། འོད་ཟེར་བསྲུང་བྱའི་རྟ་རྣམས་ལ་ཕོག །རྟ་ནད་ཐམས་ཅད་བ་མོ་ལ་ཉི་ཟེར་ཕོག་པ་ལྟར་སང་སང་དག་ཅིང་བསལ། རྟ་རྣམས་ཚེ་སྲོག་རབ་ཏུ་བརྟན་པ་དང་འཕེལ་ཞིང་རྒྱས་པར་གྱུར། དཀོན་


CMR016_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གསུམ་ལ་ཕྱག་འཚལ་ལོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཨོཾ་ཧཱུྃབཛྲ་ཀྲོ་ཏ་ཧྱ་གྲི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཨོཾ་ཨཱརྱ་ཀྲོ་ཏ་རེ་མནྟ་ཧ་ན་ཧ་ན་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། འཕགས་པ་གཞོན་ནུ་རེ་མནྟས་རྟ་རྣམས་བསྲུང་དུ་གསོལ། ཅེས་བཟླ་བ་ནི་བདག་མདུན་གཉིས་སྦྲགས་ལ་བསྒྲུབ་པའོ། །རང་གི་ཐུགས་ཀ་ནས་འོད་ཟེར་སྣ་ཚོགས་བྱུང་། རྡོ་རྗེ་རེ་མནྟའི་ཞལ་དུ་མཆོད་པའི་ཚུལ་དུ་ཞུགས། ཐུགས་ཀའི་སྔགས་ཕྲེང་ལ་ཐིམ་པས་ཐུགས་རྒྱུད་བསྐུལ་ཏེ། ལྟེ་བ་ནས་ཐུགས་ཀར་ཐིམ་པས་དངོས་གྲུབ་ཐམས་ཅད་ཐོབ་པར་གྱུར། ཨོཾ་བཛྲ་ཀྲོ་ཏ་རེ་མན་ཧ་ན་ཧ་ན་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་ཀྲོ་ཏ་རེ་མན་ཧ་ན་ཧ་ན་ཧཱུྃ་ཧཱུྃ་ཕཊ་ཕཊ། ཨོཾ་བཛྲ་རེ་མན་ཧ་ན་ཧ་ན་ཧཱུྃ་ཕཊ། རང་གི་ཐུགས་ཀ་ནས་འོད་ཟེར་དཀར་པོ་འཕྲོས། དཔལ་རབ་འཆང་བའི་མགོན་པོའི་ཐུགས་རྒྱུད་བསྐུལ། འོད་ཟེར་དཀར་པོ་ཟླ་བའི་འོད་ཟེར་ལྟ་བུ་འཕྲོས། རྟ་རྣམས་ལ་ཕོག་པས་རྟ་ནད་ཐམས་ཅད་སང་སང་དག་པར་གྱུར། ཨོཾ་བུདྡྷ་ཀྲོ་ཏ་རེ་མན་ཧ་ན་ཧ་ན་ཧཱུྃ་ཧཱུྃ་ཕཊ། ན་མོ་རཏྣ་ཏྲ་ཡཱ་ཡ། ཧ་དེ་ཕུ་ནི་ཧ་དེ་ཕུ་ནི་ཧ་སྭཱ་ཧཱ། ཏདྱ་ཐཱ། ཤི་མ་ཐི་ར་མ་ཐི་ར་མ་ཐི་ར་བྷ་ཕཊ། ཕུ་


CMR016_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

ཏ་པ་ར་མ་ཏི་ནི། དྷ་ར་དྷ་ར། དྷི་རི་དྷི་རི། ཨུ་སུ་རི་ཏི་སྭཱ་ཧཱ། ན་མོ་རཏྣ་ཏྲ་ཡཱ་ཡ་ཧ་དེ་ཕུ་ནི་ཨུ་ཏི་སྭཱ་ཧཱ། རང་གི་ཐུགས་ནས་འོད་ཟེར་སེར་པོ་འཕྲོས། །ཨཱརྱ་རེ་མནྟའི་ཐུགས་རྒྱུད་བསྐུལ། འོད་ཟེར་གསེར་བཙོ་མ་ལྟ་བུ་བྱུང་ནས་རང་གི་རྟ་དང་གནས་ཁང་ཐམས་ཅད་ལ་ཁྱབ་པས་རྟ་དྲེལ་རྔོག་ཆགས་ཐམས་ཅད་འཕེལ་ཞིང་རྒྱས་པར་གྱུར། ན་མོ་རཏྣ་ཏྲ་ཡཱ་ཡ་ཧ་དེ་ཕུ་ནི་ཧ་དེ་ཕུ་ནི་ཕུ་ཕུ་སྭཱ་ཧཱ། ཏདྱ་ཐཱ། ཐི་རི་ཐི་རི། པྲ་ཛྙཱ་པ་ར་ཏི་ནི། ད་ར་ད་ར། དྷི་རི་དྷི་རི། ཨུ་ཡུ་ཏི་ནི་སྭཱ་ཧཱ། ན་མོ་རཏྣ་ཏྲ་ཡཱ་ཡ། ཨ་མ་ཝེར་ན་དྷེ་ཝ་ཨ་སུ་ཨུ་པ་ནི་སྭཱ་ཧཱ། ཨཱརྱ་རེ་མནྟ་སྭཱ་ཧཱ། ཨོཾ་ཨཱརྱ་རེ་མན་ཀྲོ་དྷ་རཀྵ་རཀྵ་ཡ་སྭཱ་ཧཱ། ཨཱརྱ་རེ་མན་ཧེ་ཧེ་ཕུ་ཀ་སྭཱ་ཧཱ། རང་གི་ཐུགས་ཀ་ནས་འོད་ཟེར་གློག་ཞགས་ལྟ་བུ་འཕྲོས། གཞོན་ནུ་རེ་མནྟའི་ཐུགས་རྒྱུད་བསྐུལ་བས་འོད་ཟེར་དམར་པོ་ལྕགས་ཀྱུ་དང་ཞགས་པ་ལྟ་བུ་འཕྲོས། འཇིག་རྟེན་ཁམས་ཐམས་ཅད་ཀྱི་རྟ་དྲེལ་རྔོག་ཆགས་ཐམས་ཀླུ་ཅད་ཀྱི་གཡང་དང་དངོས་གྲུབ་བསྡུས་ནས་རང་དང་བསྲུང་བྱ་ལ་ཐིམ་པར་གྱུར། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ས་དོང་ཀ་རཱ་ཙ། བྷཱུ་ཧ་བ་ན་དེ་བྷུ་ནེ་སྭཱ་ཧཱ། ན་མོ་དེ་བ་པུ་ཏྲ་པྲ་ཧ་ཧེ་


