Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྟ་ལྷ་གནོད་སྦྱིན་ཆེན་པོ་ཀུ་བེ་ར་ཡི་བསྙེན་སྒྲུབ་མཆོད་བསྟོད་གཅིག་དྲིལ་རྒྱུད་མང་པོའི་བཅུད་བསྡུས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྟ་ལྷ་གནོད་སྦྱིན་ཆེན་པོ་ཀུ་བེ་ར་ཡི་བསྙེན་སྒྲུབ་མཆོད་བསྟོད་གཅིག་དྲིལ་རྒྱུད་མང་པོའི་བཅུད་བསྡུས།next

རྟ་ལྷ་གནོད་སྦྱིན་ཆེན་པོ་ཀུ་བེ་ར་ཡི་བསྙེན་སྒྲུབ་མཆོད་བསྟོད་གཅིག་དྲིལ་རྒྱུད་མང་པོའི་བཅུད་བསྡུས།


CMR016_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་ལྷ་གནོད་སྦྱིན་ཆེན་པོ་ཀུ་བེ་ར་ཡི་བསྙེན་སྒྲུབ་མཆོད་བསྟོད་གཅིག་དྲིལ་རྒྱུད་མང་པོའི་བཅུད་བསྡུས་ཡོད།


CMR016_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

བཛྲ་པཱ་ཎི་ལ་ན་མོ། ཀུ་བེ་ར་མཆོད་པར་འདོད་པས། ཟན་ཟླ་གམ་སྟེང་དུ་གྲུ་གསུམ་བྲུས་པར་ཁྲག་གམ་འབྲི་མོག་བྱུག །ཟུར་གཉིས་ན་མར་མེ་གཏམས་པ་ཞིག་བྱ་བའམ། ཡང་ན་གཏོར་མ་རིན་པོ་ཆེའི་དབྱིབས་ཅན་བྱས་ལ། །ཧཱུྃ། མདུན་ད་སྦྱིན་ཀུ་བེ་ར། །མདོག་ནག་གོས་མན་རྨོག་ཞུ་ཅན། །སྔོན་པོ་ཤེལ་རིས་ཆིབས་སུ་ཆིབས། །གཡས་ན་རལ་གྲི་འབར་བ་བསྣམས། །གཡོན་ན་གཏེར་གྱི་ནེའུ་ལེ་བསྣམས། །ཐུགས་ཀའི་འོད་ཀྱིས་སྤྱན་དྲངས་གྱུར། །བྱང་ཕྱོགས་སྐྱོང་བའི་ཞིང་ཁམས་ནས། །རྣམ་སྲས་ཐུགས་ལས་སྤྲུལ་པའི་སྲས། །ཀུ་ཝེ་ར་ནི་རྫུ་འཕྲུལ་ཅན། །གནོད་སྦྱིན་


CMR016_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

འབུམ་གྱི་འཁོར་དང་བཅས། །བདག་གིས་མཆོད་ཕྱིར་སྤྱན་འདྲེན་ན། །དམ་ཚིག་དབང་གིས་གཤེགས་སུ་གསོལ། །རིན་ཆེན་ཁྲི་མཆོག་པད་ཟླ་དང་། །རྟ་མཆོག་བརྗིད་པའི་ཁྲི་སྟེང་དུ། །དགྱེས་པའི་ཚུལ་གྱིས་བཞུགས་ནས་ཀྱང་། །སྔོན་ཚེ་ཐུབ་པའི་དབང་པོ་དང་། །གསང་བདག་དམ་ཚིག་རྗེས་དགོངས་ལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཨོཾ་ཀུ་བེ་ར་ཡེ་སྭཱ་མ་ཡཱ། །ཛཧཱུྃ་བཾ་ཧོ༔ཏིཥྛ་ལྷན། །མེ་ཏོག་བདུག་སྤོས་མར་མེ་དྲི། །སྣ་ཚོགས་ཞལ་ཟས་རོལ་མོ་ཚོགས། །འདོད་ཡོན་ལྔ་དང་རིན་ཆེན་བདུན། །བཀྲ་ཤིས་རྟགས་


