Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས་རྟ་གླུད།
   
   
   
   
   
   
   
   
   
   
   
   
   
   


 
previousགནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས་རྟ་གླུད།next

གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས་རྟ་གླུད།


CMR016_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས༔ རྟ་གླུད་བཞུགས་པའི་དབུ་ཕྱོགས་ལགས་སོ༔


CMR016_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་རྒྱ་གྲི་ཝ་ཡེ༔ གནམ་ཆོས་རྟ་གླུད་ནི༔ རྟའི་ལུས་ལ་དྲུད་པའི་ཟན་ལ་རྟའི་གཟུགས་བྱ༔ ཁམ་ས་ལ་གཞུང་དང་མཐུན་པའི་གདོན་སྐྱེས་གཟུགས་སོ་སོར་བཅའ༔ དེ་ནས་འདི་ལྟར་བརྗོད་པར་བྱ༔ ཧཱུྃ༔ ང་ནི་རྟ་ལྷ་རེ་མནྟ༔ རྟ་གདོན་བཅུ་པོ་གཞན་དུ་དེངས༔ རྟ་གདོན་དམར་ནག་ཆེན་པོ་ནི༔ རྟ་ཡི་མགོ་ཅན་ལུས་མདོག་སྨུག༔ ལག་གཉིས་མཁར་གོང་ལྕགས་ཀྱུ་འཛིན༔ ཁྱོད་ཀྱང་བདག་གི་དམ་ལ་ཤོག༔ རྟ་གདོན་དཀར་པོ་ཁོག་ཆེན་ནི༔ རྟ་ཡི་མགོ་ཅན་ལུས་མདོག་དཀརཿ མཁར་གོང་ཞགས་པ་ལག་ན་འཛིན༔ ཁྱོད་ཀྱང་བདག་གི་དམ་ལ་ཤོག༔ རྟ་གདོན་སེར་ནག་འབར་མ་


CMR016_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

ནི༔ རྟ་ཡི་མགོ་ཅན་ལུས་མདོག་ལྗང་༔ ལག་ན་མཁར་གོང་ལྕགས་ཀྱུ་འཛིན༔ གདོན་སྔོ་ནག་ཆེན་པོ་ནི༔ རྟ་ཡི་མགོ་ཅན་ལུས་མདོག་ནག༔ ལག་ན་མཁར་གོང་དབྱུག་པ་འཛིན༔ གདོན་སྟོབས་ཆེན་ཉི་མ་ནི༔ རྟ་ཡི་མགོ་ཅན་ལུས་མདོག་དམརཿ ཁྱོད་ཀྱང་བདག་གི་དམ་ལ་ཤོག༔ མགོ་ཅན་ལུས་མདོག་དམརཿ ལག་ན་མཁར་གོང་སྤུ་གྲི་འཛིན༔ ཁྱོད་ཀྱང་བདག་གི་དམ་ལ་ཤོག༔ ཁྱོད་ཀྱང་བདག་གི་དམ་ལ་ཤོག༔ ཁྱོད་ཀྱང་བདག་གི་དམ་ལ་ཤོག༔ རྟ་གདོན་སྟོབས་ཆེན་ཉི་མ་ནི༔ རྟ་གདོན་ཕུང་བྱེད་ཆེན་པོ་ནི༔ རྟ་ཡི་