CMR016_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

པུ་བྷི་དྷི་དྷི་དེ་ཤུ་ནི་ཧ་རེ་པུ་ནི་དེ་སྭཱ་ཧཱ། ཨོཾ་ཏདྱ་ཐཱ། བྲི་ཡེ་ཤི་ཡེ་མ་ནུ། པྲ་ཛྙཱ་བར་ཏེ་ན་ཙ་ར། ཙ་ར་ཨི་ཊཾ་ཏ་ནི་དྷི་རི་དྷི་རི་བྷུ་དྷ་ནི་སྭཱ་ཧཱ། ཨོཾ་ཨཱརྱ་རེ་མནྟ་བདྲག་གི་དབང་དུ་གྷོ་ར་སརྦ་པ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ། ན་མོ་རཏྣ་ཏྲ་ཡཱ་ཡ། ཧ་དེ་ཕུ་ནི་ཧ་དེ་ཕུ་ནི་སྭཱ་ཧཱ། ཏདྱ་ཐཱ། གྲི་ནི་ཡེ་ཤི་ཡེ་པུ་ཎི་ཛི་པ་ར། ཏ་ར་ནི་དྷ་ར་དྷ་ར། དྷི་རི་དྷི་རི་ཨུ་ཨུ་ཏི་ནི་སྭཱ་ཧཱ། རང་གི་ཐུགས་ཀ་ནས་འོད་ཟེར་དམར་ནག་འཕྲོས། ཁྲོ་བོ་རེ་མནྟ་ལ་ཕོག་པས་དབུ་གཙུག་དང་ཕྲག་པའི་ཁྱུང་དང་ལྕགས་ཀྱི་བྱ་ཁྲ་ལས་ཁྱུང་དང་བྱ་ཁྲའི་ཚོགས་སྤྲོས་པས་ནམ་མཁའ་བར་སྣང་གང་། མདུན་རྒྱབ་ཀྱི་སྟག་སེང་ལས་སྟག་དང་སེང་གེའི་ཚོགས་སྤྲོས་པས་ས་གཞི་ཁྱབ་སྟེ། རྟ་ལ་གནོད་པའི་དགྲ་བགེགས་ཐམས་ཅད་ལ་བྱ་ཁྲ་དང་ཁྱུང་གི་ཚོགས་འཇུམ་ཞིང་ཀླད་པ་བཏོན། སྟག་དང་སེང་གེས་ཟོས། གདོན་དང་གདུག་པ་ཐམས་ཅད་བྱ་ཁྱུང་གི་ཚོགས་ཀྱིས་དེད་ནས་བསྐྲད་པས་མཚམས་བཅད་པར་གྱུར། ཨོཾ་མ་ཧཱ་ཀྲོ་ཏ་རེ་མན་ཧ་ན་ཧ་ན་ཧཱུྃ་ཕཊ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་གང་བ་བཟང་པོའི་ཐུགས་རྒྱུད་བསྐུལ། འོད་ཟེར་སེར་པོ་འཕྲོས་ཤིང་རྟ་རྣམས་ལ་ཐིམ་པས། རྟ་རྣམས་


CMR016_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

བསྲུང་ཞིང་སྤེལ་བ་དང་། །རྟའི་དཔལ་གཡང་ཐམས་ཅད་སྤེལ་བར་གྱུར། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་སྦེ་ཡ་དྷི་ལོཀྱ་བྷ་ཧ་ར་བྷི་ཀྲི་ཏ་པ་ཡ་ད་ན། རྟ་འདི་རྣམས་ལ་སྲུངས་ཤིག །ནོར་རྣམས་སྤེལ་ཅིག་སྭཱ་ཧཱ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་སྦེ་ལོཀྱ་བྷུ་ཏི་བྷུ་ར་ཏི་ཏེ་ཡ་ན། རྟ་རྣམས་ལ་སྲུངས་ཤིག །ནོར་རྣམས་སྤེལ་ཅིག་སྭཱ་ཧཱ། ན་། མོ་རཏྣ་ཏྲ་ཡཱ་ཡ། ན་མ་སྦེ་ལོ་ཀི་ལི་ཏི་བྷི་རི་དྷི་རི་ཧ་ས་མ་ན་ཡེ་སྭཱ་ཧཱ། རྟ་རྣམས་བསྲུང་དུ་གསོལ། རྟ་རྣམས་སྤེལ་ཅིག་སྭཱ་ཧཱ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་སྦེ་ལོཀྱ་བྷ་ར་བྷ་ར༔ བྷི་རི་དྷི་རི་ས་མན་དྷ། རྟ་འདི་རྣམས་ལ་སྲུངས་ཤིག །ནོར་རྣམས་སྤེལ་ཅིག །ཨོཾ་པུ་ཎ་བྷ་དྲ་གྷོ་ར་རཀྵ་རཀྵ་སྭཱ་ཧཱ། རང་གི་ཐུགས་ཀའི་འོད་ཟེར་རྣམ་སྲས་ལ་ཕོག་པས་ཐུགས་རྒྱུད་བསྐུལ། འོད་ཟེར་སེར་པོའི་སྣ་ལས་རིན་པོ་ཆེའི་ཆར་འབེབས་ཤིང་སྤེལ་བའི་ལས་མཛད་པར་གྱུར། ཨོཾ་བཛྲ་པཱ་ཎི་ཧཱུྃ། ཨོཾ་བཻ་ཤྲ་མ་ཎ་བཛྲ་རཀྵ། ཨོཾ་བཻ་ཤྲ་མ་ཎ་ས་མ་ཡ་རྟ་རྣམས་སྲུངས་ཤིག །ནོར་རྣམས་སྤེལ་ཅིག་སྭཱ་ཧཱ། ཨོཾ་བཻ་ཤྲ་མ་ཎ་བཛྲ་བདག་གི་རྟ་རྣམས་སྲུངས་ཤིག་སྭཱ་ཧཱ། བདག་གི་ཐུགས་ཀའི་འོད་ཟེར་རྟ་ལྷ་མགོན་པོ་ནག་པོ་


CMR016_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཕོག་པས་མགོན་པོ་ནག་པོས་རྟ་རྣམས་སྲུང་ཞིང་། རྟ་ལ་གནོད་པ་ཐམས་ཅད་ཚར་གཅོད་པའི་ལས་ལ་བརྩོན་པར་གྱུར། ཨོཾ་མ་ཧཱ་ཀཱ་ལ་རུ་རུ་ཤ་ཏེ་ག་ཏེ་ནི་སྭཱ་ཧཱ། ཏདྱ་ཐཱ། ཧི་ལི་ཧི་ལི་ཀི་ཏི་ཙི་ཏི་ནི་སྭཱ་ཧཱ། ཨོཾ་མ་ཧཱ་ཀཱ་ལ་དྷུ་ན་དྷུ་ན་ཧཱུྃ་ཕཊ། ཨོཾ་མ་ཧཱ་ཀཱ་ལ་ཡ་ག་ནི་ན་ཤ་ཡ་ཧི་ཀ་གི་ན། ཏདྱ་ཐཱ། ཨོཾ་ཧི་ལི་ཧི་ལི་ག་ཏ་ནི་ཙི་སྭཱ་ཧཱ། ཨོཾ་མ་ཧཱ་ཀཱ་ལ་ཡ་དྷ་རུ་ཤ་ན་སྭཱ་ཧཱ། ཨོཾ་མ་ཧཱ་ཀཱ་ལ་ག་ནེ་ཤ་ཡ་ཏ་གྷི་ན་ཏ། ཨོཾ་མ་ཧཱ་ཀཱ་ལ་དུ་དུ་ཤ་པ་ཏེ་ག་ཏེ་ནི་སྭཱ་ཧཱ། ཏདྱ་ཐཱ། ཨོཾ་ཧི་ལི་ཧི་ལི། ཀི་ཏི་ནི་ཙི་ཏེ་ན་སྭཱ་ཧཱ། ༀ་ཤྲཱི་མ་ཧཱ་ཀཱ་ལ་ག་ནེ་ཤ་ཡ་ཏ་གྷི་ནི། ཏདྱ་ཐཱ། ཨོཾ་ཨ་ཀ་ཧེ་ནི་ཧི་ལ་སྭཱ་ཧཱ། རྟའི་ནད་དང་གནོད་པ་ཐམས་ཅད་མགོན་པོ་ནག་པོས་ཐུལ་ཅིག །རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། ཀུ་བེ་རའི་ཐུགས་རྒྱུད་བསྐུལ་བས་རང་འདྲ་བའི་ཀུ་བེ་ར་འབུམ་ཕྲག་འཕྲོས་ཏེ་ཕྱག་གཡས་རལ་གྲི་ཕྱར་ནས་རྟ་ལ་གནོད་པ་ཐམས་ཅད་བསད་བཅད་གཏུབས་ནས་མེད་པར་བྱེད་ཅིང་གཡོན་གྱི་ཕྱག་གིས་རྟའི་སྲབ་མདའ་བཟུང་ནས་རྟའི་རྫི་བོ་བྱེད་པར་གྱུར། ཨོཾ་ཀུ་བེ་ར་ཡེ་སྭཱ་ཧཱ། ཨོཾ་ཀུ་བེ་ར་སྭཱ་ཧཱ། གྷོ་ར་རཀྵ་རཀྵ་ཧཱུྃ་ཧཱུྃ་སྲུངས་ཤིག །ཅེས་མང་ཉུང་ཅི་རིགས་པ་བཟླ་


