Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྟ་གླུད་རྒྱས་པ་བཅའ་ཐབས།
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྟ་གླུད་རྒྱས་པ་བཅའ་ཐབས།next

རྟ་གླུད་རྒྱས་པ་བཅའ་ཐབས།


CMR016_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་གླུད་རྒྱས་པ་བཅའ་ཐབས་ནི། དབུས་སུ་སྐྱ་མི་ནག་པོ་རྟ་མགོན་ཅན། རྟ་བདུད་གཙོ་བོ། ཁྲམ་ཤིང་གཅིག་ཕྲག་གོང་དུ་བཙུགས། དེ་ཡི་རྒྱབ་ཏུ་རྟ་གཤེད་སྐྱ་མི་རྟ་མགོ་ཅན་བདུན་ནི། དཀར་པོ་གཅིག །སེར་པོ་གཅིག །དམར་སེར་གཅིག །སྔོན་པོ་གཅིག དམར་པོ་གཉིས། ནག་པོ་གཅིག་གོ །དེ་རྒྱབ་རྟིལ་སྲི་གསུམ་ནི། རྐང་ཐང་རྟ་མགོ་ཅན་ནག་པོ། དཀར་པོ། དམར་པོ་གསུམ། དེ་རྒྱབ་རྟ་གདོན་བཅུ་ནི། རྐང་ཐང་རྟ་མགོ་ཅན་བཅུ་སྟེ། དཀར་པོ་གཅིག །སེར་པོ་གཅིག །དམར་པོ་ག ཅིག །ལྗང་གུ་གཅིག །ནག་པོ་གཅིག །སྨུག་པོ་གཅིག །དམར་སེར་གཅིག །སྔོན་པོ་གཅིག །དུད་ཁ་གཉིས། དེ་རྣམས་འཇིམ་པ་ལ་བཅའ། ཚོན་བྱེད་དེ་རྣམས་བཙོ་མ་ནང་དུ་བརྟལ་བ་ལ་བཀོད། ཟན་ལ་རྟ་ཡི་གཟུགས་ཉི་ཤུ་རྩ་གཅིག །ཆངས་བུ་ཉེར་གཅིག །ཏིང་ལོ་ཉེར་གཅིག །མཐེབ་སྐྱུ་ཉེར་གཅིག །ཤ་དུམ་ཉེར་གཅིག་རེ་བྱས་ལ་གཟུགས་རེ་རེའི་མདུན་དུ་ཆ་རེ་བཞག །དེ་ནས་ཡོས་བཀྲ་སྦྲང་རིམ་གྱིས་གསོ་ཞིང་ཚར་མང་དུ་བཏོན། དེ་ནས་སེ་བ་རང་རྟ་དང་། ལྷོ་སྟོད་རྟ་ཐོག་དང་། སེ་བ་བླ་མཁྱེན་མེད་པར་


CMR016_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

ཐག་བསྲིང་ལ་ཕུལ་རྒྱུ་བསྐུར་ཏེ། དེ་ཚེ་མཇུག་གི་སྔགས་དེ་འདོན་ཅིང་རོལ་མོ་བྱ། ཞེས་གནམ་ཆོས་ལག་ལེན་རཱ་ག་ཨ་སྱས་བྲིས། དགེའོ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousརྟ་གླུད་རྒྱས་པ་བཅའ་ཐབས།next