CMR016_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

མགོ་ཅན་ལུས་མདོག་དུད༔ ལག་ན་མཁར་གོང་ཆུ་གྲི་འཛིན༔ ཁྱོད་ཀྱང་བདག་གི་དམ་ལ་ཤོག༔ རྟ་གདོན་མཆུ་རྣོ་ཆེན་པོ་ནི༔ རྟ་ཡི་མགོ་ཅན་ལུས་མདོག་ནི༔ དམར་སེར་དེ་ཡང་ཁྱོད་ཀྱི་མདོག༔ ལག་ན་མཁར་གོང་སྤུ་གྲི་འཛིན༔ ཁྱོད་ཀྱང་བདག་གི་དམ་ལ་ཤོག༔ རྟ་གདོན་ནམ་མཁའི་ལྡིང་འཕུར་ནི༔ རྟ་ཡི་མགོ་ཅན་ལུས་མདོག་སྔོ༔ ལག་ན་མཁར་གོང་འཁོར་ལོ་ཐོགསཿ ཁྱོད་ཀྱང་བདག་གི་དམ་ལ་ཤོག༔ རྟ་གདོན་ཕ་མེད་མ་མེད་ནི༔ རྟ་ཡི་མགོ་ཅན་ལུས་མདོག་དུད༔ ལག་ན་མཁར་གོང་རལ་གྲི་ཐོགས་ཁྱོད་ཀྱང་བདག་གི་དམ་ལ་ཤོག༔ རྟ་གདོན་ཚེར་མའི་ལུས་ཅན་ནི༔ རྟ་ཡི་མགོ་ཅན་ལུས་མདོག་དམརཿ ལུས་ལ་ཚེར་མའི་ཕུང་པོ་སྐྱེས༔ ལག་ན་མཁར་གོང་མདུང་ཐུང་ཐོགསཿ ཁྱོད་ཀྱང་བདག་གི་དམ་ལ་ཤོག༔ དེ་ནས་རྟ་སྲི་གསུམ་པོ་ཡང་༔ རྟ་སྲི་ཉི་མའི་གདོང་ཅན་ནི༔ རྟ་ཡི་མགོ་ཅན་ལུས་མདོག་ནག༔ ལག་ན་རྩྭ་དུག་མདུང་ཐུང་བཟུང་ཁྱོད་ཀྱང་བདག་གི་དམ་ལ་ཤོག༔ རྟ་སྲི་དུག་གི་ཁོག་ཆེན་ནི༔ རྟ་ཡི་གདོང་ཅན་ལུས་མདོག་དཀར༔ ལག་ན་རྩྭ་དུག་རལ་གྲི་ཐོགས༔ ཁྱོད་ཀྱང་བདག་གི་དམ་ལ་


CMR016_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག༔ རྟ་སྲི་མེ་ཡི་ཚ་བ་ནི༔ རྟ་ཡི་གདོང་ཅན་ལུས་མདོག་དམརཿ ལག་ན་རྩྭ་དུག་རྩྭ་མཁན་ཐོགས༔ ཁྱོད་ཀྱང་བདག་གི་དམ་ལ་ཤོག༔ དེ་ནས་རྟ་གཤེད་བདུན་པོ་ནི༔ རྟ་གཤེད་ཡམ་ཤུད་དམར་ནག་ནི༔ ལུས་མདོག་དམར་པོ་རྟ་དམར་ཞོན༔ ལག་ན་རལ་གྲི་མདུང་ཐུང་ཐོགས༔ ཁྱོད་ཀྱང་བདག་གི་དམ་ལ་ཤོག༔ རྟ་གཤེད་སོལ་བའི་བཅུད་ལེན་ནི༔ ལུས་མདོག་ནག་པོ་རྟ་ནག་ཞོན༔ ལག་ན་ལྕགས་ཀྱུ་ཞགས་པ་བཟུང་༔ ཁྱོད་ཀྱང་བདག་གི་དམ་ལ་ཤོག༔ རྟ་གཤེད་ཁ་ནས་མེ་འབར་ནི༔ ལུས་མདོག་དམར་པོ་རྟ་དམར་ཞོན༔ ལག་ན་མེ་དཔུང་རླུང་རྐྱལ་བཟུང་༔ ཁྱོད་ཀྱང་བདག་གི་དམ་ལ་ཤོག༔ རྟ་གཤེད་རིག་ཕུང་སེར་པོ་ནི༔ ལུས་མདོག་སེར་པོ་རྟ་སེར་ཞོན༔ ལག་ན་འཁོར་ལོ་རལ་གྲི་བཟུང་༔ ཁྱོད་ཀྱང་བདག་གི་དམ་ལ་ཤོག༔ རྟ་གཤེད་གོ་ཕུང་མེ་འབར་ནི༔ ལུས་མདོག་དམར་སེར་རྟ་དམར་སེར༔ ལག་ན་དབྱུག་གུ་རྒྱ་ཁབ་འཛིན༔ ཁྱོད་ཀྱང་བདག་གི་དམ་ལ་ཤོག༔ རྟ་གཤེད་མིག་སྟོང་ལུས་གང་ནི༔ ལུས་མདོག་དཀར་པོ་རྟ་དཀར་ཞོན༔ ལག་ན་མིག་རྡོག་མཆེ་བ་འཛིན༔ ཁྱོད་ཀྱང་བདག་གི་