CMR016_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ཆོས་གཏེར་གཞུང་ཀུ་བེ་རའི་སྒྲུབ་ཐབས། ཧཱུྃ། མདུན་དུ་ནོར་ལྷ་ཀུ་བེ་ར་སོགས་གསུངས་དགོས་མཆན། དེ་ནས་ཉམས་ཆགས་བསྐང་ཕྱིར་སྐོང་བཤགས་བྱ་སྟེ། ཧཱུྃ། ཧཱུྃ་ལས་སྐོང་། །རྫས་རི་རབ་བང་རིམ་བཞི། །ཤར་ཕྱོགས་ཤེལ་ལ་ལྷོ་ཕྱོགས་བེརྱ། །ནུབ་ཕྱོགས་རཱ་ག་བྱང་ཕྱོགས་གསེར་ལས་གྲུབ། །གླིང་བཞི་རི་རབ་ལྕགས་རི་ཁོར་ཡུག་བཅས། །བྱ་གཅན་རི་དྭགས་གཡུང་དྭགས་ཆུ་གནས་ཚོགས། །ལྷ་མིའི་ལོངས་སྤྱོད་འདོད་ཡོན་དཔག་མེད་བཅས། །ནམ་མཁའ་གང་བར་སེམས་ཀྱིས་མངོན་སྤྲུལ་ནས། །རྟ་ལྷ་འཁོར་བཅས་དགྱེས་པ་སྐྱེད་བྱེད་འདིས། །རྡོ་རྗེ་རེ་མནྟ་ཡི་ཐུགས་དམ་བསྐང་། །དཔལ་རབ་འཆང་བའི་མགོན་པོའི་ཐུགས་དམ་བསྐང་། །ཨཱརྱ་རེ་མན་ཡི་ཐུགས་དམ་བསྐང་། །གཞོན་ནུ་རེ་མནྟ་ཡི་ཐུགས་དམ་བསྐང་། །ཁྲོ་བོ་རེ་མནྟ་ཡི་ཐུགས་དམ་བསྐང་། །རྩ་གསུམ་ལྷ་ཚོགས་སོ་སོའི་ཐུགས་དམ་བསྐང་། །ལམ་ལྷ་དགྲ་བླ་ཆེན་པོའི་ཐུགས་དམ་བསྐང་། །གཟི་ལྡན་ཉི་མའི་སྲས་པོའི་ཐུགས་དམ་བསྐང་། །རླུང་རྟ་བདུད་ཀྱི་བདག་པོའི་ཐུགས་དམ་བསྐང་།་སར་གནས་འཕགས་པ་ཆེན་པོའི་ཐུགས་དམ་བསྐང་། །རྔོག་ཆགས་ཡོངས་ཀྱི་


CMR016_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

བདག་པོའི་ཐུགས་དམ་བསྐང་། །དཔལ་འབྱོར་གང་བ་བཟང་པོའི་ཐུགས་དམ་བསྐང་། །རྡོ་རྗེ་རྣམ་ཐོས་སྲས་ཀྱི་ཐུགས་དམ་བསྐང་། །རྟ་ལྷ་མགོན་པོ་ནག་པོའི་ཐུགས་དམ་བསྐང་། །རྟ་བདག་ཀུ་བེ་ར་ཡི་ཐུགས་དམ་བསྐང་། །སྤྲུལ་པ་རྟ་ལྷ་ལྔ་བརྒྱའི་ཐུགས་དམ་བསྐང་། །ཡང་འཁོར་ལྷ་དམག་བྱེ་བའི་ཐུགས་དམ་བསྐང་། །ཧཱུྃ། ཡང་ཅིག་ཨཱརྱ་རེ་མན་འཁོར་བཅས་ཀྱི། །ཐུགས་དམ་གཉན་པོ་སྐོང་བའི་དམ་རྫས་ནི། །བྲིས་སྐུ་འབུར་སྐུ་རྟ་སྔོན་རྒྱན་ལྡན་དང་། །གཡག་ལུག་བྱ་རྟའི་གཟུགས་འགྲོས་སྣ་ཚོགས་ཀྱིས། །ཁྱེད་ཀྱི་སྐུ་ཡི་ཐུགས་དམ་བསྐངས་གྱུར་ཅིག །ལུང་ཏང་ཕྲེང་བ་དཀར་གསུམ་གཏོར་མ་དང་། །རྔ་དང་རོལ་མོ་བསྟོད་དབྱངས་སྣ་ཚོགས་དང་། །སྲོག་སྙིང་གསེར་དངུལ་མཚལ་གྱིས་བྲིས་པ་འདིས། །ཁྱེད་ཀྱི་གསུང་གི་ཐུགས་དམ་བསྐངས་གྱུར་ཅིག །རིན་ཆེན་འབར་བ་བྲིས་དང་འབུར་དུ་བཏོད། །སྲོག་གི་འཁོར་ལོ་རྟ་སྔོན་སྙིང་དང་མིག །གསེར་དངུལ་སྐུ་བཟང་ལ་སོགས་རིན་ཆེན་ལྔས། །ཁྱེད་ཀྱི་ཐུགས་ཀྱི་ཐུགས་དམ་བསྐངས་གྱུར་ཅིག །མདའ་མོ་བྱ་རྒོད་དར་ཚོན་སྣ་ལྔས་བརྒྱན། །སྟག་རས་གཟིག་རས་གསེར་ཁྲབ་


