Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཀུ་བེ་རའི་གསོལ་མཆོད།
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཀུ་བེ་རའི་གསོལ་མཆོད།next

ཀུ་བེ་རའི་གསོལ་མཆོད།


CMR016_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ་རྟ་ལྷ་ཨཱརྱ་རེ་མནྟ། །སྐུ་མདོག་དམར་པོ་བྱུ་རུའི་མདོག །སྐུ་ལ་བསེ་ཡི་ཁྲབ་རྨོག་གསོལ། །གཡས་པ་རལ་གྲི་གཡོན་འཁོར་ལོ། །ཆིབས་སུ་རྟ་སྔོན་ཆུ་རིས་ཆིབས། །རྟ་བདག་རྒྱལ་པོ་ཀུ་བེ་ར། །སྐུ་མདོག་ནག་པོ་ཞལ་གཅིག་པ། །ཕྱག་གཉིས་གཡས་པས་རལ་གྲི་དང་། །གཡོན་པས་རྟ་ཡི་སྲབ་མདའ་འཛིན། །སྐུ་ལ་ཁྲབ་རྨོག་བརྗིད་པར་གསོལ། །ཆིབས་སུ་རྟ་ནག་མདངས་ལྡན་ཆིབས། །རང་འདྲ་ལྔ་བརྒྱ་གནོད་སྦྱིན་འབུམ། །ཁྱུང་དང་བྱ་ཁྲ་སྟག་སེང་སོགས། །བདག་ལ་དངོས་གྲུབ་སྟེར་བའི་ཕྱིར། །སྤྱན་འདྲེན་ཕོ་ཕོ་བདག་གིས་འབོད། །དངོས་འབྱོར་ཡིད་སྤྲུལ་མཆོད་པ་འབུལ། གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་། །བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། རྔོག་ཆགས་ཀུན་གྱི་མགོན་སྐྱབས་མཛོད། །རྟ་རྣམས་འཕེལ་བའི་ཕྲིན་ལས་མཛོད། །ཨོཾ་ཨཱརྱ་རེ་མནྟ་ཡེ་སྭཱ་ཧཱ། ཨི་དཾ་བྷ་ལིངྐ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཀུ་བེ་ར་ཡེ་སྭཱ་ཧཱ། ཨི་དཾ༴ ཨགྷཾ་ནས་ཤབྡའི་བར་བརྗོད། ཧཱུྃ། རེ་མན་ཏ་དང་ཀུ་བེ་ར། །ཁྱེད་ལ་འཕྲིན་ལས་བཅོལ་བ་ནི། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །ཚེ་དང་དབང་ཐང་རྒྱས་པར་


CMR016_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད། །རྟ་ནད་ཐམས་ཅད་ཞི་གྱུར་ཅིག །རྔོག་ཆགས་གོད་ཁ་བཟློག་པ་དང་། །རྟ་ནོར་མ་ལུས་བསྲུང་དུ་གསོལ། །ལོག་འདྲེན་དགྲ་བགེགས་རྡུལ་དུ་རློག །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཨོཾ་མ་ཧཱ་ཀྲོ་དྷ་རེ་མན་ཏི་ཧ་ན་ཧ་ན་ཧཱུྃ་ཕཊ། ཨོཾ་ཨཱརྱ་རེ་མན་ཏ་སྭཱ་ཧཱ། ཨོཾ་ཨ་ཀུ་བེ་ར་ཡེ་སྭཱ་ཧཱ༔ གྷོ་ར་སིདྡྷི་ཕ་ལ་ཧཱུྃ༔ རྩ་སྔགས་མཐར། གྷོ་ར་རཀྵ་རཀྟ། རཱ་ག་ཨ་སྱས་སོ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཀུ་བེ་རའི་གསོལ་མཆོད།next