CMR016_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་འབྲུ་སྨན་དང་། །དཀར་གསུམ་མངར་གསུམ་གཏོར་མ་འབུལ། །འཁོར་བཅས་མཉེས་ཤིང་ཚིམས་གྱུར་ཅིག །ཨོཾ་ཨ་མྲྀ་ཏ་སོགས། ཨ་ཀཱ་རོ་སོགས། ཨོཾ་ཀུ་བེ་ར་ཡེ་ས་། པཱ་རི་ཝ་ར་ཨི་དཾ་བྷ་ལིནྟ་གྷི་ཧཱ་ནནྟུ། ས་མ་ཡ་རཀྵནྟུ། མ་མ་སརྦ་སིདྡྷི་མེ་པྲ་ཡཙྪ་མ་མ་སརྦ་ཀརྨ་ཨ་མོ་གྷ་སྭཱ་ཧཱ། ཨ་བྷཾ་སོགས། ཧཱུྃ། ཀུ་བེ་ར་ནི་སྐུ་མདོག་ནག །རྫུ་འཕྲུལ་རྟ་ཡི་སྟེང་ན་བཞུགས། །གཡོན་པས་ནེའུ་ལེ་གཡས་པ་ན། །རལ་གྲི་བསྣམས་ལ་ཕྱག་འཚལ་ལོ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །བདག་གི་རྟ་འདི་སྲུང་སྐྱོབ་མཛོད། །བདག་ཏུ་ཟུངས་ལ་འཚོ་བར་གྱིས། །གཞི་བྱེས་ལམ་གསུམ་གར་འགྲོ་ཡང། །རྟ་ཡི་རྫིའུ་ཁྱོད་ཀྱིས་མཛོད། །གནོད་ཅིང་འཚེ་བ་མ་བཏང་ལ། །རྟ་འདྲེ་རྟེལ་སྲི་ཁ་ཁོག་ཅིག །ཅེས་བརྗོད་ལ་སྲབ་མདའ་འཐེན་པའི་ཚུལ་དུ་བྱ། རྟའི་རྫིའུ་བྱེད་པར་ཁས་བླངས་པར་བསམས་ལ། ཐུགས་ཀར་ཟླ་བའི་གདན་ལ་ཀཾ་ཡིག་གི་མཐར་སྔགས་འཁོར་བར་བསམས་ལ། ཨོཾ་ཀུ་བེ་ར་ཡེ་སྭཱ་ཧཱ། གྷོ་ར་རཀྵ་རཀྵ་ཧཱུྃ་ཧཱུྃ་སྲུངས་ཤིག །ཕོ་ལ་སྲུང་མོ་ལ་སྤེལ་སྦྱར་བ་བརྒྱ་རྩ་བརྒྱད་བཟླས་སོ། །འདི་མགོན་པོ་དངོས་གྲུབ་འབྱུང་རྒྱུད་དང་རྣམ་སྲས་ནོར་བུ་འབྱུང་བ་དང་རྟའི་གཟུངས་ཁྲི་སྲོང་ལྡེའུ་བཙན་གྱི་མཛད་པའི་ཆོ་ག་དང་། ཟངས་


CMR016_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་ལུགས་འདི་རྣམ་སྲས་ཆོ་ག་སོགས་ནས་ཨ་རཱ་གས་བསྡུས་པའོ། མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR016_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousརྟ་ལྷ་གནོད་སྦྱིན་ཆེན་པོ་ཀུ་བེ་ར་ཡི་བསྙེན་སྒྲུབ་མཆོད་བསྟོད་གཅིག་དྲིལ་རྒྱུད་མང་པོའི་བཅུད་བསྡུས།next