CMR016_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ལ་ཤོག༔ རྟ་གཤེད་བསམ་ནས་གོད་གཏོང་ནི༔ ལུས་མདོག་སྔོན་པོ་རྟ་སྔོན་ཞོན༔ ཞགས་འཛིན་ཁྱོད་ནི་སྐེ་རིང་བ༔ ཁྱོད་ཀྱང་བདག་གི་དམ་ལ་ཤོག༔ དེ་ནས་རྟ་བདུད་ཁྱོད་ཉིད་ནི༔ རེས་འགའ་ཁྱོད་མིང་འདི་ལྟར་ཟེར༔ རྡུལ་བརླག་ཆེན་པོ་ཡིན་ནོ་སྐད༔ ལ་ལས་ཡང་ནི་མིང་བརྗོད་སྐད༔ གཤེད་ནག་ད་སོད་ཡིན་ནོ་སྐད༔ ལ་ལས་ཡང་ནི་མིང་བརྗོད་པ༔ རྟ་བདུད་ཡིན་ངེས་ཡིན་ནོ་སྐད༔ ལ་ལས་ཁྱོད་ཀྱི་མིང་འདི་སྐད༔ མིག་ཙས་གོད་གཏོང་ཡིན་སྐད་དོ༔ རྟ་གདོན་ནག་པོ་རྟ་ནག་ཞོན༔ ལག་ན་ཁྲམ་ཤིང་མེ་ལོང་འཛིན༔ ཁྱེད་ཀྱང་བདག་གི་དམ་ལ་ཤོག༔ དེ་ནས་རྟ་གླུད་བསྔོ་བ་ནི༔ རྟ་འདི་རིན་ཆེན་གསེར་ལས་བྱས༔ གསེར་འདོད་ལྷ་འདྲེ་ཡིད་ཕྲོག་ཡོད༔ མིག་གཡས་དུང་ལས་བྱས་པ་ཡི༔ དུང་འདོད་ལྷ་འདྲེ་མགུ་ཚིམ་ཡོད༔ མིག་གཡོན་གསེར་ལས་བྱས་པ་ཡིས༔ གསེར་འདོད་ལྷ་འདྲེ་མགུ་བ་ཡོད༔ སྣ་བུག་གཡུ་ལས་བྱས་པ་ཡིས༔ གཡུ་འདོད་ལྷ་འདྲེ་མགུ་བ་ཡོད༔ རྣ་གཡས་བཻཌཱུརྱ་ལས་བྱས༔ བཻཌཱུར་འདོད་པའི་ལྷ་འདྲེ་རྣམས༔ དགའ་མགུ་ཚིམ་ཐག་ཆོད་པ་ཡོད༔ རྣ་གཡོན་ལྕགས་ལས་བྱས་པ་ཡིས༔ ལྕགས་


CMR016_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ལྷ་འདྲེ་མགུ་བ་ཡོད༔ རྫི་མ་ཟངས་ལས་བྱས་པ་ཡིས༔ ཟངས་འདོད་ལྷ་འདྲེ་མགུ་བ་ཡོད༔ རྟ་ཚེམས་དངུལ་ལས་བྱས་པ་ཡིསཿ དངུལ་འདོད་ལྷ་འདྲེ་མགུ་བ་ཡོད༔ པདྨ་རཱ་གའི་ལྗགས་ཡིན་པས༔ པདྨ་རཱ་ག་འདོད་པ་ཡིས༔ ལྷ་འདྲེ་མགུ་ཚིམ་ཐག་ཆོད་ཡོད༔ རྔ་རྔོག་སྤོས་ཤེལ་བྱས་པ་ཡིས༔ སྤོས་ཤེལ་འདོད་པའི་ལྷ་འདྲེ་རྣམསཿ མགུ་ཚིམ་ཐགས་སུ་ཆོད་པ་ཡོད༔ ལུས་པོའི་བཀྲག་མདངས་ཆེ་བ་ཡིས༔ ལྷ་འདྲེའི་མིག་སེམས་འཕྲོག་པ་ཡོད༔ ལུས་ལས་བདུད་རྩིའི་རྒྱུན་བབ་པས༔ ཡི་དྭགས་བཀྲེས་སྐོམ་ཞི་བ་ཡོད༔ ལུས་ལས་ཟས་སྐོམ་འབབ་པ་ཡིས༔ ཡི་དྭགས་ལྟོགས་འབར་ཞི་བ་ཡོད༔ རྨིག་བཞི་ལི་ལ་བྱས་པ་ཡིས༔ མི་འདོད་ལྷ་འདྲེ་མགུ་བ་ཡོད༔ རྐང་བཞི་ཁྲོ་ལས་བྱས་པ་ཡིས༔ ཁྲོ་འདོད་ལྷ་འདྲེ་མགུ་བ་ཡོད༔ ཤ་རྣམས་རིན་ཆེན་བྱས་པ་ཡིས༔ རི་གནས་ལྷ་འདྲེ་མགུ་བ་ཡོད༔ རུས་པ་ལྕགས་ལས་བྱས་པ་ཡིས༔ བྲག་གནས་ལྷ་འདྲེ་མགུ་བ་ཡོད༔ དབུགས་ནི་འཇའ་ལ་བྱས་པ་ཡི༔ རླུང་གནས་ལྷ་འདྲེ་མགུ་བ་ཡོད༔ ཁྲག་ནི་མར་ཁུར་བྱས་པ་ཡིས༔ ཆུ་གནས་ལྷ་འདྲེ་མགུ་བ་ཡོད༔ སེམས་


