Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།

8 occurrences of གསང་བདག་ཕྱག་རྡོར་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས་ཀུ་བེ་རའི་སྒྲུབ་ཐབས་ཀྱི་དམིགས་རིམ་ཟིན་བྲིས།
  
  
  
  
  
  
 
  
 
 
  
  
  
  
  
  
  
  


8 occurrences of གསང་བདག་ཕྱག་རྡོར་
[Clear Hits]

 
previousགནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས་ཀུ་བེ་རའི་སྒྲུབ་ཐབས་ཀྱི་དམིགས་རིམ་ཟིན་བྲིས།next

གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས་ཀུ་བེ་རའི་སྒྲུབ་ཐབས་ཀྱི་དམིགས་རིམ་ཟིན་བྲིས།


CMR016_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས་ཀུ་བེ་རའི་སྒྲུབ་ཐབས་ཀྱི་དམིགས་རིམ་ཟིན་བྲིས་དང་བཅས་གསལ་བར་བཞུགས་སོ།།


CMR016_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་དྷེ་བ་ཌཱཀི་ནི་ཧཱུྃ༔ ཀུ་བེ་ར་ཡི་སྒྲུབ་པ་ནི༔ དཀྱིལ་འཁོར་མེད་ཅིང་གཏོར་མ་མེད༔ བསྐྱེད་རིམ་དམིགས་པ་ཁོ་ནས་ཆོག༔ གསུངས་པའི་ཞལ་ཤེས་ཟིན་བྲིས་ནི༔ རྒྱུན་ཁྱེར་ཉམས་སུ་ལེན་པ་ནི༔ སྔགས་དང་དམིགས་པ་ཁོ་ནས་ཆོག༔ གཙོ་ཆེར་འདི་ཉིད་སྒྲུབ་པ་ནི༔ གཞི་དཀར་པདྨ་འདབ་བརྒྱད་དམ༔ ནས་ཀྱི་འབྲུ་ཚོམ་དགུ་བཀོད་སྟེང་༔ རིན་ཆེན་སྣོད་གཙང་སྣོད་ནང་དུ༔ ཟན་ལེབ་ཚེས་བརྒྱད་ཟླ་བའི་དབྱིབས༔ དཀྱིལ་དུ་གྲུ་གསུམ་བྲུས་བྱས་ལཿ ཁྲག་གམ་ཡང་ན་འབྲི་མོག་བྱུག༔ དེ་སྟེང་གཏོར་མ་སྟོད་ཟུར་གཉིས༔ མདུན་རྒྱབ་ནོར་བུ་འབར་བའི་དབྱིབས༔ རྩེ་ལ་ཉི་ཟླ་སྐར་གསུམ་དང་༔ ནོར་བུའི་དབྱིབས་སོགས་དཀར་རྒྱན་གཟབ༔ ཟླ་གམ་གཡས་གཡོན་སྣེ་གཉིས་ལ༔ ཟན་ཀོང་མར་


CMR016_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

མེ་གཉིས་ཀྱང་བཞག༔ ཤ་ཕུད་གཙང་མ་འབྲུ་སྣ་དང་༔ ཤིང་ཐོག་འབྲུ་སྣ་གང་འཛོམས་བླུག༔ དར་ནག་གམ་ནི་ཤོག་བུ་ལ༔ བྲིས་པའི་ཀུ་བེ་ར་ཡི་གཟུགསཿ མིག་གཉིས་རེ་དང་ལྟེ་བར་ཛཾ༔ སོག་པར་ཏཾ་དང་སྙིང་གར་སྔགས༔ བྲིས་པ་མདའ་དར་མགུལ་དུ་བཏགས༔ རང་དོན་ཡིན་ན་རྟེན་དུ་བཅང་༔ གཞན་དོན་ཟན་ནམ་འཇིམ་པ་ལ༔ ཀུ་བེ་ར་ཡི་གཟུགས་བྱས་ཏེ༔ གཡས་པས་ཤིང་གི་རལ་གྲི་དང་༔ གཡོན་པས་ཆིབས་པའི་སྲབ་མདའ་འཛིན༔ མགོ་ལ་ཟེར་མོའི་འཕྲུ་བཙུགས་བཞག༔ དེ་མཐར་མཆོད་པ་སྣ་ཚོགས་པ༔ བསང་གི་དུས་ལྟར་ཅི་འབྱོར་གཟབ༔ སྤྱན་གཟིགས་འཁོར་གསུམ་ཁྲབ་རྨོག་ཕུབ༔ རྟ་ཡི་སྒ་སྟན་ལྕག་ཙན་སྒྲོག༔ རྟ་མགུལ་སྲབ་མཐུར་རྣམས་ཀྱང་བཤམས༔ གནམ་ཆོས་གཞུང་ལྟར་རྟ་གླུད་


