Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྟ་གཏོ་བསྡུས་པ།
   
   
   
   
   
   
   
   
   
   
   
   
   
   
   


 
previousརྟ་གཏོ་བསྡུས་པ།next

རྟ་གཏོ་བསྡུས་པ།


CMR016_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་གཏོ་བསྡུས་པ་བཞུགས་པའི་དབུ་ཕྱོགས་ལགས་སོ༔ རང་ལ་ཉེར་མཁོ་བྱུང་དུས་རཱ་ག་ཨ་སྱས་སྦྱར་བའོ༔


CMR016_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཨཱརྱ་རེ་མནྟ་ཡེ༔ རྟ་གཟུགས་ཟན་ནམ་རྩ་ལ་རྟ་གཟུགས་བྱས༔ གླུད་དང་ཆངས་བུ་ཏིང་ལོ་རྟ་གླུད་བྲན༔ རང་ཉིད་ལྷར་གསལ་འདི་སྐད་བརྗོད༔ ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ ཨོཾ་སྭ་བྷ་ཝ་སྦྱང་། བྷཾ་ལས་རིན་ཆེན་སྣོད་དུ་ཏི་ཡིག་ལས༔ རྟ་གླུད་རྟ་མཆོག་རིན་ཆེན་དཔག་མེད་དང་༔ གཡུ་དྲེལ་རླུང་གི་བོང་བུ་ག་པ་སོགས༔ རླུང་གཤོག་རྫུ་འཕྲུལ་རྐང་པ་མྱུར་མགྱོགས་ལྡན༔ མིག་ལ་ཉི་ཟླའི་འོད་ཟེར་རབ་འཕྲོ་ཞིང་༔ སྤུ་ལ་འདོད་ཡོན་རྣམ་ལྔའི་འོད་ཟེར་འཕྲོ༔ ཁ་རླངས་དྲི་བཟང་ན་བུན་ཕྱོགས་བཅུར་འཕྲོ༔ གཅིག་ལས་བརྒྱ་སྟོང་ཁྲི་འབུམ་གྲངས་མེད་འཕྲོ༔ གླུད་དང་ཆང་བུ་བདུད་


CMR016_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

རྩི་ཞལ་ཟས་མཆོག༔ རང་རང་ཡིད་མཐུན་ཟད་མེད་ལོངས་སྤྱོད་གྱུར༔ ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ནཾ་ཨ་སོགས། ལན་གསུམ་གྱིས་བྱིན་བརླབས། ཧཱུྃ༔ ཕྱོགས་མཚམས་སྟེང་འོག་ཀུན་ན་གནས་པ་ཡི༔ རྟ་དྲེལ་རྔོག་ཆགས་རྣམས་ལ་གནོད་བྱེད་པའི༔ བགེགས་དང་ལོག་འདྲེན་བཙན་སྲི་འབྱུང་པོའི་ཚོགས༔ ལན་ཆགས་གླུད་གཏོར་ལེན་ཕྱིར་འདིར་འདུས་ཤིག༔ གང་དག་མྱུར་དུ་འོང་བར་མི་བྱེད་རྣམས༔ དཀོན་མཆོག་གསུམ་དང་ཁྲོ་རྒྱལ་རྟ་མགྲིན་གྱིས༔ བདེན་པའི་སྟོབས་ཀྱིས་རང་དབང་མེད་པར་ཁུག༔ ཊཀྐི་ཧཱུྃ་ཛཿ ལྕགས་ཀྱུའི་ཕྱག་རྒྱ་བྱ༔ བདེ་གཤེགས་རིན་