CMR016_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནམ་མཁའ་དག་བྱས༔ མཁའ་གནས་ལྷ་འདྲེ་མགུ་བ་ཡོད༔ རིན་ཆེན་སྣ་ཚོགས་རྩ་རྒྱུས་ཀྱིསཿ ཤིང་གནས་ལྷ་འདྲེ་མགུ་བ་ཡོད༔ ཏང་ཏང་ཤ་ཡི་རི་བོ་ཡོད༔ མེར་མེར་ཁྲག་གི་རྒྱ་མཚོ་ཡོད་ཏྲག་ཏྲག་རུས་པའི་བྲག་རི་ཡོད༔ ཡ་ས་སེམས་ཀྱི་ནམ་མཁའ་ཡོད༔ ཏོར་ཏོར་རྩ་ཡི་ནགས་རི་ཡོད༔ འདི་འདྲའི་རྟ་མཆོག་མཐོང་མ་མྱོང་༔ ལྷ་འདྲེ་ཁྱོད་ཀྱིས་འདི་ཁྱེར་ཉི་མ་ཟླ་བ་འདི་གཉིས་ཀྱི༔ ཟེར་ཙམ་ཕོག་སར་ཁྱོད་མ་འདུག༔ ཆུ་འདི་རིགས་སར་ཁྱོད་མ་འདུག༔ གློག་འོད་མཐོང་སར་ཁྱོད་མ་འདུག། འབྲུག་སྐད་ཐོས་སར་ཁྱོད་མ་འདུག༔ རྟ་དྲི་བྲོ་སར་ཁྱོད་མ་འདུག༔ ནམ་མཁའི་ཁྱབ་སར་ཁྱོད་མ་འདུག༔ སྒྲ་སྐད་ཐོས་སར་ཁྱོད་མ་འདུག༔ མིག་གི་མཐོང་སར་ཁྱོད་མ་འདུག༔ མེ་འོད་མཐོང་སར་ཁྱོད་མ་འདུག༔ གནས་འདི་སྐྱུར་ལ་ད་དེངས་ཤིག༔ རྟ་གླུད་ལོངས་ལ་དེང་བར་གྱིསཿ གོས་ཀྱི་རེག་སར་ཁྱོད་མ་འདུག་ཟས་ཀྱི་ཚོར་སར་ཁྱོད་མ་འདུག༔ དྲོད་ཀྱི་ཚོར་སར་ཁྱོད་མ་འདུག༔ གལ་ཏེ་མི་འགྲོ་འདུག་གྱུར་ན༔ ང་ཉིད་རྟ་ལྷ་ཐུགས་ཁྲོས་ཏེ༔ ཁྱོད་གཞིས་ང་ཡི་བཟུང་བར་བྱེད༔ ཉི་ཟེར་ཕོག་སར་འདུག་པ་ན༔ རེ་མནྟ་