CMR016_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

བཏང་༔ རང་ཉིད་ཡི་དམ་གང་རུང་བསྒོམ༔ གསུང་ཕྱིར་གང་ཡང་རུང་མོད་ཀྱང་༔ རྟ་མགྲིན་ཡིན་ན་མཆོག་ཏུ་ལེགས༔ ཧཱུྃ༔ མདུན་དུ་ནོར་ལྷ་ཀུ་བེ་རཿ སྐུ་མདོག་ནག་པོ་ཞལ་གཅིག་པ༔ ཕྱག་གཉིས་གཡས་པས་རལ་གྲི་དང་༔ གཡོན་པས་རྟ་ཡི་སྲབ་མདའ་འཛིན༔ སྐུ་ལ་ཁྲབ་རྨོག་བརྗིད་པ་གསོལ༔ ཆིབས་སུ་རྟ་ནག་མདངས་ལྡན་ཆིབས༔ རང་འདྲ་ལྔ་བརྒྱའི་འཁོར་དང་བཅསཿ སྤྱན་དྲངས་མདུན་བསྐྱེད་རྟེན་ལ་བསྟིམ༔ སྤོས་དཀར་ཤུག་གསུར་དུད་པ་བཏང་༔ སྙན་པའི་དབྱངས་དང་རོལ་མོ་བཅས༔ ཧཱུྃ༔ འདི་ནས་བྱང་གི་ཕྱོགས་རོལ་ན༔ རྒྱ་མཚོ་ཆེན་པོའི་ཕར་འདབ་ན༔ གསེར་རི་བདུན་གྱི་ཕ་རོལ་ན༔ རོལ་མཚོ་བདུན་གྱི་ཤར་འདབ་ན༔ རི་རྒྱལ་ལྷུན་པོའི་བྱང་ཕྱོགས་ན༔ ནམ་མཁའ་ས་གཞི་བར་སྣང་ཀུན༔ ཐམས་ཅད་བཙོ་མ་གསེར་གྱི་མདོག༔ ཉི་མ་ཟླ་བ་འགྲིམ་པའི་ལ༔ གཉའ་ཤིང་འཛིན་གྱི་རྩེ་མོ་ན༔ རིན་ཆེན་གཏེར་ཁ་བྱེ་བས་བརྒྱན༔ རིན་ཆེན་གསེར་གྱི་བྱེ་མ་བརྡལ༔ ཁྲུས་ཀྱི་རྫིང་བུ་དཔག་བསམ་ཤིང་༔ མ་རྨོས་ལོ་ཐོག་འདོད་འཇོའི་བ༔ འདོད་ཡོན་སྣ་ཚོགས་གཅལ་དུ་བཀྲམ༔ དེ་ན་ཕོ་བྲང་ལྕང་ལོ་ཅན༔ ལྕང་ལོ་ཅན་གྱི་བྱང་