CMR016_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

བསེ་ཡི་རྨོག །འཇོལ་བེར་ལྗང་བཀྲ་མདུང་དར་བ་དན་ཅན། །ཁྱེད་ཀྱི་ཡོན་ཏན་ཐུགས་དམ་བསྐངས་གྱུར་ཅིག །ལྕགས་ཀྱི་བྱ་ཁྲ་ལྕགས་མདའ་ལྕགས་གཞུ་དང་རལ་གྲི་འབར་བ་རྟ་ནག་རྟིང་དཀར་སོགས། །གནད་ནས་བསྐུལ་ཞིང་ཕྲིན་ལས་བསྒྲུབས་པ་ཡིས། །ཁྱེད་ཀྱི་ཕྲིན་ལས་ཐུགས་དམ་བསྐངས་གྱུར་ཅིག་ཧཱུྃ། ཁྲོ་བོ་ཆེན་པོ་ཨཱརྱ་རེ་མནྟ། །རྔོག་ཆགས་སྲུང་མ་གནོད་སྦྱིན་ནོར་ལྷའི་ཚོགས། །སྔོན་གྱི་ཐུགས་དམ་གཉན་ལས་མ་འདའ་བར། །འབོད་པའི་དུས་ན་རྟ་ལྷ་སྙན་མོ་སྲ། །གཡབ་པའི་ཚེ་ན་རྟ་ལྷ་སྤྱན་མ་བརྟུལ། །རྦད་པའི་ཚེ་ན་རྟ་ལྷ་མཐུ་མ་ཆུང་། །མངག་པའི་ཆེ་ན་རྟ་ལྷ་བང་མ་བུལ། །སྔར་བྱས་ལས་ཀྱི་གཏང་རག་གཉེན་པོ་འབུལ། །ཕྱི་བྱེད་ལས་ཀྱི་ཞུ་སྐྱེམས་གཉན་པོ་འབུལ། །ད་ལྟ་ལས་ཀྱི་གཉེར་ཟས་འདི་བཞེས་ལ། །རྟ་ལྷ་འཁོར་བཅས་ཐུགས་དམ་བསྐངས་གྱུར་ཅིག །ཧཱུྃ། ཐུགས་རྗེའི་མངའ་བདག་འཕགས་པ་རེ་མནྟ། །གནོད་སྦྱིན་རྟ་ལྷའི་འཁོར་ཚོགས་བཅས་པ་རྣམས། །རྣལ་འབྱོར་བདག་ལ་གསན་ཅིང་དགོངས་སུ་གསོལ། །ཁྱེད་རྣམས་ཡེ་ཤེས་སྤྱན་ལྡན་དུས་གསུམ་གཟིགས། །


CMR016_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ནི་མ་རིག་དབང་གིས་གཏི་མུག་པས། །རྟེན་རྫས་མ་ཚང་མཆོད་པའི་ཕུད་ཉམས་དང་། །ཏིང་འཛིན་མ་གསལ་བཟླས་བརྗོད་སྔགས་མ་དག །ལྷག་བསམ་མི་ལྡན་རང་འདོད་ཁོང་དུ་བཅུག །བསོད་ནམས་མི་ལྡན་སྦྱིན་པའི་འབྲས་བུ་ཡལ། །ཆོག་ཤེས་ཆུང་ཞིང་ཧ་ཅང་འདོད་ཅན་སོགས། །ཁྱེད་རྣམས་ཐུགས་དང་འགལ་བ་ཅི་མཆིས་པ། །རབ་ཏུ་གནོང་ཞིང་འགྱོད་པས་མཐོལ་ལོ་བཤགས། །ཨོཾ་ས་མ་ཡ། ཨཱས་མ་ཡ། ཧཱུྃ་ས་མ་ཡ། ཨོཾ་ཨཱརྱ་རེ་མནྟ་སྭཱ་ཧཱ། ཨོཾ་བཛྲ་སཏཱ་སོགས་ཡིག་བརྒྱ་བཟླ། ཧཱུྃ། རྡོ་རྗེ་ཁྲོ་བོ་ཆེན་པོ་རེ་མན། །ཤར་ཕྱོགས་སྐྱོང་བའི་མགོན་པོ་དཔལ་རབ་འཆང་། །ལམ་ལྷའི་རྒྱལ་པོ་ཨཱརྱ་རེ་མནྟ། །ཉི་མའི་སྲས་པོ་གཞོན་ནུ་རེ་མནྟ། །རབ་འཇིགས་ཁྲོ་བོ་ཆེན་པོ་རེ་མནྟ། །གང་བ་བཟང་པོ་རྡོ་རྗེ་རྣམ་ཐོས་སྲས། །མ་ཧཱ་ཀཱ་ལ་རྟ་བདག་ཀུ་བེ་ར། །ཁྱེད་རྣམས་འཁོར་བཅས་ཐུགས་དམ་བསྐངས་གྱུར་ཅིག །རྟ་དྲེལ་གནོད་པའི་དགྲ་བགེགས་བཟློག་ཏུ་གསོལ། །གློ་བུར་དགྲ་ཀུན་འཕྲོག་པ་བཟློག་ཏུ་གསོལ། །ཚ་ལོང་གྲང་ལོང་སྲིན་འགག་བཟློག་ཏུ་གསོལ། །འཁྲུག་ཆེན་སྐྲང་འབུར་རྣག་ནད་བཟློག་ཏུ་གསོལ། །གློ་


CMR016_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྷེབ་དང་འཐེང་གྲུམ་བཟློག་ཏུ་གསོལ། །རྔོ་དང་འབྲས་དང་མཚེར་ལོང་བཟློག་ཏུ་གསོལ། །གློ་ནད་གཅོང་འབྲུམ་མཚལ་བཅུ་བཟློག་ཏུ་གསོལ། །གཟའ་ནད་ཟེར་མ་གདོན་ནད་བཟློག་ཏུ་གསོལ། །ཚུན་ལང་ཁྲག་འཁྲུགས་འཚེར་གཅུ་བཟློག་ཏུ་གསོལ། །སྡོམ་རིགས་འཁྲུགས་དང་བཙན་སྲི་བཟློག་ཏུ་གསོལ། །འཕྲང་བདུད་དགུང་སྔོན་བྱ་ཞོན་བཟློག་ཏུ་གསོལ། །རྩ་སྡོམ་སྟོད་འཁྲུག་སྨད་སླད་བཟློག་ཏུ་གསོལ། །ཆུ་སྲི་རྐང་གཉིས་འཐེང་བ་བཟློག་ཏུ་གསོལ། །རྩ་གྲུམ་ལག་གཉིས་གྲུམ་པ་བཟློག་ཏུ་གསོལ། །ཆག་རིགས་གཅོང་དང་ལ་གར་བཟློག་ཏུ་གསོལ། །ས་གྲིབ་གནམ་གྲིབ་ཆུ་གྲིབ་བཟློག་ཏུ་གསོལ། །སྣ་ནད་འཁྲུག་ལང་ཆུ་བྱི་བཟློག་ཏུ་གསོལ། །རྒྱལ་ནད་གློ་བུར་ནད་རྣམས་བཟློག་ཏུ་གསོལ། །རྟ་ཡི་ལམ་གྱི་འཇིགས་པ་བཟློག་ཏུ་གསོལ། །འཚེར་ནད་སྲི་ལང་རིམས་ཆག་བཟློག་ཏུ་གསོལ། །ལྟས་ངན་སྐར་མ་ངན་པ་བཟློག་ཏུ་གསོལ། །ལྷ་ལམ་འདྲེ་ལམ་དགྲ་བྱེས་འགོང་བཟློག་ཏུ་གསོལ། །རྟ་ལ་གནོད་པའི་དགྲ་བགེགས་ད་ཐུལ་ཅིག །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །དེ་ནས་རྟ་འདྲེ་རྟིལ་སྲི་བྲུབ་པ་


