Nitartha Digital Library
Tibetan
མཁས་གྲུབ་ཆེན་པོ་ཀརྨ་ཆགས་མེད་ཀྱི་གསུང་འབུམ་ངོ་མཚར་ནོར་བུའི་བང་མཛོད།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཅང་ཤེས་རྟའི་ཞི་བྱེད་གླུད་རྫོངས་བྱ་ཐབས།
   
   
   
   
   
   
   
   
   
   
   
   


 
previousཅང་ཤེས་རྟའི་ཞི་བྱེད་གླུད་རྫོངས་བྱ་ཐབས།next

ཅང་ཤེས་རྟའི་ཞི་བྱེད་གླུད་རྫོངས་བྱ་ཐབས།


CMR016_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

ཅང་ཤེས་རྟའི་ཞི་བྱེད་གླུད་རྫོངས་བྱ་ཐབས་བཞུགས་སོ། །


CMR016_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་ལ་གདོན་བགེགས་ཀྱིས་གནོད་འཚེ་བྱུང་ན། དེ་ལ་ཞི་བྱེད་ཀྱི་གླུད་རྫོངས་བྱ་བ་ནི། དང་པོ་ཕྱེ་ཕུད་དང་། ཆང་ཕུད་།་ཤ་གཙང་། འབྲུ་མར་སྨན་སྣ། །དར་ཟབ། །རིན་པོ་ཆེའི་རིགས། དཀར་གསུམ། མངར་གསུམ། ཟས་སྣ། ལྟོ་རྫས། བྱང་རྫ་ས་མཆོད་རྫས་ལ་སོགས་ཡོ་བྱད་རྣམས་འདུ་བགྱིས་ཏེ། རང་ཡི་དམ་གང་བྱེད་ཀྱི་མཆོད་གཏོར་གཅིག་དང་། གཞི་བདག་གཏོར་མ་གཅིག །གནོད་འཚེའི་ལྷ་སྲུང་དམིགས་གསལ་བྱུང་ན་དེའི་གཏོར་མ་གཅིག་བཅས་རྒྱུན་ལྡན་དང་སྨན་རཀ་བཅས་བཤམས། མ་འབྱོར་ན། ཕྱེ་མར་ཆང་ཕུད། མདའ་དར་བཅས་བཤམས། དེའི་མདུན་དུ་ཕྱེ་ལ། གོང་གི་འབྲུ་སྨན། དར་ཟབ། རིན་པོ་ཆེ་དང་། རྟ་ནད་པའི་སྤུ་ལ་སོགས་པ་བསྲེས་པའི་གྱི་ལིང་རྟའི་གཟུགས་བརྙན་ཡིད་དུ་འོང་བ་སྤུ་


CMR016_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

མདོག་ནད་པ་བཞིན་ཚོན་གྱིས་ཁ་དོག་བསྒྱུར་བ། རིན་པོ་ཆེའི་སྒ་སྲབ་ལ་སོགས་པ་བརྒྱན་གྱིས་མཛེས་པ། དེའི་མཐར་གླུད་རྫས་ཀྱིས་བསྐོར་ཏེ་བཞག །ཟུར་དུ་དྲི་བཟང་ཅན་གྱི་ཤིང་སྣ་ཅི་འབྱོར་པས་བསང་དུད་སྦྱར། མཆོད་གཏོར་གླུད་རྫས་རྣམས། ཨ་མྲྀ་ཏས་བསང་། སྭ་བྷ་ཝས་སྦྱང་། ༀ་ཨཱཿཧཱུྃ་ལན་གསུམ་གྱིས་བྱིན་གྱིས་བརླབས་ཏེ། ཡི་དམ་གང་བྱེད་དང་། གཞི་བདག་བཅས་ཀྱི་གསོལ་མཆོད་རྒྱས་པའམ། གཏོར་བསྔོས་སོགས་ཀྱི་གཞུང་བསྲང་། དེའི་གླུད་དེ་ཉིད་རྟ་དངོས་སུ་བསམས་ཤིང་གླུད་རབ་དངོས་གཞི་ལ་འཇུག་པ་འདི་ལྟར་རོ། ༈ །གཞུང་དུ། རྟའི་གླུད་གཏོང་བ་ཆང་བུ་ཟེ་རྔོག་གི་སྤུ་དང་བཅས། ཨོཾ་ཨཱཿཧཱུྃ། ལན་གསུམ་གྱིས་བྱིན་གྱིས་བརླབས་ལ་རྟའི་གླུད་འདི་ལྟར་དངོས་སུ་བསམས་ལ།