CMR016_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ན༔ རིན་ཆེན་བརྩེགས་པའི་ལྡིང་ཁང་ན༔ གནོད་སྦྱིན་སྡེ་དཔོན་ཀུ་བེ་ར་འབོད་དོ་གདུང་བའི་དབྱངས་ཀྱིས་འབོད༔ ཁྱོད་ལ་མངོན་ཤེས་སྤྱན་ལྡན་པསཿ སྙན་གྱིས་གསོན་ལ་ཐུགས་ཀྱིས་དགོངས༔ ཁྱོད་ལ་རྫུ་འཕྲུལ་སྟོབས་མངའ་བས༔ སྐད་ཅིག་ཙམ་གྱིས་འདིར་གཤེགས་ལ༔ ཡིད་སྤྲུལ་རིན་ཆེན་གཞལ་ཡས་ཁང་༔ ཅང་ཤེས་ནག་པོའི་ཁྲི་ལ་བཞུགས༔ སྔོན་ཚེ་ཤཱཀ་ཐུབ་གསང་བདག་དང་༔ སྲོང་བཙན་སྤྱན་སྔར་ཁས་བླངས་ལྟར༔ བདག་གིས་གང་བཅོལ་འགྲུབ་པར་མཛོད༔ ཨོཾ་ཀུ་བེ་ར་བཛྲ་ས་མཱ་ཡ༔ ཛཧཱུྃ་བཾ་ཧོ༔ ཏིཥྛ་ལྷན༔ ས་མ་ཡ་སྟེ༔ ས་མ་ཡ་ཧོ༔ ཧཱུྃ༔ རྡོ་རྗེ་འཆང་དང་གསང་བའི་བདག་པོ་ཡིས༔ དཀྱིལ་འཁོར་དུ་མར་དབང་བསྐུར་དམ་ལ་བཞག༔ བྱང་ཕྱོགས་སྐྱོང་བའི་དཔལ་མགོན་ཀུ་བེ་ར༔ ཁྱེད་ལ་མཉེས་པའི་མཆོད་པ་འབུལ་བ་ནི༔ དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་པའི༔ ཉེར་སྤྱོད་བདུན་དང་འདོད་པའི་ཡོན་ཏན་ལཿ བཀྲ་ཤིས་རྫས་རྟགས་བརྒྱད་དང་རིན་ཆེན་བདུན༔ དར་ཟབ་འབྲུ་སྣ་ཤིང་ཐོག་ཟས་སྣའི་ཕུད༔ སྐུ་གཟུགས་དར་ནག་ལ་སོགས་མཐུན་རྫས་འབུལ༔


CMR016_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་རིན་ཆེན་སྣོད་མཆོག་རྒྱ་ཆེ་བརཿ གཏོར་མ་ཟག་མེད་ཡེ་ཤེས་བདུད་རྩིའི་མཚོ༔ ཧ་ཧོ༔ཧཱི༔ཡི་སྔགས་ཀྱིས་བྱིན་བརླབས་པས༔ ཁ་དོག་དྲི་རོ་ནུས་མཐུ་ཕུན་སུམ་ཚོགས། ཟག་མེད་བདེ་བ་སྐྱེད་པར་བྱེད་པ་འདི༔ རྟ་བདག་གནོད་སྦྱིན་ཆེན་པོ་ཀུ་བེ་ར༔ འཁོར་དང་བཅས་ལ་འབུལ་ལོ་དགྱེས་པར་བཞེས༔ ཨོཾ་ཀུ་བེ་ར་ས་པ་རི་བཱ་ར་ཨི་དཾ་བ་ལི་གྲི༔ ས་མ་ཡ་རཀྵནྟ་མ་མ་སརྦ་སིདྡྷི་མྨེ་པྲ་ཡཙྪ་མ་མ་སརྦ་ཀརྨ་སིདྡྷི་ཨ་མོ་གྷ་སྭཱ་ཧཱ༔ ཞེས་ལན་གསུམ། ཨབྷཾ་སོགས། ཧཱུྃ༔ སྔོན་ཚེ་དཔལ་ཆེན་ཧེ་རུ་ཀ༔ གསང་བདག་རྟ་མགྲིན་ལ་སོགས་ཀྱིས༔ རྒྱུད་སྡེ་མང་པོའི་དབང་བསྐུར་ཞིང་༔ དཀྱིལ་འཁོར་གཉན་པོའི་གྲལ་ལ་བཞག༔ འཇིག་རྟེན་བྱུང་ཕྱོགས་སྐྱོང་མཛད་པའི༔ དཔལ་མགོན་ཀུ་བེ་ར་ལ་བསྟོད༔ ཟླ་བའི་སྲས་པོ་གཟི་བརྗིད་ཅན༔ རྣམ་ཐོས་སྲས་ཀྱི་སྤྲུལ་པ་སྟེ༔ ལྷ་མིན་གཡུལ་ངོ་བཟློག་པའི་ཕྱིརཿ སྐུ་མདོག་ནག་པོ་མི་སྡུག་གཟུགས༔ དཀར་པོའི་ལྷ་རྣམས་རྒྱལ་བྱེད་པའི༔ གནོད་སྦྱིན་སྡེ་དཔོན་སྟོབས་པོ་ཆེ༔ གནོད་སྦྱིན་ལུས་ངན་པོ་ལ་བསྟོད༔ ཆོས་རྒྱལ་སྲོང་བཙན་སྒོམ་པོ་ཡིས༔ བོད་ཡུལ་གཙུག་ལག་ཐོག་མ་རུ༔ ཁྲ་འབྲུག་ལྷ་ཁང་