CMR016_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

ནི༔ ལིངྒ་ཤོག་ལིང་ངམ་ཟན་ལིང་བྲུབ་ཁུང་ངམ་ཟངས་ལྕགས་སྣོད་དུ་བཞག །ཆང་རྒོད་དམ་ཁྲག་གིས་བྲན། རང་ཉིད་རྟ་མགྲིན་གྱི་ང་རྒྱལ་གྱིས། སྟོང་པའི་ངང་ལས་བྲུབ་ཁུང་གནམ་ལྕགས་ཀྱི་ཁང་སྒྲོམ་གྲུ་གསུམ་འབར་བའི་ནང་དུ་ཡི་གེ་ཏྲི་ཡོངས་སུ་གྱུར་པ་ལས། གནོད་བྱེད་གོད་འདྲེ་རྟིལ་སྲི་མིག་ཤི་མིག །རྐང་པ་ལྕགས་སུ་བཅུག་པ་གཅེར་བུ་འདར་ལྡི་ལི་ལི་བྱེད་པར་གྱུར། ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བདེན་པ་དང་། དཀོན་མཆོག་གསུམ་གྱི་བདེན་པ་དང་། ཡི་དམ་དཔལ་ཆེན་རྟ་མགྲིན་གྱི་བདེན་པ་དང་། ཁྲོ་བོ་ཆེན་པོ་རེ་མན་འཁོར་དང་བཅས་པའི་བདེན་པ་དང་། དཔལ་མ་ཧཱ་ཀཱ་ལ་གནོད་སྦྱིན་གྱི་ཚོགས་དང་བཅས་པའི་བདེན་པ་དང་། བདེན་པ་ཆེན་པོའི་མཐུས་སྤྱིར་ཞིང་བཅུ་ཚང་བ་བསྟན་པའི་སྤྱི་དགྲ། ཁྱད་པར་དུ་བདག་དང་བསྲུང་བྱའི་རྟ་དྲེལ་རྔོག་ཆགས་རྣམས་ཀྱི་ཚེ་ལ་རྐུ་བ་སྲོག་ལ་འཇབ་པའི་གོད་འདྲེ་གོད་སྲི། རྟ་འདྲེ་རྟིལ་སྲི། སྒབ་འདྲེ་སྒབ་སྲི། བསེ་རག་ལྟོགས་འགོང་དབུལ་སྲི་གང་ཡིན་པ་ཐམས་ཅད་སྐད་ཅིག་རང་དབང་མེད་པར་གཟུགས་ལིངྒ་མིང་བྱང་བུ་འདི་ལ་ཁུག་ཅིག །ཨོཾ་ཧྲཱིཿབཛྲ་ཀྲོ་ཏ་ཧྱ་གྲི་ཝ་ཧུ་ལུ་ཧུ་ལུ་


CMR016_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ་ཕཊ། ཨཱརྱ་ཀྲོ་ཏ་རེ་མན་ཧ་ན་ཧ་ན་ཧཱུྃ་ཧཱུྃ་ཕཊ། གནོད་བྱེད་བཛྲ་ཨངྐུ་ཤ་ཛཿ བཛྲ་པཱ་ཤ་ཧཱུྃ། བཛྲ་སྤོ་ཊ་པཾ། བཛྲ་གྷནྡྷེ་ཧོཿ ཧཱུྃ། རྡོ་རྗེ་ཁྲོ་བོ་རེ་མནྟ། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །ཁྱོད་ཀྱི་སྤྱི་བོའི་གཙུག་རུམ་ན། །ཁྱུང་ཆེན་འབར་བ་ལྡིང་ཞིང་འབར། །གཅིག་ལས་བརྒྱ་འཕྲོས་བརྒྱ་ལས་སྟོང་། །སྤྲུལ་པ་ཁྱུང་གིས་ནམ་མཁའ་གང་། །གནོད་ཅིང་འཚེ་བའི་དགྲ་དང་བགེགས། །ནམ་མཁའི་མཐའ་ལ་བྲོས་ན་ཡང་། །རང་དབང་མེད་པར་ཁུག་ལ་ཤོག་སྡེར་མོ་ལྕགས་ཀྱུས་སྙིང་ནས་དྲོངས། རལ་གྲི་འབར་བའི་གཤོག་པས་གཏུབས། །ཆུ་གྲི་འབར་བའི་རྐང་པས་གཟིར། །རྡོ་རྗེའི་མཆུ་ཡིས་གློ་སྙིང་དྲོངས། །དགྲ་བགེགས་བསྒྲལ་བའི་ཕྲིན་ལས་མཛོད་། །རྟ་ལ་གནོད་བྱེད་བགེགས་རྣམས་ཀུན། །སྐད་ཅིག་ཙམ་གྱིས་ཐལ་བར་རློགས། །ཨོཾ་ཁྲོ་ག་རུ་ཊ་གནོད་བྱེད་མཱ་ར་ཡ་ཧཱུྃ་ཕཊ། ཧཱུྃ། ཁྲོ་བོ་ཆེན་པོ་རེ་མན། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །ཁྱོད་ཀྱི་ཕྲག་གོང་གཡས་གཡོན་ན། །ལྕགས་ཀྱི་བྱ་ཁྲ་ལྡིང་ཞིང་འཇམ། །གཅིག་ལས་བརྒྱ་འཕྲོས་བརྒྱ་ལས་སྟོང་། །སྤྲུལ་པའི་བྱ་ཁྲས་བར་སྣང་