CMR016_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ་ལས་དཔལ་ཆེན་རྒྱལ་པོ་སྟེ། །འགྲོ་བའི་དོན་དུ་རྟག་ཏུ་བརྩོན། །ཁམས་གསུམ་འདི་ན་སུ་ཡང་རུང་། །བགེགས་སུ་གྱུར་པ་ཀུན་ཉོན་ཅིག །རྟ་ཡི་ཕ་ནི་གྱི་ལིང་ཤོག་སྒྲ་ཡིན། །མ་ནི་ངང་མེ་ཤོག་རིང་ཡིན། །དེ་གཉིས་སྲིད་ཅིང་སྤྲུལ་པ་ལ། །རྟ་ཡི་རིགས་ནི་བཞི་རུ་བྱུང་། །ཉ་དང་སྦལ་པ་འདྲ་བ་དང་། །ཤ་འདྲ་བྱ་འདྲ་དེ་དང་བཞི། །ཉ་འདྲ་དེ་ནི་རྒྱལ་པོའི་རྟ། །སྦལ་འདྲ་དེ་ནི་བཙུན་པའི་རྟ། །ཤ་འདྲ་དེ་ནི་སྐྱེ་བོའི་རྟ། །བྱ་འདྲ་དེ་ནི་དམངས་ཀྱི་རྟ། །རྟ་ཡུལ་ཀང་པོའི་ཐང་ལྗོངས་སུ། །ཀོང་པོ་བན་པ་བྱ་བ་ལ། །རྟ་ནི་མ་བརྒྱ་བུ་བརྒྱ་ཡོད། །རྟ་ལ་བཙན་གྱི་སྒྲོག་ཏུ་བཅུག །རྟ་ནད་འཚེར་ལང་གློ་འབྲས་དང་། །ལྷོག་པ་ལ་སོགས་ནད་རིགས་དང་། །འདྲེ་གདོན་གནོད་འཚེ་མ་བྱུང་བར། །བྱུང་སྟོན་ཧོར་བརྒྱ་སྤྱན་དྲངས་ནས། །རྟ་ཡི་ནད་གདོན་ཞི་བའི་ཐབས། །རྟ་ལས་ལྷག་པའི་གླུད་རྫོངས་མཛད། །རྟ་ཡི་གླུད་བཟང་ཡིད་འོང་ལ། །རིན་ཆེན་གསེར་གྱི་སྒ་གཅིག་གཏད། །གཡུ་ཡི་སྲབ་མཛེས་གཅིག་ཀྱང་བཀོད། །དར་ཚོན་སྣ་ལྔའི་མཐུར་ཞིག་བཏགས། །འབུའི་རིན་ཆེན་སྣ་ཚོགས་ཁལ་གཅིག་བཀལ། །དྲག་པོ་


CMR016_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

བཙན་གྱི་སྤྱན་ལམ་དུ། །རྟ་སྐད་དེ་ནི་ཙེ་རེ་རེ། །ནག་པོ་བདུད་ཀྱི་སྤྱན་ལམ་དུ། །འདུར་འགྲོས་དེ་ནི་ཤིགས་སེ་ཤིག །ཡིད་འོང་གཟུགས་མཛེས་རིན་ཆེན་བརྒྱན་། །རིན་ཆེན་གཟུགས་ཆེན་ལ། །འདོད་པའི་ཆས་སུ་བཅུག །ཀོང་པོ་བན་པའི་རྟ་ཡི་གླུད། །དར་རས་ཡོན་བདག་རྟ་ཡི་གླུད། །རྟ་བོས་དགའ་བའི་གླུད་ཁྱེར་ནས་རྟ་ཡི་གདོན་བགེགས་ཞི་བར་མཛོད། །རྟ་བས་གླུད་བཟང་འདི་ནི་དགའ། །འབུལ་བ་ངེད་ཀྱིས་མི་ནོར་རོ། །བཞེས་པ་ཁྱོད་ཀྱིས་མ་འཁྲུལ་ཅིག །གནོད་འཚེ་གདུག་པའི་སེམས་ལྡན་རྣམས། །རང་གི་ལུས་ལ་དཔེ་ལོང་ལ། །གཞན་ལ་གནོད་པ་མ་བྱེད་ཅིག །ནམ་མཁའ་གང་བའི་ལྷ་འདྲེ་ལ། །ས་གཞི་གང་བའི་ཡས་འདི་འབུལ། །རིན་ཆེན་མི་ཡི་གླུད་དུ་འབུལ། །འཛིན་ཆགས་ནོར་གྱི་གླུད་དུ་འབུལ། །སྲོག་ཆགས་ཕྱུགས་ཀྱི་གླུད་དུ་འབུལ། །རྐང་བཞི་རྟ་ཡི་གླུད་དུ་འབུལ། །རྒྱུ་ནི་རྣམ་པ་བཞི་ལ་བྱས། །ཕྱེ་ཕུད་གཙང་ཞིང་ནས་ཕུད་དང་། །སྦྱར་ནི་ཆུ་དང་ཆང་ལ་སྦྱར། །ཁོང་ཆུ་གསེར་དང་གཡུ་ལ་བྱས། །ཁ་མིག་དྲུང་ལ་ཟེ་རྔོག་རྒྱས། །རྨིག་པ་ལྕགས་ལ་རྣ་བ་