CMR016_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

སྲུང་མར་བསྐོས༔ དེ་ནས་བོད་ཀྱི་ལྷ་རུ་གྱུར༔ རྒྱལ་འགོང་རྣམས་ཀྱི་ཁ་གནོན་མཛད༔ དཀོར་བདག་ཀུ་བེ་ར་ལ་བསྟོད༔ སྐུ་མདོག་ནག་པོ་མུན་པའི་མདོག༔ སྤྱན་བགྲད་ཁྲོ་གཉེར་ཨཾ་གཙིགས་བསྡམས༔ རྟ་གདོན་ཐམས་ཅད་ཞབས་ལ་མནནི༔ དབུ་ལ་བསེ་རྨོག་ལྡེམ་འཕྲུས་བརྒྱན༔ སྐུ་ལ་དར་བེར་དམར་ལྗང་སྟེང་༔ བསེ་ཁྲབ་སྟག་གི་ཤམ་ཐབས་གསོལ༔ ཕྱག་གཡས་བསམ་གཅོད་རལ་གྲི་ཕྱར༔ རྟ་གདོན་རྣམས་ཀྱི་ཀླད་ཁྲག་འགེམ༔ གཡོན་པས་རྟ་ཡི་སྲབ་མདའ་འཛིན༔ རྔོག་ཆགས་ཀུན་གྱི་རྫི་བོ་མཛད༔ ཆིབས་སུ་རྟ་ནག་འཕུར་ཤེས་ཆིབས༔ སྤྲུལ་པ་རང་འདྲ་ལྔ་བརྒྱ་དང་༔ འཁོར་ནི་གནོད་སྦྱིན་སྟོང་གི་ཚོགས༔ ཀུན་ཀྱང་བསེ་ཁྲབ་བསེ་རྨོག་ཅན༔ སྔོན་པོ་ཆུ་རིས་ཆིབས་སུ་ཆིབས༔ མདུང་དམར་རུ་མཚོན་ཆེམས་སེ་ཆེམ༔ རྟ་གཡང་དངོས་གྲུབ་ཀུན་གྱི་བདག༔ རྟ་བདག་ཆེན་པོ་ཀུ་བེ་ར༔ འཁོར་དང་བཅས་པ་ཐམས་ཅད་ལ༔ མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ གནོད་སྦྱིན་ཆེན་པོ་ཀུ་བེ་ར༔ ཁྱོད་ནི་རྟ་ཡི་བདག་པོ་སྟེ༔ དམིགས་ཡུལ་བསྲུང་བྱའི་རྟ་འདི་


