Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྟ་ལྷའི་ཆོ་ག་བསྡུས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྟ་ལྷའི་ཆོ་ག་བསྡུས་པ།next

རྟ་ལྷའི་ཆོ་ག་བསྡུས་པ།


CMR016_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་ལྷའི་ཆོ་ག་བསྡུས་པ་བཞུགས་སོ། །མདུན་དུ་ཆུ་ལྷ་སྐུ་མདོག་དམར། །།རྡོ་རྗེ་རལ་གྲི་མདའ་མདུང་བསྣམས། །གསེར་གྱི་ཞུབ་ཅན་ཆུ་རིས་ཆིབས། །མདུན་རྒྱབ་སྟག་གཉིས་སེང་གཉིས་འགྱིང་། །ཀླད་ན་ཁྱུང་གཉིས་ཁྲ་གཉིས་ལྡིང་། །ལྔ་བརྒྱའི་འཁོར་བཅས་སྤྱན་དྲངས་གྱུར། །ཧཱུྃ། དཔལ་རབ་འཆང་བའི་མགོན་པོ་སྟེ། །ལམ་མཆོག་རྒྱལ་པོ་བདེ་མཛད་པ། །དགྲ་བླའི་མཆོག་སྟེ་ཉི་མའི་སྲས། །གཟི་ལྡན་ཨརྱ་རེ་མནྟ། །འཁོར་དང་བཅས་པ་མ་ལུས་པ། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །ཛཿཧཱུྃ་བཾ་ཧོ༔ ཏིཥྛ་ལྷན། ཨ་བྷི་ཥིཉྩ་མཱི། ཨགྷཾ་སོགས། ཨོཾ་ཨཧཱུྃ་ཧ་ཧོ་ཧཱུྃསྭཱ་ཧཱ། ཨོཾ་ཨརྱ་རེ་མནྟ་ཡེ་སྭཱ་ཧཱ། ཨི་དཾ༔ ན་མོ་རཏྣ་ཏྲ་ཡཱ་ཡ། ཧ་དེ་ཕུ་ནི་ཧ་དེ་ཕུ་ནི་ཧྥ་ཏེ་ཕུ་ནི་སྭཱ་ཧཱ། ཨོཾ་བཛྲ་ཀྲོ་ཏ་ཨཱརྱ་རེ་མནྟ་ཧ་ན་ཧ་ན་ཧཱུྃ་ཕཊ། ཨོཾ་ཨརྱ་རེ་མནྟ་སྭཱ་ཧཱ། རྟ་ལ་རཀྵ་རཀྟ་གྷོ་ར་སིདྡྷི་ཧཱུྃ། ཧཱུྃ། འགྲོ་བ་ཉམས་ཐག་དོན་སླད་དུ། །ཐུགས་རྗེའི་དབང་གླུ་གིས་མགོན་གྱུར་པ། །མངའ་མཛད་ཐུབ་དབང་རྟ་ཡི་ལྷ། །དཔལ་ལྡན་གཞོན་ནུ་རེ་མནྟ། །བདག་གི་དུས་རྣམས་ཐམས་ཅད་དུ། །སྐྱེས་མཆོག་ཁྱེད་ལ་དད་པ་ཡི། །རེ་བའི་


CMR016_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཀྱིས་ཕྱག་འཚལ་བསྟོད། །མགོན་པོ་ཐུགས་རྗེ་ཅན་ཁྱོད་ཀྱིས། །མཆོད་གཏོར་འབུལ་བ་འདི་བཞེས་ལ། །ལམ་གྱི་དགྲ་དང་འཇིགས་པ་སོལ། །ཁྱུ་མཆོག་རྟ་རྣམས་སྤེལ་བ་དང་། །རྟ་ལ་བསྲུང་ཞིང་བསྐྱབ་ཏུ་གསོལ། །ཨོཾ་ཨཱརྱ་རེ་མན་གྷོ་ར་སིདྡྷི་ཧཱུྃ་སྭཱ་ཧཱ། ཨ་རཱ་གས་སོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousརྟ་ལྷའི་ཆོ་ག་བསྡུས་པ།next