CMR016_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

གང་། །ཤ་ལོག་སྡང་མིག་ཆེམས་སེ་ཆེམ། །གཤོག་སྒྲ་འབྲུག་ལྟར་འུ་རུ་རུ། །གནོད་ཅིང་འཚེ་བའི་དགྲ་དང་བགེགས། །བྱིས་ལྟར་བྲོས་ཀྱང་ཁྲ་ལྟར་སྙོགས། །རང་དབང་ཉམེད་པར་ཆུམ་ལ་ཤོག །མཆུ་སྡེར་རྣོན་པོས་གློ་སྙིང་ཕྱུངས། །རྟ་ལ་གནོད་པའི་དགྲ་བགེགས་རྣམས། །སྐད་ཅིག་ཙམ་གྱིས་བརླག་པར་མཛོད། །ཨོཾ་ག་རུ་ཊ་གནོད་བྱེད་མཱ་ར་ཡ་ཧཱུྃ་ཕཊ། ཧཱུྃ། ཨཱརྱ་ཀྲོ་ཏ་རེ་མན། །ཁྱེད་ཀྱི་ཐུགས་དམ་དུས་ལ་བབ། །ཁྱོད་ཀྱི་མདུན་དང་རྒྱབ་ཕྱོགས་ཀྱི། །སྟག་དང་སེང་གེ་འགྲོ་ཞིང་འགྱིང་། །གཅིག་ལས་བརྒྱ་འཕྲོས་བརྒྱ་ལོས་སྟོང་། །སྤྲུལ་བའི་བྱ་ཁྲས་བར་སྣང་གང་། །སྟག་དང་སེང་གེས་ས་གཞི་གང་། །གནོད་ཅིང་འཚེ་བའི་དགྲ་དང་བགེགས། །ཤ་ལྟར་བྲོས་ཀྱང་ཁྱི་ལྟར་སྙོགས་། །རང་དབང་མེད་པར་དེད་ལ་ཤོག །ངར་སྒྲས་དགྲ་བགེགས་ལྷ་དང་ཕྲོལ། །ཁ་རླངས་གདུག་པས་མྱོས་སུ་ཆུག །མཆུ་སྡེར་རྣོན་པོས་ཤ་རུས་འཆོས། །རྟ་ལ་གནོད་པའི་དགྲ་བགེགས་རྣམས། །སྐད་ཅིག་ཙམ་གྱིས་ཐལ་བར་རློག །ཨོཾ་བཛྲ་ཀྲོ་ཏ་རེ་མནྟ་གནོད་བྱེད་གོད་འདྲེ་ཐམས་ཅད་ཧ་ན་ཧ་ན་ད་ཧ་ད་ཧ་པ་ཙ་པ་ཙ་དི་ན་མེ་ཀེ་ན་མཱ་ར་ཡ་


CMR016_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ་ཕཊ། ཅེས་ཐུན་གྱིས་བྲབ་བོ། །དེ་ནས་ཕུར་པ་ཐོགས་ལ་འདི་སྐད་དོ། །ཧཱུྃ། རྟ་མགྲིན་རྒྱལ་པོའི་དུས་ལ་བབ། །རེ་མནྟ་ཡི་དུས་ལ་བབ། །དཔལ་རབ་འཆང་བའི་དུས་ལ་བབ། །ཀུ་བེ་ར་ཡི་དུས་ལ་བབ། །མགོན་པོ་ནག་པོའི་དུས་ལ་བབ། །གནོད་སྦྱིན་སྡེ་དཔོན་དུས་ལ་བབ། །པདྨ་ཀྲོ་ཏ་ཀཱི་ལ་ཡ། །སྟོང་ནི་ཁྲོ་ཆེན་རྟ་མགྲིན་རྒྱལ། །ཆང་ཟུང་ཁྲོ་བོ་རེ་མན། །རྒྱ་མདུད་མ་ཧཱ་ཀཱ་ལ་སྟེ། །ཆུ་སྲིན་ཁ་ནས་འབྲུག་སྟོང་ལྡིར། །སྦྲུལ་ཆུན་མཚམས་ནས་གློག་སྟོང་འཁྱུག །ཟུར་གསུམ་རྣོ་ངར་དབལ་དང་ལྡན་། །ཕྱུར་བ་ཙམ་གྱིས་སྲིད་གསུམ་སྔངས། །བཏབ་ན་ལྷ་ཡང་རླག་པར་བྱེད། །དགྲ་དང་བགེགས་ལ་སྨོས་ཅི་དགོས། །ལས་ངན་གོད་འདྲེ་རྟིལ་སྲི་ཁྱོད། །བསམ་ངན་འཆང་བ་སྙིང་ཡིན་པས། །སྙིང་དཀར་ནག་མཚམས་སུ་ཀཱི་ལ་ཡ། །སྨྲ་ཞིང་ཟ་བ་ཁ་ཡིན་པས། །ལྕེ་ཡི་དཀྱིལ་དུ་ཀཱི་ལ་ཡ། །ལྟ་བར་བྱེད་པ་མིག་ཡིན་པས། །མིག་འབྲས་གཉིས་ལ་ཀཱི་ལ་ཡ། །བསྙབ་པར་བྱེད་པ་ལག་པ་ཡིན། །དཔུང་པ་གཉིས་ལ་ཀཱི་ལ་ཡ། །འགྲོ་བར་བྱེད་པ་རྐང་ཡིན་པས། །པུས་མོ་གཉིས་ལ་ཀཱི་ལ་ཡ། །སྟོབས་ནུས་རྟེན་


CMR016_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཕྲལ་བའི་ཕྱིར། །སྲོག་ཡིག་ཏྲི་ལ་ཀཱི་ལ་ཡ། །གཏན་ནས་བརླག་པའི་ཕྲིན་ལས་མཛོད། །ཨོཾ་ཧཱིབཛྲ་ཀྲོ་ཏ་ཧྱ་གྲི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཨཱརྱ་ཀྲོ་ཏ་རེ་མནྟ་ཧ་ན་ཧ་ན་ཧཱུྃ་ཕཊ་། བཛྲ་ཀཱི་ལི་ཀཱི་ལ་ཡ་གནོད་བྱེད་གོད་འདྲེ་མཱ་ར་ཡ་ཧཱུྃ་ཕཊ། ཅེས་ཕུར་པ་བཏབ་ནས་ལིང་རོ་དེ་ལམ་ཞབས་སམ་སྐས་ཞབས་སམ་སྒོ་ཐེམ་ཞབསསུ་མནན་ནོ། །དེ་ནས་དང་པོ་དོང་བྲུས་ལ། ཕཊ། རང་ཉིད་རྟ་མགྲིན་གྱིས་ཕྱག་གཡས་རལ་གྲི་ས་ལ་བརྒྱབས་པས་ས་དུམ་བུ་གཉིས་སུ་གས་ནས་རྒྱ་མཚོ་སྔོ་མེར་གྱིས་སོང་བའི་ནང་ནས། པདྨ་གསུང་གི་བཀའ་ཉན་ཀླུ་བདུད་ནག་པོ་ཏི་པ་ཙ་ཆུ་སྲིན་གྱི་གདོང་པ་ཅན་ཁ་གནམ་ས་ཙམ་གདངས་པ། མཆེ་བ་གངས་རི་ཙམ་གཙིགས་པ། ལྕེ་གློག་དམར་ཙམ་འཁྱུག་པའི་ཁ་ནང་དུ་གནོད་བྱེད་གོད་འདྲེ་ཐམས་ཅད་ལིངྒ་དང་༈ དབྱེར་མེད་པར་འཕངས་པས་ཆུ་སྲིན་ཁ་བསྡམས་ནས་ས་རིམ་པ་དགུའི་འོག་ཏུ་མར་སོང་། སྟེང་ནས་དབང་ཆེན་གསེར་གྱི་ས་གཞི་དང་རི་རབ་གླིང་བཞིས་མནན་པའི་སྟེང་ནས་རང་ཉིད་རྟ་མགྲིན་འཁོར་བཅས་ཁྲོ་བོ་མང་པོ་དང་བཅས་ནས་བརྟུལ་ཞུགས་ཀྱི་བྲོ་རྡུང་བར་བསམ། ཧཱུྃ། ང་ནི་ཁྲོ་ཆེན་རྟ་མགྲིན་རྒྱལ། །རང་འདྲའི་སྤྲུལ་པ་བྱེ་བ་འབུམ། །ཀུན་