CMR016_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས༔ ཁྱོད་ལ་བཅོལ་ལོ་བདག་པོ་གྱིསཿ གཞི་བྱེས་ལམ་གསུམ་གར་ཕྱིན་ཀྱང་༔ སྐྱོབས་ཤིང་འཚོས་ཤིག་ཇི་འུ་གྱིས༔ གནོད་པ་མ་བཏང་ཐུབ་པར་སྲུངས༔ རྟ་ནད་ཐམས་ཅད་ཞི་བ་དང་༔ རྟ་ཡི་ཡམས་ནད་ཐུབ་པར་སྲུངས༔ བཙན་ལྷེབ་བཙན་གྱི་གནོད་པ་དང་༔ སྡོམ་དང་ལ་གར་ལ་སོགས་པ༔ རྟ་ནད་ཐམས་ཅད་མེད་པར་མཛོད༔ རྟ་གོད་ཆོད་ལ་རྟིལ་སྲི་ཆིངས༔ རྔོག་ཆགས་ཐམས་ཅད་བསྲུང་བ་དང་༔ རྒོད་མ་ཐམས་ཅད་སྒྲུབ་འཕེལ་བའི་༔ ཕྲིན་ལས་འདི་དག་མྱུར་འགྲུབ་མཛོད༔ སྲབ་མདའ་ཕྱག་ཏུ་ཕུལ་བར་བསྒོམ༔ ཨོཾ་ཀུ་བེ་ར་སྭཱ་ཧཱ༔ གྷོ་ར་རཀྵ་རཀྵ་བྷི་བྷི་སྲུངས་ཤིག༔ སྤྱན་འདྲེན་བསྟིམས་ནས་སྔགས་འདི་བརྗོད༔ དེ་ནས་དེ་ཡི་ཞལ་གདམས་ལ༔ རྟ་ལྷའི་ཐུགས་ཀར་ཟླ་བའི་སྟེང་༔ ཀཾ་ཡིག་མཐའ་མར་སྔགས་གཡས་འཁོར༔ དེ་ལས་འོད་ཟེར་བྱང་ཕྱོགས་འཕྲོསཿ ལྕང་ལོ་ཅན་ནས་ཀུ་བེ་ར༔ གྲངས་མེད་སྤྱན་དྲངས་རྟེན་ལ་བསྟིམ༔ བཀའ་ཉན་གསུང་སྡོད་བྱེད་པར་བསྒོམ༔ ཨོཾ་ཨཱཀུ་བེ་ར་སྭཱ་ཧཱ༔ དེས་ནི་ཀུ་བེ་ར་འགྲུབ་བོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རྟ་ནད་ཀུན་གྱི་སྲུང་བ་ནི༔ ཀུ་བེ་ར་ཡི་ཐུགས་ཀ་ནས༔ འོད་ཟེར་ཟླ་བ་ཤར་ལྟར་འཕྲོསཿ རྟ་ཡི་ནད་