CMR016_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས་རྡུལ་དུ་རློགས༔ ཟླ་ཟེར་ཕོག་སར་འདུག་པ་ན༔ རེ་མནྟ་ཡིས་རྡུལ་དུ་རློགས༔ མེ་ཟེར་ཕོག་སར་འདུག་པ་ན༔ རེ་མནྟ་ཡིས་རྡུལ་དུ་རློགས༔ མིག་གིས་མཐོང་སར་འདུག་པ་ན༔ རེ་མནྟ་ཡིས་རྡུལ་དུ་རློགས༔ དྲོད་ཀྱི་ཚོར་སར་འདུག་པ་ན༔ རེ་མནྟ་ཡིས་རྡུལ་དུ་རློགས༔ གོས་ཀྱི་ཚོར་སར་འདུག་པ་ན༔ རེ་མནྟ་ཡིས་རྡུལ་དུ་རློགས༔ གློག་འོད་མཐོང་སརའདུག་པ་ན༔ རེ་མནྟ་ཡིས་རྡུལ་དུ་རློགས༔ ནམ་མཁའི་ཁྱབ་སར་འདུག་པ་ན༔ རེ་མནྟ་ཡིས་རྡུལ་དུ་རློག༔ འབྲུག་སྐད་ཐོས་སར་འདུག་པ་ན༔ རེ་མནྟ་ཡིས་རྡུལ་དུ་རློགས༔ ཆུ་འདིའི་རིག་སར་འདུག་པ་ན༔ རེ་མནྟ་ཡིས་རྡུལ་དུ་རློགས༔ རྟ་སྐད་གོ་སར་འདུག་པ་རེ་མནྟ་ཡིས་རྡུལ་དུ་རློག༔ རྟ་དྲི་བྲོ་སར་འདུག་པ་ན༔ རེ་མནྟ་ཡིས་རྡུལ་དུ་རློག༔ སྒྲ་སྐད་ཐོས་སར་འདུག་པ་ན༔ རེ་མནྟ་ཡིས་རྡུལ་དུ་བརླག༔ ཨོཾ་ཨཱརྱ་རེ་མན་ཧཱུྃ་ཕཊ༔ སུཾ་བྷ་ནི་ཧཱུྃ་སུཾ་བྷ་ནི་ཧཱུྃ༔ ཧྥེ་ཧྥ་གྷི་ཧྥུ་ཧཱུྃ་ཀྵཕཊ༔ གྷ་ཎ་པཱ་ཡ་གྷཾ་ཎ་པཱ་ཡ་ཧཱུྃ་ཕཊ༔ ཨ་ཎ་ཡ་ཧོ༔ བྷ་ག་ཝན་བིདྱ་ར་ཙ་ཧཱུྃ་ཕཊ༔ ཅེས་ཕུལ་ལོ༔ ཞེས་པ་འདི་ཡང་མེ་སྤྲེལ་སྦོ་ཟླའི་ཉེར་གཅིག་ཁྲུམས་སྟོད་སྲོད་ལ་ཐུགས་རྗེ་ཆེན་པོ་འགྲོ་འདུལ་གྱིས་མི་འགྱུར་


CMR016_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་ལ་དངོས་སུ་གསུངས་སོ།། མངྒ་ལཾ༔ ༈ རྟ་གདོན་བཅུ་པོ་རྐང་ཐང་བྱ༔ ཁ་དོག་བྱ་རྒྱུ་ནི། སྨུག་པོ་མཁར་གོང་ལྕགས་ཀྱུ་བཟུང་བ་དང་། དཀར་པོ་མཁར་གོང་ལྕགས་ཀྱུ། ལྗང་ཁུ་མཁར་གོང་ལྕགས་སྒྲོག །ནག་པོ་མཁར་གོང་ཞགས་པ། དམར་པོ་མཁར་གོང་སྤུ་གྲི། དུད་ཀ་མཁར་གོང་ཆུ་གྲི།། དམར་སེར་མཁར་གོང་བཞར་ལོང་། སྔོན་པོ་མཁར་གོང་འཁོར་ལོ། དུད་ཁ་མཁར་གོང་རལ་གྲི། དམར་པོ་མཁར་གོང་མདུང་ཐུང་ཅན་དང་བཅུ་བྱ༔ ༈ རྟ་སྲི་གསུམ་རྐང་ཐང་སྟེ། ཁ་དོག་ནག་པོ་རྩ་དང་མདུང་ཐུང། དཀར་པོ་རྩྭ་དུག་རལ་གྲི། དམར་པོ་རྩྭ་དུག་རྩྭ་ཁབ་ཅན་དང་གསུམ་ཡིན། ༈ རྟ་གཤེད་བདུན་པོ་སྐྱ་མི། ལུས་མདོག་དམར་པོ་རལ་གྲི་མདུང་ཐུང་། ནག་པོ་ལྕགས་ཀྱུ་ཞགས་པ། དམར་པོ་མེ་དཔུང་རླུང་རྐྱལ། སེར་པོ་འཁོར་ལོ་དྲིལ་བུ། དམར་སེར་དབྱུག་རྒྱ་ཁབ། དཀར་པོ་མིག་རྡོག་མཆེ་བ། སྔོན་པོ་ཞགས་པ་ཐོགས་པ། རྟ་བདུན་མི་ནག་རྟ་ནག་ཁྲམ་ཤིང་མེ་ལོང་འཛིན་པའོ། །དེ་རྣམས་མི་རྟ་མེད་ཕྱོགས་མཚོན་བྱའོ། །ཅེས་ཀུན་ལ་རྟ་མགོ་བྱའོ། །མངྒ་ལཾ། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousགནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས་རྟ་གླུད།next