CMR016_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་རྟ་སྐད་ཙེ་རེ་རེ། །དྲག་པོའི་རྟ་བྲོ་ཆེམས་སེ་ཆེམ། །གོད་འདྲེ་རྟ་སྲི་རྟིལ་སྲི་རྣམས། །ཐར་མེད་གཤིན་རྗེའི་ལག་ཏུ་གཏད། །འཆོར་མེད་ཆུ་སྲིན་གྲེ་བར་བྲུབས་། །རི་རབ་བཞི་ཡི་འོག་ཏུ་མནན། །བྱམས་མགོན་བསྟན་པ་མ་བྱུང་བར། །སྟེང་གི་ཕྱོགས་དེར་མ་ལྡངས་ཤིག །ཨོཾ་ལཾ། ཧཱུྃ་ལཾ། ཧཱུྃ་བྷ་ཡ་ནན། ཞེས་མནན་ནོ། །དེ་ནས་གསོལ་ཁའི་གཏོར་མ་བྲན་ལ་འདི་སྐད་དོ། །ཨོཾ་ཨ་ཀཱ་རོ་སོགས། དམ་རྫས་བརྒྱན་པའི་གཏོར་མ་རྒྱ་ཆེན་པོ་འདི་རྡོ་རྗེ་རེ་མན་ལ་གསོལ་ལོ། །མཆོད་དོ། །མགྲོན་ནོ། །འབུལ་ལོ། །རྒྱུ་སྦྱིན་ནོ། །དཔལ་རབ་འཆང་བའི་མགོན་པོ་ལ་གསོལ་ལོ། །མཆོད་དོ། །མགྲོན་ནོ། །འབུལ་ལོ། །སྦྱིན་ནོ། །ཨཱརྱ་རེ་མནྟ་ལ་གསོལ་ལོ། །མཆོད་དོ། །མགྲོན་ནོ། །འབུལ་ལོ། །སྦྱིན་ནོ། །ཉི་མའི་སྲས་པོ་ལ་གསོལ་ལོ། །མཆོད་དོ། །མགྲོན་ནོ། །འབུལ་ལོ་སྦྱིན་ནོ། །གཞོན་ནུ་རེ་མན་ལ་གསོལ་ལོ། །མཆོད་དོ། །མགྲོན་ནོ། །འབུལ་ལོ། །སྦྱིན་ནོ། །ཁྲོ་བོ་རེ་མནྟ་ལ་གསོལ་ལོ། །མཆོད་དོ། །མགྲོན་ནོ། །འབུལ་ལོ། །སྦྱིན་ནོ། །ལྷའི་སོ་པ་ལ་གསོལ་ལོ། །མཆོད་དོ། །


CMR016_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

མགྲོན་ནོ། །འབུལ་ལོ། །སྦྱིན་ནོ། །ལམ་ལྷའི་རྒྱལ་པོ་ལ་གསོལ་ལོ། །མཆོད་དོ། །མགྲོན་ནོ། །འབུལ་ལོ། །སྦྱིན་ནོ། །དགྲ་བླའི་རྗེ་བོ་ལ་གསོལ་ལོ། །མཆོད་། དོ། །མགྲོན་ནོ། །འབུལ་ལོ། །སྦྱིན་ནོ། །གཟི་བརྗིད་ལྡན་པ་ལ་གསོལ་ལོ། །མཆོད་དོ། །མགྲོན་ནོ། །འབུལ་ལོ། །སྦྱིན་ནོ། །དཔལ་དང་ལྡན་པ་ལ་གསོལ་ལོ། །མཆོད་དོ། །མགྲོན་ནོ། །འབུལ་ལོ། །སྦྱིན་ནོ། །གྲགས་པ་དང་ལྡན་པ་ལ་གསོལ་ལོ། །མཆོད་དོ། །མགྲོན་ནོ། །འབུལ་ལོ། །སྦྱིན་ནོ། །ཡོན་ཏན་དང་ལྡན་པ་ལ་གསོལ་ལོ། །མཆོད་དོ། །མགྲོན་ནོ། །འབུལ་ལོ། །སྦྱིན་ནོ། །བྱིན་རླབས་དང་ལྡན་པ་ལ་གསོལ་ལོ། མཆོད་དོ། མགྲོན་ནོ། འབུལ་ལོ། སྦྱིན་ནོ། །མཐུ་རྩལ་དང་ལྡན་པ་ལ་གསོལ་ལོ། །མཆོད་དོ། །མགྲོན་ནོ། །འབུལ་ལོ། །སྦྱིན་ནོ། །འཁོར་ཕུན་སུམ་ཚོགས་པ་ལ་གསོལ་ལོ། །མཆོད་དོ། །མགྲོན་ནོ། །འབུལ་ལོ། །སྦྱིན་ནོ། །ལྷ་དང་ལྷ་མིན་གྱི་གཡུལ་ལས་རྒྱལ་བ་ལ་གསོལ་ལོ། །མཆོད་དོ། །མགྲོན་ནོ། །འབུལ་ལོ། །སྦྱིན་ནོ། །དཔལ་འབྱོར་གང་བ་བཟང་


CMR016_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ལ་གསོལ་ལོ། །མཆོད་དོ། །མགྲོན་ནོ། །འབུལ་ལོ། །སྦྱིན་ནོ། །རྒྱལ་པོ་ཁམས་གསུམ་དབང་བསྒྱུར་ལ་གསོལ་ལོ། །མཆོད་དོ། །མགྲོན་ནོ། །འབུལ་ལོ། །སྦྱིན་ནོ། །བྱང་ཆུབ་སེམས་དཔའ་རྡོ་རྗེ་རྣམ་ཐོས་སྲས་ལ་གསོལ་ལོ། །མཆོད་དོ། །མགྲོན་ནོ། །འབུལ་ལོ། །སྦྱིན་ནོ། །བཙུན་མོ་སྲས་དང་ཚེ་བཅས་པ་ལ་གསོལ་ལོ། །མཆོད་དོ། །མགྲོན་ནོ། །འབུལ་ལོ། །སྦྱིན་ནོ། །རྟ་ལྷ་མགོན་པོ་ནག་པོ་ལ་གསོལ་ལོ། །མཆོད་དོ། །མགྲོན་ནོ། །འབུལ་ལོ། །སྦྱིན་ནོ། །ལྷའི་དེད་དཔོན་ཆེན་པོ་ལ་གསོལ་ལོ། །མཆོད་དོ། །མགྲོན་ནོ། །འབུལ་ལོ། །སྦྱིན་ནོ། །རྣལ་འབྱོར་གྱི་དགྲ་བླ་ལ་གསོལ་ལོ། །མཆོད་དོ། །མགྲོན་ནོ། །འབུལ་ལོ། །སྦྱིན་ནོ། །དུག་གསུམ་གྱི་སྨན་པ་ལ་གསོལ་ལོ། །མཆོད་དོ། །མགྲོན་ནོ། །འབུལ་ལོ། །སྦྱིན་ནོ། །རིག་འཛིན་གྱི་སྲོག་ཤིང་ལ་གསོལ་ལོ། །མཆོད་དོ། །མགྲོན་ནོ། །འབུལ་ལོ། །སྦྱིན་ནོ། །རྟ་བདག་ཀུ་བེ་ར་ལ་གསོལ་ལོ། །མཆོད་དོ། །མགྲོན་ནོ། །འབུལ་ལོ། །སྦྱིན་ནོ། །ཟླ་བའི་སྲས་པོ་ལ་གསོལ་