CMR016_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཐམས་ཅད་ནི༔ མུན་པར་ཟླ་བ་ཤར་བཞིན་སེལ༔ སྔགས་འདི་མང་དུ་བཟླས་པས་ཆོག༔ ཨོཾ་ཨཱཋཀུ་བེ་ར་ཏིང་གྷོ་ར་རཀྟ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་རྟ་ཡི་གོད་གཅོད་ནི༔ ཀུ་བེ་ར་ཡི་ཐུགས་ཀ་ནས༔ རང་འདྲའི་སྤྲུལ་པ་འབུམ་ཕྲག་ནི༔ དམག་ཆེན་བཤིག་པ་ལྟ་བུར་འཕྲོས༔ རྟ་ལ་གནོད་པའི་བགེགས་རྣམས་ཀུན༔ དཔག་ཚད་དུ་ཡང་མི་གནས་བྲོས༔ ལ་ལས་མི་གནོད་ཁས་ལེན་བྱས༔ གོད་འདྲེ་གདུག་པ་ཅན་རྣམས་ཀུན༔ རལ་གྲིས་གཏུབས་ཤིང་བསད་པར་བསྒོམ༔ སྔགས་འདི་མང་བཟླས་ཁོ་ནས་ཆོག༔ ཨོཾ་ཨཱཋཀུ་བེ་ར་ཏ་ཀཱི་རཱུ་པ་གྷོ་ར་ཧ་དྷི་ཧ་དྷི་སྭཱ་ཧཱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་རྟ་ཡི་གཡང་སྡུད་ནི༔ ཀུ་བེ་ར་ཡི་ཐུགས་ཀ་ནས༔ འོད་ཟེར་དམར་པོའི་ཕྱོགས་བཅུར་འཕྲོས༔ རྟ་གཡང་དངོས་གྲུབ་ཐམས་ཅད་ནི༔ འོད་ཟེར་ཚུར་དུ་བསྡུས་ནས་ནི༔ རང་གི་རྟ་ལ་ཐིམ་པ་ཡིསཿ རྔོག་ཆགས་འཕེལ་ཞིང་རྒྱས་པར་བསྒོམ༔ ཨོཾ་ཀུ་བེ་ར་སྭཱ་ཧཱ༔ གྷོ་ར་སིདྡྷི་ཕ་ལ་ཧཱུྃ༔ དེ་ལྟར་ཐུན་བཞི་ཐུན་དྲུག་སྟེ༔ སྒྲུབ་པ་ཡིན་ན་མགོ་འཇུག་གི༔ སྔགས་དམིགས་གཉིས་པོ་གཙོ་ཆེར་བྱ༔ རྟ་ནད་སྲུང་དང་གོད་གཅོད་སྐབས༔ བར་མ་གཉིས་པོ་གཙོ་ཆེར་བྱ༔ དེ་ལྟར་ཞག་གསུམ་ལྔ་བདུན་སོགས༔ སྒྲུབ་


CMR016_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འབད་པས་རྨི་ལམ་དུ༔ ཚོང་དཔོན་ལ་སོགས་དཔོན་རིགས་ཀྱི༔ རྐྱ་པ་ཆས་བཟང་འོང་བ་དང་༔ རྟ་ཁྱུ་འཚོ་དང་བདག་པོ་བྱེདཿ རྟ་ནག་རྟེའུ་འགྲོས་པ་དང་༔ མཐུར་སྲབ་རྩྭ་སྔོན་ཕུལ་བྱུང་དང་༔ རྟགས་མཚན་ནོར་ལྷ་སྤྱི་དང་མཚུངས༔ མདུན་བསྐྱེད་དམིགས་རྟེན་མདའ་དར་དང་༔ རྟ་ཆས་རྣམས་ལ་ཐིམ་པར་དམིགས༔ རྒྱུན་དུ་གཏོར་མགྲོན་གྲལ་འདོན་ནམ༔ མ་ལྕོགས་སྔགས་ལ་ཁཱ་ཧི་སྭཱ་ཧཱཿ རྒྱུན་དུ་བསྙེན་སྔགས་སྲུང་སྔགས་བཟླ༔ གོད་གཅོད་རྔོག་ཆགས་འཕེལ་བར་ངེས༔ གཞན་དོན་ཡིན་ན་གཟུགས་བརྙན་དེ༔ རྟ་བྲེས་ནང་དུ་སྦས་བྱས་ལ༔ བཀའ་བསྒོ་བྱས་ལ་བཀྲ་ཤིས་བརྗོད༔ གཏོར་མ་ཕྱི་ལ་མ་འཁྱར་བར༔ ནང་མི་ཐམས་ཅད་དངོས་གྲུབ་རོལ༔ དེ་ནི་བསྙེན་སྒྲུབ་དམིགས་རིམ་མོ༔ དེ་ནས་དེ་ཡི་ལས་ཚོགས་ནི༔ དང་པོ་རྟ་ཡི་བཙན་སྲུང་ནི༔ སྔགས་འདི་མང་པོ་བཟླས་པས་ཆོག༔ སྔགས་ཆུ་སྲུང་སྐུད་སྔགས་མར་བྱ༔ ཨོཾ་ཨཱཀུ་བེ་ར་དྷ་རི་གྷོ་ར་དུ་དྷ་དྷུ་རཀྟ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་རྟ་ཡི་སྡོམ་སྲུང་ནི༔ སྔགས་འདི་མང་དུ་བཟླས་པས་ཆོག༔ སྔགས་ཆུ་སྔགས་མར་སྲུང་སྐུད་རུང་༔ ཨོཾ་ཨཱཿ ཀུ་བེ་ར་གྷོ་ར་རོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་དེ་རྣམས་ཞལ་གདམས་ལ༔ སྒྲུབ་པ་བྱེད་ཆེ་སྔགས་མར་དང་སྲུང་སྐུད་མང་དུ་སྔགས་བྱས་ལ༔ སྔགས་མར་བྱུག་ཅིང་སྲུང་སྐུད་བཏགས༔ རྟ་ནད་སྔགས་དང་གཅོད་པའི་དུས༔ རྟ་ནི་ཧ་ཅང་མང་དྲག་ན༔ སྔགས་ཆུ་སྔགས་ནས་གཏོར་བའམ༔ བཟང་ཤིང་སྔགས་ནས་བདུག་