CMR016_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་མང་དང་གཟུགས་མཛེས་དང་༔ འཇམ་ཀླས་འཇིགས་ཀུན་བྲལ་ལ་ཕྱག་འཚལ་ལོ༔ རྟ་གླེད་འདོད་ཡོན་ཟད་མེད་ལོངས་སྤྱོད་འདི༔ གནོད་བྱེད་གདོན་བགེགས་ལོག་འདྲེན་ཀུན་ལ་སྦྱིན༔ རྡོ་རྗེ་མཆུ་ཅན་སྤྲིན་གྱི་སྒྲོན་མེ་དང་༔ ཁམས་གསུམ་བདག་པོ་བྷི་ན་ཡ་ཀ་དང་༔ གདོན་ཆེན་བཅོ་བརྒྱད་སྟོང་ཕྲག་བརྒྱད་ཅུའི་བགེགས༔ ཐམས་ཅད་མཆོད་སྦྱིན་གླད་འདིས་ཚིམས་པར་མཛོད༔ གཟའ་སྲིན་ཀླུ་སྲིན་འགོང་པོ་དམ་སྲིའི་ཚོགས༔ ས་སྲིན་ཡུལ་འདྲེ་གྲེ་བོ་གྲེ་མོ་དང༔ མི་ལ་བསེ་རག་འབྱུང་པོ་ཐེའུ་རང་སོགས༔ གླུད་ལ་། དབང་བ་ཐམས་ཅད་ཀླད་འདི་ལོངས༔ ཤི་འདྲེ་དུར་སྲི་དྲི་ཟ་དབུགས་ལེན་ཚོགས་ཟ་འདྲེ་གཤེད་འཁྱམས་ལམ་འདྲེ་སྒབ་འདྲེ་དང་༔ ཤི་འདྲེ་གསོན་འདྲེ་མི་ཁ་བྲ་མཆུའི་ཚོགས༔ ཐམས་ཅད་གླུད་ཀྱིས་ངོམས་ཤིང་ཚིམ་པར་མཛོད༔ ཆུ་བཙན་ཤིང་བཙན་ལ་བཙན་ལ་སོགས་པ༔ རྟ་དྲེལ་རྔོག་ཆགས་ལ་གནོད་བཙན་སྲི་རྣམས༔ རྟ་དྲེལ་རྔོག་ཆགས་སྟོང་བས་ལྷག་པ་ཡི༔ རྟ་གླུད་རྒྱན་དང་ལྡན་པ་འདི་བཞེས་ཤིག༔ བདག་ཅག་འཁོར་བཅས་ཚེ་རབས་ཐོག་མེད་ནས༔ ཞོན་པ་རྔོག་ཆགས་རྐུ་འཕྲོག་བརྡུང་བསད་ཀྱིས༔


CMR016_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

ལན་ཆགས་བུ་ལོན་བདག་པོ་ཐམས་ཅད་ལ༔ རྔོག་ཆགས་གླུད་བཟང་བརྒྱན་ཅན་འདི་འབུལ་ལོ༔ ན་མསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུྃ༔ གསུམ་བརྗོད༔ ཧཱུྃ༔ བགེགས་དང་ལན་ཆགས་བཙན་སྲི་གླུད་བདག་རྣམསཿ གླུད་གཏོར་བདུད་རྩིས་ལོངས་སྤྱོད་འདི་འབུལ་བས་ཐམས་ཅད་མ་ལུས་ངོམ་ཤིང་ཚིམས་གྱུར་ནསཿ ཕྱིན་ཆད་གནོད་ཅིང་འཚེ་བར་མ་བྱེད་ཅིག༔ ཆོས་རྣམས་ཐམས་ཅད་རྟེན་འབྲེལ་རྒྱུ་ལས་བྱུང་༔ དེ་རྒྱུ་དེ་བཞིན་གཤེགས་པས་གསུངས་པའི་ཕྱིར༔ རང་ལ་དཔེ་ལོང་གཞན་ལ་གནོད་འཚེ་སྤོངས༔ ས་བོན་ཁ་མངར་འབྲས་བུ་མི་བསླུ་བཞིན༔ དགེ་སྡིག་གང་བྱས་རང་ལ་ངེས་པར་སྨིན༔ དེ་ཕྱིར་ཁྱེད་རྣམས་རྒྱལ་བའི་བཀའ་ལ་ཉོན༔ གླུད་འདི་ཁྱེར་ལ་ཕྱིན་ཆད་གནོད་མ་བྱེད༔ གལ་ཏེ་བསྔོས་པའི་གླུད་གཏོར་མི་ལེན་ནམ༔ དེས་ཀྱང་ད་རུང་གནོད་པ་བྱེད་གྱུར་ན༔ རྒྱུ་འབྲས་བསླུ་བ་མེད་པའི་བདེན་པའི་སྟོབས༔ རྟ་མཆོག་ཧེ་རུ་ཀ་དང་གསང་བའི་བདག༔ གུ་རུ་རྡོ་རྗེ་གྲོ་ལོད་མཐུ་སྟོབས་ཀྱིས༔ ཁྱོད་ཀྱིས་ལུས་སྲོག་རྡུལ་དུ་བརླག་པར་འགྱུར༔ ཚར་མང་པོ་བཏང་ན་འདི་ཡན་ཝིག༔ དེ་བས་གླུད་


CMR016_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་ཁྱེར་ལ་གཞན་དུ་དེངསཿ ཕྱིན་ཆད་ནམ་ཡང་གནོད་པ་མ་བྱེད་ཅིག༔ ཅེས་བརྗོད༔ ཨོཾ་སུམ་བྷ་ནི་སུམ་བྷ་ནི་ཧཱུྃ༔ སོགས་བརྗོད་ནས༔ མཚམས་གཅོད་སྲུང་འཁོར་བསྒོམ་པར་བྱའོ༔ ཅེས་རང་ལ་མཁོ་བར་བྱུང་དུས་༔ ཨ་རཱ་གས་འཕྲལ་དུ་སྦྱར་བ་ལ་ཉེས་འགལ་གང་མཆིས་བཤགས་ཤིང་སེམས་ཅན་ལ་ཕན་ཐོགས་པར་ཤོག༔ མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousརྟ་གཏོ་བསྡུས་པ།next