CMR016_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

གསེར། །དེ་འདྲའི་རྟ་གླུད་ལེགས་པ་འདི། །སེམས་ཀྱི་གླུད་འདི་ནམ་མཁར་འབུལ། །ནམ་མཁར་གནས་པའི་ལྷ་འདྲེ་རྣམས། །རྟ་ལ་མ་གནོད་གླུད་འདི་བཞེས། །སེམས་ཀྱི་ན་ཚ་བཟློག་ཏུ་གསོལ། །ཤ་ཡི་གླུད་འདི་ས་ལ་འབུལ། །ས་ལ་གནས་པའི་ལྷ་འདྲེ་རྣམས། །རྟ་ལ་མ་གནོད་གླུད་འདི་བཞེས། །ཤ་ཡི་ན་ཚ་བཟློག་ཏུ་གསོལ། །རུས་པའི་གླུད་འདི་རྡོ་ལ་འབུལ། །རྡོ་ལ་གནས་པའི་ལྷ་འདྲེ་རྣམས། །རྟ་ལ་མ་གནོད་གླུད་འདི་ལོངས། །རུས་པའི་ན་ཚ་བཟློག་ཏུ་གསོལ། །རྩ་ཡི་གླུད་འདི་ཤིང་ལ་འབུལ། །ཤིང་ལ་གནས་པའི་ལྷ་འདྲེ་རྣམས། །རྟ་ལ་མ་གནོད་གླུད་འདི་བཞེས། །རྩ་ཡི་ན་ཚ་བཟློག་ཏུ་གསོལ། །ལྤགས་པའི་གླུད་འདི་ཐང་ལ་འབུལ། །ཐང་ལ་གནས་པའི་ལྷ་འདྲེ་རྣམས། །རྟ་ལ་མ་གནོད་གླུད་འདི་བཞེས། །ལྤགས་པའི་ན་ཚ་བཟློག་ཏུ་གསོལ། །དྲོད་ཀྱི་གླུད་འདི་མེ་ལ་གཏོང་། །མེ་ལ་གནས་པའི་ལྷ་འདྲེ་རྣམས། །རྟ་ལ་མ་གནོད་གླུད་འདི་བཞེས། །དྲོད་ཀྱི་ན་ཚ་བཟློག་ཏུ་གསོལ། །དེ་ལྟར་གླུད་རྫོངས་འདི་ཕུལ་བས། །བདག་ཅག་མི་རྟ་བཅས་པ་ཡི། །གཞི་ལམ་བྱེས་གསུམ་ཐམས་ཅད་དུ། །ཉེས་ཚོགས་གྱུར་


CMR016_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཀུན་བསལ་ཏེ། །དེ་ལྟར་མཆོད་པ་བྱས་ནས། །ཡུལ་བྱེས་གང་དུ་ཡང་། །གཞི་བདག་གསོལ་མཆོད་བྱས་ན་ནི། །ཡུལ་བྱེས་གང་དུ་ཡང་། །ཉེས་པ་ཐམས་ཅད་བསལ་ནས། །བཟུང་བ་ཡོད་ན་ད་ཐོངས་ཤིག །བཅིངས་པ་ཡོད་ན་ད་ཁྲོལ་ཞིག །བསྡམས་པ་ཡོད་ན་ད་གློད་ཅིག །མནན་པ་ཡོད་ན་ད་ཐེག་ཅིག །ཅེས་བརྗོད་ནས། གླུད་དེ་རྟ་ནད་པའི་ལུས་ལ་ཕྱིན་ཁ་ལོགས་སུ་ལན་གསུམ་བསྐོར་ནས་ལམ་གསུམ་མདོར་བསྐྱལ་ལོ། །ཅང་ཤེས་རྟའི་གླུད་གཏོང་ཐབས་རྫོགས་སོ། །འཇིག་རྟེན་འདས་དང་མ་འདས་པའི། །ལྷ་ཚོགས་ཡི་དམ་སྲུང་མ་དང་། །བདག་ཅག་མི་རྟར་འགོ་བ་དང་། །སྲུང་སྐྱོབ་བྱེད་པའི་ལྷ་ཚོགས་རྣམས། །རྟ་འདི་ནད་ལས་མྱུར་གྲོལ་དང་། །བདག་གི་ཕྲིན་ལས་རྣམ་བཞི་སྒྲུབས། །གཞན་ཡང་སྟོང་གསུམ་ཉུལ་བྱེད་པའི། །ལྷ་འདྲེ་ཡིད་ཀྱི་གཟུགས་ཅན་རྣམས། །རྟ་ལ་མ་གནོད་མ་འཚེ་ཞིག །རྟ་བས་གླུད་བཟང་འདི་ཁྱེར་ལ། །རང་རང་སོ་སོའི་གནས་སུ་གཤེགས། །


CMR016_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousཅང་ཤེས་རྟའི་ཞི་བྱེད་གླུད་རྫོངས་བྱ་ཐབས།next