CMR016_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

ལོ། །མཆོད་དོ། །མགྲོན་ནོ། །འབུལ་ལོ། །སྦྱིན་ནོ། །སྤྲུལ་པའི་རྟ་ལྷ་ཨཱརྱ་རེ་མནྟ་ལྔ་བརྒྱ་ལ་གསོལ་ལོ། །མཆོད་དོ། །མགྲོན་ནོ། །འབུལ་ལོ། །སྦྱིན་ནོ། །ཡང་འཁོར་ནོར་ལྷ་བྱེ་བ་ལ་གསོལ་ལོ། །མཆོད་དོ། །མགྲོན་ནོ། །འབུལ་ལོ། །སྦྱིན་ནོ། །རྟ་ལྷ་ཨཱརྱ་རེ་མནྟ་འཁོར་དང་བཅས་པ་ཁྱེད་རྣམས་གསོལ་ཞིང་མཆོད་པ་ལ་བརྟེན་ནས་རྐང་བཞི་རྟ་རྣམས་ལ་བསྐྱབ་ཏུ་གསོལ། རྟ་ལྷའི་རྒྱལ་པོས་རྟ་རྣམས་ལ་བསྲུང་དུ་གསོལ། རྟ་ནད་ཐམས་ཅད་རབ་ཏུ་ཞི་བར་མཛད་དུ་གསོལ། རྟ་དྲེལ་རྔོག་ཆགས་འཕེལ་བར་མཛད་དུ་གསོལ། ཁྱུ་མཆོག་རྟའི་དངོས་གྲུབ་བསྩལ་དུ་གསོལ། གློ་བུར་གྱི་དགྲ་རྐུན་དང་ལམ་གྱི་འཇིག་པ་གསལ་དུ་གསོལ། གཞན་ཡང་སྡང་བའི་དགྲ་ཐུལ་ཅིག །གནོད་པའི་བགེགས་ཐུལ་ཅིག །རྟའི་ནད་དང་གནོད་པ་སོལ་ཅིག །འཁོར་དང་རྟ་སྤེལ་ཅིག །ཁྱད་པར་དུ་ཡང་གནོད་སྦྱིན་གང་བ་བཟང་པོས་ནོར་སྤེལ་ཅིག །རྟ་རྣམས་སྲུངས་ཤིག །རྣམ་ཐོས་སྲས་ཀྱིས་རྟ་ནོར་འབྲུ་རྣམས་འཕེལ་བར་མཛོད་ཅིག །གསེར་གཡུ་རིན་ཆེན་གྱི་དངོས་གྲུབ་སྩོལ་ཅིག །རྟ་ལ་གནོད་པ་ཐམས་ཅད་མགོན་པོ་ནག་


CMR016_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

པོས་ཐུལ་ཅིག །བདག་གིས་བསམ་པ་མཐར་ཕྱིན་དུ་ཆུག་ཅིག །ཁྱད་པར་དུ་རྟ་བདག་གནོད་སྦྱིན་ཀུ་བེ་ར་ཁྱོད་ཀྱིས་ང་ཡི་རྟ་འདི་རྣམས་ལ་གནོད་པ་མ་བཏང་བར་སྲུངས་ཤིག །འཚོས་ཤིག །བདག་ཏུ་གྱིས་ཤིག །གཞི་བྱེས་ལམ་གསུམ་གར་ཕྱིན་ཀྱང་ཁྱོད་ཀྱིས་རྟའི་རྫི་བོ་གྱིས་ཤིག །རྟ་འདྲེ་རྟིལ་སྲི་ཁ་ཁོག་ཅིག །ཨོཾ་ཨཱརྱ་རེ་མན་སྭཱ་ཧཱ། གྷོ་ར་རཀྵ་རཀྵ་ཧཱུྃ་ཧཱུྃ་སྲུངས་ཤིག ཀུ་བེ་རཱ་ཡ་སྭཱ་ཧཱ། གྷོ་ར་རཀྵ་རཀྵ་ཧཱུྃ་ཧཱུྃ་སྲུངས་ཤིག །ཅེས་བསྲུང་བྱའི་རྟ་རྣམས་ཀྱི་སྲབ་མདའ་ཀུ་བེ་རའི་ཕྱག་ཏུ་བཞག་ནས་གཉེར་གཏད་པར་བསྒོམ། ལྷ་རྣམས་ནོངས་པ་གང་མཆིས་བོཟོད་པར་གསོལ། །རང་གནས་གཤེགས་སམ་རྟེན་ལ་ཅི་བདེར་བཞུགས། །འཇིག་རྟེན་འཇིག་རྟེན་འདས་པའི་དགེ་ལེགས་ཚོགས། །གོང་ནས་གོང་དུ་འཕེལ་བའི་བཀྲ་ཤིས་ཤོག །ཅེས་པ་འདི་ནི་རེ་མནྟའི་གཟུངས་རིགས་མི་གཅིག་པ་བཅུ་གཉིས་དང་། མགོན་པོའི་རྟ་གཟུངས་གསུམ། རྣམ་ཐོས་སྲས་ཀྱི་རྟ་གཟུངས་བཞི། གང་བ་བཟང་པོའི་རྟ་གཟུངས་གསུམ་ཙམ་སྟེ༔ རྟ་གཟུངས་རིགས་མི་གཅིག་པ་ཉི་ཤུ་རྩ་ལྔ་ཙམ་དང་། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་མཛད་པའི་རྟ་གཟུངས་ཀྱི་མན་ངག་དང་། དྲང་སྲོང་རོ་བཀྲ། ཅོག་རོའི་རོ་བཀྲ་སོགས་ནས་རེ་མནྟའི་མངོན་རྟོགས་བྱུང་བ་དང་། ཀུ་བེ་རའི་


CMR016_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

སྐོང་བ་དང་། གཞན་ཡང་མན་ངག་མང་པོའི་དོན་བསྡུས་ཏེ། རྟ་གཟུངས་འདོན་པའི་དམིགས་རིམ་འགྲིགས་ཆགས་སུ་བཀོད་པའོ། །འདི་བྲིས་ཉེས་པ་རྟ་ལྷ་རྣམས་ལ་བཤགས་ཤིང་། འདི་བྲིས་དགེ་བས་སེམས་ཅན་ཐམས་ཅད་གནས་སྐབས་སུ་བཞོན་པ་ཕུན་སུམ་ཚོགས་པ་དང་། བརྩོན་འགྲུས་ཀྱི་རྟ་མཆོག་ཞོན་ནས་ཐམས་ཅད་མཁྱེན་པའི་གྲོང་ཁྱེར་མྱུར་དུ་བགྲོད་པའི་ཕྱིར་བསྔོའོ། །རིག་སྔགས་འཆང་བ་རཱ་ག་ཨ་སྱས་བྲིས་པ་སརྦ་མངྒ་ལ་ཀུ་རུ་བྷ་ཝནྟུ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousརྟ་གཟུངས་ཀྱི་ཆོ་ག་ཅང་ཤེས་ཆར་འབེབས།next