CMR016_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

པར་གསུངས༔ ཀུན་ལ་གཏོར་བསྔོས་བཀའ་བསྒོ་བཅསཿ འདི་ཡི་སྒྲུབ་པ་བྱེད་ན་ནི༔ བཀའ་གཏད་ཐོབ་པ་གལ་ཆེ་ཞིང་༔ སྒྲུབ་པ་མིན་པའི་གསོལ་མཆོད་ལ༔ ལུང་ཐོབ་ནས་ཀྱང་ཆོག་པ་ཡིན༔ སྤྲུལ་སྐུ་མི་འགྱུར་རྡོ་རྗེ་ཡི༔ དགུང་ལོ་བཅུ་གསུམ་བྱ་ལོ་ལ༔ ས་ག་ཟླ་བའི་ཚེས་བརྒྱད་ཉི༔ རྟ་བདག་གནོད་སྦྱིན་ཀུ་བེ་རཿ ཆ་ལུགས་མངོན་རྟོགས་དང་མཚུངས་པ༔ དངོས་སུ་བྱུང་སྟེ་ཕུལ་བར་བྱུང་༔ འདོན་ཆ་ལ་སོགས་མ་མཆིས་ཤིང་༔ རྒྱུད་ཚིག་ཅུང་ཟད་གོ་དཀའ་བས༔ སྔགས་འཆང་གུ་རུའི་མིང་ཅན་གྱིས༔ རྟ་ཁྱུ་མང་སྲུང་མཎྜལ་བཅས༔ ཡུན་རིང་ཞིག་ནས་བསྐུལ་བའི་ཕྱིར༔ བྱ་ལོ་མཆུ་ཟླའི་མར་ངོ་ཡི༔ ཚེས་བཅུའི་ཉི་མ་སྔ་དྲོའི་ཐུན༔ གཏེར་བློན་རཱ་ག་ཨ་སྱ་ཡིསཿ གཏེར་གཞུང་འགྲེལ་བར་གོ་བདེ་སྨྲས༔ དགེ་སློང་བརྩོན་འགྲུས་ཞེས་བྱས་བྲིས༔ ཉེས་འགལ་གཏེར་སྲུང་རྣམས་ལ་བཤགས༔ དགེ་བས་འདི་དང་འབྲེལ་ཐོགས་ཀུན༔ རྔོག་ཆགས་ཐམས་ཅད་འཕེལ་ཞིང་རྒྱས༔ ཅང་ཤེས་དངོས་གྲུབ་ཐོབ་པར་ཤོག། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR016_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousགནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས་ཀུ་བེ་རའི་སྒྲུབ་ཐབས་ཀྱི་དམིགས་རིམ་ཟིན་བྲིས།next